༄༅། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ལས་ཕྱུང་བ་བསྡུས་པའི་རྒྱུད་ཀྱི་རྒྱས་འགྲེལ་ དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་སྙིང་པོ་བསྡུས་པ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་བཞུགས་སོ། ། [001A] །ན་མོ་གུ་རུ་མཉྫཱུ་གྷོ་ཥཱ་ཡ། རྨད་བྱུང་ཐུགས་རྗེས་བསྐྱོད་པའི་འོད་ཟེར་གྱིས། །བདག་བློའི་པདྨོ་ལེགས་པར་ཁ་ཕྱེ་ནས། །བྱིན་རླབས་སྦྲང་རྩིའི་ བཅུད་ཀྱིས་རྒྱས་མཛད་པའི། །རྗེ་བཙུན་བླ་མས་དེང་འདིར་དགེ་ལེགས་སྩོལ། །ལྷུན་སྟུག་བཻཌཱུརྱ་ཡི་རི་བོ་ནི། །རྣམ་བཀྲ་གསེར་སྦྱངས་ཞུན་མས་འཁྱུད་པ་བཞིན། ། རབ་བརྗིད་འཁོར་ལོའི་མགོན་པོ་ཡབ་ཡུམ་གྱི། །ཞབས་སེན་སྲིད་པའི་འཇིགས་འཕྲོག་དེ་ལ་འདུད། །དཔལ་ལྡན་ཤཱཀྱའི་རིགས་ཀྱི་ཐིག་ལེ་མཆོག་ས་བཅུའི་ དབང་ཕྱུག་རྣམས་ཀྱིས་ལེགས་བཟུང་ནས། །ཕུན་ཚོགས་བཟང་པོའི་མཛད་པས་རྣམ་རོལ་བ། །ཆོས་རྒྱལ་རིགས་ལྡན་རྣམས་ལ་གུས་ཕྱག་འཚལ། །སྟོབས་ [002A]༄༅། །བཅུ་མངའ་བས་ཟླ་བ་བཟང་པོ་ལྟར། །ལེགས་བསྔགས་བློ་བཟང་རྒྱལ་བ་ཀུན་གྱི་ཡབ། །དགེ་ལེགས་འཛམ་གླིང་མཁས་པ་ཀུན་གྱི་རྒྱན། །མཉམ་མེད་ ཡབ་སྲས་རྣམས་ལ་ཕྱག་བཙལ་ནས། །རྒྱུད་རྒྱལ་དཔལ་ལྡན་དུས་ཀྱི་འཁོར་ལོ་ལ། །པད་དཀར་བཞད་པའི་ལེགས་བཤད་འདི་ཡིན་ཞེས། །རྗེ་བཙུན་བླ་མའི་ཐུགས་ཀྱི་ བཅུད་ཕྱུང་བ། །མཁས་གྲུབ་དམ་པའི་ཞལ་ལུང་སྦྱིན་པར་བྱ། །ཐུབ་པའི་གསུང་རབ་གཞན་རྣམས་ལས། །ཡ་མཚན་རིན་ཆེན་བྱེ་བ་བརྒྱས། །མངོན་པར་གང་བའི་གསང་ མཛོད་ཀྱི། །ལྟད་མོ་འདོད་རྣམས་བལྟ་བར་བགྱི། །འདིར་དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱ་ཆེར་བཤད་པ་འགྲེལ་ཆེན་དྲི་མ་མེད་པའི་འོད་འཆད་པ་ལ་གཉིས། སྔོན་དུ་བསྟན་པ་སྤྱིའི་ རྣམ་པར་གཞག་པ་དང། དུས་ཀྱི་འཁོར་ལོ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་དང། ཕ་རྒྱུད་མ་རྒྱུད་རྣམས་ཀྱི་འབྱེད་ཚུལ་སོགས་ནི་རིམ་ [002B] མཐའ་གཅོད་རིན་པོ་ཆེའི་མྱུ་གུ་སོགས་ལས་ཤེས་པར་བྱའོ། །གཉིས་པ་ལ་ལྔ། སྟོན་པས་ཇི་ལྟར་གསུངས་ཚུལ། སྡུང་པ་པོས་ཇི་ལྟར་བསྡུས་ཚུལ། བསྡུས་པའི་ བསྟན་པའི་གནས་ཚད། རྒྱུད་འགྲེལ་གཉིས་འཕགས་ཡུལ་དང་བོད་དུ་ཇི་ལྟར་བྱོན་ཚུལ། རྒྱུད་འགྲེལ་གཉིས་ཀྱི་རྣམ་པར་གཞག་པ་དངོས་སོ། །དང་པོ་ནི། བདག་ཅག་གི་སྟོན་པ་མཉམ་མེད་ ཤཱཀྱའི་རྒྱལ་པོ་དེ་ཉིད་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་པ་དེ་ནས་བགྲངས་པའི་ཟླ་བ་བཅུ་གཉིས་པ་ནག་པ་ཟླ་བའི་ཚེས་བཅོ་ལྔ་ལ་གདུལ་བྱ་ཐུན་ མོང་བ་རྣམས་ཀྱི་ངོར་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་ཆོས་གསུངས་ཤིང། །དེ་དང་དུས་མཉམ་དུ་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར། འོག་ཏུ་ཆོས་དབྱིངས་གསུང་ དབང་གི་དཀྱིལ་འཁོར། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲུལ་ནས་དུས་འཁོར་རྩ་རྒྱུད་རྗེས་བསྔགས་ཀྱི་སྡེབ་སྦྱོར་ཅན་གྱི་ཚིགས་བཅད་སྟོང་ཕྲག་བཅུ་གཉིས་པ་འདི་གསུངས་པ་ ཡིན་ཏེ། །དེ་སྐད་དུ། རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་བསྟན་ [003A]༄༅། །ཞེས་གསུངས་པའི་ཕྱིར། གདུལ་བྱ་གང་ལ་གསུངས་ན། ཤམྦྷ་ལའི་རྒྱལ་པོ་ཉི་མའི་འོད་ཀྱི་སྲས་ཕྱག་ན་རྡོ་རྗེའི་སྤྲུལ་པ་རྒྱལ་པོ་ཟླ་བཟང་འཁོར་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་ དྲུག་གི་རྒྱལ་ཕྲན་དགུ་བཅུ་རྩ་དྲུག་དང། གཞན་ཡང་ལྷ་དང་ཀླུ་དང་རིག་པ་འཛིན་པ་ལ་སོགས་པའི་སྐལ་བ་དང་ལྡན་པ་རྣམས་ལ་གསུངས་པ་ཡིན་ཏེ། རྩ་རྒྱུད་ལས། དེ་ནས་ཤམྦྷ་ལར་གྲགས་ ནས༑ ༑ཕྱག་ན་རྡོ་རྗེའི་སྤྲུལ་པ་ནི། །མི་བདག་ཟླ་བཟང་རྫུ་འཕྲུལ་གྱིས། །བདག་ཉིད་པལ་ལྡན་ཆོས་དབྱིངས་བྱོན། །དང་པོར་གཡས་སུ་བསྐོར་བྱས་ནས། །སྟོན་པའི་ཞབས་ཀྱི་ཆུ་སྐྱེས་གཉིས།། རིན་ཆེན་མེ་ཏོག་རྣམས་ཀྱིས་མཆོད། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་བ་བྱས་གྱུར་ནས། །རྫོགས་སངས་རྒྱས་ཀྱི་སྤྱན་སྔར་འདུག་ཟླ་བཟང་རྒྱུད་ཀྱི་གསོལ་འདེབས་དང། །སྟོན་ པ་སྡུད་པར་བྱེད་པའོ། ཞེས་གསུངས་པའི་ཕྱིར། གནས་དེར་རྒྱལ་པོ་ཟླ་བ་བཟང་པོ་ལ་སོགས་པའི་འཁོར་རྣམས་ལ་དུས་འཁོར་རྩ་རྒྱུད་གསུངས་པར་མ་ཟད། བླ་མེད་ཀྱི་རྒྱུད་གཞན་རྣམས་ཀྱང་ གསུངས་པ་ཡིན་ཏེ། རྒྱུད་ཕྱི་མ་ལས། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་པོར་སྟོབས་བཅུ་པ་ཡི་སངས་རྒྱས་པ་ཡིས་རྒྱུད་རྣམས་མཐའ་དག་རབ་ཏུ་བསྟན། ཞེས་གསུངས་པའི་ཕྱིར་ [003B] དེ་ལྟར་ན་འགྲེལ་ཆེན་ལས། ས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ ཐུབ་པ་མངོན་པར་སངས་རྒྱས་ཏེ་དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཐེག་པ་གསུམ་བསྟན་པ་མཛད་ནས་ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་ཤྲཱི་དྷ་ན་ཀ་ཊ་ཀར། ཞེས་ནག་པ་ཟླ་བ་ལུགས་འདིའི་ཟླ་བ་དང་པོ་ཡིན་ཀྱང། ས་ག་ ཟླ་བའི་ཚེས་བཅོ་ལྔའི་ཉའི་སྐྱ་རེངས་ཤར་བའི་ཚེ་སྟོན་པ་སངས་རྒྱས་པའི་ཚུལ་བསྟན་པ་ནས་བགྲངས་པའི་ཟླ་བ་བཅུ་གཉིས་པ་ནག་པ་ཟླ་བའི་ཚེས་བཅོ་ལྔ་ལ་རྩ་རྒྱུད་གསུངས་པར་བཤད་པ་དང་འགལ་བའི་ཕྱིར། འོན་ རྩ་རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོས། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །འཇམ་དབྱངས་མི་བདག་གྲགས་པ་ནི། །ཤམྦྷ་ལ་ཞེས་བྱ་བར་འབྱུང། ཞེས་སྟོན་པ་མྱ་ངན་ལས་འདའ་ཚུལ་བསྟན་ནས་ལོ་དྲུག་ བརྒྱ་ལོན་པ་ན་རྒྱལ་པོ་གྲགས་པ་འབྱུང་བར་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་ནི་རགས་རྩིས་ཀྱི་དབང་དུ་བྱས་པ་ཡིན་པའི་ཕྱིར། གཉིས་པ་ནི། བླ་མེད་ཀྱི་རྒྱུད་ཕལ་ཆེ་བའི་སྡུད་པ་པོ་ཕྱག་ན་རྡོ་རྗེ་ཡིན་ཞིང་ རྡོ་རྗེ་ཕག་མོས་བསྡུས་པའི་ཚུལ་ཡང་ཡོད་ཀྱང། དུས་འཁོར་རྩ་རྒྱུད་རྒྱས་པ་ནི་རྒྱལ་པོ་ཟླ་བ་བཟང་པོས་བསྡུས་པ་ཡིན་ཏེ། ཟླ་བཟང་རྒྱུད་ཀྱི་ཞེས་སོགས་གསུངས་པའི་ཕྱིར། རྒྱལ་པོ་ཟླ་བཟང་གིས་རྒྱུད་གསན་པའི་ཕྱི་ལོ་ [004A]༄༅། །རྣམས་སུ་རྩ་རྒྱུད་རྒྱས་པའི་འགྲེལ་པ་ཤོ་ལོ་ཀ་སྟོང་ཕྲག་དྲུག་ཅུ་པ་མཛད་ཅིང། ཤམྦྷ་ལའི་ཕོ་བྲང་གི་ལྷོ་ཕྱོགས་མ་ལ་ཡའི་སྐྱེད་མོས་ཚལ་དུ་དུས་འཁོར་གྱི་ཕོ་བྲང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ བཞེངས་ཏེ་རྫུ་འཕྲུལ་སྣ་ཚོགས་པ་བསྟན་ནས་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ཡིན་ནོ། །དེ་ནས་ལོ་དྲུག་བརྒྱ་ན་རྒྱལ་པོ་གྲགས་པ་བྱོན་ཏེ། ཉི་མའི་ཤིང་རྟ་ལ་སོགས་པའི་ཚངས་པའི་དྲང་སྲོང་རྣམས་ཀྱིས་གསོལ་བ་ བཏབ་པའི་དོན་དུ། རྩ་རྒྱུད་རྒྱས་པ་ལས་མེ་ཏོག་ཕྲེང་འཛིན་གྱི་སྡེབས་སྦྱོར་ཅན་གྱི་ཚིགས་བཅད་སུམ་ཅུས་ལྷག་པའི་སྟོང་དང། ལེའུ་ལྔའི་བདག་ཉིད་ཅན་གྱི་བསྡུས་རྒྱུད་འདི་བསྡུས་པ་ཡིན་ཏེ། རྩ་རྒྱུད་ལས། འཕྲེང་འཛིན་ ཚིགས་བཅད་སུམ་ཅུ་ཡིས། །ལྷག་པའི་ཕྱོགས་བརྒྱ་ལེའུ་ལྔས། །དཔལ་ལྡན་རྒྱུད་དག་རྫོགས་པར་ནི། །སྨྲ་བའི་རྒྱལ་པོས་སྟོན་འགྱུར་ཏེ། །སྡུད་པར་བྱེད་པ་པོ་ཡང་འདི། ཞེས་གསུངས་པའི་ཕྱིར། བསྡུས་རྒྱུད་འདིའི་ འགྲེལ་བཤད་བྱེད་པར་པད་དཀར་ལུང་བསྟན་ཞིང། དེ་ལྟར་དུ། དེས་བསྡུས་རྒྱུད་ཀྱི་འགྲེལ་པ་དྲི་མེད་འོད་མཛད་པ་ཡིན་ཏེ། རྩ་རྒྱུད་དུ། འགྲེལ་བཤད་བྱེད་པ་པད་དཀར་འཛིན། ཞེས་གསུངས་པའི་ཕྱིར། །འོ་ན་ཆོས་ རྒྱལ་དང་རིགས་ལྡན་གྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། དེ་ཡང་ཟླ་བཟང་ནས་ལྷའི་དབང་ལྡན་གྱི་བར་གྱི་བདུན་པོ་དེ། དེ་གཉིས་སུ་ཕྱེ་བའི་ཆོས་རྒྱལ་ཡིན་ཏེ། རྩ་རྒྱུད་ལས། རྒྱུད་འདིར་དྲང་སྲོང་རིགས་སོགས་ལ། །སངས་རྒྱས་ [004B] །ཟླ་བ་ལྷ་དབང་གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷ་དབང་ཕྱུག་སྣ་ཚོགས་གཟུགས་དང་ལྷ་དབང་ལྡན། །གྲགས་པ་པད་དཀར་རིམ་པའོ། ཞེས་གསུངས་པའི་ཕྱིར། འཇམ་དཔལ་གྲགས་ པ་ནས་དྲག་པོ་འཁོར་ལོའི་བར་གྱི་ཉེར་ལྔ་པོ་རྣམས་དེ་གཉིས་སུ་ཕྱེ་བའི་རིགས་ལྡན་ཡིན་ཞིང། དེའི་ནང་ནས་འཇམ་དཔལ་གྲགས་པ་རིགས་ལྡན་གྱི་ཐོག་མར་འཇོག་པའི་རྒྱུ་མཚན་ཡོད་དེ། ཉི་མའི་ཤིང་རྟ་ལ་སོགས་པའི་ རིག་བྱེད་བཞི་སྨྲ་བའི་ཚངས་པའི་དྲང་སྲོང་རྣམས་རྡོ་རྗེའི་རིགས་གཅིག་ཏུ་མཛད་པ་པོ་ཡིན་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་ཏེ། རྩ་རྒྱུད་དུ། སྨྲ་མཁས་རྡོ་རྗེའི་རིགས་དང་ལྡན། །གྲགས་པ་རྡོ་རྗེའི་རིགས་ལ་ནི། །རིགས་ བཞི་རིགས་གཅིག་བྱས་གང་དེ། །རིགས་ལྡན་ཚངས་པའི་རིགས་ཀྱིས་མིན། ཞེས་གསུངས་པའི་ཕྱིར། །རིགས་ལྡན་ཉེར་ལྔ་པོ་རྣམས་ཇི་ལྟ་བུ་ཞེ་ན། རིགས་ལྡན་དང་པོ་འཇམ་དཔལ་གྲགས་པ་ནས་ཉེར་ལྔ་པ་དྲག་པོ་འཁོར་ ལོའི་བར་རྣམས་སུ་ཡོད་དེ། རྩ་རྒྱུད་ལས། གྲགས་པ་རིགས་ལྡན་རིགས་ཀྱང་སྟེ། །དེ་ནས་རིགས་ལྡན་པདྨ་དཀར། །བཟང་པོ་རིགས་ལྡན་གསུམ་པ་སྟེ། །དེ་བཞིན་བཞི་པ་རྣམ་རྒྱལ་ལོ། །བཤེས་གཉེན་བཟང་པོ་ཕྱག་ དམར་དང། །བདུན་པ་ཁྱབ་འཇུག་སྦས་པའོ། །ཉི་མ་གྲགས་དང་ཤིན་ཏུ་བཟང། །རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་དང། །རིགས་ལྡན་ཉི་མ་བཅུ་གཉིས་པ། །སྣ་ཚོགས་གཟུགས་དང་ཟླ་བའི་འོད། །མཐའ་ཡས་དང་ནི་ས་ [005A]༄༅། །སྐྱོང་དང། །དཔལ་སྐྱོང་སེང་གེ་རྣམ་པར་གནོན། །སྟོབས་པོ་ཆེ་དང་མ་འགགས་པ། །མི་ཡི་སེང་གེ་དབང་ཕྱུག་ཆེ། །མཐའ་ཡས་རྣམ་རྒྱལ་རིགས་ལྡན་དང། །གྲགས་པ་རིགས་ལྡན་དེ་ནས་སླར། །དེ་ སྲས་འཁོར་ལོ་ཆེན་པོ་ཅན། །རིགས་ལྡན་དྲག་པོ་འབྱུང་འགྱུར་ཏེ། །སྨྲ་མཁས་རྟ་མཆོག་ཏིང་འཛིན་གྱིས། །ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། ཞེས་གསུངས་པའི་ཕྱིར། གསུམ་པ་བསྟན་པའི་གནས་ཚད་བཤད་པ་ནི། དེ་ ཡང་མདོའི་ཕྱོགས་ནས་བསྟན་པའི་གནས་ཚད་མི་མཐུན་པ་དུ་མ་གསུངས་པ་དང། དུས་འཁོར་ནས་གསུངས་པ་རྣམས་ཆེས་མི་མཐུན་པར་བསམས་ནས་ཁ་ཅིག་མདོ་ནས་གསུངས་པ་དྲང་དོན་དང། དེའི་རྗེས་སུ་འབྲང་ བའི་རྣམ་གཞག་བྱེད་པ་རྣམས་སྙིང་པོ་མེད་པར་སྨྲ་ཞིང། དུས་འཁོར་ནས་གསུངས་པ་ཁོ་ན་སྒྲ་ཇི་བཞིན་པར་སྨྲ་བར་བྱེད་ལ་གཞན་དག་དེ་ལས་ལྡོག་སྟེ་སྨྲ་བར་བྱེད་ཅིང། དུས་འཁོར་ནས་དྲག་པོ་འཁོར་ལོའི་བསྟན་པ་ གླིང་བཅུ་གཉིས་ལ་འཇུག་པར་བཤད་པ་དྲང་དོན་དགོངས་པ་ཅན་ཡིན་ཏེ། དེ་ལྟར་མ་ཡིན་ན་ལུང་རིགས་ཀྱི་གནོད་པ་དུ་མ་འཇུག་པའི་ཕྱིར། ཞེས་ཟེར་རོ། །དུས་འཁོར་ནས་གསུངས་པ་སྒྲ་ཇི་བཞིན་པར་འདོད་པ་ རྣམས་ཀྱིས་ཀྱང་རྒྱུད་འགྲེལ་གཉིས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་མ་ངེས་པར་འདུག་པས། རྒྱུད་ཀྱི་དབུ་ཞབས་ཀྱི་དོན་མང་པོ་འཆད་པ་འདི་དག་ཤེས་པ་ལ་རག་ལས་པས་དེ་ཞིབ་ཏུ་བཤད་པར་བྱའོ། །དེ་ཡང་དང་པོ་ [005B] མདོ་སྡེ་ལྐལ་བཟང་གི་གླེགས་བམ་ཕལ་ཆེ་བ་ནས་དམ་པའི་ཆོས་ལོ་ལྔ་བརྒྱ་དེའི་གཟུགས་བརྙན་ལོ་ལྔ་བརྒྱ་སྟེ་བསྟན་པ་ལོ་སྟོང་གནས་པར་བཤད་ཅིང། འགའ་ཞིག་ནས་ལྔ་སྟོང་ གནས་པར་བཤད་ལ། ཡུམ་གསུམ་གནོད་འཇོམས་ལས་ཀྱང་དེ་ལྟར་བཤད་པས། དེའི་རྗེས་སུ་འབྲངས་ནས་སྔ་རབས་པ་འགའ་ཞིག་རྒྱལ་བའི་བསྟན་པ་ལྔ་སྟོང་གནས་སོ་ཞེས། སངས་རྒྱས་གཉིས་པ་ལྟ་བུའི་ དབྱིག་གཉེན་དང། འབུམ་ཊཱིཀ་མཁན་པོ་དཾཥྚ་སེ་ན་བཞེད། ཅེས་ལུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱིས་མཛད་པར་འདོད་ཀྱང་དེ་དང་རྣམ་བཤད་རིགས་པ་སོགས་དབྱིག་གཉེན་གྱི་གཞུང་རྩོད་མེད་རྣམས་ འགལ་བ་དུ་མ་ཡོང་བའི་ཕྱིར་དབྱིག་གཉེན་གྱིས་མཛད་པ་མ་ཡིན་ལ། འོན་ཀྱང་སློབ་དཔོན་མཁས་པ་ཆེན་པོ་འཇམ་དཔལ་གྲགས་པ་ཡང་ལོ་ལྔ་སྟོང་གནས་པར་བཞེད་པས། དེ་ལྟར་སྟོན་པའི་མདོ་ཚད་ལྡན་དང། དེ་ལྟར་ བཞེད་པའི་མཁས་པ་དུ་མ་ཡོད་པར་ཤེས་སོ། །གཞན་ཡང། བློ་གྲོས་མི་ཟད་པའི་མདོ་འགྲེལ་དུ་ལོ་སྟོང། སྙིང་རྗེ་པད་དཀར་དུ་ཕྱེད་དང་ཉིས་སྟོང་ཟླ་བ་སྙིང་པོའི་མདོར་ཉིས་སྟོང། རྡོ་རྗེ་གཅོད་པའི་འགྲེལ་པར་བྱེད་དང་སུམ་སྟོང་ དུ་བསྟན་པ་གནས་པར་བཤད་དོ། །བཤད་ཚུལ་ཐ་དད་པ་དེ་དག་འགལ་བར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ལྔ་སྟོང་དུ་གནས་པའི་ཕྱོགས་སྒྲ་ཇི་བཞིན་པ་དང། གཞན་རྣམས་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་ [006A]༄༅། །ཚང་བའི་དྲང་དོན་དགོངས་པ་ཅན་ཡིན་པའི་ཕྱིར། དེ་ཡང་ལྔ་སྟོང་དུ་གནས་པའི་ཕྱོགས་ལ་ལྔ་བརྒྱ་པ་ཕྲག་བཅུར་བཅད་པའི་ལྔ་བརྒྱ་པ་དང་པོ་གཉིས་པ་གསུམ་པ་གསུམ་ལ་ཁོང་དུ་ཆུད་པའི་དུས་ཞེས་ བྱ་སྟེ། དེ་རྣམས་རིམ་པ་བཞིན་དགྲ་བཅོམ། ཕྱིར་མི་འོང། རྒྱུན་ཞུགས་ཀྱི་ལེའུ་བཞག་པའི་ཕྱིར། དང་པོ་ལ་དགྲ་བཅོམ་པའི་ལེའུ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་མང་དུ་བྱུང་བས་ དེ་ལྟར་བརྗོད་པའི་ཕྱིར། བཞི་པ་ལྔ་པ་དྲུག་པ་གསུམ་ལ་སྒྲུབ་པའི་དུས་ཞེས་བྱ་སྟེ། དེ་རྣམས་རིམ་པ་བཞིན་ལྷག་མཐོང། ཏིང་ངེ་འཛིན། ཚུལ་ཁྲིམས་ཀྱི་ལེའུ་བཞག་པའི་ཕྱིར། བདུན་པ་བརྒྱད་པ་དགུ་པ་གསུམ་ལ་ལུང་ གི་དུས་ཞེས་བྱ་སྟེ། དེ་རྣམས་རིམ་པ་བཞིན་མངོན་པ། མདོ་སྡེ། འདུལ་བའི་ལེའུ་བཞག་པའི་ཕྱིར། བཅུ་པ་ལ་རྟགས་ཙམ་འཛིན་པའི་དུས་ཞེས་བྱ་སྟེ། དེ་ལ་རབ་བྱུང་གི་རྟགས་ཙམ་ལས་ལྟ་སྤྱོད་རྣལ་མ་མི་ལྡན་པའི་རྒྱུ་མཚན་ གྱིས་ཡིན་པའི་ཕྱིར། ཞེས་སློབ་དཔོན་འཇམ་དཔལ་གྲགས་པ་གསུང་ངོ། །འོ་ན་སྔར་གྱི་འདས་ལོའི་གྲངས་ཇི་ལྟ་བུ་ཞེ་ན། སྔ་རབས་པ་རྣམས་ནི་སྟོན་པ་མྱ་ངན་ལས་འདའ་ཚུལ་བསྟན་པ་ནས་ལོ་བརྒྱ་སོ་བདུན་ན་རྒྱལ་པོ་དགའ་ བྱེད་དང། དེ་ནས་ལོ་བརྒྱད་བརྒྱ་ན་རྒྱལ་པོ་ཟླ་སྲུངས། དེ་ནས་ཉིས་བརྒྱ་སོ་བརྒྱད་ན་མཛོད་མངས། དེ་ནས་བདུན་བརྒྱ་ཉེར་བཞི་ན་བལ་ཡུལ་དུ་རྒྱལ་པོ་ཆོས་ཀྱི་གོ་ཆ། དེ་ནས་འགྲོ་འཐུད་ནས་བརྒྱད་བརྒྱ་བཅུ་བཞི་ན་འོད་ཟེར་གོ་ [006B] དེ་ནས་ཉིས་བརྒྱ་ཞེས་གཉིས་ན་བོད་ཀྱི་རྒྱལ་པོ་མངའ་བདག་ཁྲི་གཙུག་ལྡེ་རལ་པ་ཅན་བྱུང་ཞིང། དེ་ཡན་ཆད་ལ་ལོ་ཉིས་སྟོང་དགུ་བརྒྱ་དང་ལྔ་བཅུ་རྩ་ལྔ་སོང་བར་རྒྱ་བལ་གྱི་ལོ་བཅོས་པ་རྣམས་དང། བོད་ཀྱི་རྒྱལ་པོ་ རྣམས་ཀྱིས་བརྩིས་པ་ལས་བྱུང་ངོ། །མེ་ཕོ་འབྲུག་ལ་ལྷ་བླ་མ་ཡབ་སྲས་ཀྱིས་བརྩིས་པས་སུམ་སྟོང་དང་བརྒྱ་ལྔ་བཅུ་རྩ་གཉིས་སོང། ལྕགས་མོ་ཡོས་ལ་ཇོ་བོ་རྗེས་བརྩིས་དུས་སུམ་སྟོང་དང་བརྒྱ་གྱ་བདུན་སོང། ས་མོ་ གླང་ལ་ལོ་ཙྪ་བ་བློ་ལྡན་ཤེས་རབ་འདས་པའི་ཕྱི་ལོ་འདུ་བ་ཆེན་པོའི་དུས་བརྩིས་པས་སུམ་སྟོང་དང་ཉིས་བརྒྱ་ཞེ་དྲུག་སོང། ལྕགས་ཕོ་འབྲུག་ལ་དགེ་བའི་བཤེས་གཉེན་ཆ་པའི་ཆོས་གྲྭར་བརྩིས་པས་སུམ་སྟོང་ཉིས་བརྒྱ་ གོ་དྲུག་སོང་ཟེར་རོ། །ཇོ་བོ་རྗེས། སྟོན་པ་ཤིང་ཕོ་བྱི་བ་ལ་ལྷུམས་སུ་ཞུགས། ཤིང་མོ་གླང་ལ་སྐུ་བལྟམས། ས་མོ་ཕག་ལ་སངས་རྒྱས། ཤིང་ཕོ་སྤྲེའུ་སྟོན་ཟླ་ཐ་ཆུང་གི་ཚེས་བརྒྱད་ལ་མྱ་ངན་ལས་འདའ་ཚུལ་བསྟན་ པར་བཞེད་ཅེས་གྲགས་པ་དེའི་རྗེས་སུ་འབྲངས་ནས་དགེ་བའི་བཤེས་གཉེན་མཆིམས་ནམ་མཁའ་གྲགས་ཀྱིས་མེ་མོ་སྦྲུལ་ལ་བརྩིས་དུས་སུམ་སྟོང་སུམ་བརྒྱ་གོ་གསུམ་འདས་སོ། །ཆོས་རྗེ་ས་པཎ་སྟོན་པ་མེ་མོ་ཡོས་ལ་ ལྷུམས་སུ་ཞུགས་པར་བཞེད་པས། དེ་དང་སྔར་གྱི་ལུགས་ལ་འདས་ལོ་གསུམ་གྱི་ཁྱད་པར་ཡོད་དོ། །ལུགས་ཕྱི་མའི་དབང་དུ་བྱས་ནས་བརྩིས་ན་མཁས་གྲུབ་ཐམས་ཅད་མཁྱེན་པས་ཊིཀ་ཆེན་མཛད་པའི་ཀུན་དགའ་ [007A]༄༅། །ཞེས་པ་ཤིང་ཕོ་སྟག་ལོའི་གོང་དུ་སུམ་སྟོང་ལྔ་བརྒྱ་རེ་བདུན་འདས་ཤིང་རེ་བརྒྱད་ཕན་ཡོད་ལ། དེ་འཕྲོའི་མེ་སྟག་ཡན་གྱི་ལོ་བཅུ་གཉིས་བསྣན་པས་ལོ་བརྒྱད་ཅུ། སླར་ཡང་དྲུག་ཅུ་སྐོར་གྱི་ཐོགས་ མའི་མེ་ཡོས་ནས་ད་ལྟའི་བག་ཡོད་ཅེས་པ་ཆུ་གླང་འདི་ཡན་ལ་དྲུག་ཅུ་སྐོར་གསུམ་དང་ཉག་མ་ཞེ་དྲུག་འདས་ཤིང་ཞེ་བདུན་པའི་སྐབས་ན་ཡོད་པར་བྱ་དགོས་སོ། །དེ་ལྟར་ན་ལྔ་བརྒྱ་པ་ཕྲག་བཅུའི་ནང་ནས་འབྲས་ བུའི་དུས་དང། སྒྲུབ་པའི་དུས་ཀྱི་ལྔ་བརྒྱ་པ་ཕྲག་དྲུག་དང། མངོན་པའི་དུས་ཀྱི་ལྔ་བརྒྱ་པ་ཕྲག་གཅིག་དང། མདོ་སྡེའི་དུས་ཀྱི་ལོ་ཉིས་བརྒྱ་དང་ཞེ་དྲུག་འདས་ཤིང་ཞེ་བདུན་པའི་སྐབས་ན་ཡོད་པར་བྱ་དགོས་སོ། །ཁ་ཆེ་ པཎ་ཆེན་གྱིས་ཤིང་ཕོ་བྱི་བ་ལ་ཁྲོ་ཕུར་བརྩིས་པ་དང། མེ་ཡོས་ཀྱི་དཔྱིད་འབྲིང་གི་ཚེས་ལྔ་ལ་སོལ་ནག་ཐང་ཆེན་དུ་བརྩིས་པ་ན། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི། །ཚེས་བརྒྱད་ནམ་གུང་མཉམ་པ་ལ། །ཟླ་བ་རི་བོ་ལ་ ནུབ་ཚེ། །ཐུབ་དབང་ཡོངས་སུ་མྱ་ངན་འདས། །དེ་རྗེས་ལོ་ནི་སྟོང་ཕྲག་གཅིག་བདུན་བརྒྱ་དང་ནི་ལྔ་བཅུ་དང། །ཟླ་བ་གཉིས་དང་ཟླ་བ་ཕྱེད། །དེ་བཞིན་ཉི་མ་ལྔ་རབ་འདས། །ལོ་ནི་སྟོང་ཕྲག་གསུམ་དང་ནི། །ཉིས་བརྒྱ་ དང་ནི་བཞི་བཅུ་དགུ། །ཟླ་བ་དགུ་དང་ཉི་མ་བཅུ། །མ་འོངས་བསྟན་པའི་ལྷག་མར་གནས། ཞེས་བཞེད་པས་འདི་དང་ལུགས་སྔ་མ་གཉིས་ལ་འདས་ལོ་སྟོང་ལྔ་བརྒྱ་དགུ་ཅུའི་ཁྱད་པར་ཡོད་དོ། །ལུགས་འདི་རྒྱ་བལ་ [007B] ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་འགྱུར་ རོ༑ ཞེས་གསུངས་པ་དང། ཀླུ་སྒྲུབ་སོགས་ལུང་བསྟན་པའི་ལོ་གྲངས་དང། རྒྱལ་པོ་རྣམས་ཀྱི་རབས་བརྩིས་ན་མི་འཐད་པའི་ཕྱིར། དེ་རྣམས་འཛམ་བུ་གླིང་ཆུང་ངུའི་དབང་དུ་བྱས་པའི་བསྟན་པའི་གནས་ཚད་ཤ་སྟག་གོ་ ད་ནི་དུས་འཁོར་ནས་གསུངས་པ་བརྗོད་པར་བྱ་སྟེ། བསྡུས་རྒྱུད་ལས། ལྷུན་པོའི་རྒྱབ་ཀྱི་ཕྱོགས་རྣམས་སུ་ནི་ས་གཞི་དག་ལ་ལྷ་མིན་རྣམས་ཀྱིས་རྒྱལ་བར་དཀའ་བ་འཁོར་ཞེས་དང། །རྫོགས་ལྡན་གསུམ་ལྡན་ གཉིས་ལྡན་རྩོད་པའི་དུས་ནི་ནུས་པའི་དུས་ཀྱིས་ས་གཞི་དག་ལ་ངེས་པར་རྒྱུ། ཞེས་གསུངས་པའི་དོན་ལ། དུས་འཁོར་བ་ཕལ་ཆེར་ན་རེ། འཛམ་གླིང་ཆེན་པོའི་ས་དུམ་བུ་བཅུ་གཉིས་ལ་སྟོན་པའི་ཆོས་ཀྱི་དབང་དུ་ བྱས་པའི་དུས་བཞི་ནུས་པ་སྟེ་འོག་མིན་པའི་ཉིན་ཞག་གཅིག་གམ་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བར་དུ་འཇུག་ཅིང། དེ་གླིང་བཅུ་གཉིས་ལ་སངས་རྒྱས་ཀྱི་བསྟན་པ་སྤྱིར་གནས་པའི་ཚད་ཡིན་ནོ། །ཉི་ཁྲི་ཆིག་སྟོང་ དྲུག་བརྒྱ་པོ་དེ་ཡང་དུས་བཞི་ལ་བགོས་ན་ལྔ་སྟོང་བཞི་བརྒྱ་རེ་དང། གླིང་བཅུ་གཉིས་ལ་བགོས་ན་སྟོང་བརྒྱད་བརྒྱ་རེ་འབྱུང་ཞིང། དུས་བཞིའི་མགོ་ཡང་སྟོན་པས་ཆོས་བསྟན་པ་ནས་འཛིན་པ་ཡིན་ཞེས་ཟེར་བ་ཆེས་མི་ [008A]༄༅། །མི་འཐད་དེ། འགྲེལ་ཆེན་ལས། ད་ནི་ས་དུམ་བུ་བཅུ་གཉིས་ལ་འཁོར་ལོ་བསྒྱུར་བ་ཆེན་པོ་འཁོར་བར་གསུངས་པ་ལྷུན་པོའི་རྒྱབ་ཀྱི་ཕྱོགས་ཞེས་སོགས་དང། ས་གཞི་དག་ལ་འཁོར་ལོ་ཅན་གྱི་ དུས་བཞི་ནུས་པའི་ཚད་དུ་འཇུག་ཅེས་གླིང་བཅུ་གཉིས་ལ་དུས་བཞི་ནུས་པའི་ཚད་དུ་འཇུག་པའི་དུས་བཞི་ནི་འཁོར་ལོ་ཅན་གྱི་བསྟན་པའི་དུས་བཞི་ཡིན་པར་གསལ་ཞིང་འཁོར་ལོ་ཅན་དང་དྲག་པོ་འཁོར་ལོ་ མཚན་གྱི་རྣམ་གྲངས་ཡིན་པས། དེ་ནི་རིགས་ལྡན་ཉེར་ལྔ་པ་ཡིན་པའི་ཕྱིར་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློ་བཅོམ་ནས་བསྟན་པའི་མགོ་རྩོམ་པ་དང། སྟོན་པས་ཆོས་བསྟན་ནས་བསྟན་པའི་མགོ་རྩོམ་པ་དུས་མི་ མཉམ་སྟེ། སྟོན་པ་དང་དྲག་པོ་འཁོར་ལོ་དུས་མི་མཉམ་པའི་ཕྱིར་དང། འཛམ་གླིང་ཆུང་ངུའི་དབང་དུ་བྱས་པའི་བསྟན་པའི་གནས་ཚད་སྟོང་བརྒྱད་བརྒྱར་འདོད་པ་ཡང་མི་འཐད་དེ། དེ་ལ་མངོན་སུམ་གྱིས་ གནོད་པ་འབབ་པའི་ཕྱིར། གཞན་ཡང་སྔར་གྱི་ལུང་དེའི་དོན་ལ། ཁ་ཅིག་ས་དུམ་བུ་བཅུ་གཉིས་པོ་རེ་རེ་ལ་བསྟན་པ་རྫོགས་ལྡན་གསུམ་ལྡན། གཉིས་ལྡན་གསུམ་ལ་སྟོང་བརྒྱད་བརྒྱ་རེ་གནས་ཤིང། རྩོད་ ལྡན་ལ་བསྟན་པ་ཡེ་མེད་པ་ཡིན་ལ། ས་དུམ་བུ་བཅུ་གཉིས་པོའི་རྫོགས་ལྡན་གསུམ་ལྡན་གཉིས་ལྡན་རྣམས་བསྡོམས་པ་ལ་ལྔ་སྟོང་བཞི་བརྒྱ་རེ་གནས་ཤིང། ས་དུམ་བུ་བཅུ་གཉིས་པོའི་དུས་བཞི་ཐམས་ [008B] དེ་བློ་ཧ་ཅང་རྩིངས་པའི་སྐྱོན་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་བཅུ་གཉིས་ཀྱིས་བགོས་པས་སྟོང་བརྒྱད་བརྒྱ་རེ་ ཐོབ་ཀྱི། ལྔ་སྟོང་བཞི་བརྒྱ་རེ་ཐོབ་པ་མི་སྲིད་པའི་ཕྱིར། དེ་ནི་འཇིག་རྟེན་ཁམས་ལེའི་གོ་སླའི་སྐབས་སུ། དེ་ནས་ལོ་ནི་སྟོང་ཕྲག་ཉི་ཤུ་ལག་པ་བརྒྱ་དང་བྲལ་བར་སངས་རྒྱས་ཆོས་ནི་རབ་ཏུ་འཇུག་ཅེས་པའི་འབྲུ་སྣོན་ མ་ཤེས་པའི་སྐྱོན་ཡིན་པའི་ཕྱིར། རང་ལུགས་ནི། དེའི་དོན་ནི། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་སྟེང་ནས་འཛམ་གླིང་ཆུང་ངུའི་བགོས་སྐལ་སྟོང་བརྒྱད་བརྒྱ་བཅད་པའི་ལྷག་མ། ལོ་སྟོང་ཕྲག་ཉི་ཤུ་ལ་ལག་པ་བརྒྱ་སྟེ་ཉིས་བརྒྱ་ དང་བྲལ་བ་ཁྲི་དགུ་སྟོང་བརྒྱད་བརྒྱ་པ་དུམ་བུ་བཅུ་གཅིག་གིས་བགོས་པས། བཅུ་གཅིག་པོ་རེ་རེ་ལ་སྟོང་བརྒྱད་བརྒྱ་རེ་འབྱུང་ཞིང་དེ་སྲིད་དུ་བསྟན་པ་གནས་ཞེས་པའི་དོན་ནོ། །དུས་བཞི་ཆེ་བ་བསྐལ་པའི་དབང་དུ་བྱས་པ་ དང༑ དུས་བཞི་ཆུང་བ་བསྟན་པའི་དབང་དུ་བྱས་པ་གཉིས་ལས། འདིར་ནི་ཕྱི་མ་ལྟར་ཡིན་ནོ། །རྩོད་ལྡན་ལ་བསྟན་པ་ཡེ་མེད་པར་འདོད་པ་མི་འཐད་དེ། རྩོད་ལྡན་གྱི་མགོ་རྩོམ་པ་ནས་མཇུག་མ་རྫོགས་ཀྱི་བར་ལ་དམ་ པའི་ཆོས་ཀྱི་རྐང་པ་གཅིག་གནས་པའི་ཕྱིར། འགྲེལ་ཆེ་ན་ལས། མཐར་ཆོས་ཀྱི་རྐང་པ་བཞི་མེད་པའོ། །ཞེས་གསུངས་པའི་ཕྱིར། རང་ལུགས་ནི། དྲག་པོ་འཁོར་ལོའི་བསྟན་པའི་གནས་ཚད་ཤཱཀྱ་ཐུབ་པའི་བསྟན་པའི་གནས་ [009A]༄༅། །ཚད་ཀྱི་ཁོངས་སུ་གཏོགས་ཏེ། དྲག་པོ་འཁོར་ལོས་ཀླ་ཀློ་བཅོམ་ནས་སངས་རྒྱས་ཀྱི་ཆོས་ལ་འཇོག་པར་བཤད་པའི་ཆོས་ནི་ཤཱཀྱ་སེང་གེའི་བསྟན་པའི་ཆོས་དེ་ཉིད་ལེགས་པར་བསོས་ནས་དེ་ལ་གླིང་བཅུ་ གཉིས་ཀྱི་གདུལ་བྱ་རྣམས་འཇོག་པར་བཤད་པའི་ཕྱིར། དེས་ན་བསྟན་པ་འདི་ལ་བསྟན་པའི་དབང་དུ་བྱས་པའི་དུས་བཞི་རིམ་པ་གཉིས་འབྱུང་ངོ། །འོ་ན་དུས་བཞི་སྔ་མའི་ལོ་ཇི་ཙམ་འདས། ལྷག་མ་ཇི་ཙམ་ལུས་དུས་ བཞི་ཕྱི་མའི་རྣམ་གཞག་ཇི་ལྟ་བུ་ཞེ་ན་དེ་ལ་འདི་དག་ཤེས་དགོས་པས་བཤད་པར་བྱ་སྟེ། ལོ་འདི་ནས་ནི་དྲུག་བརྒྱའི་ལོས། ཞེས་སོགས་དང། རྒྱུད་འདིར་དྲང་སྲོང་རིགས་སོགས་ལ་ཞེས་སོགས་དང། གྲགས་པ་ རིགས་ལྡན་རིགས་ཀྱང་སྟེ། ཞེས་སོགས་གསུངས་པ་ལྟར། སྟོན་པ་སངས་རྒྱས་པའི་ཚུལ་བསྟན་ནས་ལོ་གཅིག་སོང་བའི་ནག་པ་ཟླ་བ་ལ་རྩ་རྒྱུད་གསུངས་པའི་ལོ་དེ་འདས་ནས་ལོ་དྲུག་བརྒྱ་ན་ཤམྦྷ་ལར་རྒྱལ་པོ་ འཛམ་དཔལ་གྲགས་པ་བྱོན་ནས་ལོ་བརྒྱ་བཞུགས་པའི་རིང་ལ་ཕལ་ཆེར་རྩ་རྒྱུད་རྒྱས་པ་གསུངས་ཤིང། སྐུ་ཚེའི་མཇུག་ལ་བསྡུས་རྒྱུད་གསུངས་པས་དེ་ལྟར་ན་ལོ་བདུན་བརྒྱ། གྲགས་པ་འདས་ནས་ལོ་བརྒྱད་བརྒྱ་ན་ རིགས་ལྡན་དགུ་པ་ཤིན་ཏུ་བཟང་པོ་མྱ་ངན་ལས་འདས་པ་ན་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་ཞུགས་པ་ཡིན་ཏེ། བསྡུས་རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམྦྷ་ལ་ཞེས་བྱ་ [009B] །དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུག་ཅེས་གསུངས་པ་ལྟར། སྟོན་པས་རྩ་རྒྱུད་གསུངས་པ་ནས་ཀླ་ཀློའི་ཆོས་ཞུགས་པའི་བར་ལ་སྟོང་ལྔ་བརྒྱ་སོང་ བ་ཡིན་ནོ། །དེ་ལ་ནི་སྟོན་པས་རྩ་རྒྱུད་གསུངས་པ་ཟླ་བཟང་གིས་བསྟན་ཅིང་འགྲེལ་པ་མཛད་པ་དུས་འཁོར་གྱི་བློ་བསླངས་བཞེངས་པའི་ལོ་གཉིས་སམ་གསུམ་རགས་རྩིས་ཀྱི་དབང་དུ་བྱས་ནས་མ་རྩིས་ས། །རྒྱ་མཚོ་ རྣམ་རྒྱལ་ནས་དྲག་པོ་འཁོར་ལོའི་བར་ལ་རིགས་ལྡན་བཅུ་དྲུག་ཡོད་ལ། བུ་སྟོན་རིན་པོ་ཆེས་དེ་རྣམས་ཀྱི་སྐུ་ཚེའི་ཚད་གསལ་བར་མ་བྱུང་ཞེས་གསུངས་ཀྱང། བླ་མ་ཐར་ལོ་ཐམས་ཅད་ལོ་བརྒྱ་པར་བཞེད་པ་ལྟར་ལེགས་ ཏེ། གོང་གི་ལུང་རིགས་ཀྱིས་ཀྱང་གྲུབ་ཅིང། དྲག་པོའི་ལུང་བསྟན་གྱི་སྐབས་སུ། ལྷ་མིན་དགྲ་བོ་ཚེ་ལོ་བརྒྱ་པ་ཕྱག་ན་འཁོར་ལོར་འགྱུར། ཞེས་དྲག་པོ་ལོ་བརྒྱ་པར་གསུངས་པ་གང་ཞིག་དེས་གཞན་ལ་ཡང་མཚུངས་ པའི་ཕྱིར། ཁ་ཅིག་རྒྱ་མཚོ་དང་རྣམ་རྒྱལ་ཞེས་རྒྱ་མཚོ་རྣམ་རྒྱལ་རིགས་ལྡན་གཉིས་སུ་བྱས་ནས། རིགས་ལྡན་ཉེར་དྲུག་ཏུ་འདོད་པ་མི་འཐད་དེ། དེ་ཡི་དབུས་སུ་གདན་ནི་ཉི་ཤུ་རྩ་ལྔ་རིམ་པར་ཡོངས་སུ་བགྲངས་ པ་དག་གི་དུས་ཀྱི་མཐར། ཞེས་རིགས་ལྡན་ཉེར་ལྔ་རིམ་གྱིས་བགྲངས་པའི་ལམ་ཉེར་ལྔ་པ་དྲག་པོར་གསུངས་ཤིང་ཉེར་དྲུག་པར་མ་གསུངས་པའི་ཕྱིར་དང། པད་དཀར་ལུང་བསྟན་པའི་རྗེས་སུ་སྤྲུལ་པའི་རྒྱལ་པོ་ [010A]༄༅། །ཉེར་གསུམ་གྱི་ལུང་བསྟན་བྱུང་ཞིང་ཉེར་བཞིའི་ལུང་བསྟན་མ་བྱུང་བའི་ཕྱིར། དེས་ན་རྒྱ་མཚོ་རྣམ་རྒྱལ་གྱིས་ཆོས་སྟོན་པ་དང། ཀླ་ཀློ་འཇུག་པ་དུས་མཉམ་ཞིང། ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱ་ ཡིན་ཏེ། རྒྱུད་ཕྱ་མ་ལས། དེ་ལ་བཅྭོ་བརྒྱད་ལོ་ཡིས་བརྒྱ་ཕྲག་བསྒྱུར་ཏེ་བརྒྱ་ཡིས་འཕགས་པའི་ཡུལ་གྱི་མ་ཁ་ལ་སོགས་པར། །ཀླ་ཀློ་རྣམས་ཀྱི་དྲེགས་པ་གང་དང་གང་ཞིག་མུན་ཅན་གྱུར་པ་དེ་རྣམས་བདག་གིས་ དྲུངས་ཕྱུང་སྟེ། ཞེས་བསྒྱུར། བཞི་བརྒྱ་ལ་བཅོ་བརྒྱད་ཀྱིས་བསྒྱུར་བའམ། ཡང་ན་བརྒྱ་ཡིས་བཅོ་བརྒྱད་བསྒྱུར་བ་སྟེ། དོན་ལ་སྟོང་བརྒྱད་བརྒྱ་ཡིན་ནོ། །སྟོང་བརྒྱད་བརྒྱ་པོ་དེ་རྒྱལ་པོ་བཅུ་དྲུག་གིས་བགོས་པའི་ཐོབ་ལྷག་ ལ་ཉིས་བརྒྱ་བྱུང་བ་ནི་རགས་པ་ཡིན་ལ་དེ་ལ་གསུམ་བསྲེས་ནས་གྱ་གཉིས་རྒྱ་མཚོ་རྣམ་རྒྱལ་གྱི་སྟེང་དུ་བསྣན་དགོས་ཤིང། བརྒྱ་དང་ཉེར་གཅིག་རྒྱལ་དཀའི་སྟེང་དུ་བསྣན་དགོས་སོ། །རྒྱ་མཚོ་རྣམ་རྒྱལ་གྱིས་ཆོས་ བསྟན་པའི་ལོ་བརྒྱ་གྱ་གཉིས། རྒྱལ་དཀས་ཆོས་བསྟན་པའི་ལོ་ཉིས་བརྒྱ་ཉེར་གཅིག་རྣམས་བསྡོམས་པས། མེ་མཁའ་རྒྱ་མཚོའི་ལོར་འགྱུར་ཏེ། འགྲེལ་ཆེན་ལས། དེ་བཞིན་གཤེགས་པའི་དུས་ནས་ལོ་དྲུག་བརྒྱ་ན་ འཇམ་དཔལ་གྱི་དུས་སོ། །དེ་ནས་ལོ་བརྒྱད་བརྒྱ་ན་ཀླ་ཀློའི་དུས་སོ་ཀླ་ཀློའི་དུས་དེ་ལས་བརྒྱད་ཅུ་རྩ་གཉིས་ལྷག་པའི་བརྒྱས་དམན་པ་ནི་རྒྱལ་དཀའ་གང་གིས་ཉུང་ངུའི་བྱེད་པ་རྣམ་པར་སྦྱོང་བ་རིགས་ལྡན་རྒྱལ་དཀའི་ [010B] ཞེས་གསུངས་པའི་ཕྱིར། དེས་ན་སྟོན་པས་རྩ་རྒྱུད་གསུངས་པའི་ཕྱི་དེ་ལོ་ནས་རིགས་ལྡན་ཤིན་བཟང་གི་བར་གྱི་སྟོང་ལྔ་བརྒྱ་ལ། མེ་མཁའ་རྒྱ་མཚོའི་ལོ་བཞི་བརྒྱ་དང་གསུམ། སྟོན་པས་རྩ་རྒྱུད་གསུངས་པའི་ ལོ་གཅིག་བསྣན་ནས་བསྡོམས་པས་སྟོང་དགུ་བརྒྱ་དང་བཞི། རྒྱལ་པོ་ཉི་མ་ནས་དྲག་པོ་འཁོར་ལོའི་སྐུ་ཚེའི་ཕྱེད་ཡན་ཆོད་ལ་སྟོང་སུམ་བརྒྱ་དང་ལྔ་བཅུ་སྟེ། བསྡོམས་པས་སུམ་སྟོང་ཉིས་བརྒྱ་ལྔ་བཅུ་ང་བཞི་ནི་དུས་བཞི་སྔ་ མའི་ལོ་གྲངས་ཡིན་ནོ། །སྟོན་པ་སངས་རྒྱས་པ་ནས་མེ་མཁའ་རྒྱ་མཚོའི་བར་ལ་སྟོང་དགུ་བརྒྱ་དང་བཞི། རྒྱལ་དཀའ་འདས་རྗེས་ཀྱི་རབ་བྱུང་ཞེས་པ་མེ་ཡོས་ནས་ཊཱི་ཀ་ཆེན་མཛད་པའི་བར་ལ་དྲུག་ཅུ་སྐོར་དྲུག་དང་ཉག་མ་ཞེ་ བརྒྱད་དེ། སྟོན་པ་སངས་རྒྱས་པ་ནས་ཊཱི་ཀ་ཆེན་མཛད་པའི་བར་ལ་ཉིས་སྟོང་སུམ་བརྒྱ་བཅུ་གཉིས་འདས་ཤིང་དའི་ཚེ་ཤམྦྷ་ལར་རྒྱལ་པོ་མཐའ་ཡས་འདས། ས་སྐྱོང་གིས་ཆོས་བསྟན་ནས་ལོ་བརྒྱད་སོང་ངོ། །ཊཱི་ཀ་ཆེན་མཛད་ པ་ནས་དྲག་པོས་ཀླ་ཀློ་འཇོམས་པའི་བར་ལ་དགུ་བརྒྱ་ཞེ་གཉིས་ཡོད་དོ། །དུས་བཞི་སྔ་མའི་དུས་སོ་སོའི་ཚད་གསལ་བར་མ་བཤད་ཀྱང་དེ་རྣམས་དུས་མཉམ་པར་བྱ་དགོས་ཏེ། དུས་བཞི་ཕྱི་མའི་དུས་བཞི་སོ་སོའི་ཚད་ མཉམ་པར་གསུངས་པའི་རིགས་འགྲོས་སྦྱར་དུ་རུང་བའི་ཕྱིར། ཀླ་ཀློའི་གནས་ཚང་སྟོང་བརྒྱད་བརྒྱར་བཤད་པ་ཡང་རགས་རྩིས་ཙམ་ཡིན་གྱི་ཞིབ་པར་ནི་སྟོང་བརྒྱད་བརྒྱ་ལ་དྲག་པོའི་སྐུ་ཚེའི་སྨད་ཀྱི་ལོ་ལྔ་བཅུས་དམན་པ་ [011A]༄༅། །ཡིན་ཏེ། བསྡུས་རྒྱུད་ལས། ཀླ་ཀློའི་ཚོགས་ནི་འཁོར་གྱི་སྐྱེ་བོ་དང་བཅས་རབ་ཏུ་བཅད་ནས་མི་ཡི་ལོ་ནི་བརྒྱ་ཕྱད་ན། རིགས་ལྡན་གྲུབ་པར་འགྱུར་ཏེ་ལྷ་ཡིས་བཀོད་པའི་ཕོ་བྲང་མཐོ་བ་ཀཻ་ལ་ཤ་ཡི་རྒྱབ་ཏུའོ།། ཞེས་གསུངས་པའི་ཕྱིར། དུས་བཞི་ཕྱི་མའི་བསྟན་པའི་གནས་ཚད་སྤྱིར་བསྡོམས་པས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་གླིང་བཅུ་གཉིས་ལ་བགོས་པས་སྟོང་བརྒྱད་བརྒྱ་རེ་དང། དེ་ཡང་དུས་བཞི་སོ་སོས་བགོས་པས་བཞི་ བརྒྱ་ལྔ་བཅུ་རེ་འབྱུང་ངོ། །དེ་ལྟར་ན་གླིང་འདིར་དུས་བཞི་སྔ་མ་ལ་སུམ་སྟོང་ཉིས་བརྒྱ་ལྔ་བཅུ་རྩ་བཞི། དུས་བཞི་ཕྱི་མའི་སྟོང་བརྒྱད་བརྒྱ་ཀུན་བསྡོམས་པས་ལྔ་སྟོང་ལྔ་བཅུ་རྩ་བཞིའི་སྟེང་ནས་སྟོན་པ་སངས་རྒྱས་ ནས་མྱ་ངན་ལས་འདས་པའི་བར་གྱི་ལོ་བཞི་བཅུ་རྩ་དྲུག་ཕྲི་བས་ལྔ་སྟོང་དང་བརྒྱད་བྱུང་བ་བརྒྱད་པོ་དེ་རགས་རྩིས་ཙམ་ཡིན་ལ། དེས་ན་མདོ་ཕྱོགས་ནས་ལྔ་སྟོང་དུ་གནས་པར་གསུངས་པ་དང་ཤིན་ཏུ་མཐུན་པས་སྐབས་ འདི་དང། མདོ་ཕྱོགས་ནས་གསུངས་པ་གཉིས་ཚ་གྲང་ལྟར་འགལ་བར་འདོད་པ་ནི། དུས་འཁོར་ནས་གསུངས་ཚུལ་ལ། ཞིབ་ཏུ་མ་བརྟགས་པའི་སྐྱོན་ཡིན་ནོ། །སྨྲས་པ། ལུང་དང་རིགས་པའི་དགའ་ཚལ་ལས་འོངས་པའི།། བསྲེགས་བཅད་བརྡར་བའི་ས་ལེ་སྦྲམ་ཇི་བཞིན། །གྲགས་པ་པད་དཀར་ཞལ་གྱི་སྦྲང་རྩིའི་བཅུང། །སྐལ་བཟང་རྐང་དྲུག་ལྡན་པའི་དཔལ་དུ་ཤར། །བར་སྐབས་ཀྱི་ཚིགས་བཅད་དོ། ༈ །བཞི་པ་ནི། ཆོས་འབྱུང་དང་ཊཱིཀ་ [011B] །ལྔ་པ་ལ་གསུམ། འཆད་པ་པོ་སློབ་དཔོན་གྱི་མཚན་ཉིད། ཉན་པ་པོ་སློབ་མའི་མཚན་ཉིད། རྒྱུད་ལ་ཉན་བཤད་བྱེད་ཚུལ་ལོ། །དང་པོ་སློབ་དཔོན་བརྟན་ཞིང་དུལ་བ་ལ་སོགས་པའི་མཚན་ ཉིད་དང་ལྡན་པ་དགོས་ཏེ། རྩ་རྒྱུད་ལས། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །གསང་སྔགས་འཆད་བྱེད་སློབ་དཔོན་ཏེ། །དང་བའི་བདག་ཉིད་དབང་པོ་དུལ། ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ལམ་ཐུན་མོང་བས་རྒྱུད་སྦྱངས་ཤིང། དཀྱིལ་འཁོར་ དུ་ཞུགས་ནས་དབང་བསྐུར་བ་ཐོབ་པ། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ་དགོས་ཏེ། ཇི་སྐད་དུ་སྒྱུ་འཕྲུལ་དྲ་བ་ལས། དཀྱིལ་འཁོར་དག་ཏུ་མ་ཞུགས་དང། །དམ་ཚིག་དག་ནི་སྤངས་ པ་དང། །གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་པོ། ཞེས་དང། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ལ་མར་མེད་བཞིན། ཞེས་དང། གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་ པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག་དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། ཞེས་དང། བསྡུས་རྒྱུད་ལས། ཟབ་ཅིང་རྒྱ་ཆེ་ལ་སེམས་བླ་མའི་ངེས་པ་ལ་དགའ་གཏོང་བའི་ངང་ཚུལ་དང་ལྡན་ཡོན་ཏན་ཤེས། །ཐར་ [012A]༄༅། །པ་དོན་གཉེར་རྒྱུད་ལ་གུས་ཤིང་གཡོ་བ་མེད་པའི་སེམས་ལྡན་དེ་ཉིད་ཐོབ་པ་ཤིན་ཏུ་སྦེད་གདུག་པ་རྣམས་ཀྱི་གྲོགས་ཉམས་སློབ་མ་དེ་ཉིད་བླ་མ་ཤིན་ཏུ་མཁས་པ་རྣམས་ཀྱིས་བསྡུ་བྱ་བ། ཞེས་དང་ ནག་པོའི་མཐར་ནི་དཀར་པོའི་ཚིགས་ལ་གཞན་ལ་ཕན་པའི་བླ་མས་དཀྱིལ་འཁོར་དག་ནི་བཞེངས་བྱས་ནས། །སྡིག་པའི་དྲི་མ་འཕྲོག་པའི་དབང་བདུན་རྣམས་ནི་བསོད་ནམས་དོན་དུ་བུ་རྣམས་དག་ལ་སྦྱིན་པར་བྱ་ ཞེས་གསུངས་པའི་ཕྱིར། གསུམ་པ་ནི། སྔ་རབས་པ་ཁ་ཅིག་འདུས་པའི་རྒྱུད་བཤད་ཐབས་ཀྱི་རྒྱན་བདུན་སོགས་ཀྱི་སྒོ་ནས་རྒྱུད་འདི་འཆད་པར་འདོད་ཀྱང། འདི་མཐའ་དྲུག་ཚུལ་བཞིའི་སྒོ་ནས་བཤད་མི་རུང་བས་ ཕྱི་ནང་གཞན་གསུམ་གྱི་སྒོ་ནས་བཤད་པར་བྱ་བ་ཡིན་ལ། དེས་ན་འདི་འཆད་པར་བྱེད་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག་གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས་ལས། མཚན་བསྒྱུར་བ་ མཚན་བཤད་པའོ། །དང་པོ་ལ་གཉིས། རྒྱུད་ཀྱི་མཚན་བསྒྱུར་བ། འགྲེལ་པའི་མཚན་བསྒྱུར་བའོ། །དང་པོ་སྟོན་པ་ལ་རྒྱ་གར་སྐད་དུ། པ་ར་མ་ཨཱ་དི་བུདྡྷོད་དཧྲི་ཏ་ཤྲཱི་ཀཱ་ལ་ཙ་ཀྲ་ནཱ་མ་ཏནྟྲ་རཱ་ཛ། །བོད་སྐད་དུ། མཆོག་ གི་དང་པོའི་སངས་རྒྱས་ལས་ཕྱུང་བ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ། ཞེས་པ་འདི་བྱུང། གཉིས་པ་འགྲེལ་པའི་མཚན་དོན་སྟོན་པ་ལ། རྒྱ་གར་སྐད་དུ། བི་མ་ལ་པྲ་བྷ་ནཱ་མ་མའུ་ལ་ཏནྟྲཱ་ནུ་སཱ་ར་ཎཱི་ [012B] བོད་སྐད་དུ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། ཞེས་ པ་འདི་བྱུང། སོ་སོར་བསྒྱུར་ན། རྒྱ་གར་ན་སྐད་རིགས་བཞི་ཡོད་པའི་ནང་ནས་ལེགས་སྦྱར་གྱི་སྐད་དུ། པ་ར་མ་མཆོག་གི་ཨཱ་དི་དང་པོ། བུདྡྷ་སངས་རྒྱས། དཧའི་ན་རོར་འགོ་རྒྱུའི་ཨུ་སྟེ་ཨུད་དཧྲི་ཏ་ཕྱུང་བ། ཤྲཱི་ཀཱ་ལ་ཙཀྲ་ དཔལ་དུས་ཀྱི་འཁོར་ལོ། ནཱ་མ་ཞེས་བྱ་བ། ཏནྟྲ་རྒྱུད། རཱ་ཛ་རྒྱལ་པོའོ། །འགྲེལ་པའི་མཚན་བསྒྱུར་ཚུལ་ནི། བི་མ་ལ་དྲི་མ་མེད་པ། པྲ་བྷ་འོད། ནཱ་མ་ཞེས་བྱ་བ། མའུ་ལ་རྩ་བ། ཏནྟྲ་རྒྱུད། ཨ་ནུ་སཱ་ར་ཎཱི་རྗེས་སུ་འཇུག་པ། དྭ་ད་ ཤ་བཅུ་གཉིས། སཱ་ཧ་སྲི་ཀ་སྟོང་ཕྲག་ལ་གྷུ་བསྡུས་པ། ཀཱ་ལ་ཙཀྲ་དུས་ཀྱི་འཁོར་ལོ། ཏནྟྲ་རཱ་ཛ་རྒྱུད་ཀྱི་རྒྱལ་པོ། ཊཱིཀ་རྒྱ་ཆེར་བཤད་པའོ། །འགྲེལ་པའི་མཚན་དོན་བཤད་པས་རྒྱུད་ཀྱི་མཚན་དོན་ཡང་རྟོགས་པར་ནུས་ ལ༑ དེས་ན་འགྲེལ་པ་འདི་ཆོས་ཅན། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྩ་རྒྱུད་རྒྱས་པ་ལས་བསྡུས་པའི་དུས་འཁོར་བསྡུས་རྒྱུད་ཀྱི་དགོངས་པ་རྒྱ་ཆེར་ འགྲེལ་བའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། བསྡུས་རྒྱུད་ཆོས་ཅན། དུས་ཀྱི་འཁོར་ལོ་ཞེས་བྱ་བའི་རྒྱུ་མཚན་ཡོད་དེ། དུས་འཁོར་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་ཕྱི་ནང་གཞན་གསུམ་གྱི་དུས་འཁོར་ཡོད་ [013A]༄༅། །ལ། ཁྱོད་ཀྱིས་དེ་གསུམ་བརྗོད་བྱར་བྱེད་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། འགྲེལ་པ་འདི་ཆོས་ཅན། རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་ཞེས་བྱ་སྟེ། རྩ་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟེ་རྩ་རྒྱུད་རྒྱས་ པའི་དགོངས་པ་ཇི་ལྟ་བ་བཞིན་བསྡུས་རྒྱུད་ཀྱི་དོན་འགྲེལ་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དེ་ཆོས་ཅན། སྟོང་ཕྲག་བཅུ་གཉིས་པ་ཞེས་བྱ་སྟེ། རྗོད་བྱེད་ཀྱི་གཞུང་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་དང་ལྡན་པའི་ རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དེ་ཆོས་ཅན། དྲི་མ་མེད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བསྡུས་རྒྱུད་ཀྱི་དགོངས་པ་མ་བཤད་ལོག་བཤད་ཐེ་ཚོམ་གྱི་དྲི་མ་དང་བྲལ་བར་འགྲེལ་བའི་རྒྱུ་མཚན་གྱིས་ཡིན་པའི་ ཕྱིར། དེ་ཆོས་ཅན། འོད་ཅེས་བྱ་སྟེ། ཟླ་བའི་འོད་ཟེར་གྱིས་མུན་པ་སེལ་ཞིང་གཟུགས་གསལ་བར་བྱེད་པ་ལྟར་ཁྱོད་ཀྱིས་ཀྱང་བསྡུས་རྒྱུད་ཀྱི་ཚིག་དོན་གསལ་བར་འཆད་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། གཉིས་ པ་ནི༑ འགྱུར་ཕྱག་མཛད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། འགྲེལ་པ་འདིའི་འགྱུར་མཐར་ཕྱིན་པའི་དགོས་པ་ཡོད་པའི་ཕྱིར། གསུམ་པ་ལ་གསུམ། བཤད་པ་ལ་འཇུག་པ། བཤད་པ་ཉིད་ཉེ་བར་འགོད་པ་ བཤད་པ་མཐར་ཕྱིན་པའི་ཚུལ་ལོ། །དང་པོ་ལ་མཁས་པ་དག་བཤད་པ་ཉེ་བར་དགོད་པའི་ཐོག་མར་བཤད་པ་ལ་འཇུག་པའི་ཡན་ལག་འཆད་པ་དང་མཐུན་པར། འདིར་ཡང་མདོར་བསྡུས་དང་པོ་གསུམ་གྱི་སྒོ་ནས་ [013B] འདི་ལ་གསུམ། མཆོག་གི་འདོད་པའི་ལྷ་ལ་ཕྱག་བྱ་བ་དང། འགྲེལ་པ་རྩོམ་པར་དམ་བཅའ་བ་སོགས་ཀྱི་སྒོ་ནས་དམ་པའི་ལམ་རྣམ་པར་ངེས་པའི་མདོར་ བསྡུས། རྒྱུད་ཀྱི་དགོས་སོགས་ཆོས་ལྔ་དང། ལེའུ་དང་གནས་པ་སོ་སོའི་བསྡུས་དོན་སོགས་འཆད་པའི་མདོར་བསྡུས། སྟོན་པ་དང་གསོལ་བ་འདེབས་པ་པོ་གཉིས་ཀྱི་འགྲེལ་པ་ལ་བརྒལ་ལན་སོགས་ཀྱི་སྒོ་ནས་གཙོ་བོར་ མདོར་བསྡུས་གཉིས་པའི་དོགས་གཅོད་ཀྱི་ཡན་ལག་སྟོན་པའི་མདོར་བསྡུས་སོ། །དང་པོ་ནི། སློབ་དཔོན་དབྱིག་གཉེན་གྱིས། དགོས་པ་བསྡུས་པའི་དོན་བཅས་དང། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ ལན་བཅས་ཏེ་བསྙད་པར་བྱ། ཞེས་མདོ་བཤད་ཐབས་ཀྱི་མན་ངག་གསུངས་པ་མདོ་རྒྱུད་ཀུན་ལ་འདྲ་བས། དགོས་པ་ནི། མདོར་བསྡུས་དང་པོ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། བདུད་དང་བགེགས་ཐམས་ཅད་ ཉམས་པར་བྱེད་པ་དང། མཆོག་གི་འདོད་པའི་ལྷའི་གོ་འཕང་ཐོབ་པར་བྱེད་པའི་ཐབས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ངེས་པར་བྱེད་པའི་དགོས་པ་ཡོད་པའི་ཕྱིར་ཏེ། དེ་སྐད་དུ་ཡང། མདོར་བསྡུས་དང་པོའི་མཚན་གྱི་འགྲེལ་ པར༑ བདུད་དང་བགེགས་མཐའ་དག་ཉམས་པར་བྱེད་པ་མཆོག་གི་འདོད་པའི་ལྷ་དང་དམ་པའི་ལམ་ངེས་པའི་མདོར་བསྡུས་པའོ། ཞེས་གསུངས་པའི་ཕྱིར། ཚིག་དོན་མཚམས་སྦྱར་བརྒལ་ལན་རྣམས་རང་རང་གི་ [014A]༄༅། །སྐབས་སུ་འཆད་དོ། །བསྡུས་དོན་གྱི་དབང་དུ་བྱས་ན་འདི་ལ་བརྒྱད། མཆོག་གི་འདོད་པའི་ལྷ་ལ་ཕྱག་བྱ་བ་དང། འགྲེལ་པ་རྩོམ་པར་དམ་བཅའ་ཞིང་བརྩམས་པའི་འགྲེལ་པ་ཉན་པར་བསྐུལ་བ་ འགྲེལ་པ་ཡང་དག་དང་ཕྱིན་ཅི་ལོག་གི་རྣམ་དབྱེ་བཤད་པ། ཡང་དག་པའི་ལམ་ལས་མི་གོལ་པའི་ཐབས་བཤད་པ། ལམ་བཟང་འཕྲོག་པའི་རྒྱུ་སྤངས་ནས་ཡང་དག་པའི་ལམ་སྤ་བར་བསྟན་པ། དཔའ་བོའི་རིམ་ པ་དང་བདག་བྱིན་རླབས་ཀྱི་རིམ་པ་གཉིས་ཀྱི་གྲངས་ངེས་བཤད་པ། འཇིགས་པ་བཅུ་དྲུག་གི་ཉེ་བར་འཚེ་བ་ཞི་བའི་ཐབས་བཤད་པ། རྩོམ་པར་དམ་བཅའ་བའི་ཚུལ་བཤད་པའོ། །དང་པོ་སྟོན་པ་ལ། སྟོང་ཉིད་ སྙིང་རྗེའི་བདག་ཉིད་ཅན། ཞེས་པ་ནས། ལྷ་ཡི་དབང་པོས་བཏུད་པའི་གཙོལ་སྤྱི་བོས་ཕྱག་འཚལ་ཏེ། ཞེས་པའི་བར་བྱུང། ཕྱག་འཚལ་བ་ལ་ཡང་ཤོ་ལོ་ཀ་དུ་མ་ཡོད་པ་ལས། དང་པོ་ནི། སྟོང་ཉིད་སྙིང་རྗེའི་ བདག་ཉིད་ཅན། །སྲིད་གསུམ་སྐྱེ་དང་འཇིག་པ་མེད། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། ཞེས་པའི་དོན་ནི། རྒྱལ་པོ་པད་དཀར་གྱིས་འགྲེལ་ཆེན་རྩོམ་པའི་ཐོག་ མར་འདོད་པའི་ལྷ་ལ་ཕྱག་འཚལ་བའི་ཚུལ་ཡོད་དེ། ལུས་ཀྱི་ལག་པའི་ཐལ་མོ་སྦྱར་བ་སྤྱི་བོར་བཞག་པུས་མོའི་ལྷ་ང་ས་ལ་བཙུགས། ངག་གིས་བསྟོད་ཚིག་བརྗོད། ཡིད་ཀྱིས་དེའི་དོན་སྒོམ་ཞིང། ཡེ་ཤེས་ཀྱི་ [014B] ཕུང་སོགས་ཀྱི་འཁོར་ལོ་ཐམས་ཅད་དུས་མ་འགྱུར་བའི་བདེ་བས་སྒྲིབ་བྲལ་དུ་བྱས་པའི་དུས་འཁོར་ལ་ཕྱག་འཚལ་བ་ ཡིན་པའི་ཕྱིར། ཕྱག་འཚལ་ཚུལ་དེ་ལ་ངེས་དོན་དུ་བཤད་ན། གཡས་གཡོན་གྱི་དཀྱིལ་འཁོར་བཅུའི་རླུང་རྣམས་དབུ་མར་བཅིངས་པ་ནི་ལག་པ་ཐལ་མོ་སྦྱར་བའི་ངེས་དོན་དང། དེ་ལས་རླུང་ཕྱིར་འཕོ་བ་བཀག་པ་ ནི་བསྟོད་ཚིག་གི་ངེས་དོན་དང། དེ་ལས་རྡོ་རྗེ་ནོར་བུ་དང་གསང་བའི་པདྨར་བྱང་སེམས་བཟུང་བ་ནི་པུས་མོའི་ལྷ་ང་ས་ལ་བཙུགས་པའི་ངེས་དོན་དང། དེ་ལྟར་བཟུངས་པ་ལས་བྱང་སེམས་གྱེན་དུ་དྲངས་པ་ནི་དོན་བསྒོམ་ པའི་ངེས་དོན་དང། དེ་ལས་རླུང་བཅུ་སྤྱི་བོར་བཅིངས་པ་ནི་ཐལ་མོ་བཅུ་སྤྱི་བོར་བཅིངས་པའི་ངེས་དོན་དང། དེ་ལས་དྲི་མ་མེད་པའི་དེ་ཉིད་ཐོབ་པ་ནི་ཡེ་ཤེས་ཀྱི་དོན་རྟོགས་པའི་ངེས་དོན་ཡིན་ཏེ། དབང་མདོར་བསྟན་ ལས༑ སོར་མོ་རྣམས་ནི་ཕན་ཚུན་ཏུ། །དཀྱིལ་འཁོར་བཅུ་པོ་ཡང་དག་སྦྱོར། །སྤྱི་བོར་ལག་པའི་མཐིལ་སྦྱར་དག་རྩེ་གཅིག་དེ་ནི་གྲི་གུག་གོ་ཞེས་དང། མཚན་བརྗོད་ལས་ཀྱང་ཐལ་མོ་སྦྱར་བ་བྱས་ནས་ནི། ཞེས་ སོགས་གསུངས་པའི་ཕྱིར། ངག་དོན་ནི། རྒྱལ་པོ་པདྨ་དཀར་པོས་འགྲེལ་ཆེན་རྩོམ་པའི་ཐོག་མར་མཆོད་བརྗོད་མཛད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། བདུད་དང་བགེགས་ཐམས་ཅད་ཉམས་པར་བྱེད་པ་དང། དམ་ [015A]༄༅། །པའི་ལམ་རྣམ་པར་ངེས་པར་འགྱུར་བའི་དགོས་པ་ཡོད་པའི་ཕྱིར། བསྟོང་ཕྱག་མཛད་པས་དམ་པའི་ལམ་རྣམ་པར་ངེས་པའི་ཚུལ་ཡོད་དེ། དེ་ལྟར་མཛད་པས་འབྲས་དུས་ཀྱི་ཡོན་ཏན་རྣམས་རྒྱས་ པར་བརྗོད་པའི་སྒོ་ནས་དེ་དང་རྗེས་སུ་མཐུན་པའི་ལམ་དུས་ཀྱི་ཆོས་རྣམས་ངེས་པར་འགྱུར་བའི་ཕྱིར། འོ་ན་དུས་ཀྱི་འཁོར་ལོ་དེ་ཁྱད་ཆོས་ཇི་ལྟ་བུ་དང་ལྡན་ཞེ་ན། ཁྱད་ཆོས་གསུམ་དང་ལྡན་པ་ལས། དང་པོ་སྟོན་པ་ལ། སྟོང་ཉིད་ སྙིང་རྗེའི་བདག་ཉིད་ཅན། ཞེས་པ་འདི་བྱུང། འདིའི་དོན་ནི། འབྲས་བུའི་དུས་ཀྱི་འཁོར་ལོ་ཆོས་ཅན། ཁྱད་པར་དང་པོ་དང་ལྡན་པ་ཡིན་ཏེ། སྟོང་པ་ཉིད་དང་སྙིང་རྗེ་མི་འགྱུར་བའི་བདེ་བ་ཆེན་པོ་ངོ་བོ་དབྱེར་མི་ཕྱེད་པའི་ བདག་ཉིད་དུ་གྱུར་པའི་ཁྱད་པར་དང་ལྡན་པའི་ཕྱིར། འདིར་བསྟན་སྟོང་ཉིད་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ཆོས་ཅན་སྟོང་གཟུགས་དང། ཆོས་ཉིད་དེ་བཞིན་ཉིད་གཉིས་སུ་ཡོད་ལ། སྙིང་རྗེ་ལ་སྒྲས་བརྗོད་རིགས་ ཀྱིས་དབྱེ་ན། ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་སུ་ཡོད་པའི་ཕྱི་མ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །སྙིང་རྗེའི་སྐད་དོད་ཀཱ་རུ་ཎ་ལ་ངེས་ཚིག་གིས་བཤད་ན། ཀ་ལ་ཐིག་ལེ་བྱིན་པས་ཀཾ་བདེ་བ་དང་རུ་ཎ་འགོག་ པ་ལ་འཇུག་པས་བདེ་འགོག་སྟེ། ཐུན་མོང་བའི་སྙིང་རྗེ་ལ་བཤད་ན། དེ་རང་རྒྱུད་ལ་སྐྱེས་པ་ན་སེམས་ཅན་གཞན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པས་རང་རྒྱུད་ཀྱི་ཞི་བདེ་འགོག་པའི་རྣམ་པ་ཅན་དུ་བྱེད་ལ་ [015B] །ཡང་ན་སློབ་དཔོན་མཚོ་སྐྱེས་ཀྱིས་རུ་ཎ་བསྡུས་པ་ལ་འཇུག་པར་བཤད་པ་ལྟར་དགའ་བ་དང་པོ་གསུམ་གྱིས་བདེ་བ་རྣམས་ རིམ་གྱིས་བསྡུས་པའི་ལྷན་སྐྱེས་ཀྱི་བདེ་ཆེན་ཏེ་སྔ་མ་དང་དོན་གཅིག་གོ་ཁྱད་པར་གཉིས་པ་སྟོན་པ་ལ། །སྲིད་གསུམ་སྐྱེ་དང་འཇིག་པ་མེད། ཅེས་པ་འདི་བྱུང། དོན་ནི་ཕྱིས་ཀྱི་མཁས་པ་དག་དོན་དམ་པར་སྲིད་ཞིའི་ མཐའ་ལ་མི་གནས་པ་ལ་བཤད་པ་མི་ལེགས་ཏེ། དེ་དུས་འཁོར་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་དུ་མི་རུང་བའི་ཕྱིར། རང་ལུགས་ནི། བཤད་སྦྱར་སྙིང་པོ་སྣང་བ་ལས་གསུངས་པ་ལྟར་ལེགས་ཏེ། དུས་འཁོར་ཆོས་ཅན་ ཁྱད་པར་གཉིས་པ་དང་ལྡན་ཏེ། སྲིད་པ་ཁམས་གསུམ་དུ་ཉིང་མཚམས་སྦྱོར་བའི་སྐྱེ་བ་དང། ལས་ཉོན་གཉིས་འཇིག་པ་སྟེ་ཟད་པ་ཙམ་གྱི་ཞི་བ་ཕྱོགས་གཅིག་པའི་མཐའ་མེད་པའི་ཁྱད་པར་དང་ལྡན་པའི་ཕྱིར། དེར་ཐལ་ ཐུགས་མི་འགྱུར་བའི་བདེ་བ་ཆེན་པོ་ལ་རྟག་ཏུ་གནས་པས་སྲིད་མཐའ་སྤངས། སྐུ་སྟོང་གཟུགས་ཡབ་ཡུམ་གྱི་རྣམ་པ་ཅན་གྱིས་འཁོར་བ་ཇི་སྲིད་མ་སྟོངས་བར་དུ་འགྲོ་བའི་དོན་མཛད་པས་ཞི་མཐའ་སྤངས་པའི་ཕྱིར་ཏེ་ དེ་སྐད་དུ། དབང་མདོར་བསྟན་ལས། མྱ་ངན་འདས་པ་བྲལ་བ་གཟུགས། །འཁོར་བ་ལས་འདས་མི་འགྱུར་བ། །རྟག་དང་ཆད་ལས་ངེས་པར་གྲོལ། །དེ་དག་སྦྱོར་བ་གཉིས་མེད་མཆོག་ཅེས་གསུངས་པའི་ཕྱིར། ཁ་ [016A]༄༅། །ཅིག་བཞིན་ལག་གི་རྣམ་པ་ཅན་གྱི་སྐྱེས་བུ་སྐྱེ་བ་བླངས་པ་སྲིད་པ་ཡིན་པས་སྟོང་གཟུགས་དེ་ཡང་སྲིད་མཐར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། དེ་ཐུགས་མི་འགྱུར་བའི་བདེབས་ཟིན་པའི་ཕྱིར། དེ་ལ་རྟག་ ཏུ་གནས་ཀྱང་ཞི་མཐར་མི་འགྱུར་ཏེ། དེ་རང་དང་ངོ་བོ་གཅིག་ཏུ་གྱུར་པའི་སྟོང་གཟུགས་ཀྱིས་ཟིན་པའི་ཕྱིར། དབང་མདོར་བསྟན་ལས། །གཟུགས་ནི་སྲིད་པར་མི་འགྲོ་སྟེ། །འགྱུར་མེད་མྱ་ངན་འདས་མི་འགྲོ། །ཕན་ཚུན་ འཁྱུད་པའི་ཞི་བ་ནི། །མ་ནིང་གི་ནི་གོ་འཕང་མཆོག་ཅེས་གསུངས་པའི་ཕྱིར། ཁྱད་པར་གསུམ་པ་སྟོན་པ་ལ། ཤེས་དང་ཤེས་བྱ་གཅིག་པའི་སྐུ། ཞེས་པ་འདི་བྱུང། དོན་ནི། དུས་འཁོར་ཆོས་ཅན། ཁྱད་པར་གསུམ་ པ་དང་ལྡན་ཏེ། ཤེས་པ་མི་འགྱུར་བའི་བདེ་བ་དང། ཤེས་བྱ་སྟོང་གཟུགས་རྡོ་རྗེ་འཛིན་པའི་རྣམ་པ་ཅན་གྱི་སྐུ་གཉིས་ངོ་བོ་དབྱེར་མི་ཕྱེད་པའི་ཁྱད་པར་དང་ལྡན་པའི་ཕྱིར། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན་དེ་རྒྱས་པར་སྟོན་ པ་ལ་མཆོད་བསྟོད་ལྷག་མ་རྣམས་བྱུང་བ་ལས། ཚིགས་བཅད་གཉིས་པ་ནི། རྣམ་པར་བཅས་ཀྱང་རྣམ་མེད་བཅོམ་ལྡན་འདས་མ་ཤེས་རབ་མ་སྟེ་དེ་ཡིས་འཁྱུད། །སྐྱེ་འཇིག་སྤངས་པའི་འགྱུར་མེད་བདེ་བ་དང་ལྡན་ བཞད་པ་ལ་སོགས་བདེ་བ་སྤངས། །སངས་རྒྱས་རྣམས་ཀྱི་སྐྱེད་མཛད་སྐུ་གསུམ་དག་དང་ལྡན་ཞིང་དུས་གསུམ་ཡང་དག་རིག་ཀུན་མཁྱེན་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་གཉིས་མེད་དེ་ཉིད་ལ་ཕྱག་ [016B] ཞེས་པའི་དོན་ཕྱག་འཚལ་བ་པོ་དང་དགོས་པ་སོགས་སྔར་ལྟར་ལ། ཕྱག་འཚལ་ཡུལ་ཡོད་དེ༑ རྣམ་པར་བཅས་པའི་བཅོམ་ལྡན་འདས་མ་ཤེས་རབ་མ་སྟེ་སྟོང་གཟུགས་ཀྱི་ཕྱག་རྒྱ་སྣ་ཚོགས་ཡུམ་དེ་ཡིས་འཁྱུད་ པའི་སྟོང་གཟུགས་ཐབས་ཀྱི་རྣམ་པ་ཅན་གྱི་ཀུན་མཁྱེན་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དེ་དེ་ཡིན་པའི་ཕྱིར། ངེས་དོན་གྱི་དུས་འཁོར་ལ་ཕྱག་འཚལ་བའི་ཚུལ་ཡོད་དེ། རྣམ་པ་གཟུགས་ སོགས་སྣ་ཚོགས་སུ་སྣང་བ་དེ་ཉིད་བདེན་པར་མེད་པའི་བཅོམ་ལྡན་འདས་མ་ཤེས་རབ་མ་དེ་བཞིན་ཉིད་ཀྱིས་འཁྱུད་པའི་ཡུལ་ཅན་འབྲས་དུས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ངེས་དོན་གྱི་དུས་འཁོར་ལ་ཕྱག་འཚལ་བ་ ཡིན་པའི་ཕྱིར། འཁྱུད་པའི་ཚུལ་ཡོད་དེ། གཉིས་སྣང་མ་ལུས་པ་སྤངས་པས་ཆུ་ལ་ཆུ་བཞག་པ་བཞིན་དུ་ཡུལ་ཡུལ་ཅན་རོ་གཅིག་ཏུ་གྱུར་པའི་ཚུལ་གྱིས་འཁྱུད་པའི་ཕྱིར། ཀྱང་སྒྲའི་དོན་ཡོད་དེ། ཀུན་རྫོབ་ཏུ་རྣམ་ བཅས་ཡིན་ཀྱང། དོན་དམ་དུ་རྣམ་མེད་ཡིན་ནོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། སྐབས་འདིར་ཆོས་ཉིད་ཀྱི་ཤེས་རབ་མ་དེ་བཤད་དགོས་པར་བཤད་སྦྱར་མཁན་པོ་བཞེད་པ་ལྟར་ལེགས་ཏེ། ཕྱག་ཆེན་ཐིག་ལེ་ལས་ ཇི་ལྟར་ཏི་ལ་སོན་ཏིལ་མར་དང། །ཇི་ལྟར་ཤིང་ལ་སོན་པའི་མེ། །དེ་བཞིན་ཆོས་རྣམས་ཐམས་ཅད་ལ། །ཡང་དག་གནས་ཀྱང་མི་མཐོང་བ། །ཆོས་ཀྱི་དབྱིངས་ནི་བྷ་གར་བཤད། །བྷ་ག་རིན་ཆེན་ཟ་མ་ཏོག་གང་ཕྱིར་དབང་ [017A]༄༅། །ཕྱུག་སོགས་ཡོན་ཏན། །ལྡན་པ་དེ་ཕྱིར་བྷ་གར་བཤད། ཅེས་གསུངས་པའི་ཕྱིར། ཆོས་ཀྱི་དབྱིངས་ལ་བཅོམ་ལྡན་འདས་ཀྱི་སྒྲ་བཤད་དུ་རུང་བའི་རྒྱུ་མཚན་ཡོད་དེ། ཇི་ལྟར་ཏིལ་ལ་ཏིལ་མར་ དང་ཤིང་ལ་མེ་འབྱུང་རུང་གི་ཚུལ་གྱིས་ཡོད་ཀྱང་སོ་སོ་སྐྱེ་བོས་མངོན་སུམ་དུ་མི་མཐོང་བ་ལྟར། ཆོས་ཐམས་ཅད་ལ་ཡང་དག་པར་གནས་ཀྱང། སོ་སོ་སྐྱེ་བོས་མངོན་སུམ་དུ་མི་མཐོང་བའི་ཆོས་ཀྱི་དབྱིངས་ དེ་སངས་རྒྱས་ཀྱི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཡིན་པས་བྷ་ག་དང། དེའི་བྱེ་བྲག་དག་པ་གཉིས་ལྡན་གྱི་དབྱིངས་དེ་ལ་སངས་རྒྱས་ཀྱི་ཡོན་ཏན་རྣམས་ལྡན་པའི་རྒྱུ་མཚན་གྱིས་བཤད་དུ་རུང་བའི་ཕྱིར་ འགྱུར་མེད་བདེ་བ་དང་ལྡན་ཞེས་པའི་བདེ་བ་ལ་ཚུལ་གཉིས་ཡོད་དེ། བྱང་སེམས་ནོར་བུའི་རྩེར་ཕབ་པ་ཕྱིར་མི་འཕོ་བར་བཟུང་བའི་ཐིག་ལེ་ལ་མི་འགྱུར་བར་བྱས་ནས་དེ་ལས་སྐྱེས་པའི་བདེ་བ་ལ་མི་འགྱུར་བའི་ བདེ་བར་བྱེད་པའི་ཚུལ་དང། དེར་མ་ཟད་བྱང་སེམས་རང་གི་གནས་དེ་ལས་རང་གི་ལུས་ཀྱི་ཆ་སོ་སོ་ལ་མི་འཕོ་བར་བཟུང་བའི་ཐིག་ལེ་ལ་མི་འགྱུར་བར་བྱས་ནས་དེ་ལས་སྐྱེས་པའི་བདེ་བ་ལ་མི་འགྱུར་བའི་བདེ་བར་ བྱེད་པའི་ཚུལ་ཡོད་པའི་ཕྱིར། དང་པོ་ནི། རླུང་དབུ་མར་ཚུད་པའི་མཚམས་ནས་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གང་རུང་ལ་བརྟེན་ནས་དགའ་བཞི་དྲངས་པ་ཐམས་ཅད་ཀྱི་དུས་སུ་འབྱུང་ལ། གཉིས་པ་ནི། སྟོང་གཟུགས་ [017B] བདེ་བ་དེའི་སྐད་ཅིག་ མ་ཐམས་ཅད་རྫོགས་པ་ནི་འབྲས་བུའི་དུས་སོ། །དེ་དག་ལས་འདིར་ནི་འབྲས་དུས་ཀྱི་མི་འགྱུར་བའི་བདེ་བ་ཉིད་བཟུང་བར་བྱ་བ་ཡིན་ཏེ། སྐྱེ་འཇིག་སྤངས་པའི་ཁྱད་པར་སྦྱར་བའི་ཕྱིར། ཁྱབ་སྟེ། སྐྱེ་འཇིག་སྤངས་ པའི་དོན་རང་རྒྱུ་ལས་སྐྱེས་པ་ཙམ་དང། རང་གི་སྐད་ཅིག་མ་གཉིས་པར་མི་གནས་པའི་འཇིག་པ་སྤངས་པ་ཙམ་ལ་མི་བྱེད་པའི་ཕྱིར་ཏེ། དེ་ལྟར་བྱེད་ན་མི་འགྱུར་བའི་བདེ་བ་རང་རྒྱུ་ཕྱག་རྒྱ་ཆེན་པོ་ལས་སྐྱེས་པར་ བཤད་པ་དང་འགལ་བའི་ཕྱིར། འོ་ན་སྐྱེ་འཇིག་སྤངས་པའི་དོན་གང་ཞེ་ན། རྩ་རྒྱུད་ལས། སྐྱེ་དང་འཇིག་པ་དཀར་ཕྱོགས་དང། །ནག་པོའི་ཕྱོགས་སུ་རབ་གནས་པའོ། །དེ་ཉིད་དབུས་སུ་གང་བ་གང། །གང་བ་དེ་ནི་མི་ གནས་ཉིད། ཅེས་གསུངས་པ་ལྟར། བྱང་སེམས་དཀར་པོ་གཙུག་ཏོར་ནས་ནོར་བུའི་བར་དུ་སྐྱེ་བའི་འཕེལ་བའི་ཆ་བཅོ་ལྔ་དང། དེ་ཉིད་ཇི་ལྟར་འོངས་པའི་མས་རིམ་གྱིས་གཙུག་ཏོར་གྱི་བར་དུ་སོང་བའི་ཁམས་དམར་པོ་ རྡུལ་ལམ་ཉི་མས་ཁམས་དཀར་པོ་འཇིག་པའམ་ཟད་པར་བྱེད་པའི་ཆ་བཅོ་ལྔ་ནི་སྐྱེ་འཇིག་གི་དོན་ཡིན་ལ། དེ་གཉིས་ཀྱི་དབུས་སུ་སྟེ་དེ་གཉིས་གང་གི་ཡང་ཕྱོགས་སུ་མ་སོང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆ་ཐམས་ཅད་ [018A]༄༅། །ཡོངས་སུ་རྫོགས་པ་ཆ་བཅུ་དྲུག་པའི་དུས་ཀྱི་བདེ་བ་དེ། འཕོ་བའི་བག་ཆགས་མ་ལུས་པར་སྤངས་པའི་འབྲས་དུས་ཀྱི་མཆོག་མི་འགྱུར་བའི་བདེ་བ་ལ་འཇོག་པའི་ཕྱིར། དེ་ལྟ་བུའི་བདེ་བ་དེ་ལས་ དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དངོས་སུ་སྐྱེས་པ་མ་ཡིན་ཏེ། དེ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་བཞད་པའམ་རྒོད་པ་དང་ལ་སོགས་པ་བལྟ་བ་དང་ལག་བཅངས་དང་དབང་པོ་གཉིས་སྦྱོར་གྱི་བདེ་བ་སྤངས་པའི་སྟོང་ གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་སྐྱེས་པའི་ཕྱིར། འབྲས་དུས་ཀྱི་མཆོག་མི་འགྱུར་བའི་བདེ་བ་དེ་ཁྱད་པར་དུ་མ་དང་ལྡན་ཏེ། སངས་རྒྱས་ཕུང་པོ་ལྔ་རྣམས་སྒྲིབ་བྲལ་དུ་བསྐྱེད་པར་མཛད་ཅིང། ཆོས་ལོངས་ སྤྲུལ་པའི་སྐུ་གསུམ་ངག་དང་ལྡན་ཞིང་དུས་གསུམ་ཡང་དག་པར་རིག་པའི་ཁྱད་པར་དང་ལྡན་པ་ཡིན་པའི་ཕྱིར། སྐུ་བཞི་ཡོད་པ་ལས་གསུམ་དུ་ཕྱེ་བའི་རྒྱུ་མཚན་ཡང་དག་པར་རིག་པའི་དོན་ཡོད་དེ། ཆོས་ཐམས་ ཅད་སྐྱེ་མཆེད་བཅུ་གཉིས་ཀྱིས་བསྡུས་པའི་གང་ཟག་གང་རུང་གཅིག་གི་དབང་དུ་བྱས་ནས་རང་རྒྱུད་ཀྱི་སེམས་ཀྱི་རྣམ་པར་རྟོག་པ་སྟེ་རང་རྒྱུད་ཀྱི་ནང་གི་སྐྱེ་མཆེད་དྲུག་དང། གཞན་རྒྱུད་ཀྱི་སེམས་ཀྱི་རྣམ་པར་རྟོག་ པ་སྟེ་གཞན་རྒྱུད་ཀྱིས་བསྡུས་པའི་ཕྱིའི་སྐྱེ་མཆེད་དྲུག་དང། རང་རྒྱུད་ཀྱི་ས་མ་བསྡུས་པའི་ཕྱིའི་སྐྱེ་མཆེད་དྲུག་སྟེ། སྐྱེ་མཆེད་བཅུ་གཉིས་ཀྱིས་བསྡུས་པའི་འདས་མ་འོངས་ད་ལྟར་དུས་གསུམ་གྱི་ཆོས་ཐམས་ [018B] རྩ་རྒྱུད་ལས། རང་གི་སེམས་དང་གཞན་སེམས་ཀྱི། །གཞན་དག་སྐྱེ་མཆེད་གང་གི་ཕྱིར། །ཕ་རོལ་སེམས་ཀྱི་རྣམ་རྟོག་གང། །སྐྱེ་མཆེད་དྲུག་གི་མཚན་ཉིད་ཅན། ། བདག་གི་སེམས་ཀྱི་རྣམ་རྟོག་གང། །སྐྱེ་མཆེད་དྲུག་གི་མཚན་ཉིད་དོ། །ཀུན་མཁྱེན་ཤེས་པ་འཛིན་བྱེད་དེ། །འབྱུང་དང་འབྱུང་འོས་སྒྲིབ་པའོ། ཞེས་གསུངས་པའི་ཕྱིར། དུས་འཁོར་ཆོས་ཅན། ཀུན་མཁྱེན་ཞེས་ བརྗོད་པའི་རྒྱུ་མཚན་ཡོད་དེ། མུན་པ་གཉིད་འཐུག་གི་གནས་སྐབས་བསྐྱེད་པའི་ཐིག་ལེ་སྒྲིབ་བྲལ་དུ་བྱས་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དེ་ཆོས་ཅན། སངས་རྒྱས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སད་པའི་ གནས་སྐབས་བསྐྱེད་པའི་ཐིག་ལེ་སྒྲིབ་བྲལ་དུ་བྱས་པ་རྣམ་བཅས་རྒྱ་ཆེ་བ་དང། རྣམ་མེད་ཟབ་པའི་ཆོས་ཐམས་ཅད་རྟོགས་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། རྩ་རྒྱུད་ལས། སད་པའི་སྐབས་སོང་སངས་རྒྱས་ཏེ་ ཐམས་ཅད་མཁྱེན་པ་ཞེས་བསྒྲགས་པ། །ཐམས་ཅད་རིག་ཅིང་དེས་གྲོལ་བ། །མུན་པའི་སྐབས་སོང་མེད་པའོ། ཞེས་གསུངས་པའི་ཕྱིར། །དུས་ཀྱི་འཁོར་ལོ་ཆོས་ཅན། མཆོག་གི་ཞེས་བརྗོད་པའི་རྒྱུ་ མཚན་ཡོད་དེ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པ་མཐར་ཕྱིན་པའི་བདེ་བ་ཐུགས་རྒྱུད་ལ་མངའ་བའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་ཆོས་ཅན། དང་པོའི་སངས་ [019A]༄༅། །རྒྱས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བེན་པོའི་ཁམས་མ་ལུས་པར་ཟད་ཅིང་ལས་རླུང་མ་ལུས་པར་འགགས་པའི་སྟོང་གཟུགས་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པ་ཅན་སྐུ་དང་ འཕོ་བའི་བག་ཆགས་མ་ལུས་པར་ཟད་པའི་ཐུགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉིས་ངོ་བོ་དབྱེར་མི་ཕྱེད་པ་འབྲལ་མི་ཤེས་ཀྱི་ཚུལ་གྱིས་སངས་རྒྱས་པ་ཡིན་ལ། དེ་རིགས་ཐམས་ཅད་སྤྲོ་བ་དང་བསྡུ་བའི་རྩ་བར་ གྱུར་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་ཆོས་ཅན། བཅོམ་ལྡན་འདས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཀྱི་ཁམས་དྲུག་རྣམ་པར་དག་པའི་ཡོན་ཏན་གྱི་དབང་ཕྱུག་སོགས་ སྐལ་པ་དྲུག་དང་ལྡན་པའམ་བདུད་བཞི་མ་ལུས་པར་བཅོམས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་རྣམ་བཅས་རྣམ་མེད་གཉིས་སུ་མེད་པའི་དུས་འཁོར་ལ་ཕྱག་འཚལ་བ་ཡིན་ ན༑ ༑ཚིགས་བཅད་གསུམ་པོ་དེ་ཉིད་བཅུ་དྲུག་རིག་པ་དང་བདེན་དོན་རྣམ་པ་བཅུ་གཉིས་ཀྱི་སྒོ་ནས་ཕྱག་འཚལ་ཚུལ་སྟོན་པ་ལ། སངས་རྒྱས་སེང་གེའི་ཁྲིར་བཞུགས་རྡོ་རྗེའི་རྣལ་འབྱོར་རྣམ་པར་དག་པ་སྲིད་པ་གསུམ་ གྱིས་མཆོད། །དེ་ཉིད་གཅིག་པུ་སྐུ་ཡིས་རབ་ཏུ་དབྱེ་བས་རྣམ་པ་བཅུ་དྲུག་སྲིད་མེད་སྲིད་པར་གནས། །ཤེས་དང་ཤེས་བྱ་གཅིག་གྱུར་རྒྱལ་བ་མཆོག་གི་དམ་ཚིག་ཡན་ལག་རྣམ་པ་བཅུ་གཉིས་ཀྱི། །བདེན་དོན་བྱང་ [019B] ཞེས་གསུངས། དོན་ནི། ཕྱག་འཚལ་བ་པོ་དང་དགོས་པ་ནི་སྔར་བཞིན། ཕྱག་འཚལ་ཡུལ་ནི་མཆོག་གི་དང་པོའི་སངས་རྒྱས་ཆོས་ཅན། །དུས་ འཁོར་ཞེས་བྱ་སྟེ། བཞིའི་ཉིན་ཞག་རེ་རེ་ལ་སྲིད་པ་གསུམ་སྟེ་རྩ་གསུམ་ལ་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རེ་འབྱུང་འཇུག་བྱེད་པའི་རྒྱུ་བ་རྣམས་མ་ལུས་པར་འགགས་པའི་སྲོག་ཆེན་པོ་ལ་དུས་ཞེས་བྱ་ལ། དེ་ཡང་ འཕོ་བ་བཅུ་གཉིས་འགགས་པའི་ལྡོག་ཆ་ནས་འཁོར་ལོ་ཞེས་བརྗོད་པའི་ཕྱིར། ལས་རླུང་རྣམས་འགོག་པའི་ཚུལ་ཡོད་དེ། ས་བཅུ་གཉིས་པོ་རེ་རེ་ལ་ལས་རླུང་སྟོང་བརྒྱད་བརྒྱ་རེ་འགགས་ནས་གཞིའི་འཕོ་བ་བཅུ་གཉིས་ འགགས་པར་འགྱུར་བའི་ཕྱིར་ཏེ། རྩ་རྒྱུད་ལས། དུས་ཆེན་པོ་ནི་སྲོག་ཆེན་པོ། འདས་པའི་དབུགས་བགྲོད་ཟད་པ་ལས། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང། །བརྒྱ་ཕྲག་དྲུག་གི་དབུགས་རྣམས་ཏེ། །སྲིད་པ་གསུམ་དུ་དབུགས་ འཁོར་ལོ། །འདི་ནི་དུས་ཀྱི་འཁོར་ལོར་བཤད། ཅེས་གསུངས་པ་ལྟར། ངོ་བོ་གཅིག་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པའི་ལྡོག་ཆ་ནས་དུས་དང། འཕོ་བ་བཅུ་གཉིས་འགགས་པའི་ལྡོག་ཆ་ནས་འཁོར་ལོ་དང་ མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པའི་ལྡོག་ཆ་ནས་སངས་རྒྱས་སུ་འཇོག་པ་ཡིན་ནོ། དེས་ན་སངས་རྒྱས་ལ་དེ་ཉིད་བཅུ་དྲུག་དང། དུས་འཁོར་ལ་བདེན་དོན་བཅུ་གཉིས་ཀྱི་སྒོ་ནས་ཕྱག་འཚལ་བ་ [020A]༄༅། །ཡིན་ལ། དང་པོ་ཕྱག་འཚལ་བའི་ཡུལ་ནི་སངས་རྒྱས་སེང་གེའི་ཁྲིར་བཞུགས་ཞེས་སོགས་ཀྱིས་བསྟན། དོན་ནི། ངེས་དོན་གྱི་སངས་རྒྱས་འཕོ་བའི་བག་ཆགས་རྣམ་པར་དག་པའི་བདེ་བ་ཆེན་པོ་ དེ་ཆོས་ཅན། བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེ། ཉོན་མོངས་པའི་རི་དྭགས་གསོད་པས་སེང་གེ་ཞེས་བརྗོད་པའི་ཁྲི་སྟེ་རྟེན་རྣམ་བཅས་སྟོང་གཟུགས་ཀྱི་ཕྱག་རྒྱ་ལ་བཞུགས་པ་སྟེ་རོལ་པ་ཡིན་པའི་ཕྱིར། དེ་ཆོས་ཅན་ ཁྱོད་ལ་རྣལ་འབྱོར་རམ་སྦྱོར་བ་ཞེས་བྱ་སྟེ། སྤྱི་བོ་ལ་སོགས་པའི་འཁོར་ལོ་བཞིར་ལུས་ངག་ཡིད་ཡེ་ཤེས་ཀྱི་ཐིག་ལེ་བཞི་རིམ་བཞིན་སྦྱར་ཏེ་བཀག་པའི་སྦྱོར་བ་ལས་བྱུང་བའི་གཉིས་སུ་མེད་པའི་བདེ་བ་ཆེན་པོར་གྱུར་ པས་དེ་ལྟར་བརྗོད་པའི་ཕྱིར། དེ་ཆོས་ཅན། རྡོ་རྗེ་ཞེས་བྱ་སྟེ། འཕོ་བའི་བག་ཆགས་མ་ལུས་པར་སྤངས་པས་དེ་ལྟར་བརྗོད་པའི་ཕྱིར། དེ་ལྟ་བུའི་རྡོ་རྗེའི་རྣལ་འབྱོར་དེ་ལ་རྣམ་པར་དག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ་ ཐབས་དེ་ཉིད་ཀྱིས་འཕོ་བའི་བག་ཆགས་མ་ལུས་པར་རྣམ་པར་དག་པར་བྱེད་པས་དེ་ལྟར་བརྗོད་པའི་ཕྱིར། སྲིད་པ་གསུམ་གྱིས་མཆོད་པ་ཞེས་བྱ་སྟེ། སྲིད་པ་གསུམ་གྱིས་སྒྲས་བསྟན་པའི་སྒྲུབ་པ་པོའི་ལུས་ངག་ཡིད་ གསུམ་གྱི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རྩེ་ནས་རིམ་གྱིས་དྲངས་ནས་གཙུག་ཏོར་གྱི་བར་དུ་བཅིངས་ཏེ་བརྟན་པར་བྱེད་པ་སྲིད་པ་གསུམ་གྱིས་མཆོད་པའི་དོན་དུ་འཇོག་པའི་ཕྱིར། རྟེན་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་ [020B] འགྱུར་ཚུལ་ནི་འོག་ནས་རྒྱས་པར་འཆད་པར་འགྱུར་བ་ལྟར་རོ། །ཁ་ཅིག་དོན་ དམ་པ་ངོ་བོ་ཉིད་སྐུ་ཆ་མེད་རྟག་པ་གཅིག་པུར་ཁས་བླངས་ནས། དེ་ཉིད་གདུལ་བྱའི་མོས་པའི་དབང་གིས་རྣམ་པ་བཅུ་དྲུག་ཏུ་འགྱུར་ཞེས་སྨྲ་བ་ནི། ཆ་མེད་ལ་ཆ་བཅུ་དྲུག་ཏུ་ཁས་བླངས་པས་རང་ཚིག་དངོས་སུ་འགལ་བའི་བྱུང་རྒྱལ་ སྨྲ་བ་ཡིན་ནོ། །སྲིད་མེད་སྲིད་པར་གནས་ཞེས་པ་འགྱུར་མི་ལེགས་པས། དབང་ལོས་སྲིད་མེད་སྲིད་སོང་བ། ཞེས་བསྒྱུར་བ་ལེགས་པས་དེའི་དབང་དུ་བྱས་ནས་བཤད་ན། མཆོག་གི་དང་པོའི་སངས་རྒྱས་ཆོས་ཅན། སྲིད་མེད་མྱ་ ངན་འདས་དང་སྲིད་པ་འཁོར་བའི་མཐའ་གཉིས་ལས་རིང་དུ་སོང་བ་སྟེ་འདས་པ་ཡིན་ཏེ། ཞེས་པ་མཆོག་མི་འགྱུར་གྱི་བདེ་བ་དང། ཤེས་བྱ་སྒྲིབ་བྲལ་གྱི་སྟོང་གཟུགས་རྣམ་པ་ཐམས་ཅད་པའི་སྐུ་གཉིས་གྲུབ་བདེ་དབྱེར་མེད་ཀྱི་ངོ་བོ་ གཅིག་ཏུ་གྱུར་པ་ཡིན་པའི་ཕྱིར། འོ་ན་མཆོད་བསྟོད་ཀྱི་དང་པོར། ཤེས་དང་ཤེས་བྱ་གཅིག་པའི་སྐུ། ཞེས་གསུངས་པ་བཟློས་པའི་སྐྱོན་དུ་འགྱུར་རོ་ཞེ་ན་མི་འགྱུར་ཏེ། དེར་ནི་མཐའ་གཉིས་ལས་འདས་པར་བསྟན་པ་ཙམ་ཡིན་ གྱི༑ འདིར་ནི་རྒྱུ་མཚན་དང་རྒྱུ་མཚན་དུ་དངོས་སུ་སྦྱར་ནས་བསྟན་པས་མི་བཟློས་པའི་ཕྱིར། དམ་ཚིག་གི་སྐད་དོད་ས་མ་ཡ་འདུས་པ་ལ་ཡང་འཇུག་པས་དེའི་དབང་དུ་བྱས་ནས་བཤད་ན། མཆོག་གི་དང་པོའི་སངས་རྒྱས་ [021A]༄༅། །ཆོས་ཅན། རྒྱལ་བ་ཐམས་ཅད་འདུས་པའི་བདག་ཉིད་དུ་གནས་པ་ཡིན་ཏེ། རང་གི་སྒྲིབ་བྲལ་གྱི་ཕུང་ཁམས་སྐྱེ་མཆེད་ཀྱི་ཚོགས་པ་ནི་རིགས་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་མཆོག་སྟེ་རྒྱལ་བ་ཐམས་ཅད་ འདུས་པའི་བདག་ཉིད་དུ་གནས་པའི་ཕྱིར། གཉིས་པ་དུས་འཁོར་ལ་བདེན་དོན་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་སྟོན་པ་ལ་རྣམ་པ་བཅུ་གཉིས་སོགས་བྱུང། ཕྱག་འཚལ་ཡུལ་ནི་དུས་འཁོར་ཡིན་ལ་དེ་ཡོན་ཏན་ཇི་ལྟ་བུ་དང་ ལྡན་ན། དེ་ཆོས་ཅན། ཡོན་ཏན་ཁྱད་པར་ཅན་དང་ལྡན་ཏེ། འདོད་དོན་ལ་མི་བསླུ་བས་བདེན་པའི་རྣམ་པ་ཅན་གྱི་དགའ་བ་རྒྱས་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བདེ་བ་ ཆེན་པོའི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པ་དེ་རྣམ་པར་རྟོག་པས་མི་ཕྱེད་པས་རྡོ་རྗེ་ཞེས་བཤད་ཅིང་དེའི་གནས་སམ་གཞིར་གྱུར་པ་ཡིན་ལ། དེའང་ལས་རླུང་གི་འཕོ་བའི་བག་ཆགས་མ་ལུས་པ་འགགས་པའི་དབྱེ་བས་ བདེན་དོན་ཡན་ལག་རྣམ་པ་བཅུ་གཉིས་སུ་འགྱུར་བའི་ཕྱིར། འདི་ནི་ཚིག་གི་སྐད་དོད་པཱ་ད་ཞེས་པ་གནས་ལ་འཇུག་པའི་དབང་དུ་བྱས་པའི་བཤད་པའོ། །ཚིགས་བཅད་བཞི་པས་སྐུ་བཞི་རྡོ་རྗེ་བཞི་ཐབས་ཤེས་གཉིས་སུ་ མེད་པའི་དབྱིངས་ལ་ཕྱག་འཚལ་བ་ཡིན་ལ། དེའི་ཚུལ་སྟོན་པ་ལ། ཀུན་མཁྱེན་ཡེ་ཤེས་སྐུ་ནི་རྒྱལ་བའི་བདག་པོའི་ལྷན་ཅིག་སྐྱེས་དང་དེ་བཞིན་ཆོས་ཀྱི་སྐུ། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ་ཡང་ཉིན་བྱེད་སྐུ་དང་ [021B] །རྣམ་པར་ཐར་དང་སྐུ་གསུང་ཐུགས་ཆགས་སྲིད་འདས་འབྱོར་པ་རྣལ་འབྱོར་དག་པ་ཤེས་རབ་དང། །ཐབས་ནི་གཉིས་མེད་གང་ཞིག་ལྷ་མི་ལྷ་མིན་གྱིས་བསྟོད་དང་པོའི་སངས་རྒྱས་དེ་ ལ་འདུད། ཅེས་གསུངས། དོན་ནི། གང་ཞིག་དང་པོའི་སངས་རྒྱས་དེ་ལ་འདུད་ཅེས་པ་གཞིར་དྲངས། དེ་ཡོན་ཏན་ཇི་ལྟ་བུ་དང་ལྡན་ཞེ་ན་དེ་ཆོས་ཅན། སྐུ་བཞི་མངའ་བའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། ཀུན་མཁྱེན་རྒྱལ་ བའི་བདག་པོ་ལྷན་ཅིག་སྐྱེས་པའི་སྐུ་དང། དེ་བཞིན་ཡེ་ཤེས་ཀྱི་སྐུ་ནི་འམ། ཆོས་ཀྱི་སྐུ་དང། ལོངས་སྤྱོད་རྫོགས་སྐུ་ནིའམ་ཉིན་མོར་བྱེད་པའི་སྐུ་དང་སྤྲུལ་པའི་སྐུའམ་ཡང་ན་པདྨའི་འདབ་མ་རྒྱས་པའི་སྤྱན་མངའ་བའི་སྐུ་ དང་ལྡན་པའི་ཕྱིར། དེ་ཆོས་ཅན། རྣམ་པར་ཐར་པ་བཞི་མངའ་བའི་ཡོན་ཏན་དང་ལྡན་ཏེ། སྒྲིབ་བྲལ་གྱི་རྣམ་པར་ཐར་པ་བཞི་འབྲས་དུས་ཀྱི་བདེ་བ་ཆེན་པོས་མངོན་སུམ་དུ་རྟོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར། དེ་ཆོས་ཅན་ རྡོ་རྗེ་བཞི་མངའ་བའི་ཡོན་ཏན་དང་ལྡན་ཏེ། སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་ཆགས་པ་སྟེ་བདེ་བའི་ཡེ་ཤེས་རྡོ་རྗེ་བཞི་དང་ལྡན་པའི་ཕྱིར། དེ་ཆོས་ཅན། ཐབས་ཤེས་གཉིས་སུ་མེད་པའི་དབྱིངས་མངའ་བའི་ཡོན་ཏན་དང་ ལྡན་ཏེ། སྲིད་འདས་འབྱོར་པ་ཞེས་པ་ལ་འབྱུང་དང་འཇིག་སོང་ཞེས་བསྒྱུར་བ་ལེགས་པས་ཁམས་གསུམ་དུ་འབྱུང་བ་འཁོར་བའི་མཐའ་དང་འཇིག་པ་མྱང་འདས་ཀྱི་མཐའ་གཉིས་ལས་གཞན་དུ་སོང་ཞིང། རྡོ་རྗེའི་རྣལ་ [022A]༄༅། །འབྱོར་རྣམ་པར་དག་པ་ཤེས་རབ་དང་ཐབས་གཉིས་སུ་མེད་པའི་བདག་ཉིད་ལྷ་མི་ལྷ་མིན་གྱིས་བསྟོད་པའི་ཡོན་ཏན་དང་ལྡན་པའི་ཕྱིར། དེ་ནས་སྐུ་བཞི་དང་ཚངས་གནས་བཞི་རྣམ་ཐར་བཞི་རོ་ མཉམ་པ་ཉིད་དུ་གྱུར་པའི་སྒོ་ནས་བསྟོད་པ་ནི། ཡེ་ཤེས་སྟོང་ཉིད་ཡེ་ཤེས་ཀྱིས། །ལེགས་དག་རྣམ་དག་འགྱུར་བ་མེད། །སེམས་ནི་མཚན་མེད་ཡེ་ཤེས་ཀྱིས། །ལེགས་དག་གཉིས་མེད་ཆོས་བདག་ཉིད། །ངག་ནི་ སྨོན་མེད་ཡེ་ཤེས་ཀྱིས། །དག་པ་གསང་སྔགས་མི་ཟད་སྒྲ། །དེ་བཞིན་མངོན་པར་འདུས་མ་བྱས། །ཡེ་ཤེས་ཀྱིས་དག་དྲི་མ་མེད། །ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར། །དབྱིབས་སྐུ་རྫུ་འཕྲུལ་བགྲོད་པ་ཅན། །དེ་བཞིན་ གཤེགས་པ་རྡོ་རྗེ་སེམས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །དམ་ཚིག་སེམས་དཔར་གསུངས་པ་གང། །དངོས་དང་དངོས་མེད་ཟད་པའི་གཙོ། །ཐོག་མཐའ་མེད་ཅིང་ཞི་བ་ཡི། །བྱང་ཆུབ་སེམས་དེ་ལ་ཕྱག་ འཚལ། ཞེས་པ་འདི་བྱུང། དེ་ཡང་བླ་མེད་ཀྱི་རྒྱུད་གཞན་རྣམས་ལ་རང་རང་གིས་རྩལ་དུ་བཏོན་ནས་འཆང་བའི་ལམ་གྱི་གཙོ་བོར་ཡོད་ཅིང། ལམ་འདི་ལ་རྒྱུད་གཞན་དང་མི་འདྲ་བའི་ཁྱད་ཆོས་དུ་མ་ཡོད་ཀྱང་གཙོ་བོ་ ནི་དབང་བཞི་པའི་ལམ་དེ་ཉིད་རྩལ་དུ་བཏོན་ནས་འཆད་པར་འགྲེལ་ཆེན་ལས་ཡང་ཡང་གསུངས་སོ། །དེ་དག་གི་དོན་དུ་བསམས་ནས་དུས་འཁོར་བ་སྔ་ཕྱི་མང་པོ་བླ་མེད་ཀྱི་རྒྱུད་གཞན་རྣམས་ལས་དབང་བཞི་པ་མཚན་ཉིད་ཚང་ [022B] རྒྱུད་གཞན་རྣམས་སུ། བཞི་པ་དེ་ཡང་དེ་བཞིན་ནོ། ཞེས་དབང་བཞི་པ་སྦས་པ་དང་མི་གསལ་བའི་ཚུལ་གྱིས་བསྟན་པའི་ཕྱིར། རྒྱུད་འདིར་དབང་བཞི་པ་གསལ་བར་རྩལ་དུ་བཏོན་ ནས་འཆད་ཅིང། དབང་བཞི་པ་དེ་ཡང་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་མཆོག་མི་འགྱུར་གྱི་བདེ་བ་དྲངས་པའི་ཐབས་ཤེས་དབྱེར་མི་ཕྱེད་པའི་རྡོ་རྗེའི་རྣལ་འབྱོར་དེ་ཡིན་ལ། དེ་ཡང་མཚན་འཛིན་གྱི་སྤྲོས་པ་ཞི་ བའི་ཕྱིར་དུ་ཡང་དག་པའི་ལྟ་བས་གཏན་ལ་དབབ་པའི་སྟོང་ཉིད་ནི་འཕགས་པ་ཡབ་སྲས་ཀྱི་དགོངས་པ་དཔལ་ལྡན་ཟླ་བས་བཀྲལ་བ་དེ་ཉིད་ཐེག་པ་གོང་འོག་དང་རྒྱུད་སྡེ་བཞི་གའི་ཐུན་མོང་བ་ཡིན་ལ། མཆོག་མི་འགྱུར་གྱི་ བདེ་ཆེན་འདྲེན་པའི་ཐབས་ཀྱི་གཙོ་བོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་གཟུགས་རྣམ་བཅས་ཀྱི་སྟོང་ཉིད་ནི་རྒྱུད་འདིའི་ཐུན་མོང་མ་ཡིན་པ་ཡིན་ནོ། །འདིར་རྣམ་བཅས་དང་རྣམ་མེད་ཀྱི་སྟོང་ཉིད་གཉིས་ཀྱི་ནང་ནས་ རྣམ་བཅས་ཀྱི་སྟོང་ཉིད་རྩལ་དུ་བཏོན་ནས་འཆད་ཀྱང། རྣམ་མེད་ཀྱི་སྟོང་ཉིད་དཔལ་ལྡན་ཟླ་བས་བཀྲལ་བ་ལྟར་གཏན་ལ་འབེབས་པའང་རྒྱུད་གཞན་ལས་འདི་རྒྱས་སོ། །དེས་ན་འདིར་བསྟན་གྱི་སྟོང་ཉིད་ལ་སྒྲས་བརྗོད་རིགས་ཀྱི་ སྒོ་ནས་དབྱེ་ན་གཉིས་ཡོད་པས། སྟོང་ཉིད་ཅེས་པ་མཐའ་གཅིག་ཁོ་ན་ལ་མི་བཟུང་དེ། །སྐབས་སུ་བབ་པའི་རྣམ་ཐར་བཞིའི་དོན་ཅུང་ཟད་བཤད་ན། སྒྲུབ་ལེ་ལས། སྟོང་པ་དངོས་པོའི་ངོ་བོའི་རང་བཞིན་མཐའ་དག་འགྲོ་བ་ [023A]༄༅། །འདི་ནི་དངོས་པོ་དག་གིས་རྣམ་པར་དམན། ཞེས་པས་སྟོང་ཉིད་དང། ང་ལས་སངས་རྒྱས་བྱང་ཆུབ་མེད་ཅིང་གཞན་ཕན་སྙིང་རྗེ་དག་དང་མཚན་མའི་དམ་བཅའ་མེད་པ་སྟེ། ཞེས་པས་མཚན་ མེད་དང་སྨོན་མེད་བསྟན། དངོས་པོའི་དེ་ཁོ་ན་ཉིད་ཇི་ལྟ་བུ་ཞེ་ན། མཐའ་དག་འགྲོ་བ་ཞེས་པས་སྟོང་གཞི་ཆོས་ཅན་བསྟན་ཏེ། འགྲོ་བ་ཞེས་པས་སྒྲས་བརྗོད་པ་ལ། ཚེ་སྔ་མ་ནས་འདིར་འགྲོ་བ་ལ་འགྲོ་བར་བྱས་པ་དང། རང་ གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་མི་སྡོང་པར་འགྲོ་བ་ལ་འགྲོ་བར་བྱས་པ་དང། རྒྱུད་བླ་མ་ལས། འགྲོ་བ་ཞི་བའི་ཆོས་ཉིད་དུ། ཞེས་པའི་འགྲེལ་པར། ཆོས་དང་གང་ཟག་གི་འགྲོ་བ་འདི་དག་ཅེས་ཆོས་ཐམས་ཅད་ ལ་འགྲོ་བར་བྱས་པ་གསུམ་ལས། འདིར་ནི་ཕྱི་མའོ། །དངོས་པོའི་སྒྲས་བསྟན་པའི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་ཉིད་དེ་ཇི་ལྟ་བུ་ཞེ་ན། ཆོས་དང་གང་ཟག་བསྡུས་པའི་མཐའ་དག་འགྲོ་བ་ འདི་ནི་ཆོས་ཅན། དགག་བྱ་གང་གིས་སྟོང་པའི་ཚུལ་ཡོད་དེ། དངོས་པོའི་སྐད་དོད་རང་བཞིན་ལ་འཇུག་པས་རང་བཞིན་གྱིས་གྲུབ་པ་དག་གིས་རྣམ་པར་དམན་པ་སྟེ་སྟོང་པའི་ཕྱིར། དེ་སྐད་དུ། དབང་མདོར་བསྟན་ལས་ འབྱུང་རྣམས་འཇིག་པར་མི་འགྱུར་ཏེ། །རང་བཞིན་ཉིད་ཀྱིས་སྐྱེ་བ་མེད། །དངོས་པོ་རང་བཞིན་མེད་རྣམས་ཀྱི། །འབྱུང་འཇིག་སྒྱུ་མ་ཇི་བཞིན་ནོ། །དངོས་དང་དངོས་མེད་མཚན་ཉིད་གཅིག་སྣ་ཚོགས་འདི་ནི་རང་ [023B] ཅེས་གསུངས་པའི་ཕྱིར། ཆོས་དང་གང་ཟག་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་ཉིད་ནི་རྣམ་ཐར་བཞིའི་དང་པོའི་ཡུལ་དུ་གྱུར་པའི་སྟོང་ཉིད་ཡིན་ལ། དེ་ལ་ཡང་ སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་རྣམ་བཅས་རྣམ་མེད་གཉིས་ཡོད་དེ། དབང་མདོར་བསྟན་གྱི་འགྲེལ་པར། ནཱ་རོ་པས། འདིར་འདས་པ་དང་མ་འོངས་པའི་ཤེས་བྱ་སྟོང་པ་དེ་མཐོང་བའི་དངོས་པོ་སྟོང་པ་ཉིད་ནི་ཟབ་པ་དང་ རྒྱ་ཆེ་བའོ། །འདས་པ་དང་མ་འོངས་པའི་ངོ་བོ་ཉིད་མེད་པ་ནི་ཟབ་པའོ། །འདས་པ་དང་མ་འོངས་པ་མཐོང་བ་ལས་རྒྱ་ཆེ་བའོ། ཞེས་དངོས་པོ་སྣ་ཚོགས་མཐོང་བའི་སྟོང་གཟུགས་རྒྱ་ཆེ་བའི་སྟོང་པ་དང། དེ་ལྟར་མཐོང་བའི་སྟོང་ གཟུགས་ཀྱི་ངོ་བོ་ཉིད་མེད་པ་ཟབ་པའི་སྟོང་པར་བཤད་པའི་ཕྱིར། དངོས་པོ་དག་གིས་རྣམ་པར་དམན་ཞེས་པ་ལ། ཁ་ཅིག་སྟོང་གཞི་ཆོས་ཉིད་འདུས་བྱས་ཀྱིས་དམན་ཅིང་སྟོང་པའི་དོན་དུ་འཆད་པ་མི་འཐད་དེ། མཐའ་ དག་འགྲོ་བ་འདི་ནི་ཞེས་སྟོང་གཞི་ཆོས་ཅན་ངོས་བཟུང་བ་དང་འགལ་བའི་ཕྱིར། སྨོན་པ་མེད་པ་སྟོན་པ་ལ། དེ་ལ་སངས་རྒྱས་བྱང་ཆུབ་མེད་ཅིང། ཞེས་སོགས་བྱུང། དོན་ནི། སངས་རྒྱས་ཀྱི་བྱང་ཆུབ་ནི་ཐོབ་བྱའི་ འབྲས་བུའི་གཙོ་བོ་ཡིན་ལ། དེས་མཚོན་པའི་འབྲས་བུ་གང་ཡང་རུང་བ་རྣམས་ཆོས་ཅན། དོན་དམ་པར་སྨོན་ཅིང་ཡི་དམ་དུ་འཆའ་བ་མེད་དེ། ཆོས་ཉིད་རང་བཞིན་གྱིས་མེད་པ་དེ་ལས་ཏེ་དེའི་ཕྱིར། མཚན་མེད་སྟོན་པ་ལ་ [024A]༄༅། །མཚན་མའི་དམ་བཅའ་མེད་པ་སྟེ། ཞེས་གསུངས། དོན་ནི། མཚན་མ་མེད་པ་ཞེས་པའི་སྒྲ་ཆོས་རྣམས་ཀྱི་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་པར་དང། རྟགས་དང། རྒྱུ་ལ་འཇུག་པ་ལས་འདིར་ནི་ ཕྱི་མའི་དབང་དུ་བྱས་པ་ཡིན་ནོ། །གཞན་ལ་ཕན་པའི་སྙིང་རྗེ་ཆེན་པོ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྒྱུ་མཆོག་ཡིན་ལ། དེས་མཚོན་པའི་མཆོག་དམན་གྱི་རྒྱུའི་མཚན་མ་རྣམས་ཆོས་ཅན། དོན་དམ་པར་མེད་དེ། རང་ བཞིན་གྱིས་གྲུབ་པས་སྟོང་པའི་ཕྱིར། ནཱ་རོ་པས། འདི་ནི་སངས་རྒྱས་སོ། །འདི་ནི་བྱང་ཆུབ་བོ། ཞེས་སྤུ་རིས་འབྱེད་པའི་རྣམ་རྟོག་ལ་རྒྱུའི་མཚན་མ་ཞེས་བཤད་དོ། །མངོན་པར་འདུ་མི་བྱེད་པ་ལ་ཁུ་ཁྲག་དཀར་དམར་གྱི་ དབུས་སུ་རྣམ་ཤེས་ཉིང་མཚམས་སྦྱོར་བ་ནི་མངོན་པར་འདུ་བྱེད་པ་དང། དེས་མཚོན་ནས་རྒྱུ་འབྲས་མངོན་པར་འདུ་བྱེད་པའི་བྱ་བྱེད་རྣམས་ཆོས་ཅན། དོན་དམ་པར་མེད་དེ། རང་བཞིན་གྱིས་གྲུབ་པས་སྟོང་པའི་ཕྱིར་ དེ་ལྟ་བུའི་སྟོང་པ་ཉིད་ལ་སོགས་པ་རྟོགས་པའི་ཡེ་ཤེས་བཞི་ལ་འདིར་བསྟན་རྣམ་ཐར་བཞིར་བཤད་ཅིང། ཤེས་རབ་དེ་བཞི་དང་དབྱེར་མེད་དུ་སྦྱོར་རྒྱུའི་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་བཞི་ལ་གནས་སྐབས་རིགས་ བཞིའི་སྒྲིབ་པ་དག་པར་བྱེད་པའི་ཆ་ནས་བཞིར་ཕྱེ་བ་ནི་འདིར་བསྟན་བྱམས་སོགས་ཚད་མེད་བཞིར་ཡང་བཤད་ལ། དེ་ལྟ་བུའི་ཤེས་རབ་བཞི་དང་ཐབས་བཞི་དབྱེར་མེད་དུ་སྦྱོར་བའི་གནས་སྐབས་བཞིའི་སྒྲིབ་པ་ [024B] །རྣལ་འབྱོར་བཞིའི་སྒོ་ནས་ཕྱག་འཚལ་བ་སྟོན་པ་ལ། ཡེ་ཤེས་སྟོང་ཉིད་ཡེ་ཤེས་ཀྱིས། ཞེས་སོགས་བྱུང། འདི་ལ་རྣལ་འབྱོར་ བཞིའི་སྒོ་ནས་ཕྱག་འཚལ་བ་དང། སེམས་དཔའ་བཞིའི་སྒོ་ནས་ཕྱག་འཚལ་བ་གཉིས་ལས། དང་པོ་ནི། ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར། ཞེས་པ་ཚིགས་བཅད་གོང་མ་རྣམས་ལའང་སྦྱར་བར་བྱ་བ་ཡིན་པས་ དེའི་ཚུལ་ནི། རྣམ་ཐར་བཞིའི་དང་པོ་དང། སྙིང་རྗེ་ཚད་མེད་དང། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་དང། རྣམ་པར་དག་པའི་རྣལ་འབྱོར་བསྟན་པའི་སྒོ་ནས་ཕྱག་འཚལ་ཚུལ་ཡོད་དེ། ཡེ་ཤེས་ཏེ་གཞི་དུས་ཀྱི་བཞི་པའི་ གནས་སྐབས་བསྐྱེད་པའི་ཐིག་ལེ་ལྟེ་བར་གནས་པ་དེ་ཉིད་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་འཇུག་པའི་བག་ཆགས་ཀྱི་སྒྲིབ་པའི་ཆ་མ་ལུས་པ་ལེགས་པར་དག་པར་བྱས་ཤིང། བདེ་བའི་རིགས་འདྲའི་རྒྱུ་ནི་ཐབས་མཁས་ ཀྱིས་གོང་ནས་གོང་དུ་ཁྱད་པར་དུ་གྱུར་པའི་འབྲས་དུས་ཀྱི་མཐར་ཐུག་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་དང་འགྱུར་བ་མེད་པའི་སྙིང་རྗེ་ཐབས་ཀྱི་ཆ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུའི་ ངོ་བོར་གྱུར་པའི་རྣམ་པར་དག་པའི་རྣལ་འབྱོར་དུ་འཇོག་ལ། དེའི་སྒོ་ནས་ཕྱག་འཚལ་བ་ཡིན་པའི་ཕྱིར། རྣམ་ཐར་གཉིས་པ་དང། བྱམས་པ་ཚད་མེད་དང། ཆོས་ཀྱི་སྐུ་དང་ཆོས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་བཞིའི་སྒོ་ནས་ [025A]༄༅། །ཕྱག་འཚལ་ཚུལ་སྟོན་པ་ལ། སེམས་ནི་མཚན་མེད་ཡེ་ཤེས་ཀྱིས། །ལེགས་དག་གཉིས་མེད་ཆོས་བདག་ཉིད། ཅེས་གསུངས། དོན་ནི། ཕྱག་འཚལ་ཚུལ་ཡོད་དེ། སེམས་གཉིད་འཐུག་གི་ གནས་སྐབས་བསྐྱེད་པའི་གཞིའི་ཐིག་ལེ་སྙིང་ཁར་གནས་པ་དེ་ཉིད་མཚན་མེད་རྟོགས་པའི་ཡེ་ཤེས་ཀྱིས་མུན་པ་དང་མི་ཤེས་པའི་གནས་སྐབས་བསྐྱེད་པའི་སྒྲིབ་པའི་ཆ་མ་ལུས་པ་ལེགས་པར་དག་པར་བྱས་ ནས་རྣམ་པར་མི་རྟོག་པའི་རིགས་འདྲའི་རྒྱུན་ཐབས་མཁས་ཀྱིས་ལམ་དུ་ཁྱེར་ནས་གོང་ནས་གོང་དུ་ཁྱད་པར་དུ་གྱུར་པའི་མཐར་ཐུག་པའི་འབྲས་དུས་ཀྱི་མཚན་མེད་རྟོགས་པའི་ཤེས་རབ་དང་གཉིས་སུ་མེད་པའི་བདེ་བ་བྱམས་ པ་ཚད་མེད་ཐབས་ཀྱི་ཆ་གཉིས་ངོ་བོ་དབྱེར་མི་ཕྱེད་པའི་བདག་ཉིད་དུ་སྦྱོར་བ་ནི་རྣམ་པར་མི་རྟོག་པའི་ཆོས་ཀྱི་སྐུའི་ངོ་བོར་གྱུར་པའི་ཆོས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་དུ་འཇིག་ལ། དེའི་སྒོ་ནས་ཕྱག་འཚལ་བ་ཡིན་པའི་ཕྱིར་ རྣམ་ཐར་གསུམ་པ་དང། དགའ་བ་ཚད་མེད་དང། ལོངས་སྐུ་དང། སྔགས་ཀྱི་རྣལ་འབྱོར་གྱི་སྒོ་ནས་ཕྱག་འཚལ་ཚུལ་སྟོན་པ་ལ། ངག་ནི་སྨོན་མེད་ཡེ་ཤེས་ཀྱིས། །དག་པ་གསང་སྔགས་མི་ཟད་སྒྲ། ཞེས་གསུངས། དོན་ནི་ ཕྱག་འཚལ་ཚུལ་ཡོད་དེ། ངག་དང་རྨི་ལམ་གྱི་གནས་སྐབས་བསྐྱེད་པའི་གཞིའི་ཐིག་ལེ་མགྲིན་པར་གནས་པ་དེ་ཉིད་སྨོན་མེད་རྟོགས་པའི་ཡེ་ཤེས་ཀྱིས། རྨི་ལམ་དང་བརྗོད་པ་འཁྲུལ་བ་ལ་སོགས་པའི་གནས་སྐབས་ [025B] གཉིས་ སུ་མེད་པའི་བདེ་བ་དགའ་བ་ཚད་མེད་པ་གཉིས་ངོ་བོ་དབྱེར་མི་ཕྱེད་པའི་བདག་ཉིད་དུ་སྦྱོར་བའི་མི་ཟད་པའམ་གཞོམ་དུ་མེད་པའི་གསུང་དབྱངས་རྣམ་པ་ཐམས་ཅད་པའི་ལོངས་སྤྱོད་རྫོགས་པའི་སྐུར་སྟོན་པ་ནི་ཡིད་སྐྱོབ་ པས་ན་སྔགས་ཀྱི་རྣལ་འབྱོར་དུ་འཇོག་པའི་ཕྱིར། རྣམ་ཐར་བཞི་པ་དང་བཏང་སྙོམས་ཚད་མེད་དང། སྤྲུལ་པའི་སྐུ་དང། དབྱིབས་ཀྱི་རྣལ་འབྱོར་བཞིའི་སྒོ་ནས་ཕྱག་འཚལ་ཚུལ་སྟོན་པ་ལ། དེ་བཞིན་མངོན་པར་འདུས་ མ་བྱས། །ཡེ་ཤེས་ཀྱིས་དག་དྲི་མ་མེད། །ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར། །དབྱིབས་སྐུ་རྫུ་འཕྲུལ་བགྲོད་པ་ཅན། ཞེས་གསུངས། དོན་ནི། དེ་བཞིའི་སྒོ་ནས་ཕྱག་འཚལ་ཚུལ་ཡོད་དོ། དང་པོ་གསུམ་ལ་སྦྱོར་བ་དེ་ བཞིན་དུ། སྐུ་སྟེ་ལུས་སམ་སད་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་གཞི་དུས་ན་དཔྲལ་བར་གནས་པ་དེ་ཉིད་མངོན་པར་འདུ་མ་བྱས་པ་རྟོགས་པའི་ཡེ་ཤེས་ཀྱིས་མ་དག་པའི་ཕུང་སོགས་ཀྱི་སྤྲོས་པ་སྣ་ཚོགས་ བསྐྱེད་པའི་སྒྲིབ་པའི་ཆ་མ་ལུས་པ་དག་པར་བྱས་པའི་སྣང་བ་སྣ་ཚོགས་སྤྲོ་བའི་རིགས་འདྲའི་རྒྱུན་ཐབས་མཁས་ཀྱིས་ལམ་དུ་ཁྱེར་ཏེ་གོང་ནས་གོང་དུ་ཁྱད་པར་དུ་གྱུར་པའི་འབྲས་དུས་ཀྱི་མཐར་ཐུག་པ་མངོན་པར་འདུ་མ་ [026A]༄༅། །བྱས་པ་རྟོགས་པའི་ཤེས་རབ་དང། དྲི་མ་མེད་པའི་བདེ་བ་ཆེན་པོ་བཏང་སྙོམས་ཚད་མེད་ཐབས་ཀྱི་ཆ་གཉིས་ངོ་བོ་དབྱེར་མེད་པའི་བདག་ཉིད་དུ་སྦྱོར་བ། རྫུ་འཕྲུལ་མཐའ་ཡས་པས་གདུལ་བྱ་གང་ན་ ཡོད་པའི་གནས་སུ་བགྲོད་པ་ཅན་གྱི་སྤྲུལ་པའི་སྐུ་སྟོན་པ་ནི། མཚན་དཔེ་སོགས་ཀྱིས་སྤྲས་པའི་དབྱིབས་ཀྱི་རྣལ་འབྱོར་དུ་འཇོག་པའི་ཕྱིར། ཁ་ཅིག་ན་རེ། འདིར་དངོས་སུ་བསྟན་པའི་སྤྲུལ་སྐུ་ཐོགས་མེད་ཡིན་ན། ལྷས་ བྱིན་གྱིས་སྒྱོགས་འཕངས་པས་ཞབས་ལ་ཚོར་བ་སྡུག་བསྔལ་སྐྱེས་པར་བཤད་པ་དང་འགལ་ལོ་ཞེས་ཟེར་ན། དེ་ལ་ཁ་ཅིག་སྐྱོན་མེད་དེ། དེ་ནི་སྤྲུལ་སྐུ་དངོས་མ་ཡིན་ཅིང། དེས་སྤྲུལ་པ་ཙམ་ཡིན་པའི་ཕྱིར། ཟེར་བ་མི་ འཐད་དེ། དེ་ལྟར་ན་འཕགས་ཡུལ་དུ་ཟས་གཙང་གི་སྲས་སུ་སྐུ་བལྟམས་པའི་ཚུལ་བསྟན་པའི་བདག་ཅག་གི་སྟོན་པ་ཡང་སྤྲུལ་སྐུ་དངོས་མ་ཡིན་པར་སྤྲུལ་པ་ཙམ་དུ་ཁས་བླང་དགོས། དེ་ལྟར་ན་དུས་འཁོར་རྩ་རྒྱུད་ འདི་ཡང་སྤྲུལ་སྐུས་གསུངས་པ་མ་ཡིན་པར་འགྱུར་བའི་ཕྱིར། འདིར་བསྟན་གྱི་སྟོང་གཟུགས་ལ་ལོངས་སྤྲུལ་གྱི་སྐུ་གཉིས་ལས་དེ་གཉིས་རྡུལ་ཕྲ་རབ་ལས་འདས་པའི་ཐོགས་མེད་ཡིན་པས་མ་དག་པའི་གདུལ་ བྱ་ལ་དངོས་སུ་སྣང་ནས་ཆོས་སྟོན་པ་དང་མྱ་ངན་ལས་འདས་པའི་རྗེས་སུ་སྐུ་གདུང་རིང་བསྲེལ་འཇོག་པ་སོགས་མེད་ཀྱང། དེས་གདུལ་བྱའི་དོན་དུ་རགས་པའི་ཁམས་བཟུང་བའི་སྟོན་པ་ཤཱཀྱ་ཐུབ་པའི་ཁམས་རགས་ [026B] །འདིར་བསྟན་ལོངས་སྐུ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་རྒྱལ་བའི་ གསུང་དང། ལོངས་སྐུ་མཚན་ཉིད་པ་གཉིས་སུ་ཡོད་དོ། །འདིར་ལོངས་སྐུ་མཚན་ཉིད་པ་མེད་པ་ཡང་མ་ཡིན་ཏེ། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང། ཞེས་སོགས་གསུངས་པ་ཁུངས་སུ་ མཛད་ནས་འགྲེལ་ཆེན་ལས་སྐུ་བཞིའི་རྣམ་གཞག་རྒྱས་པར་གསུངས་པའི་ཕྱིར། གཉིས་པ་སེམས་དཔའ་བཞིའི་སྒོ་ནས་བསྟོད་པ་སྟོན་པ་ལ། དེ་བཞིན་གཤེགས་པ་རྡོ་རྗེ་སེམས། །བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེ། །དམ་ཚིག་སེམས་དཔར་གསུངས་པ་གང། །དངོས་དང་དངོས་མེད་ཟད་པའི་གཙོ། །ཐོག་མཐའ་མེད་ཅིང་ཞི་བ་ཡི། །བྱང་ཆུབ་སེམས་དེ་ལ་ཕྱག་འཚལ། ཞེས་གསུངས། དོན་ནི་སེམས་དཔའ་བཞིའི་སྒོ་ནས་ བསྟོད་ན། སེམས་དཔའ་བཞི་གང་ཞེ་ན། དེ་བཞག་ཏུ་ཡོད་དེ། རྡོ་རྗེ་སེམས་དཔའ། བྱང་ཆུབ་སེམས་དཔའ། སེམས་དཔའ་ཆེན་པོ། དམ་ཚིག་སེམས་དཔའ་རྣམས་སུ་ཡོད་པའི་ཕྱིར། འདིར་བསྟན་རྡོ་རྗེ་སེམས་དཔའི་ དོན་ཡོད་དེ། རྡོ་རྗེ་མཆོག་མི་འགྱུར་གྱི་བདེ་བ་དང། སེམས་དཔའ་སྲིད་པ་གསུམ་གྱི་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་ནི་འདིར་བསྟན་རྡོར་སེམས་སུ་འཇོག་པའི་ཕྱིར། འདིར་བསྟན་ [027A]༄༅། །བྱང་སེམས་ཀྱི་དོན་ཡོད་དེ། བྱང་ཆུབ་དག་པ་གཉིས་ལྡན་གྱི་སྟོང་ཉིད་དང། སེམས་དཔའ་མཆོག་མི་འགྱུར་གྱི་བདེ་བ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་ནི་འདིར་བསྟན་བྱང་ཆུབ་སེམས་དཔའི་དོན་དུ་ འཇོག་པའི་ཕྱིར། འདིར་བསྟན་སེམས་དཔའ་ཆེན་པོའི་དོན་ཡོད་དེ། མཆོག་མི་འགྱུར་གྱི་བདེ་བ་ཆེན་པོ་སེམས་དཔའ་སྟེ་ས་བཅུ་གཉིས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་བདག་ཉིད་དུ་སྦྱོར་བ་ནི། སེམས་དཔའ་ཆེན་ པོའི་དོན་དུ་འཇོག་པའི་ཕྱིར། འདིར་བསྟན་དམ་ཚིག་སེམས་དཔའི་དོན་ཡོད་དེ། དམ་ཚིག་ཁམས་དཀར་པོ་སེམས་དཔའ་སྟེ་འཇིག་མེད་དུ་བཅིངས་པ་དེ། འདིར་བསྟན་དམ་ཚིག་སེམས་དཔའི་དོན་དུ་འཇོག་པའི་ཕྱིར་ དེས་བཅིངས་པའི་ཚུལ་ཡང་ཡོད་དེ། བྱང་ཆུབ་ཀྱི་སེམས་གཙུག་ཏོར་ནས་གསང་བར་འོངས་པ་དེ་ཉིད་སླར་ཡང་སྔར་ཇི་ལྟར་འོངས་པ་བཞིན་གཙུག་ཏོར་གྱི་བར་དུ་གཤེགས་པ་བརྟན་པར་བཅིངས་པ་ལ་བརྟེན་ནས་སྐྱེས་ པའི་ཡེ་ཤེས་དེ་དངོས་པོ་རྟག་མཐའ་དང་དངོས་མེད་ཆད་མཐའ་གཉིས་ཟད་པའི་གཙོ་བོ་སྟེ་རིགས་ཐམས་ཅད་ཀྱི་བདག་པོ་ཡིན་ལ། དེ་ཐོག་མར་སྲིད་པར་སྐྱེ་བ་དང་ཐ་མར་འཆི་བ་མེད་ཅིང་རྣམ་པར་རྟོག་པ་ཞི་བའི་བྱང་ཆུབ་ ཀྱི་སེམས་ལ་དམ་ཚིག་སེམས་དཔར་བྱས་ནས་ཕྱག་འཚལ་བ་ཡིན་པའི་ཕྱིར། དེ་ནས་སྐུ་བཞི་དང་དགའ་བ་བཅུ་དྲུག་གཅིག་ཏུ་འདྲེས་པར་གྱུར་པ། གནས་སྐབས་བཞི་འགོག་པའི་ཆོས་ཅན་ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས་ [027B] སྤྲུལ་པ་ཡི་ནི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང། །ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་ པ་དང། །དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང། །ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་ནི། །སད་རྨི་གཉིད་སྟུག་བཞི་པ་ཡི། །དབང་པོ་གཉིས་སྐྱེས་བདེ་ མིན་ཞིང། །ཡེ་ཤེས་སེམས་དང་ངག་དང་ལུས། །གནས་བཞིར་ཡང་དག་མི་གནས་ཏེ། །ལས་ཀྱི་ཕྱག་རྒྱ་ཡོངས་དོར་ཞིང། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཕྱག་རྒྱ་ཆེ་ལས་ཡང་དག་སྐྱེས། །ལྷན་སྐྱེས་གཞན་དང་ འགྲོགས་པ་མིན། །རྣམ་རྟོག་སྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་དང་འཛིན་པ་དབྱིངས་དག་དང། །རྟོག་དང་བརྗོད་པ་རྣམ་པར་སྤངས། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང། །པྲ་ཕབ་པ་ཡི་རང་བཞིན་ ཅན༑ ༑ཐབས་དང་ཤེས་རབ་བདག་ཉིད་སྦྱོར། །ཨེ་ཝཾ་ཡི་གེ་དེ་ལ་འདུད། ཅེས་གསུངས། དོན་ནི། དེ་ལྟ་བུའི་སྐུ་བཞི་ལས་སྐུ་བཅུ་དྲུག་ཏུ་འབྱེད་ཚུལ་ཡོད་དེ། འདོད་པའི་ཁམས་སུ་ཁམས་རགས་པ་བཟུང་བའི་སྟོན་པ་ཤཱཀྱ་ ཐུབ་པ་ལྟ་བུའི་ཁམས་རགས་པའི་སྤྲུལ་སྐུ་དང། ཁམས་ཕྲ་བའི་སྟོང་གཟུགས་ཀྱི་སྐུ་གཉིས་ཀྱི་གཟུགས་སྐུ་དང། དེའི་གསུང་དང། ཐུགས་ཆོས་སྐུ་དང། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་བཞི་ནི་སྤྲུལ་པ་ཡི་ནི་སྐུ་གསུང་ [028A]༄༅། །ཐུགས་ཡེ་ཤེས་དང། འོག་མིན་གྱི་ལོངས་སྐུ་དང་པོའི་སངས་རྒྱས་ཀྱི་མཚན་དཔེས་བརྒྱན་པའི་གཟུགས་ཀྱི་སྐུ་དང། ཆོས་སྟོན་པའི་གསུང་དང། ཐུགས་ཆོས་སྐུ་དང། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ ཀྱི་སྐུ་བཞི་ནི་ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས་ཡེ་ཤེས་དང། ཐུགས་རྣམ་པར་མི་རྟོག་པའི་ཆོས་སྐུ་རྟེན་དང། དེ་ལ་བརྟེན་པའི་སངས་རྒྱས་ཀྱི་གཟུགས་སྐུ་དང། གསུང་རྣམ་པ་ཐམས་ཅད་པ་དང། ལྷན་ཅིག་སྐྱེས་ པའི་ཡེ་ཤེས་ཀྱི་སྐུ་བཞི་ནི་དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་དང། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་རྟེན་དང། དེ་ལ་བརྟེན་པའི་སངས་རྒྱས་ཀྱིས་གཟུགས་སྐུ་དང། གསུང་རྣམ་པ་ཐམས་ཅད་པ་དང། ཐུགས་རྣམ་ པར་མི་རྟོག་པའི་ཆོས་སྐུ་བཞི་ནི་ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས་ཡེ་ཤེས་སུ་འཇོག་པའི་ཕྱིར། དེ་རྣམས་གཅིག་ཏུ་སྦྱོར་ཚུལ་ཡོད་དེ། འབྲས་དུས་ཀྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་ཉིད་ཀྱང། གཟུང་བྱ་ལོངས་ སྤྲུལ་གྱི་སྐུ་གསུང་ཐུགས་ལ་སོགས་པ་སྣ་ཚོགས་སུ་ཤར་བ་དེ་ཡེ་ཤེས་གཅིག་པུ་དེའི་ངོ་བོར་སྦྱོར་བ་ཡིན་པའི་ཕྱིར། སྡོམ་པ་ཞེས་བརྗོད་པ་ལ་དགོས་པ་ཡོད་དེ། བདག་ཅག་གི་སྟོན་པ་ལྟ་བུའི་སྐུ་བཅུ་དྲུག་པོ་རྒྱུད་གཅིག་ཏུ་ སྡོམས་པ་ཡིན་གྱི་རྒྱུད་ཐ་དད་པ་མ་ཡིན་ནོ། ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། །འོ་ན་སེམས་ཅན་རྣམས་ལ་ཡང་དབང་པོ་གཉིས་སྦྱོར་གྱི་བདེ་བ་ཡོད་པས་འདས་དུས་ཀྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་དེ་སེམས་ཅན་རྣམས་ [028B] དེ་ནི་མ་ཡིན་ཏེ། དེ་ནི་འཁོར་བ་པའི་སད་རྨི་གཉིད་འཐུག་བཞི་པའི་གནས་སྐབས་སུ་རིམ་གྱིས་འཛགས་ནས་འོངས་པའི་དབང་པོ་གཉིས་སྦྱར་བ་ལ་བརྟེན་ནས་སྐྱེས་པའི་བདེ་བ་མ་ཡིན་པའི་ཕྱིར་ ལྷན་ཅིག་སྐྱེས་པའི་མཆོག་མི་འགྱུར་གྱི་བདེ་བ་ཆོས་ཅན། གཞིའི་བདེ་བ་དང་ཐུན་མོང་མིན་པ་ཡིན་ཏེ། ཡེ་ཤེས་འགྱུར་བའི་བདེ་བ་དང། སེམས་གཉིད་འཐུག་དང་ངག་དང་ལུས་བསྐྱེད་པའི་གནས་སྐབས་བཞིར་ཡང་དག་ པར་མི་གནས་པའི་ཕྱིར་ཏེ། རླུང་དབུ་མར་རྒྱུ་བ་མེད་པར་བྱས་པའི་ཕྱིར་དང། དཀྱིལ་འཁོར་ལྔ་འགོག་པའི་བདག་ཉིད་ཡེ་ཤེས་ལྔ་རྫོགས་པར་སྐྱེས་པའི་ཕྱིར་དང་འཕོ་བ་བཅུ་གཉིས་འགགས་པའི་ཕྱིར་དང། འཛག་པའི་ དགའ་བའི་ཆ་བཅུ་དྲུག་སྒྲིབ་བྲལ་དུ་གྱུར་པའི་ཕྱིར་རོ། །འོ་ན་དེ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དངོས་སུ་སྐྱེས་སམ་ཞེ་ན། ལྷན་ཅིག་སྐྱེས་པའི་མཆོག་མི་འགྱུར་གྱི་བདེ་བ་ཆེན་པོ་ཆོས་ཅན། ཕྱག་རྒྱ་ཆེན་ མོ་ལས་གཞན་པའི་ཕྱག་རྒྱ་གཞན་དང་འགྲོགས་པ་ལ་བརྟེན་ནས་དངོས་སུ་སྐྱེས་པ་མ་ཡིན་ཏེ། སྐྲ་དང་ནུ་མ་དང་ལྡན་པའི་མཚན་ཉིད་ཅན་གྱི་ལས་ཀྱི་ཕྱག་རྒྱ་ཡོངས་སུ་ངོར་ཞིང། དངོས་པོ་ལ་མེད་ཀྱང་རྟོག་ངོར་ བཅོས་ཤིང་བཏགས་ནས་བསྒོམས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམ་པར་སྤངས་ཏེ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་ཡང་དག་པར་སྐྱེས་པའི་ཕྱིར། དེ་སྐད་དུ་དབང་མདོར་བསྟན་ལས། དབང་སྐྱེས་བདེ་བ་དེ་ [029A]༄༅། །ཉིད་དུ། །ཐ་ཤལ་མི་རྣམས་སྨྲ་བར་བྱེད། །བདེ་བ་ཆེན་པོ་དེ་ཉིད་དུ། །སངས་རྒྱས་མཆོག་རྣམས་གསུང་མ་ཡིན། །རྟེན་ཅིང་འབྲེལ་འབྱུང་ལས་བྱུང་བ། །གལ་ཏེ་བདེ་བ་ཆེར་འགྱུར་ན། །གཡན་པ་ཕྲུགས་ པ་ལས་བྱུང་བདེ། །ཇི་ལྟར་བདེ་བ་ཆེན་པོ་ཡིན། ཅེས་གསུངས། དེའི་དོན་དུ་བསམས་ནས་སྔ་ཕྱི་མང་པོ་མཆོག་མི་འགྱུར་གྱི་བདེ་བ་རྟེན་འབྲེལ་མིན་ཟེར། དེ་ཆོས་ཅན། རྟག་པར་ཐལ། ཡོད་པ་གང་ཞིག་རང་གི་རྒྱུ་རྐྱེན་ ལས་སྐྱེས་པ་མ་ཡིན་པའི་ཕྱིར་ཏེ། རྟེན་འབྲེལ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བདེ་བ་རྟག་པ་མེད་པའི་ཕྱིར། གཞན་ཡང་ཁ་ཅིག་ན་རེ། རྒྱུད་རྩ་འགྲེལ་འདི་ཉིད་ཀྱི་སྐབས་གཞན་དུ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱལ་ བརྟེན་ནས་ལྷན་སྐྱེས་ཀྱི་བདེ་བ་འདྲེན་དགོས་པར་ཡང་ཡང་གསུངས་པ་དང། སྐབས་འདིར་ལྷན་སྐྱེས་ཀྱི་བདེ་བ་ཕྱག་རྒྱ་ཆེན་མོ་ཁོ་ན་ལ་བརྟེན་ནས་འདྲེན་པར་བཤད་པ་འགལ་ལོ། ཞེ་ན། སྐྱོན་མེད་དེ། བྱང་སེམས་ནོར་བུའི་རྩེར་བཟུང་ སྟེ་རང་གནས་ནས་ལུས་ཀྱི་གནམ་གཞན་དུ་མི་འཕྱུག་པར་དྷཱུ་ཏཱིའི་ལམ་དུ་བརྩེགས་པ་བརྟན་པར་བྱས་པ་ལས་བྱུང་བའི་མཆོག་མི་འགྱུར་གྱི་བདེ་བ་ཆེན་པོ་དངོས་སུ་འདྲེན་པའི་བྱ་བ་རང་རྒྱུ་སྟོང་གཟུགས་ཕྱག་རྒྱ་ཆེན་མོས་ནུས་ཀྱི་ གཞན་གཉིས་ཀྱིས་དེ་དངོས་སུ་འདྲེན་མི་ནུས་ལ། དེའི་སྔོན་དུ་རྒྱུད་སྡེ་གཞན་དང་ཐུན་མོང་བའི་རླུང་དབུ་མར་ཞུགས་གནས་ཐིག་གསུམ་བྱས་པ་ལས་བྱུང་བའི་ཡས་བབས་མས་བརྟན་གྱི་དགའ་བཞི་དྲངས་པའི་ལྷན་ [029B] སྐབས་འདིར་བཤད་སྦྱར་ལས། དེ་ལྟ་ན་ནི་གཉིས་ཀའང་རྒྱུད་དང་འབྲས་བུ་ལས་ མ་འདས་སོ། །དེའི་ཕྱིར་ལས་ཀྱི་ཕྱག་རྒྱ་དང། ཡེ་ཤེས་ཀྱི་ཕྱག་རྒྱའང་རྒྱུར་འགྱུར་མོད་ཕྱག་རྒྱ་ཆེན་མོ་ཡང་ངོ་ཞེས་པས་ཁྱད་པར་ཅི་ཞེ་ན། ཞེས་པའི་དོགས་པ་བཀོད་ནས་ལན་མཛད་པའི་དོན་དུ་བསམས་ནས། སྔ་ཕྱི་མང་ པོ༑ ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྐྱེས་པའི་ལྷན་སྐྱེས་ཀྱི་བདེ་བ་དང། ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་དངོས་སུ་སྐྱེས་པའི་ལྷན་སྐྱེས་ཀྱི་བདེ་བ་གཉིས་རྒྱུ་འབྲས་སུ་འདྲ་བས་ཁྱད་པར་མེད་དོ་ཞེ་ན་ཞེས་དོགས་པ་ འགོད་པ་མི་འཐད་དེ། རྒྱུ་འབྲས་སུ་འདྲ་བས་ཁྱད་པར་མེད་སྙམ་པའི་དགོས་པ་རྟོག་ལྡན་ལ་སྐྱེ་བའི་སྐབས་མེད་པའི་ཕྱིར། །རང་ལུགས་ནི། གལ་ཏེ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་བདེ་བ་བསྐྱེད་ ནུས་ཤིང། ཕྱག་རྒྱ་ཆེན་མོའི་བྱེད་ལས་ཀྱང་ལྷན་སྐྱེས་ཀྱི་བདེ་བ་བསྐྱེད་པ་ཡིན་ན། གཞན་གཉིས་དོར་ནས་ཕྱག་རྒྱ་ཆེན་མོ་གཙོ་བོར་བསྒྲུབས་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཞེས་པ་ཡིན་ལ། དེའི་ལན་སྟོན་པ་ལ་བཤད་ སྦྱར་དུ་དབང་མདོར་བསྟན་གྱི་གཞུང། ཤེས་རབ་རྒྱུ་ལས་མ་བྱུང་ཞིང། །ཤེས་རབ་རྒྱུ་ལས་བྱུང་བ་འབྲས། །ཤེས་རབ་རྒྱུ་ལས་མ་སྐྱེས་ཕྱིར། །ཤེས་རབ་ལས་སྐྱེས་རྒྱུ་སྐྱེས་མིན། ཅེས་པ་དྲངས་སོ། །འདིའི་དོན་ལ་མཁས་ [030A]༄༅། །པ་དག་ལྷན་སྐྱེས་ཀྱི་བདེ་ཆེན་དེ་ཕྱག་རྒྱ་ཆེན་མོ་ལས་སྐྱེས་ཀྱང། རྒྱུ་ལས་སྐྱེས་པའི་ཡེ་ཤེས་སུ་མི་འགྱུར་ཏེ། ཕྱག་རྒྱ་ཆེན་མོ་རྒྱུ་ལས་མ་སྐྱེས་པའི་ཕྱིར། ཞེས་སྨྲ་བ་ནི། དེ་དོན་དམ་པར་རྒྱུ་ལས་མ་ སྐྱེས་པར་བསམས་ནས་དེ་སྐད་སྨྲ་བའམ། གཏན་ནས་རྒྱུ་ལས་མ་སྐྱེས་པར་སྨྲ་བ་དང་པོ་ལྟར་ན་རང་གིས་བཀོད་པའི་དོགས་པའི་ལན་དུ་འབྲེལ་བ་མེད་དེ་ཕྱག་རྒྱ་ཆེན་མོ་ཕྱག་རྒྱ་གཞན་གཉིས་ལས་ཁྱད་པར་མ་འཕགས་ པའི་སྐྱོན་མེད་དེ། དེ་དོན་དམ་པར་རང་རྒྱུ་ལས་མ་སྐྱེས་པའི་ཕྱིར། ཞེས་སྨྲ་བར་སོང་བས་ཕྱག་རྒྱ་གཞན་གཉིས་ཀྱང་ཆོས་ཅན། ཕྱག་རྒྱ་གཞན་གཉིས་ལས་ཁྱད་པར་འཕགས་པར་ཐལ། དོན་དམ་པར་རང་གི་རྒྱུ་ལས་མ་ སྐྱེས་པའི་ཕྱིར། གཉིས་པ་ལྟར་ན་མཆོག་མི་འགྱུར་གྱི་ལྷན་སྐྱེས་ཀྱི་བདེ་ཆེན་ཆོས་ཅན། རང་རྒྱུ་རྟག་པ་ལས་སྐྱེས་པར་ཐལ། རང་རྒྱུ་ཕྱག་རྒྱ་ཆེན་མོ་ལས་སྐྱེས་པ་གང་ཞིག་ཕྱག་རྒྱ་ཆེན་མོ་རང་རྒྱུ་ལས་མ་སྐྱེས་པའི་ཡོད་ པ་ཡིན་པའི་ཕྱིར། གཞན་ཡང་དེ་ཆོས་ཅན། རྟག་པའི་ཡེ་ཤེས་ཡིན་པར་ཐལ། རང་རྒྱུ་ལས་མ་སྐྱེས་པའི་ཡེ་ཤེས་ཡིན་པའི་ཕྱིར། རང་ལུགས་ལུང་དེའི་དོན་ནི་སྔར་གྱི་དོགས་པ་དེའི་སྐྱོན་མེད་དེ། ཕྱག་རྒྱ་གསུམ་གས་ ལྷན་སྐྱེས་ཀྱི་བདེ་ཆེན་ཙམ་འདྲེན་ནུས་ཀྱང་མཆོག་མི་འགྱུར་གྱི་ལྷན་སྐྱེས་ཀྱི་བདེ་ཆེན་དངོས་སུ་འདྲེན་པ་ལ་རང་རྒྱུ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དགོས་པ་ཡིན་པའི་ཕྱིར། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཆོས་ [030B] རང་རྒྱུ་སྟོང་གཟུགས་ཤེས་རབ་ཕྱག་རྒྱ་ཆེན་མོའི་དངོས་ཀྱི་འབྲས་བུ་ཡིན་ཏེ། ཤེས་རབ་ཕྱག་རྒྱ་ཆེན་མོ་ངེས་དོན་དམ་པར་རྒྱུ་བྱས་པ་ལས་མ་བྱུང་ཞིང་ཀུན་རྫོབ་ཙམ་དུ་ཤེས་རབ་ཕྱག་རྒྱ་ཆེན་མོ་རྒྱུ་ཉིད་དུ་བྱས་པ་ལས་བྱུང་ བ་ཡིན་པའི་ཕྱིར། རྐང་པ་ཕྱི་མ་གཉིས་ནི་རྐང་པ་དང་པོའི་དོན་འཆད་བྱེད་དེ། འདི་ལྟར་ཤེས་རབ་ཕྱག་རྒྱ་ཆེན་མོ་ལས་སྐྱེས་པའི་བདེ་བ་ཆོས་ཅན། དོན་དམ་པར་རྒྱུ་ལས་སྐྱེས་པ་མ་ཡིན་ཏེ། ཤེས་རབ་སྟོང་གཟུགས་ཕྱག་རྒྱ་ དེ་ཉིད་དོན་དམ་པར་རྒྱུ་ལས་མ་སྐྱེས་པའི་ཕྱིར། ཞེས་པ་ཡིན་ནོ། །གལ་ཏེ་མཆོག་མི་འགྱུར་གྱི་བདེ་བ་དེ་ལམ་དུས་ཀྱི་ཕྱག་རྒྱ་ཆེན་མོ་ལས་སྐྱེས་སུ་ཆུག་མོད། དེ་ཉིད་བསྐྱེད་རིམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་ བསྒོམས་པ་ལས་དངོས་སུ་སྐྱེས་སམ་ཞེ་ན། མཆོག་མི་འགྱུར་གྱི་བདེ་ཆེན་ཆོས་ཅན། དེ་ལས་དངོས་སུ་མ་སྐྱེས་ཏེ་རྣམ་རྟོག་གིས་བཏགས་པའི་བསྐྱེད་རིམ་པའི་འཁོར་ལོ་བསྒོམས་པ་དངོས་རྒྱུར་བྱེད་པ་ལས་འདས་པ་ཡིན་ པའི་ཕྱིར། །དེས་ན་ཕྱག་རྒྱ་ཆེན་མོ་མཆོག་མི་འགྱུར་གྱི་བདེ་བ་འདྲེན་པའི་ཤེས་རབ་ཡེ་ཤེས་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དེ་ཉིད་ཆོས་ཅན། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པས་བཟུང་བ་ཕྱི་རོལ་གྱི་དོན་ལ་ལྟོས་པའི་འཛིན་ པ་རྣམ་པར་སྤངས་པ་དང། མཚན་དཔེས་བརྒྱན་པའི་དབྱིབས་ཀྱི་རྣམ་པ་བསྒོམ་པ་དག་དང། བདེན་འཛིན་གྱི་རྣམ་རྟོག་གིས་བཅོས་པ་ཙམ་དང། ངག་གིས་ཇི་ལྟ་བ་བཞིན་བརྗོད་པ་ཙམ་གྱིས་མངོན་སུམ་གྱི་སྤྱོད་ཡུལ་དུ་ [031A]༄༅། །འགྱུར་བ་རྣམ་པར་སྤངས་པ་ཡིན་ཏེ། དཔེར་ན་ཕྱི་རོལ་དོན་དུ་མ་གྲུབ་ཅིང་རང་བཞིན་གྱིས་མེད་བཞིན་དུ་གཟུང་བྱའི་རྣམ་པ་མ་དོར་བའི་དྲི་ཟའི་གྲོང་ཁྱེར་གྱི་རྣམ་པ་དང། གཞོན་ནུ་མས་མེ་ལོང་ལ་པྲ་ཕབ་ པའི་རང་བཞིན་ཅན་ལྟ་བུ་ཡིན་པའི་ཕྱིར། །དེས་ན། ཨེ་ཝཾ་གྱི་ཡི་གེའི་མཚོན་དོན་ལ་ཕྱག་འཚལ་ཚུལ་ཡོད་དེ། ཐབས་མཆོག་མི་འགྱུར་གྱི་བདེ་བ་དང། ཤེས་རབ་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་གཉིས་བདག་ ཉིད་ངོ་བོ་དབྱེར་མི་ཕྱེད་པར་སྦྱོར་བ་ནི་ཨེ་ཝཾ་གྱི་ཡི་གེའི་མཚོན་དོན་ཡིན་ལ་དེ་ལ་ཕྱག་འཚལ་བ་ཡིན་པའི་ཕྱིར། དེ་ལྟར་ཐབས་ཤེས་དབྱེར་མེད་ལ་ཕྱག་བྱས་ནས། ད་ནི་ཐབས་ཤེས་སོ་སོ་ལས། དང་པོ་ཤེས་རབ་ཡུམ་ ལ་ཕྱག་འཚལ་བ་ལ། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕམས་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །སངས་རྒྱས་ཀུན་གྱི་བསྐྱེད་མཛད་མ། །སྐྱེ་བ་དང་ནི་འཇིག་པ་སྤངས། ། ཀུན་ཏུ་བཟང་པོའི་སྤྱོད་པ་ཅན། །སྣ་ཚོགས་ཡུམ་དེ་ལ་ཕྱག་འཚལ། ཞེས་པ་འདི་བྱུང། ཚིགས་བཅད་དང་པོའི་དོན་སྔར་བཤད་ཟིན་པས་ཤེས་ལ། གཉིས་པའི་དོན་ནི། སྣ་ཚོགས་ཡུམ་ལ་ཕྱག་འཚལ་ཚུལ་ཡོད་དེ། དེའི་ ཡོན་ཏན་བརྗོད་པའི་སྒོ་ནས་ཕྱག་འཚལ་བ་ཡིན་པའི་ཕྱིར། །དེའི་ཡོན་ཏན་གྱི་ཁྱད་པར་བཞག་ཏུ་ཡོད་དེ། ལས་ཉོན་གྱི་དབང་གིས་སྐྱེ་བ་ལས་རྒྱ་དང་ནི། རང་འདོགས་བྱེད་ཀྱི་རྟོག་པ་ཞིག་ན། ཕྱག་རྒྱའི་རྣམ་པ་འཇིག་ [031B] པའི་ཕྱིར། ཐབས་ཡབ་ལ་ཕྱག་འཚལ་བ་ལ། ཨཱ་ལི་ཀཱ་ལིའི་སྙོམས་འཇུག་དང། །ཧཱུཾ་ཕཊ་ཡི་གེ་སོགས་སྤངས་ཀྱང། །འགྱུར་བ་མེད་ལས་འཁྲུངས་པའི་སྐུ། །དུས་ཀྱི་འཁོར་ལོ་དེ་ལ་འདུད། ཅེས་པ་འདི་བྱུང། འདིའི་དོན་ནི་ ཐབས་ཡབ་ལ་ཕྱག་འཚལ་ཚུལ་ཡོད་དེ། དུས་ཀྱི་འཁོར་ལོའི་ཁྱད་པར་བརྗོད་པའི་སྒོ་ནས་ཕྱག་འཚལ་བ་ཡིན་པའི་ཕྱིར། དུས་ཀྱི་འཁོར་ལོ་ཆོས་ཅན། ཁྱོད་ཀྱི་ཁྱད་པར་བཞག་ཏུ་ཡོད་དེ། ཨཱ་ལི་ཀཱ་ལིས་མཚན་པའི་ཟླ་ ཉིའི་སྙོམས་འཇུག་སྟེ་ཁ་སྦྱར་དང། ས་བོན་ཧཱུཾ་དང། རྡོ་རྗེའི་བུ་གར་བྱང་སེམས་འགོག་པའི་ཕཊ་ཀྱི་ཡི་གེ་འགོད་པ་དང། སོགས་པས་ས་བོན་འགྱུར་བའི་ཕྱག་མཚན་བསྒོམ་པ་སོགས་སངས་པ་སྟེ་བསྐྱེད་རིམ་ལྟ་བུ་བློས་ གསར་དུ་མ་བསྐྱེད་ཀྱང། འགྱུར་བ་མེད་པའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པའི་མཐར་འཁྲུངས་ཤིང། སྒྲིབ་བྲལ་གྱི་ཡེ་ཤེས་སྟོང་གཟུགས་ཀྱི་རྣམ་པར་ཤར་བའི་སྐུ་ཅན་ཡིན་པའི་ཕྱིར། དེ་ལྟ་བུའི་བཅོམ་ལྡན་འདས་ སུ་བཞིའི་བདག་ཉིད་དེ་ཉིད་རྒྱུད་ཀྱི་སྟོང་པ་པོ་ཡིན་པའི་སྒོ་ནས་ཕྱག་འཚལ་བ་ལ། ཀུན་མཁྱེན་ཡེ་ཤེས་སྐུ་ཞེས་པ། །ཁྱབ་བདག་ཉི་མ་ལྟ་བུའི་སྐུ། །པདྨའི་འདབ་མ་རྒྱས་པའི་སྤྱན། །དེ་ཉིད་བཅུ་དྲུག་དབྱེ་བ་ལས། །སྐུ་བཞིའི་ [032A]༄༅། །བདག་ཉིད་སངས་རྒྱས་ནི། །རྡོ་རྗེ་སེང་གེའི་གདན་བཞུགས་པ། །ལྷ་དང་ལྷ་མིན་གྱིས་བསྟོད་སྔོན། །ཟླ་བཟང་གིས་གསོལ་དེ་ལ་འདུད། ཅེས་པ་འདི་བྱུང། འདིའི་དོན་ནི། ཀུན་མཁྱེན་ལྷན་ཅིག་སྐྱེས་པའི་ སྐུ་དང། ཡེ་ཤེས་ཀྱི་སྐུ་ཞེས་པ་ཆོས་སྐུ་དང། རིགས་ཀྱི་ཁྱབ་བདག་ཉི་མ་ལྟ་བུའི་ལོངས་སྐུ་དང། པདྨའི་འདབ་མ་རྒྱས་པའི་སྤྱན་ལྡན་སྤྲུལ་སྐུ་སྟེ་བཞི་པོ་དེ་ཉིད་བཅུ་དྲུག་གི་དབྱེ་བ་ལས་དུ་མར་ཕྱེ་ཡང། སྐུ་བཞིའི་བདག་ ཉིད་དུ་ངོ་བོ་དབྱེར་མེད་པའི་སངས་རྒྱས་སྟོན་པ་ཕུན་ཚོགས་དེ་ནི་ཆོས་ཅན། ཁྱོད་ལ་རྒྱུད་སྟོན་པ་པོར་གྱུར་པའི་སྒོ་ནས་ཕྱག་འཚལ་ཚུལ་ཡོད་དེ། གནས་ཕུན་ཚོགས་རྡོ་རྗེ་སེང་གེའི་གདན་ལ་བཞུགས་པ། འཁོར་ཕུན་ ཚོགས་ལྷ་དང་ལྷ་མིན་གྱིས་བསྟོད་པ། ཞུ་བ་པོ་ཕུན་ཚོགས་ཟླ་བཟང་གིས་གསོལ་བ་བཏབ་པ་ལ་བརྟེན་ནས་རྒྱུད་སྟོན་པར་མཛད་པ་དེ་ལ་འདུད་པ་ཡིན་པའི་ཕྱིར། སྔར་བསྟན་པའི་ཡོན་ཏན་རྣམས་བསྡུས་ཏེ་བརྗོད་ནས་ ཕྱག་འཚལ་བ་ལ། ངག་དང་ཡེ་ཤེས་གཅིག་སྦྱོར་རྒྱལ་བ་མཆོག་གི་དམ་ཚིག་ཐུགས་དང་ཆོས་ནི་གཅིག་ཏུ་སྦྱོར། །གསུང་དང་ལོངས་སྤྱོད་རྫོགས་པ་གཅིག་སྦྱོར་སྲིད་གསུམ་གྱིས་མཆོད་སྐུ་དང་སྤྲུལ་པ་རྣལ་ འབྱོར་ཏེ། །ཤེས་དང་ཤེས་བྱ་གཉིས་མེད་སྲིད་འདས་འབྱོར་པ་འདི་ནི་རྡོ་རྗེ་སེམས་དཔའ་རྣམ་པ་བཞི། །རྡོ་རྗེའི་རྣལ་འབྱོར་ཐབས་དང་ཤེས་རབ་བདག་ཉིད་ལྷ་མི་ལྷ་མིན་གྱིས་བསྟོད་དེ་ལ་འདུད། ཅེས་པ་འདི་བྱུང་ [032B] རྡོ་རྗེའི་རྣལ་འབྱོར་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་བདག་ཉིད་ལྷ་མི་ལྷ་མིན་གྱིས་བསྟོད་པ་འདི་ཆོས་ཅན། ཁྱོད་ལ་འདུད་པར་རིགས་ཏེ། དག་པའི་ སྐུ་དང་ཡེ་ཤེས་དོན་གཅིག་ཏུ་སྦྱོར་ཞིང། རྒྱལ་བ་མཆོག་གི་དམ་ཚིག་གི་སྟེ་མཉམ་པ་ཉིད་ཀྱི་ཐུགས་རྡོ་རྗེ་དང་ཆོས་ཀྱི་སྐུ་ནི་གཅིག་ཏུ་སྦྱོར་བ་དང། གསུང་རྡོ་རྗེ་དང་ལོངས་སྤྱོད་རྫོགས་པའི་སྐུ་གཅིག་ཏུ་སྦྱོར་ཞིང་སྲིད་ པ་གསུམ་གྱིས་མཆོད་པའི་སྐུ་རྡོ་རྗེ་དང་སྤྲུལ་པའི་སྐུ་གཅིག་ཏུ་སྦྱོར་བ་སྟེ། དེ་ཡང་འབྲས་དུས་ཀྱི་ཤེས་པ་མི་འགྱུར་བའི་བདེ་བ་དང། ཤེས་བྱ་སྟོང་གཟུགས་གཉིས་སུ་མེད་པ་སྲིད་པར་འགྲོ་བ་མེད་པའི་འབྱོར་བ་དང་ལྡན་པའི་ ཕྱིར། ཁ་ཅིག་དག་དང་ཞེས་པ་ནས། སྤྱི་བོས་ཕྱག་འཚལ་ཏེ། ཞེས་པའི་བར་ཕྱི་ནང་གཞན་གསུམ་དང་སྦྱོར་བ་མི་འཐད་དེ། དེ་རྣམས་ཀྱིས་འབྲས་བུ་མཐར་ཐུག་ཁོ་ན་བརྗོད་བྱའི་གཙོ་བོར་བྱས་པ་གང་ཞིག་དེ་ལ་ཕྱི་ནང་ གཞན་གསུམ་འབྱེད་མི་ཤེས་པའི་ཕྱིར། རང་ལུགས་ནི། འཆད་འབྱུར་གྱི་ཚིགས་བཅད་གཉིས་ནི་དམ་པའི་ལམ་ངེས་པའི་ཆ་ནས་ཕྱག་འཚལ་བ་ཡིན་ཏེ། འདི་ལྟར་སྒྲུབ་པ་པོ་རྟེན་གྱི་གང་ཟག་དེས་བསྒྲུབས་པའི་འབྲས་བུ་ དེ་ཐོབ་བྱེད་ཐུན་མོང་མ་ཡིན་པའི་ལམ་གསུམ་ལས། དང་པོ་ནི། རླུང་མེ་ཆུ་དང་ཞེས་སོགས་ཀྱིས་བསྟན། གཉིས་པ་སྟོན་པ་ལ། ཞབས་གཅིག་རྡོ་རྗེ་ནོར་བུ་རྡུལ་དང་ཉི་མ་དང། །གཉིས་པ་གཙུག་ཏོར་ཁུ་བ་རི་བོང་ཅན་ལ་ནི། ། [033A]༄༅། །རྟག་ཏུ་མི་ཆོད་དབྱེར་མེད་འདོད་པ་བཀོད་གྱུར་པ། །འཇིག་རྟེན་གསུམ་གྱིས་མཆོད་པའི་གཙོ་ལ་སྤྱི་བོས་འདུད། ཅེས་པ་འདི་བྱུང། དབང་མདོར་བསྟན་ལས། ལུས་ཅན་རྣམས་ནི་འཆི་བ་ན། །ཟླ་བ་འདུད་རྩི་ འོག་ཏུ་འགྲོ། །སྟེང་དུ་ཉི་མ་རྡུལ་སྒྲ་ཅན། །རྣམ་ཤེས་སྲིད་པའི་མཚན་ཉིད་ལ། ཞེས་གཞི་ལ་ཁམས་དྲུག་ལྡན་གྱི་སྐྱེས་བུ་འཆི་བའི་ཚེ་དེ་ལྟར་འབྱུང་བའི་རིམ་པ་དེ། རྣལ་འབྱོར་པས་ལམ་དུས་སུ་ལམ་བསྒོམས་སྟོབས་ ཀྱིས་བཟློག་པར་གྱུར་ན་འཁོར་བ་འགག་ཅིང་བདེ་བ་ཆེན་པོའི་གོ་འཕང་འཐོབ་སྟེ། དེ་ཉིད་ལས། དེ་ཕྱིར་ཟླ་བ་བདུད་རྩི་ནི། །སྟེང་དུ་བགྲོད་བྱ་མི་ཡི་བདག་འོག་ཏུ་ཉི་མ་རྡུལ་སྒྲ་ཅན། །རྣམ་ཤེས་མཆོག་གི་བདེ་བ་ལ། ཞེས་ གསུངས་པའི་ཕྱིར། འོ་ན་འཇིག་རྟེན་གསུམ་གྱིས་མཆོད་པའི་གཙོ་བོ་ལ་ཕྱག་འྪལྐ་ན། དེའི་སྐུའི་རྣམ་པས་ཅི་མཚོན་ཞེ་ན། དུས་ཀྱི་འཁོར་ལོ་ཆོས་ཅན། ཁྱོད་ཀྱི་སྐུའི་རྣམ་པས་མཚོན་ཚུལ་ཡང་ཡོད་དེ། ཞབས་གཅིག་ གཡས་པ་དམར་པོ་བརྐྱངས་པས་རྡུལ་ཐུར་དུ་དྲངས་ནས་རྡོ་རྗེ་ནོར་བུར་བརྟན་པར་བྱས་པ་མཚོན། ཞབས་གཉིས་པའམ་གཡོན་པ་དཀར་པོ་བསྐུམས་པས་ནི་ཁུ་བ་གཉེན་དུ་དྲངས་ཤིང་གཙུག་ཏོར་དུ་བརྟན་པར་བྱས་པ་ མཚོན་པའི་ཕྱིར། ཟླ་ཉི་བརྩེགས་པ་ལ་ཞབས་གཉིས་བཀོད་པ་ལ་མཚོན་དོན་ཡོད་དེ། ནང་གི་ནག་ཕྱོགས་མྱང་འདས་ཀྱི་མཐའ་མཚོན་པའི་ཉི་མ་དང། ནང་གི་དཀར་ཕྱོགས་སྲིད་མཐའ་མཚོན་པའི་རི་བོང་ཅན་ལ་ནི་ཞབས་ [033B] དེ་ལྟར་བཀོད་པ་ལ་མཐའ་གཉིས་འགོག་ཚུལ་ཡོད་དེ། དུས་རྟག་ཏུ་བདེ་བ་དང་སྟོང་པའི་ཡེ་ཤེས་ཀྱིས་ཀྱང་མི་ཕྱེད་ཅིང། གཉིས་ སྣང་ཐམས་ཅད་དང་བྲལ་བའི་ཕྱིར་གཟུང་འཛིན་གྱི་གྲི་གུག་གིས་དབྱེར་མེད་པ་རང་འབྲས་བདེ་བ་ཆེན་པོའི་རྒྱུ་དེ་འདོད་པར་བྱ་བ་ཡིན་པས་དེ་ཉིད་ལ་བཀོད་པ་སྟེ་གནས་པ་མཚོན་པ་ཡིན་པའི་ཕྱིར། །དེ་ལྟ་བུའི་དུས་ ཀྱི་འཁོར་ལོའི་གོ་འཕང་ཐོབ་བྱེད་ཀྱི་ཐབས་གང་ཞེ་ན། དངོས་ཟིན་གྱི་སྐུའི་རྣམ་པ་སྒོམ་པའི་བསྐྱེད་རིམ་དང། སྐུའི་རྣམ་པ་དེ་དག་གིས་མཚོན་དོན་རྡོ་རྗེའི་རྣལ་འབྱོར་བསྒོམས་པ་ལ་བརྟེན་ནས་འཐོབ་ཅེས་སྟོན་པ་ལ་ རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང། །ཟླ་ཉི་དུས་མེའི་སྟེང་དུ་དབང་ཕྱུག་དང་ནི་འདུད་ཀྱི་མགོན། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་གྱུར་པ། །ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོས་ ཕྱག་འཚལ་ཏེ། ཞེས་པ་འདི་བྱུང། འདིའི་དོན་ནི་ལྷའི་དབང་པོས་བཏུད་པའི་གཙོ་བོ། ཕྱག་འཚལ་ཡུལ་བཅོམ་ལྡན་འདས་ཀྱི་གདན་དངོས་སུ་བསྟན་པས་མཚོན་ནས་དམ་པའི་ལམ་དེས་ཚུལ་ཡོད་དེ། རླུང་མེ་ཆུ་དང་ས་ཡི་ དཀྱིལ་འཁོར་ལྷུན་པོ་པདྨ་དང་བཅས་པའི་མཚོན་དོན་རྟོགས་སླ་ཞིང། ཟླ་ཉིས་འོག་གི་བཤང་གཅི་འབབ་པའི་རྩ་གཉིས་དང་དུས་མེས་དུང་ཅན་མ་མཚོན་ཞིང། ཟླ་ཉི་བརྩེགས་ནས་མནན་པའི་དུས་མེའི་སྟེང་དུ་ཞབས་ [034A]༄༅། །ཀྱིས་གནན་པས་བཤང་གཅིའི་རྩ་ལ་རྒྱུ་བའི་ཐུར་སེལ་དུང་ཅན་མར་བཀག་པ་མཚོན། སྲིད་པ་སྟེ་ཕུང་སོགས་ཀྱི་ཆོས་སྒྲིབ་བྲལ་དུ་བྱས་པའི་ཕྱག་རྒྱ་ཆེན་མོ་སྣ་ཚོགས་ཡུམ་གྱི་ཞབས་དང་ ལྷན་ཅིག་ཏུ་བཀོད་པ་ནི་སྟོང་གཟུགས་ཕྱག་རྒྱ་ཆེན་མོས་འཁྱུད་པའི་མཆོག་མི་འགྱུར་གྱི་བདེ་བ་བརྟན་པ་དེ་མཚོན་པའི་ཕྱིར། །ངག་དོན་ནི། ཕྱག་ཡུལ་གྱི་ཁྱད་པར་འདི་ལྟར་བསྟན་ནས་ཕྱག་མཛད་པ་ལ་ཆོས་ ཅན། དགོས་པ་ཡོད་དེ། སྒྲུབ་པ་པོའི་ལུས་ཁྱད་པར་འདི་ལྟར་བསྒོམ་པའི་བསྐྱེད་རིམ་དང། སྐུའི་རྣམ་པ་འདིས་མཚོན་པའི་རྫོགས་རིམ་གྱི་ལམ་ངེས་པར་འགྱུར་ཞིང། མདོར་ན་བཅོམ་ལྡན་འདས་ཀྱི་སྐུའི་ཁྱད་ པར་གདན་བཅས་དྲན་པ་ཙམ་གྱིས་ཐུན་མོང་མ་ཡིན་པའི་ལམ་རྣམས་ངེས་པར་འགྱུར་བའི་དགོས་པ་ཡོད་པའི་ཕྱིར། ཏེ་ནི་ལྷག་མ་འདྲེན་པའི་ཚིག་གོ་ སྨྲས་པ། སྒྲིབ་བྲལ་རྡོ་རྗེའི་རྣལ་འབྱོར་དབང་གི་ རྒྱལ། །དེ་ཉིད་སྒྲུབ་བྱེད་ཡང་དག་རྒྱལ་བའི་ལམ། །རྣམ་པར་ངེས་པའི་གཞི་འོད་སྟོང་འབར་བ། །སེམས་འགྲེལ་རྒྱ་མཚོ་ཆེ་ལས་བདག་གིས་བླངས།། ༈ །།གཉིས་པ་འགྲེལ་པ་རྩོམ་པར་དམ་ བཅའ་ཞིང་བརྩམས་པའི་འགྲེལ་པ་ཉན་པར་བསྐུལ་བ་ལ་གཉིས་ལས། དང་པོ་ལ་གསུམ། རྡོ་རྗེའི་རྣལ་འབྱོར་འཆད་པར་འདོད་པ་ཁེངས་སྐྱུངས་དང་བཅས་པ། རྩ་རྒྱུད་དུ་ལུང་བསྟན་པ་བཞིན་བསྡུས་ [034B] རྩ་རྒྱུད་ལ་རྒྱས་འགྲེལ་བརྩམས་པ་བཞིན་བསྡུས་རྒྱུད་ལ་འགྲེལ་པ་རྩོམ་པར་དམ་བཅའ་བའོ། །དང་པོ་སྟོན་པར་བྱེད་པ་ལ། དེ་ལྟར་རྡོ་རྗེའི་རྣལ་འབྱོར་གང་ཞིག་དཔག་མེད་བདེ་གཤེགས་ རྣམས་ཀྱིས་བསྟན་ཅིང་བསྟན་པ་དང། །བྱང་ཆུབ་སེམས་དཔའ་རྡོ་རྗེ་མཆོག་འཛིན་གསང་སྔགས་རིག་པ་ཀུན་གྱིས་ཡང་དག་བརྗོད་གྱུར་པའི། །འགྱུར་མེད་མཆོག་གི་བདེ་བ་རྣལ་འབྱོར་དེ་ནི་དུས་ཀྱི་འཁོར་ལོར་བླུན་པོ་བདག་ བརྗོད་འདོད། །མཁའ་ལ་མྱུར་འགྲོ་མཁའ་འགྲོའི་བདག་པོ་འགྲོ་སྟེ་འདབ་ཆགས་གཞན་པ་འགྲོ་བ་མིན་ནམ་ཅི། །གང་དུ་རང་གི་ལུས་ལ་སྲིད་པ་མཐའ་དག་སྔགས་བཅས་པ། །གསལ་བར་ཨཱ་ལི་ཐིག་ལེ་འཛིན་པའི་རྒྱལ་ བའི་དབང་པོས་གསུངས། །ཆུ་གཏེར་ཆེན་པོ་དེར་ནི་རྒྱལ་བའི་སླད་དུ་རབ་ཞུགས་པ། །དེ་ལ་གལ་ཏེ་ཕ་རོལ་བདག་ཕྱིན་རྒྱལ་བའི་མཐུ་ཡིན་ནོ། །ཞེས་པ་འདི་བྱུང། དོན་ནི། བླུན་པོ་པདྨ་དཀར་པོ་བདག་གིས་ཆོས་ཅན། དུས་ཀྱི་ འཁོར་ལོ་སྟེ་དེ་རྒྱས་འགྲེལ་དུ་དེ་ལྟར་བཤད་མ་ཐག་པའི་རྡོ་རྗེའི་རྣལ་འབྱོར་གང་ཞིག་བརྗོད་པར་འདོད་པའི་རྒྱུ་མཚན་ཡོད་དེ། རྡོ་རྗེའི་རྣལ་འབྱོར་དེའི་ཁྱད་པར་རྟོགས་ནས་བརྗོད་པར་འདོད་པ་ཡིན་པའི་ཕྱིར། འོ་ན་དེའི་ཁྱད་ པར་ཅི་ཞེ་ན། རྡོ་རྗེའི་རྣལ་འབྱོར་དེ་ནི་ཆོས་ཅན། ཁྱད་པར་ཕུན་སུམ་ཚོགས་པ་དང་ལྡན་ཏེ། དཔག་མེད་བདེ་གཤེགས་རྣམས་ཀྱིས་བརྟེན་ཅིང་སྐལ་ལྡན་གཞན་ལ་བསྟན་པ་དང། བྱང་ཆུབ་སེམས་དཔའ་ངེས་དོན་གྱི་རྡོ་རྗེ་མཆོག་ [035A]༄༅། །འཛིན་པ་རྣམས་ཀྱིས་སྣོད་མིན་ལ་གསང་ཞིང་ཡིད་སྐྱོབ་པས་གསང་སྔགས་ཀྱི་སྒྲས་བསྟན་པ་མི་འགྱུར་བའི་བདེ་བ་དེ་ཉིད་ཉམས་སུ་མྱོང་བའི་ཚུལ་གྱིས་རིག་པ་ཀུན་གྱིས་ཡང་དག་པར་བཤད་པའི་བརྗོད་ པར་གྱུར་པའི་འགྱུར་མེད་མཆོག་གི་བདེ་བ་ཐབས་ཤེས་ཟུང་དུ་འབྲེལ་བའི་ཁྱད་པར་དང་ལྡན་པའི་ཕྱིར། བླུན་པོ་ཞེས་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ཁེངས་སྐྱུངས་ཤིང་རྗེས་འཇུག་རྣམས་ལ་ང་རྒྱལ་དོར་བར་ བྱའོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། འོ་ན་སངས་རྒྱས་བྱང་སེམས་ཀྱི་སྤྱོད་ཡུལ་དེ་བླུན་པོས་བརྗོད་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། མཁའ་ལ་མྱུར་དུ་འགྲོ་བའི་མཁའ་འགྲོ་སྟེ་འདབ་ཆགས་ཀྱི་བདག་པོ་ནམ་ མཁའ་ལྡིང་འགྲོ་སྟེ་དེ་འགྲོ་བས་འདབ་ཆགས་གཞན་མཁའ་ལ་འགྲོ་བ་མིན་ནམ་ཅི་སྟེ་འགྲོ་བ་མི་འགལ་བ་བཞིན་ཡིན་པའི་ཕྱིར། འོ་ན་རྒྱུད་དོན་ཆེས་ཟབ་པས་འབད་ཀྱང་འཆད་མི་ནུས་སོ་ཞེ་ན་སྐྱོན་མེད་དེ། རྒྱལ་བའི་ མཐུ་ལ་བརྟེན་ནས་ནུས་པའི་ཕྱིར། བརྒྱུད་རྒྱལ་གང་དུ་སྒྲུབ་པ་པོ་རང་གི་ལུས་ལ་སྲིད་པ་ཕུང་སོགས་མཐའ་དག་དང། དེར་མ་ཟད་དོན་དམ་དང་ཀུན་རྫོབ་ཀྱི་བརྡ་ཅན་གྱི་སྔགས་དང་བཅས་པ་སྒྲིབ་བྲལ་དུ་བྱེད་ཐབས་མ་ སྦས་ཤིང་ཆེས་གསལ་བར་ཨཱ་ལི་བྱང་སེམས་ཀྱི་ཐིག་ལེ་མི་འགྱུར་བར་འཛིན་པའི་རྒྱལ་བའི་དབང་པོས་གསུངས་པ་གང་ཞིག་རྒྱུད་ཀྱི་ཆུ་གཏེར་ཆེན་པོ་དེར་ནི་རྒྱལ་བའམ་བརྒལ་བའི་སླད་དུ་རབ་ཏུ་ཞུགས་པ་དེ་ལ་ [035B] གཉིས་པ་དེ་སྟོན་པ་ལ། །གང་ཕྱིར་གསང་བདག་ལ་གསུངས་མཆོག་གི་དང་པོའི་སངས་རྒྱས་ལས། །སྟོབས་བཅུ་པ་ཡིས་བསྡུས་པའི་ རྒྱུད་ནི་སྔོན་དུ་ལུང་བསྟན་པ། །དེ་ཕྱིར་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་འདི་ཀ་ལཱ་པར། །འཇལ་དཔལ་གྱིས་ནི་ཐུབ་པ་མཐའ་དག་རྣམས་ལ་ངེས་པར་བསྟན། ཞེས་པ་འདི་བྱུང། འདིའི་དོན་ནི། རྩ་རྒྱུད་ལས་བཏུས་པ་དུས་ཀྱི་ འཁོར་ལོའི་བསྡུས་པའི་རྒྱུད་འདི་ཆོས་ཅན། གནས་ཀ་ལཱ་པར་སྡུས་པ་པོ་འཇམ་དཔལ་གྱིས་བསྡུས་ནས་རྒྱུད་དོན་མཐའ་དག་ཐུབ་པ་དྲང་སྲོང་རྣམས་ལ་ངེས་པར་བསྟན་པ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། ཞུ་བ་པོ་གསང་ བདག་གི་སྤྲུལ་པ་ཟླ་བཟང་ལ་གསུངས་པ་མཆོག་གི་དང་པོའི་སངས་རྒྱས་རྩ་རྒྱུད་ལས་སྟོན་པ་སྟོབས་བཅུ་པ་ཡིས་འབྱུང་འགྱུར་གྱི་རྒྱལ་པོ་གྲགས་པ་ལ་བསྡུས་པའི་རྒྱུད་ནི་སྡུད་པར་རྗེས་སུ་སྣང་བའི་སྒོ་ནས་སྔོན་དུ་ ལུང་བསྟན་པ་དེ་ལྟར་བཀའ་རྗེས་སུ་བསྒྲུབ་པའི་ཕྱིར། །གསུམ་པ་དེ་ལྟར་སྟོན་པ་ལ། འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ། །ཟླ་བ་བཟང་པོས་བྲིས་པ་གང། །ཐེག་པ་ཀུན་དོན་གསལ་བྱེད་དེ། །པདྨ་དཀར་པོ་བདག་གིས་ནི། ། རྩ་བའི་རྒྱུད་ཀྱི་རྗེས་འཇུག་ཅིང། །གཞུང་ནི་སྟོང་ཕྲག་བཅུ་གཉིས་ཏེ། །རྡོ་རྗེའི་ཚིག་འབྱེད་དང་བཅས་པ། །བསྡུས་པའི་རྒྱུད་ལ་བྲི་བར་བྱ། ཞེས་པ་འདི་བྱུང། འདིའི་དོན་ནི། པདྨ་དཀར་པོ་བདག་གིས་ནི་ཆོས་ཅན། བསྡུས་ [036A]༄༅། །པའི་རྒྱུད་ལ་རྒྱ་ཆེར་འགྲེལ་བྱ་བ་ཡིན་ཏེ། རྩ་རྒྱུད་ལ་འགྲེལ་བཤད་གཞུང་ཚད་སྟོང་ཕྲག་དྲུག་ཅུ་པ་ཐོག་པ་ཀུན་གྱི་དོན་གསལ་བར་བྱེད་པ་ཟླ་བ་བཟང་པོས་གླེགས་བམ་དུ་བྲིས་པ་གང་ཡིན་པ་དེ་བཞིན་ དུ༑ རྒྱུད་དོན་བཤད་པ་ཐམས་ཅད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་ཅིང་མི་འགལ་བ། གཞུང་ཚད་ནི་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་ཏེ་ཟབ་དོན་སྟོན་པའི་རྡོ་རྗེའི་ཚིག་གསལ་བར་འབྱེད་པ་དང་བཅས་པ་བྱ་བ་ཡིན་པའི་ཕྱིར་ གཉིས་པ་བརྩམས་པའི་འགྲེལ་པ་ཉན་པར་བསྐུལ་བ་སྟོན་པ་ལ། རྒྱལ་བས་གསུངས་པའི་ཆོ་གས་དབང་མཆོག་བླངས་ནས་རྒྱུད་འདི་འམ་ནི་བསྡུས་པ་ཡི། །རྒྱུད་རྒྱལ་མ་ལུས་ཐོས་ནས་ཡང་དག་ཡེ་ཤེས་ལམ་ལ་ གནས་པའི་རྣལ་འབྱོར་པས། ཁེངས་དང་ལོངས་སྤྱོད་འབྱོར་པ་དུ་མ་བཏང་ནས་སེམས་ནི་བླ་མར་གཏད་བྱས་ཏེ། །སངས་རྒྱས་ཉིད་ཀྱི་སླད་དུ་གཙོ་བོའི་འགྲེལ་བཤད་གཞན་ཕན་སྤྱོད་པ་མཉན་པར་བྱ། ཞེས་པ་འདི་བྱུང་ འདིའི་རྐང་པ་ཕྱི་མ་གསུམ་ལ་དབང་འགྱུར་དུ། ཡེ་ཤེས་ལམ་གནས་རྣལ་འབྱོར་པ་ཡིས་ཀྱང། །ཁེངས་དང་ལོངས་སྤྱོད་རྣམ་འཇིག་དུ་མ་བཏང་ནས་སེམས་ནི་སངས་རྒྱས་ཉིད་ཆེད་དུ། །གཏད་པས་བླ་མ་ལས་ནི་གཙོ་བོའི་ རྒྱས་འགྲེལ་གཞན་ཕན་སྤྱོད་པ་མཉན་པར་བྱ། ཞེས་བྱུང་བ་ཤོད་འགྱུར་ལས་ཤིན་ཏུ་ལེགས་པས་དེ་ལྟར་བཤད་ན། རྣལ་འབྱོར་པས་ཀྱང་ཆོས་ཅན། རྒྱུད་ཀྱི་གཙོ་བོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་གཞན་ལ་ཕན་པའི་ [036B] རྒྱལ་བས་གསུངས་པའི་ཆོ་གས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་མཆོག་བླངས་ནས་དེའི་འོག་ཏུ་ང་རྒྱལ་གྱི་ཁེངས་པ་དང་ལོངས་ སྤྱོད་རྣམ་པར་འཇིག་པའི་ཆོས་ཅན་དུ་མ་བཏང་ནས། སེམས་ནི་ཐོབ་བྱ་སངས་རྒྱས་ཉིད་ཀྱི་ཆེད་དུ་གཏད་པས་བླ་མ་ལས་ནི་མཉན་པར་བྱ་བ་ཡིན་པའི་ཕྱིར། ཉན་ནས་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། རྒྱུད་འདི་འམ་ནི་བསྡུས་ པ་ཡི་རྒྱུད་རྒྱལ་མ་ལུས་ཐོས་ནས་ཚུལ་བཞིན་ཉམས་སུ་བླངས་པས་ཡང་དག་ཡེ་ཤེས་ལམ་ལ་གནས་པར་བྱ་བའི་ཕྱིར། གསུམ་པ་འགྲེལ་པ་ཕྱིན་ཅི་ལོག་དང་ཡང་དག་གི་རྣམ་དབྱེ་བཤད་པ་ལ་གཉིས་ལས། དང་པོ་ ཕྱིན་ཅི་ལོག་གི་འགྲེལ་པའི་སྐྱོན་བསྟན་པ་ལ། མངོན་ཤེས་མེད་གང་དཔལ་ལྡན་རྡོ་རྗེ་ཐེག་པ་ལ་གནས་བསྟན་བཅོས་དུ་མ་ཡི། །རྣམ་རྟོག་ཆོས་ཀྱི་སྙིང་དང་མཁས་པ་ཉིད་ཀྱི་དྲེགས་ལྡན་འགྲེལ་བཤད་ཆེན་པོ་དང། ། བྱེད་པ་དེ་ནི་གླང་ཆེན་ལོང་བ་མྱོས་བཞིན་དགྲ་ཡི་རྒྱུད་ནི་རྒྱལ་བའི་སླད། །གནས་གང་དེ་ཡིས་རང་གི་རྒྱུད་ནི་ཉམས་བྱེད་འདི་ནི་རྟག་ཏུ་བདུད་ཀྱི་གཉེན། ཅེས་པ་འདི་བྱུང། འདིའི་དོན་ནི། ཐུན་མོང་མ་ཡིན་པའི་མངོན་ཤེས་ མེད་པའི་སྐྱེས་བུ་གང་ཞིག་དཔལ་ལྡན་རྡོ་རྗེ་ཐེག་པ་ལ་གནས་ཤིང་ཞུགས་ནས། རྒྱུད་དོན་འགྲེལ་པའི་ཐོག་མའི་སྲོལ་འབྱེད་དུ་རང་དགར་འཇུག་མི་རིགས་ཏེ། རྟོག་གེ་ངན་པའི་བསྟན་བཅོས་དུ་མ་ཡི་རྗེས་སུ་འབྲངས་ནས་ [037A]༄༅། །རང་གཞན་གྱི་རྣམ་རྟོག་གིས་བཏགས་པའི་ཆོས་ཀྱི་སྙིང་སྟེ་སེམས་དང་ལྡན་ཞིང། མི་མཁས་ཀྱང་མཁས་པ་ཉིད་ཀྱི་ང་རྒྱལ་གྱི་དྲེགས་པ་དང་ལྡན་པས་རྒྱུད་ཀྱི་འགྲེལ་བཤད་ཆེན་པོ་དག་བྱེད་པ་དེ་ནི་གླང་ ཆེན་ལོང་བ་ཆང་གིས་མྱོས་པའི་སྣ་ལ་རལ་གྲིའི་འཁོར་ལོ་འཆང་བ་གཡུལ་དུ་ཞུགས་པ་བཞིན་དུ་དགྲ་ཡི་རྒྱུད་བདུད་ཀྱི་དཔུང་ནི་རྒྱལ་བའི་སླད་དུ་གནས་པ་གང་ཡིན་པ་དེ་ཡི་རང་གི་རྒྱུད་ཆོས་ཀྱི་དཔུང་ནི་ཉམས་པར་ བྱེད་པ་འདི་ནི་རྟག་ཏུ་བདུད་ཀྱི་གཉེན་དུ་གྱུར་པ་ཡིན་པའི་ཕྱིར། ཚུལ་དེ་རྒྱས་པར་འཆད་པ་ལ། མཁས་པའི་མངོན་པའི་ང་རྒྱལ་དང་ལྡན་རྒྱལ་བདག་གསུང་ནི་མི་ཤེས་ངང་ཚུལ་རྟག་ལོང་བས། །ཐེག་མཆོག་འགྲེལ་ བཤད་བྱས་ཏེ་ལོང་བ་གཞན་དག་ལྷུང་དུ་བཅུག་ནས་དམྱལ་བར་རབ་འཇུག་པ། །འགྱོད་པ་དང་ནི་སྲོག་གཅོད་ལ་སོགས་མི་དགེའི་ལམ་ལ་བུད་མེད་བདེ་བས་སེམས་དྲངས་ཤིང། །དཔལ་ལྡན་ཤེས་རབ་བདེ་ཉམས་ རྡོ་རྗེའི་ཚིག་བཅོམ་ཕྱི་ཡི་ལོངས་སྤྱོད་དག་གིས་ཟིལ་མནན་པའི། ཞེས་པ་འདི་བྱུང། འདིའི་དོན་ནི། རྒྱུད་དོན་མི་ཤེས་བཞིན་དུ་མཁས་པའི་མངོན་པའི་ང་རྒྱལ་དང་ལྡན་པ་རྒྱལ་བའི་བདག་པོའི་གསུང་གི་དགོངས་དོན་ མི་ཤེས་པའི་ངང་ཚུལ་ཅན་དགོངས་དོན་བལྟ་བ་ལ་རྟག་ཏུ་ལོང་བར་གྱུར་པ་ཆོས་ཅན། འགྲེལ་བྱེད་གཞན་ལ་མ་ལྟོས་པར་ཐོག་མར་རྒྱུད་ཀྱི་འགྲེལ་པ་བྱེད་མི་རིགས་ཏེ། གལ་ཏེ་བྱས་ན་ཁྱོད་ཀྱིས་སྲོག་ཆགས་བསད་ [037B] ཞེས་སོགས་ཀྱི་རྡོ་རྗེའི་ཚིག་སྒྲ་ཇི་བཞིན་པར་འཆར་བའི་ཐེག་མཆོག་སྔགས་ཀྱི་འགྲེལ་བཤད་བྱས་ཏེ། རང་ཉིད་འགྱོད་པ་ལ་སོགས་པའི་སྒྲིབ་པ་ལྔ་དང་ནི་སྲོག་གཅོད་པ་སོགས་པ་མི་དགེ་བའི་ལམ་ལ་གནས་ ནས་བུད་མེད་ལ་འཛག་བདེས་སེམས་དྲངས་ཤིང་དཔལ་ལྡན་ཤེས་རབ་ཕྱག་རྒྱ་ཆེན་མོའི་བདེ་བ་ལས་ཉམས་པ་རྡོ་རྗེའི་ཚིག་སྒྲ་ཇི་བཞིན་དུ་བཟུང་ནས་དགོངས་པའི་དོན་བཅོམ་ཞིང་ཕྱིའི་ལོངས་སྤྱོད་བུད་མེད་སོགས་ ལ་ཆགས་པ་དག་གིས་ཟིལ་གྱིས་མནན་པ་དེ་ནི་རང་གི་རྗེས་འཇུག་ལོང་པ་གཞན་ལྟུང་དུ་བཅུག་ནས་རང་ཡང་དམྱལ་བར་རབ་ཏུ་འཇུག་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། རྒྱུད་དོན་འགྲེལ་པའི་ཐོག་མའི་སྲོལ་ འབྱེད་པའི་རྒྱས་འགྲེལ་རྩོམ་པ་པོའི་མཚན་ཉིད། དེ་འདྲའི་བྱེད་པ་པོས་བྱས་པའི་འགྲེལ་པའི་ཡོན་ཏན་བཤད་པའོ། །དང་པོ་སྟོན་པ་ལ། སྟོན་པ་ཉིད་ཀྱིས་རྒྱལ་བདག་བདེ་སྟེར་རྡོ་རྗེ་ཐེག་པར་གང་ཞིག་ལུང་བསྟན་མཐའ་ དག་ནི། །འགྲེལ་བཤད་དག་དང་བསྡུ་བ་མཛད་པ་རྡོ་རྗེ་མཆོག་འཛིན་བདག་འདྲའི་བྱང་ཆུབ་སེམས་དཔའ་སྟེ། །དེ་དག་འདིར་ནི་ལྷ་དང་ལག་འགྲོ་མི་རྣམས་སྨིན་པའི་དོན་དུ་སངས་རྒྱས་མཐུ་སྨྲ་ལ། །གང་དག་མངོན་ཤེས་ ལྔ་མེད་དེ་དག་བདག་ཅག་རྒྱལ་དབང་ཡིན་ཞེས་བདེན་པ་མིན་པ་སྨྲ། ཞེས་པ་འདི་བྱུང། འདིའི་དོན་ནི། འོ་ན་རྒྱུད་དོན་ཐོག་མར་འགྲེལ་བའི་འཁྲུལ་མེད་ཀྱི་འགྲེལ་བྱེད་ཇི་ལྟ་བུ་ཞེ་ན། དེ་བཞག་ཏུ་ཡོད་དེ། སྟོན་པ་ཉིད་ཀྱིས་ [038A]༄༅། །རྒྱལ་བའི་བདག་པོའི་བདེ་བ་ཚེ་འདིར་སྟེར་བའི་རྡོ་རྗེ་ཐེག་པར་གང་ཞིག་ལུང་བསྟན་པ་ཐོབ་ཅིག་རྡོ་རྗེ་མཆོག་མི་འགྱུར་གྱི་བདེ་ཆེན་གཉིས་སུ་མེད་པའི་ཡེ་ཤེས་རང་རྒྱུད་ལ་འཛིན་པ་འཇིག་རྟེན་དབང་ ཕྱུག་བདག་འདྲ་བའི་བྱང་ཆུབ་སེམས་དཔའ་དག་རྒྱུད་དོན་མཐའ་དག་ནི་རྒྱས་པར་འཆད་པའི་འབྲེལ་བཤད་དག་དང་རྒྱུད་བསྡུ་བ་མཛད་པར་འོས་པ་ཡིན་པའི་ཕྱིར། དེ་ལྟར་འོས་ཏེ། རྡོ་རྗེ་ཐེག་པ་འདིར་ནི་རྒྱུད་དོན་གང་ ཞིག་སྨྲ་བ་ཐམས་ཅད་རྙེད་བཀུར་སོགས་ལ་མི་ལྟ་བར་ལྷ་དང་ལག་འགྲོ་མི་རྣམས་སྨིན་པའི་དོན་དུ་སངས་རྒྱས་ཀྱི་མཐུ་སྟེ་བྱིན་བརླབས་ལས་སྨྲ་བ་ཡིན་ལ། གང་དག་མངོན་ཤེས་ལྔ་མེད་པ་དེ་དག་རྙེད་བཀུར་སོགས་ ཀྱི་དོན་དུ་བདག་ཅག་རྒྱལ་བའི་དབང་པོ་ཡིན་ཞེས་བདེན་པ་མིན་པ་རྫུན་གྱི་ཚིག་སྨྲ་བ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། རྒྱུད་དོན་མ་བཤད་ལོག་བཤད་ཀྱི་སྐྱོན་འཇོམས་པའི་བྱེད་ལས་དང་རྒྱུད་དོན་རྟོགས་ནས་ ཉོན་མོངས་བག་ཆགས་དང་བཅས་པ་འཇོམས་པའི་བྱེད་ལས་སོ། །དང་པོ་སྟོན་པ་ལ། མ་འོངས་དུས་ན་རྟག་ཏུ་རྟོག་གེ་ལ་སོགས་བསྟན་བཅོས་ལ་གཏད་སྣ་ཚོགས་བློ། །སངས་རྒྱས་པ་ཡང་གཞན་གྱི་རྟོག་གེ་དང་ཕྲད་ དབང་གིས་ལོག་པ་འབྱུང་འགྱུར་ཏེ། །རྟོག་གེ་ལ་གཏད་དེ་ཡིས་འདོད་པའི་ཡུལ་ལ་ལམ་ནི་སྟོན་པར་བྱེད་པ་གང། །དེ་དག་ཉིད་ཀྱི་བློ་ངན་སྐྱོན་ནི་འཇོམས་བྱེད་འགྲེལ་བཤད་བདག་གིས་བྲི་བར་བྱ། ཞེས་པ་འདི་བྱུང། འདིའི་ [038B] པདྨ་དཀར་པོ་བདག་གིས་ཆོས་ཅན། འགྲེལ་བཤད་བྲི་བར་བྱ་བ་ལ་དགོས་པ་ཡོད་དེ། མ་འོངས་པའི་དུས་ན་ཕྱི་རོལ་པར་མ་ཟད་སངས་རྒྱས་པའང་རྟག་ཏུ་རྟོག་གེ་དང་སྒྲ་ལ་སོགས་པའི་བསྟན་བཅོས་ལ་ཡིད་གཏད་པའི་ བློས་ལྟ་བ་མི་མཐུན་པ་སྣ་ཚོགས་པར་འགྱུར་ཞིང་དེར་མ་ཟད་ཕྱི་རོལ་པ་གཞན་གྱི་རྟོག་གེ་དང་ཕྲད་པའི་དབང་གིས་ལྟ་བ་ལོག་པ་འབྱུང་བར་འགྱུར་ཏེ་ལོག་པའི་རྟོག་གེ་ལ་ཡིད་གཏད་པ་དེ་ཡིས་འདོད་པའི་ཡུལ་རྡོ་རྗེ་ཐེག་པ་ལ་ ཕྱག་རྒྱ་ཆེན་མོའི་ལམ་ནི་རང་དགར་སྟོན་པར་བྱེད་པ་གང་ཞིག་དེ་སྟོན་པར་བྱེད་པ་གང་ཡིན་པ་དེ་དག་ཉིད་བློ་གྲོས་ངན་པས་བྱས་པའི་མ་བཤད་ལོག་པར་བཤད་པའི་སྐྱོན་ནི་འཇོམས་པར་བྱེད་པ་ཡིན་པའི་ཕྱིར། གཉིས་པ་ནི་དེ་ ལྟ་བུའི་བྱེད་ལས་ཅན་གྱི་རྒྱས་འགྲེལ་གྱིས་འདོད་དོན་སྟེར་བའི་ཡོན་ཏན་ཇི་ལྟ་བུ་ཞེ་ན། དེའི་ལན་སྟོན་པ་ལ། ཆགས་བྲལ་མེད་པའི་འདོད་ཆགས་མཐའ་ཡས་ཆུ་ལ་ཞེ་སྡང་སྤྲུལ་དང་ཆུ་སྲིན་དཀྲིགས། །གཏི་མུག་ཀློང་ནི་རབ་ མང་འགྲོ་འོང་ནོར་དང་དཔལ་ལ་བརྐམ་པའི་རྦ་རླབས་ཅན། །འགྱོད་སོགས་གསོད་པ་ལ་སོགས་ལས་ཀྱི་རྟ་གདོང་འཁོར་མོ་སྒྲ་གྲག་སྲིད་པ་ཡི། །ཆུ་གཏེར་ལ་ནི་དཔལ་ལྡན་རྡོ་རྗེ་ཐེག་པའི་འགྲེལ་བཤད་རྟག་ཏུ་མཉན་པ་ སྟེ༑ ༑ཤེས་རབ་རླུང་གི་ངར་གྱིས་མྱུར་འགྲོ་མྱང་འདས་ཕ་རོལ་དོན་གཉེར་ཆེན་པོ་རྣམས། །དམ་པའི་བདེ་བས་མྱུར་དུ་བརྒལ་བར་བྱེད་སླད་དེ་ནི་ལམ་གྱི་འདྲེན་མ་དང། །ཉོན་མོངས་བདུད་ཚོགས་འཇོམས་པ་མཁས་ [039A]༄༅། །པའི་ཡང་དག་ཡེ་ཤེས་ཡིད་བཞིན་ནོར་བུ་སྟེ། །འཇིག་རྟེན་གསུམ་གྱི་བདག་པོ་ཉིད་སྟེར་འདི་ནི་ཀུན་ཏུ་སྟོན་པར་བྱེད་པའོ། ཞེས་པ་འདི་བྱུང། འདིའི་དོན་ནི། རྒྱལ་འགྲེལ་འདི་ཆོས་ཅན། གདུལ་བྱ་མི་ གནས་པའི་མྱང་འདས་སྲིད་པ་ཕ་རོལ་ཏུ་ཕྱིན་པ་དོན་དུ་གཉེར་པའི་སྐྱེས་བུ་ཆེན་པོ་རྣམས་ལ་འཇིག་རྟེན་གསུམ་གྱི་བདག་པོ་རྒྱལ་བའི་གོ་འཕང་ཚེ་འདི་ཉིད་ལ་སྟེར་བའི་ཐབས་ཀུན་ཏུ་སྟན་པར་བྱེད་པ་ཡིན་ཏེ། འཛག་པའི་ བདེ་བ་ལ་ཆགས་བྲལ་མེད་པའི་འདོད་ཆགས་མཐའ་ཡས་པའི་ཆུ་ལ་ཞེ་སྡང་སྦྲུལ་དང་ཆུ་སྲིན་གྱིས་དཀྲིགས་པ། གཏི་མུག་གློང་འཁོར་ནི་རབ་ཏུ་མང་ཞིང་འདིའི་ནོར་དང་དཔལ་ལ་བརྐམ་པ་རྦ་རླབས་ཡང་ཡང་འགྲོ་ཞིང་ འོང་བ་ཅན། འགྱོད་པ་སོགས་སྒྲིབ་པ་ལྔ་དང་གསོད་པ་ལ་སོགས་མི་དགེ་བའི་ལས་ཀྱི་རྟ་གདོང་དང། ཉོན་མོངས་པའི་ཆུ་འཕྲད་པའི་རྡུལ་གྱི་འཁོར་མིའི་སྒྲ་རྟག་པར་གྲག་པའི་སྲིད་པའི་ཆུ་གཏེར་ལ་ནི། དཔལ་ལྡན་རྡོ་རྗེ་ ཐེག་པའི་འགྲེལ་བཤད་འདི་རྟག་ཏུ་མཉན་པ་ལྟ་བུ་ཡིན་པའི་ཕྱིར། དེ་ལྟར་ཡིན་པའི་རྒྱུ་མཚན་ཡོད་དེ། ཤེས་རབ་ཕྱག་རྒྱ་ཆེན་མོའི་རླུང་གི་དར་གྱིས་མྱུར་དུ་འགྲོ་ཞིང། དེས་དྲངས་པ་གཟིངས་ལྟ་བུའི་དམ་པའི་བདེ་ བས་མྱུར་དུ་བརྒལ་བར་བྱེད་པའི་སླད་དུ་འགྲེལ་པ་དེ་ནི་གཟིངས་ཀྱི་ལམ་གྱིས་འདྲེན་མ་དེད་དཔོན་ལྟ་བུ་ཡིན་པའི་ཕྱིར། དེད་དཔོན་ལྟ་བུའི་འགྲེལ་པ་འདི་ཆོས་ཅན། ཁྱོད་ཀྱིས་གདུལ་བྱ་གང་དུ་འཁྲིད་པའང་བཞག་ [039B] ཉོན་མོངས་པའི་བག་ཆགས་དང་བཅས་པའི་བདུད་ཚོགས་འཇོམས་པ་ལ་མཁས་པའི་ཡང་དག་ཡེ་ཤེས་ནི་ཡིད་བཞིན་ནོར་བུ་ལྟ་བུ་སྟེ་དེ་ཡི་གླིང་དུ་འཁྲིད་པ་ཡིན་པའི་ཕྱིར། །བཞི་པ་ཡང་དག་པའི་ལམ་ལས་ མི་གོལ་བའི་ཐབས་བཤད་པ་ལ་བཞི། གང་ལས་གོལ་བར་མི་བྱ་བ་ཕྱག་རྒྱ་ཆེན་མོའི་ལམ་མདོར་བསྟན། དེ་ལས་གོལ་བའི་རྒྱུ་འཛག་བདེ་ལམ་དུ་འཛིན་པ་སྤང་བར་གདམས་པ། ཕྱག་རྒྱ་ཆེན་མོ་རྗོད་བྱེད་ཀྱི་སྒྲ་བཟང་པོ་ འབའ་ཞིག་ལ་ཞེན་པ་སྤང་བར་གདམས་པ། ཆེན་པོ་རྣམས་ཀྱིས་སྒྲ་ཕལ་པ་ལས་ཀྱང་རྟོགས་པར་བྱ་བའི་ཕྱག་རྒྱ་ཆེན་མོའི་ལམ་རྒྱས་པར་བཤད་པ་འཕྲོས་དང་བཅས་པའོ། །དང་པོ་སྟོན་པ་ལ། གང་ཞིག་ཕུང་པོ་ལ་སོགས་ སྒྲིབ་པ་རབ་བཅོམ་ཡུལ་ནི་པྲ་ཕབ་བརྒྱད་ལྟ་བུ། །ཀུན་མཁྱེན་བདེ་སྟེར་དེ་ཉིད་གཅིག་པུ་རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཆེན་མོ་སྟེ། ཞེས་གསུངས་ཏེ་གོ་སླའོ། །གཉིས་པ་སྟོན་པ་ལ། དེ་བོར་སངས་རྒྱས་ཉིད་སླད་ནོར་ལ་ཆགས་ཤིང་ འཁྱོག་པའི་སྙིང་ལྡན་བཏགས་མ་དག་གང་གིས་སྟེན་བྱེད་རྣམ་བརྟགས་བློ་ཅན་དེ་ཡིས་དེ་ཡང་འཕོ་བ་ཐོབ་པར་བྱེད། །འདོད་ཆགས་ཉམས་ལས་སྡིག་སྟེ་གང་ཕྱིར་ཤིན་ཏུ་སྡུག་མ་ལས་ནི་ཞེ་སྡང་སྐྱེ། །སྡང་ལས་གཏི་མུག་ འདི་ལས་རང་གི་རྡོ་རྗེ་ལྟུང་ལས་སེམས་ནི་རྟག་རྨོངས་ཏེ། །མཆོག་མིན་མ་ལུས་བཟའ་དང་བཏུང་བ་ལ་སོགས་ཡུལ་གཞན་དག་ལ་རབ་ཏུ་འཇུག་དེ་ཡིས་སེམས་ལ་ཅོ་དྲིས་བདེ་བ་ཉམས་ཤིང་སྐྱེ་བ་དྲུག་ཏུ་འཁོར་བར་འགྱུར་ [040A]༄༅། །ཞེས་པ་འདི་བྱུང། འདིའི་དོན་ནི། ལམ་འདིར་ཕྱག་རྒྱ་ཆེན་མོ་ལས་མི་འགྱུར་བའི་བདེ་བ་བསྒྲུབ་པའི་ལམ་དེ་བོར་ནས་ནོར་ལ་ཆགས་ཤིང་འཁྱོག་པོའི་སྙིང་ལྡན་ལས་ཀྱི་ཕྱག་རྒྱ་དང་ཡིད་ཀྱིས་བཏགས་པ་ ཙམ་གྱི་ཤེས་རབ་མ་ཡེ་ཤེས་ཀྱི་ཕྱག་རྒྱ་ངག་ཁོ་ན་སངས་རྒྱས་ཉིད་ཀྱི་སླད་དུ་སྒྲུབ་པ་པོ་གང་གིས་བསྟེན་པར་བྱེད་པ་དེ་ནི་མཆོག་མི་འགྱུར་གྱི་བདེ་བ་མི་འགྲུབ་སྟེ། རྣམ་པར་བརྟགས་པའི་བློ་ཅན་ཡེ་ཤེས་དང་ལས་རྒྱ་དེ་ ཡིས་བསྒྲུབ་པ་དེ་གཉིས་ཀྱི་ཁམས་འཕོ་བ་ཐོབ་པར་བྱེད་པའི་ཕྱིར། དེ་ཙམ་དུ་མ་ཟད་བླ་མེད་ཀྱི་སྒྲུབ་པ་པོས་ཁམས་ཕྱིར་འཛག་པའི་བདེ་བ་ལ་ཆགས་པ་ལས་ཆོས་ཅན། སྡིག་པར་འགྱུར་ཏེ། རྒྱུ་མཚན་གང་དག་གིས་ཕྱིར་ ན། འདིས་ནི་ཚད་མེད་བཞི་ཟད་པར་བྱེད་པའི་ཕྱིར། འཛག་པའི་སྒོ་ནས་འདོད་ཆགས་ཀྱི་གདུང་བ་ཉམས་པར་བྱས་པ་ལས་སྙིང་རྗེ་ཟད་པར་བྱེད་པ་དང། ཤིན་ཏུ་སྡུག་མ་སྟེ་སྲེད་པ་དང་ལྡན་པའི་ཕྱག་རྒྱ་དེ་ལས་ནི་ཞེ་སྡང་སྐྱེ་ བས་བྱམས་པ་དང། ལྡང་བ་ལས་གཏི་མུག་སྐྱེ་བས་བདེ་ཆེན་དང་མི་འབྲལ་བའི་དགའ་བ་ཟད་པར་བྱེད་ལ། གཏི་མུག་འདི་ལས་རང་གི་རྡོ་རྗེའི་བྱང་སེམས་པདྨར་ལྷུང་བ་ལས་སེམས་ནི་རྟག་ཏུ་རྨོངས་ཏེ་བཏང་སྙོམས་ཟད་ པར་འགྱུར་བའི་ཕྱིར། འདིར་བསྟན་ཚངས་གནས་བཞིན་བདེ་ཆེན་གཅིག་པུ་ལ་ལྡོག་པས་ཕྱེ་བ་སྟེ། སངས་རྒྱས་ཐོད་པའི་རྒྱུད་དུའང་འདི་ལྟར་བཤད་དོ། །གཞན་ཡང་རྡོ་རྗེའི་ཚིག་གི་དགོངས་དོན་མི་ཤེས་པར་འཛག་བདེ་ [040B] བདེ་བ་ཉམས་ཤིང་ལས་དབང་གིས་སྐྱེ་བ་དྲུག་ཏུ་འཁོར་བར་འགྱུར་ཏེ། སྟོན་པས་བཀག་པའི་མཆོག་མིན་པའི་བཟའ་བ་དང་བཏུང་བ་ལ་སོགས་པ་བསྟེན་ཅིང་ འདོད་པའི་ཡུལ་གཞན་དག་ལ་འཛེམ་མེད་དུ་རབ་ཏུ་འཇུག་པ་དེ་ཡིས་རང་གི་སེམས་ལ་ཅོ་དྲིས་པ་སྟེ་ཡང་དང་ཡང་དུ་འཆེ་བར་སེམས་པ་ཡིན་པའི་ཕྱིར། །གསུམ་པ་སྟོན་པ་ལ། ཀུན་མཁྱེན་ལམ་དོན་གཉེར་བ་རྣམས་ལ་སྒྲ་དང་སྒྲ་ མིན་རྣམ་དབྱད་ཆེན་པོ་མེད། །སྣ་ཚོགས་ཡུལ་སྐད་ངན་པ་ཡིས་ཀྱང་ཆེན་པོ་རྣམས་ཀྱི་ལམ་ལ་རྟག་ཏུ་འཇུག་སེམས་ཅན་རྣམས་ཀྱི་མོས་པའི་སེམས་ཀྱི་དབང་གིས་ཐམས་ཅད་མཁྱེན་པའི་གསུང་གཞན་ལ། །ལུང་སྟོན་ དག་ལ་ལྷ་ཀླུས་བཀོད་པའི་སྒྲ་སོགས་རྩོད་པ་དོན་གཉེར་རྣམས་ཀྱི་གཞན། ཞེས་པ་འདི་བྱུང། འདི་ལ་མཁས་པ་དག་རྟོན་པ་བཞིའི་བཤད་པ་བྱེད་ཀྱང་དེ་ནི་མི་རིགས་ཏེ། དེ་ལྟར་འཆད་པའི་ལྡོག་པ་ཅི་ཡང་མེད་པའི་ཕྱིར་ དེས་ན་འདི་ན་སྒྲ་ཉམས་དང་ཟུར་ཆག་གི་སྒྲས་ལྷན་སྐྱེས་ཀྱི་དོན་ཟབ་མོ་སྟོན་པ་མི་སྲིད་ལ། དེ་སྟོན་པ་ལ་ལེགས་སྦྱར་གྱི་སྐད་དགོས་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་ཀྱི་ལན་བྱས་ཏེ་སྐད་བཟང་པོ་ཁོ་ན་ལ་ཞེན་པ་འགོག་པ་ ཡིན་ཏེ། འདི་ལྟར། ཀུན་མཁྱེན་གྱི་ལམ་གཙོ་བོར་དོན་དུ་གཉེར་བ་རྣམས་ལ་ལེགས་སྦྱར་གྱི་སྒྲ་རང་སྒྲ་མིན་ཏེ་སྒྲ་ཉམས་པ་གང་གི་བརྗོད་བྱ་ཡིན་རྣམ་པར་དཔྱད་པ་ལ་དགོས་པ་ཆེན་པོ་མེད་དེ། སྣ་ཚོགས་པའི་ཡུལ་སྐད་ [041A]༄༅། །ངན་པ་བོད་སྐད་ལ་སོགས་པ་ཡིས་ཀྱང་ཕྱག་རྒྱ་ཆེན་མོ་ལ་རྟག་ཏུ་འཇུག་ནུས་པའི་ཕྱིར། ཐམས་ཅད་མཁྱེན་པའི་གསུང་ནི་སེམས་ཅན་རྣམས་ཀྱི་མོས་པའི་སེམས་ཀྱི་དབང་གིས་རང་རང་གི་སྐད་དང་མཐུན་ པར་ཟབ་མོའི་ཆོས་སྟོན་པས་གཞན་ལས་མཆོག་ཏུ་གྱུར་ལ། ལུང་སྟོན་ངག་ལ་ཞེས་པ་དཔང་ལོས། བརྡ་སྤྲོད་པ་དག་ལ་ཞེས་བསྒྱུར་བ་ལེགས་སོ། །ལྷ་གྲགས་པ་ལྷས་བཀོད་པའི་ཨིནྡྲ་བྱ་ཀ་ར་ཎ་ལྟ་བུའམ། ཀླུས་ བཀོད་པ་མཧཱ་བྷ་ཥ་ལྟ་བུའི་སྒྲ་དང། སོགས་ཀྱིས་བསྡུས་པ་རྣམ་དབྱེ་དང། ཚིག་དང་ཡི་གེ་ལ་སོགས་པའི་ཉི་ཚེ་བ་ལ་ལྷག་པར་ཞེན་པ་ནི་རྩོད་པ་དོན་གཉེར་རྣམས་ཀྱི་ལུགས་གཞན་ཡིན་པའི་ཕྱིར། འོ་ན་སྐད་ངན་པ་ལས་ ཟབ་མོ་རྟོགས་ཚུལ་གང་ཞེ་ན། དེ་སྟོན་པ་ལ། ཡུལ་གྱི་སྐད་དང་ཟུར་ཆག་སྒྲ་ལས་ཀྱང། །རྣལ་འབྱོར་ལྡན་པས་དོན་ནི་འཛིན་བྱེད་དེ། །ཆུ་ལ་འོ་མ་ངེས་པར་ཞུགས་པ་དེ། །དད་པས་རབ་ཏུ་ཕྱུང་ནས་འཐུང་བར་བྱེད། །དོན་དམ་ དེ་ཉིད་ཡུལ་ལ་རྟག་ཏུ་ནི། །ཆེན་པོ་རྣམ་དག་ཚིག་ལ་རྟོན་པ་མིན། །ཡུལ་གྱི་མིང་རྣམས་ཀྱིས་ནི་དོན་ཤེས་ལ། །བསྟན་བཅོས་སྒྲ་དག་གིས་ནི་ཅི་ཞིག་བྱ། །གང་ཞིག་ཟུར་ཆག་སྒྲ་དང་སྒྲར་གྱུར་པས། །བརྗོད་པ་དེ་ཉིད་ཡེ་ཤེས་ མ་ཡིན་ཞིང། །གང་ཞིག་འགྲོ་བ་དག་ལ་ཉི་ཚེ་བ། །དེ་ནི་ཐམས་ཅད་མཁྱེན་པའི་གསུང་མ་ཡིན། ཞེས་པ་འདི་བྱུང། འདིའི་དོན་ནི། རྣལ་འབྱོར་ལྡན་པས་ནི་ཆོས་ཅན། ཁྱོད་ཀྱིས་སྒྲ་བཟང་པོར་མ་ཟད་ཡུལ་གྱི་སྐད་ཐ་མལ་པ་ [041B] དཔེར་ན་ཆུ་ལ་འོ་མ་འདྲེས་ནས་ངེས་པར་ཞུགས་པ་དེ་ལ་ངང་པས་ཆུ་བཞག་སྟེ་འོ་མ་རབ་ཏུ་ཕྱུང་ནས་འཐུང་བར་ བྱེད་པ་བཞིན་ཡིན་པའི་ཕྱིར་ཏེ། དོན་དམ་མི་འགྱུར་བའི་ཡེ་ཤེས་དེ་ཉིད་ཀྱིས་ཡུལ་ལ་སྤྱོད་པ་ན་རྟག་ཏུ་ནི་སྟེ་དུས་ནམ་ཡང་ཕྱག་རྒྱ་ཆེན་པོ་དོན་གཉེར་གྱི་སྐྱེས་བུ་ཆེན་པོ་བརྗོད་བྱ་རྣམ་དག་བརྗོད་པའི་ཚིག་བཟང་པོ་ལེགས་སྦྱར་ ཁོ་ན་ལ་རྟོན་པའི་ཆེད་ཆེར་འཛིན་རིགས་པ་མ་ཡིན་པའི་ཕྱིར་ཏེ། རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། ཀར་ཎཱ་ཌ་བའི་ཀ་ར་ཎའི་སྒྲས། །རྡོ་དང་རྐང་པ་བརྗོད་པར་བྱས། །ལ་ལར་འོན་པ་རབ་བརྗོད་དེ། །དེ་བཞིན་རྒྱུད་ རྣམས་བསྟན་པའོ། ཞེས་གསུངས་པ་ལྟར། ཡུལ་གྱི་མིང་རྣམས་ཀྱི་དོན་དེ་ཤེས་པར་བྱེད་ནུས་པ་ལ་ངེས་པར་བསྟན་བཅོས་ལ་གྲགས་པའི་ལེགས་སྦྱར་གྱི་སྒྲ་དག་གིས་ནི་ཅི་ཞིག་བྱ་སྟེ་དགོས་པ་མེད་པའི་ཕྱིར་བྱས་པ་ལ། ཁོ་ན་ རེ༑ ཚིག་བཟང་པོ་ཁོ་ན་ལ་ཞེན་རིགས་པར་ཐལ། དོན་གང་ཞིག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་ཡིན་ཞིང། ངན་པ་བརྗོད་བྱར་བྱེད་པ་ཟུར་ཆག་གི་སྒྲ་དང། དོན་བཟང་པོ་ལྷན་སྐྱེས་ཀྱི་ཡེ་ཤེས་ལྟ་བུ་བརྗོད་པ་དེ་ཉིད་ལེགས་སྦྱར་གྱི་ སྒྲར་གྱུར་པས་ཡིན་པའི་ཕྱིར་ཞེ་ན། འོ་ན་སངས་རྒྱས་འཕགས་པའི་གསུང་ནི་ལེགས་སྦྱར་གྱི་སྐད་ཁོ་ནར་ངེས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པའི་གསུང་དེ་ཆོས་ཅན། ཐམས་ཅད་མཁྱེན་ [042A]༄༅། །པའི་གསུང་མ་ཡིན་པར་ཐལ། གདུལ་བྱའི་རང་རང་གི་སྐད་དུ་ཆོས་མི་སྟོན་པ་གང་ཞིག་འགྲོ་བ་བྱེ་བྲག་བདག་ལ་རིས་སུ་ཆད་པའི་ཉི་ཚེ་བ་ལེགས་སྦྱར་གྱི་སྐད་དུ་ངེས་པའི་ཕྱིར། བུ་སྟོན་རིན་པོ་ཆེས་ ཟུར་ཆག་དང་ལེགས་སྦྱར་གྱི་སྒྲར་གྱུར་པས་བརྗོད་པ་དེ་དག་ལས་སྒྲ་ཉམས་པའི་བརྗོད་དོན་ཉིད་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མ་ཡིན། ཞེས་འཆད་པ་མི་འཐད་དེ། ཕྱོགས་སྔ་མའི་ལུགས་ཁས་བླངས་པར་སོང་བའི་ཕྱིར་ གཞན་དག་ཟུར་ཆག་དང་ལེགས་སྦྱར་གང་གིས་བརྗོད་ཀྱང་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མ་ཡིན་ཏེ། ཡེ་ཤེས་ཐ་སྙད་ལས་འདས་ཤིང་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་ཟེར་བ་མི་འཐད་དེ། ཡེ་ཤེས་ཐ་སྙད་ལས་ འདས་ན་དེ་གཞི་མ་གྲུབ་དགོས་པའི་ཕྱིར་སྤྲོས་པས་ཆོག་གོ་བཞི་པ་ཆེན་པོ་རྣམས་ཀྱིས་སྒྲ་ཕལ་པ་ལས་ཀྱང་རྟོགས་པར་བྱ་བའི་ཕྱག་རྒྱ་ཆེན་མོའི་ལམ་རྒྱས་པར་བཤད་པ་འཕྲོས་དང་བཅས་པ་སྟོན་པ་ལ། མཆོག་ཏུ་ མི་འགྱུར་བཞི་པ་དེ་ཉིད་ནི། །སངས་རྒྱས་རྣམས་ཀྱི་ཤེས་རབ་ཡེ་ཤེས་ཏེ། །གང་ཞིག་དེ་ནི་སླར་ཡང་དེ་བཞིན་འདི། །རང་གི་ཕྱག་རྒྱ་ཆེན་མོར་རྒྱལ་བས་གསུངས། ཞེས་སོགས་བྱུང། འདིའི་དོན་ནི། འོ་ན་ཡུལ་སྐད་ངན་པ་ ལ་བརྟེན་ནས་ཀྱང་རྟོགས་བྱར་གསུངས་པའི་ཕྱག་རྒྱ་ཆེན་མོར་གང་ཞེ་ན། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དོན་གྱི་དབང་བཞི་པ་དེ་ཉིད་ནི་སངས་རྒྱས་རྣམས་ཀྱི་ཤེས་རབ་མ་པྲ་ཕབ་པའི་རང་བཞིན་ཅན་གྱི་གཟུགས་ [042B] གང་ཞིག་དབང་བཞི་པ་དེ་ནི་རྒྱུད་གཞན་དུ་སླར་ཡང་དེ་བཞིན་འདི་སྟེ། བཞི་པ་དེ་ཡང་དེ་བཞིན་ནོ། ཞེས་སྦས་པས་བསྟན་ལ། རྒྱུད་འདིར་བཤད་མ་ཐག་པ་དེ་རང་གི་ཕྱག་རྒྱ་ཆེན་མོར་ཆེས་ གསལ་བར་རྒྱལ་བས་གསུངས་པ་ཡིན་པའི་ཕྱིར། ཁ་ཅིག་དབང་གསུམ་པ་ཐར་ལམ་མིན་པར་སྨྲ་བ་མི་འཐད་དེ། དེ་ལྟར་ན་སྦྱོར་དྲུག་གི་འང་ཡན་ལག་དང་པོ་ལྔ་ཐར་ལམ་མིན་པར་འགྱུར་བའི་ཕྱིར་རོ། །འོ་ན་འཛག་བདེས་ ལྷན་སྐྱེས་ཁྱད་པར་ཅན་སྐྱེད་མི་ནུས་སམ་ཞེ་ན། དེའི་ལན་སྟོན་པ་ལ། ཤེས་རབ་འགྲོགས་ལ་གང་གི་དཀར་པོ་ཟགས། །དེ་ཡི་བདེ་བ་ཅི་ཡིས་འཕེལ་བར་འགྱུར། །དཔྱིད་དང་འགྲོགས་ལ་མེ་ཏོག་མ་རྒྱས་པ། །ལྟུང་བ་ཙུ་ཏའི་ འབྲས་བུ་ཅི་ཡིས་འབྱུང། ཞེས་པ་འདི་བྱུང། དོན་ནི་ཤེས་རབ་མ་བུད་མེད་དང་འགྲོགས་པ་ལས་གང་གི་ཁམས་དཀར་པོ་ཕྱིར་ཟགས་པ་དེ་ཡི་ལྷན་སྐྱེས་ཀྱི་བདེ་བ་ཅི་ཡིས་འཕེལ་བར་འགྱུར་ཏེ་མི་འགྱུར་བར་ཐལ། ལྷན་སྐྱེས་ ཀྱི་རྟེན་ཉམས་པའི་ཕྱིར་ཏེ། དཔེར་ན་དཔྱིད་དུས་དང་འགྲོགས་པ་ལ་མེ་ཏོག་མ་རྒྱས་པ་ལ་འབུས་ཙམ་ནས་ལྟུང་བ་ཤིང་ཙུ་ཏའི་འབྲས་བུ་ནི་ཅི་ཡིས་འབྱུང་སྟེ་མི་འབྱུང་བ་བཞིན་ཡིན་པའི་ཕྱིར། འོ་ན་སྐྱེ་བོ་ཐམས་ཅད་འཛག་བདེ་ འཚོལ་བ་ཅི་ཡིན་ཞེ་ན། དེའི་ལན་སྟོན་པ་ལ་གང་གིས་འགྱུར་མེད་མ་ཐོབ་སྡུག་བསྔལ་ཅན། །དེ་ནི་འགྱུར་བ་དང་བཅས་བདེ་བ་འཚོལ། །ཐམས་ཅད་དུ་ནི་འཚོལ་བྱེད་ཙུ་ཏ་ཀ། སྐོམ་པར་གྱུར་ཀྱང་ས་ལ་གནས་པ་མིན། ཞེས་ [043A]༄༅། །པ་འདི་བྱུང། འདིའི་དོན་ནི། སྐྱེ་བོ་གང་གིས་བདེ་བ་འདོད་ཀྱང་འགྱུར་མེད་མ་ཐོབ་པ་དེ་ནི་ཆོས་ཅན། འགྱུར་བ་དང་བཅས་པའི་བདེ་བ་འཚོལ་ཞིང་དེ་ལས་སྡུག་བསྔལ་བ་ཅན་དུ་འགྱུར་ཏེ། དཔེར་ན་བྱ་ གཞན་རྣམས་སྐོམ་པའི་ཚེ་ས་ལ་འབབ་པའི་ཆུ་ནི་འཚོལ་བར་བྱེད་ཅིང། དེ་ཡང་བ་ཚྭ་དང་བཅས་པས་སླར་སྐོམ་པ་འཕེལ་བར་འགྱུར་ལ། བྱ་ཙཱ་ཏ་ཀ་སྐོམ་པར་གྱུར་ཀྱང་ས་ལ་གནས་པའི་ཆུ་འཐུང་བ་མ་ཡིན་པ་བཞིན་ ཡིན་པའི་ཕྱིར། འོ་ན་སྡུག་བསྔལ་སྐྱེད་པ་དེ་བདེ་བའི་དོན་དུ་འཚོལ་མི་རིགས་སོ་ཞེ་ན། དེའི་ལན་སྟོན་པ་ལ། འཁོར་བ་ཡི་ནི་བདེ་བ་མི་རྟག་པ། །ཐོབ་པ་མིན་ཡང་རྨོངས་ཆེན་འཚོལ་བར་བྱེད། །ཡང་དག་རྒྱལ་སྲིད་བདེ་བ་ཐོབ་པ་ ཡང༑ ༑ཐར་པའི་དོན་དུ་མཁས་པས་འདོར་བར་བྱེད། ཅེས་པ་འདི་བྱུང། དོན་ནི། བྱིས་པ་རྣམས་ཆོས་ཅན། འཁོར་བ་ཡི་ནི་བདེ་བ་མི་རྟག་པ་དེ་དག་ཀྱང་ཇི་ལྟར་བཙལ་བ་ལྟར་ཐོབ་པ་མིན་ཡང་འབད་ནས་འཚོལ་བར་ བྱེད་ཅིང་དེ་ལས་སྡུག་བསྔལ་བར་འགྱུར་ཏེ། རྨོངས་པ་ཆེན་པོའི་གཞན་དབང་དུ་སོང་བ་ཡིན་པའི་ཕྱིར། ཁྱབ་སྟེ། མཁས་པས་ནི། ཡང་དག་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་ཐོབ་པ་ཡང་ཐར་པ་ཐོབ་པའི་དོན་དུ་ མཆིལ་སྣངས་སྟར་འདོར་བར་བྱེད་པ་ཡིན་པའི་ཕྱིར། བུ་སྟོན་རིན་པོ་ཆེ་སོགས། མི་འགྱུར་བའི་བདེ་བ་ཐོབ་པ་ཡང་མཁས་པ་བདེན་པ་མཐོང་བས་ཐར་པའི་དོན་དུ་འདོར་བར་བྱེད་ཅེས་ངེས་དོན་གྱིས་བཤད་པ་མི་འཐད་དེ། ལུགས་ [043B] འོ་ན་མི་འགྱུར་བའི་བདེ་བ་དེ་དཀའ་ཐུབ་པའི་ཚངས་སྤྱོད་ཀྱི་བདེ་བ་དང་མཚུངས་སམ་ཞེ་ན། མི་མཚུངས་ ཞེས་སྟོན་པ་ལ། ཇི་ལྟར་ལོ་ཡི་མཚམས་སུ་བརྒྱ་ལམ་ན། །རི་དྭགས་ཟས་ཅན་འཁྲིག་པའི་བདེ་བ་འཚོལ། །རྡོ་ཡི་ཕྱི་མ་དག་གི་ཁ་ཟས་ཅན། །ཕུག་རོན་རྣམས་ནི་རྟག་ཏུ་བྱེད་པ་སྟེ། །ལན་ཅིག་རྟག་ཏུ་ཁུ་བ་ལྷུང་བའི་ཕྱིར། ། གཉིས་ཀ་ལ་ཡང་མཆོག་གི་བདེ་བ་མེད། །དེ་བཞིན་དཀའ་ཐུབ་ཅན་དང་འདོད་ལྡན་ལ། །རྨི་ལམ་སད་པ་དག་ལས་འཛག་ཕྱིར་རོ། ཞེས་པ་འདི་བྱུང། དོན་ནི། ཇི་ལྟར་སེང་གེ་རི་དྭགས་བཟང་པོའི་ཟས་ཅན་ལོ་མཚམས་སུ་ འཁྲིག་པའི་བདེ་བ་ལན་རེ་འཚོལ་བ་དང། རྡོ་ཡི་ཕྱེ་མ་དག་གི་ཁ་ཟས་ཅན་ཕུག་རོན་རྣམས་ནི་དུས་རྟག་ཏུ་འཁྲིག་པ་བྱེད་པ་གཉིས་ཀ་ལ་ཡང་མཆོག་གི་བདེ་བ་མེད་པ་དེ་བཞིན་དུ། བཀའ་ཐུབ་ཅན་རྨི་ལམ་དུ་ལན་ཅིག་ཁུ་བ་ འཛག་ཅིང་འཆིང་མི་ནུས་པ་དང། ཁྱིམ་པ་སད་པའི་དུས་དག་ལས་རྟག་ཏུ་འཛག་པ་གཉིས་ཀ་ཡང་མཆོག་མི་འགྱུར་གྱི་བདེ་བ་མེད་པར་མཚུངས་ཏེ། ཁུ་བ་འཆིང་མི་ནུས་པར་ལྷུང་བ་འདྲ་བའི་ཕྱིར་རོ། །དེས་ནི་ཁུ་བ་འཛག་ ན་ཐར་པ་ཙམ་ཡང་མི་ཐོབ་པར་སྟོན་པ་མིན་པས། བླ་མ་རྗེ་བཙུན་ཆེན་པོས། དཀའ་ཐུབ་པ་དང་འདོད་ལྡན་གཉིས་ཀ་ཡང། །བྱང་སེམས་འཛག་པར་མཚུངས་ཕྱིར་ཐར་མེད་ལོ། །དགེ་སློང་འཆར་ཀས་ཁུ་བ་འབྱིན་པ་ཡི། ། [044A]༄༅། །དགེ་འདུན་ལྷག་མའི་ལྟུང་བ་ཡང་ཡང་སྤྱད། །དེ་ལྟ་ན་ཡང་ཉོན་མོངས་ཀུན་བཅོམ་སྟེ། །དགྲ་བཅོམ་ཐོབ་པར་འདུལ་བ་ལུང་ལས་གསུངས། ཞེས་པའང་གཞན་གྱི་བློ་ཚོད་ཉུལ་ཕྱིར་ཡིན་པར་ཁུམས་ སོ༑ ༑འོ་ན་དཀའ་ཐུབ་པས་བསམས་བཞིན་དུ་ཁུ་བ་ཕྱུང་བ་དང་རྨི་ལམ་དུ་ཕྱུང་བ་གཉིས་ལྟུང་བ་སྐྱེད་མི་སྐྱེད་ཀྱི་ཁྱད་པར་ཡོད་པ་ལྟར། འདིར་ཡང་མཆོག་གི་བདེ་བའི་གེགས་བྱེད་མི་བྱེད་ཀྱི་ཁྱད་པར་ཡོད་དམ་མེད་ཅེ་ན་ དེའི་ལན་སྟོན་པ་ལ། ཇི་ལྟར་གཉིད་ལོག་ལ་ཡང་སྦྲུལ་གྱིས་ནི། །སོ་བཏབ་མི་འཚོ་དེ་བཞིན་དཀའ་ཐུབ་པ། །ཁུ་བ་སྡུད་པ་མེད་ཕྱིར་སྟོབས་མེད་མའི། །སྐྱེ་གནས་དེ་ཡིས་ཉམས་པར་བྱས་པའོ། ཞེས་པ་འདི་བྱུང། དོན་ ནི༑ བཀའ་ཐུབ་པ་རྨི་ལམ་དུ་འཛག་པས་ཀྱང་མཆོག་གི་བདེ་བའི་གེགས་བྱེད་པ་ལ་སད་དུས་སུ་ཕྱུང་བ་དང་འདྲ་སྟེ། ཇི་ལྟར་སད་པར་མ་ཟད་གཉིད་ལོག་པ་ལ་སྦྲུལ་གྱིས་ནི་སོ་བཏབ་པ་གཉིས་ཀ་ལ་སྲོག་མི་འཚོ་ བར་འདྲ་བ་དེ་བཞིན་དུ་དཀའ་ཐུབ་པ་རྨི་ལམ་དུ་འཛག་པ་ཡང། ཕྱག་རྒྱའི་རང་སྟོབས་ཀྱིས་ཁུ་བ་འཆིང་བའི་སྟོབས་མེད་མ་བུད་མེད་ཀྱི་སྐྱེ་གནས་དང་སྦྱར་བ་དེ་ཡིས་ཁུ་བ་ཉམས་པར་བྱས་པ་དང་མཆོག་མི་འགྱུར་ གྱི་བདེ་བའི་གེགས་སུ་འདྲ་བའི་ཕྱིར་ཏེ། རྨི་ལམ་དུ་འཛག་པ་དེ་ལའང་རྣལ་འབྱོར་གྱི་སྟོབས་ཀྱིས་ཁུ་བ་སྡུད་ཅིང་འཆིང་བའི་ནུས་པ་མེད་པའི་ཕྱིར། འོ་ན་ཕྱག་རྒྱ་ལས་སྐྱེས་པའི་བདེ་བ་མཆོག་གི་ལམ་ཡིན་ན་དེས་དྲི་ [044B] བདེ་བ་དེ་ཉིད་ཀྱིས་སླར་འཆིང་བ་མ་ཡིན་ནམ་ཞེ་ན། དེའི་ལན་སྟོན་པ་ལ། ཇི་ལྟར་རྡོ་དྲེག་སྐུད་པའི་གོས་དག་ནི། །མེ་ཡི་བསྲེགས་པ་ཉིད་ཀྱིས་དག་འགྱུར་བ། །དེ་བཞིན་སྐྱེས་བུ་རྣམས་ཀྱི་ དམ་པ་ཡི། །སེམས་ནི་ཤེས་རབ་ཡེ་ཤེས་མཆོག་གིས་སོ། ཞེས་པ་འདི་བྱུང། དོན་ནི། སྐྱེས་བུ་རྣམས་ཀྱི་དམ་པའི་སེམས་ནི་ཤེས་རབ་མ་དང་སྙོམས་པར་ཞུགས་པའི་ཆགས་པ་ཆེན་པོའི་ཡེ་ཤེས་ཀྱི་མེ་དག་གིས་དྲི་ མ་མེད་པར་བྱེད་པ་ཡིན་ཏེ། ཇི་ལྟར་སྟེ་དཔེར་ན་རྡོ་དྲེག་སྐུད་པའི་གོས་དག་ནི་མེ་ཡིས་བསྲེགས་པ་ཉིད་ཀྱིས་གོས་མི་འཚིག་ཅིང་དྲི་མ་དག་པར་འགྱུར་བ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཕྱག་རྒྱའི་པདྨ་དང་རྡོ་རྗེ་སྦྱར་ བས་མི་འགྱུར་བའི་བདེ་བ་སྐྱེད་པ་མི་འཐད་པར་ཐལ། དེ་ལས་ཁམས་གཡོ་བར་འགྱུར་བའི་ཕྱིར་ཞེ་ན། དེའི་ལན་སྟོན་པ་ལ་ཇི་ལྟར་དངུལ་ཆུ་མེ་ཡིས་རེག་པ་ལས། །འབྲོས་པར་བྱེད་ཀྱི་གཡོ་བ་མེད་མི་འགྱུར། །དེ་བཞིན་ཐབས་ དང་བྲལ་བའི་ཁུ་བ་ནི། །རྟག་ཏུ་སྐྱེ་གནས་རེག་པ་དག་ལས་སོ། ཞེས་གསུངས། དོན་ནི་ཐབས་ཟབ་མོ་དང་བྲལ་བའི་ཁུ་བ་ནི་བུད་མེད་ཀྱི་སྐྱེ་གནས་ལ་རེག་པ་དག་ལས་དེའི་དུས་རྟག་ཏུ་འཛག་པར་འགྱུར་ཏེ། ཇི་ལྟར་དངུལ་ ཆུ་ནི་མེ་ཡིས་རེག་པ་ལས་ཐབས་དང་བྲལ་ན་འབྲོས་པར་བྱེད་ཀྱི་གཡོ་བ་མེད་པར་མི་འགྱུར་བ་བཞིན་ཡིན་པའི་ཕྱིར། །འོ་ན་ཐབས་ཟབ་མོས་ཟིན་ན་མི་འཛག་གམ་ཞེ་ན། དེའི་ལན་སྟོན་པ་ལ། ཇི་ལྟར་གཡོ་བ་དེ་ཡང་སྨན་སོགས་ [045A]༄༅། །ཀྱི༑ ༑སྟོབས་ཀྱིས་མེ་དང་ཕྲད་པས་ཡང་དག་འཆིང། །དེ་བཞིན་ཁུ་བ་ཤིན་ཏུ་རྣལ་འབྱོར་གྱིས། །ཤེས་རབ་དག་དང་ཡང་དག་ཕྲད་པས་སོ། ཞེས་གསུངས། དོན་ནི། ཐབས་ཟབ་མོས་ཟིན་ན་མི་གཡོ་ སྟེ༑ ཇི་ལྟར་དངུལ་ཆུ་མེ་དང་ཕྲད་ན་གཡོ་བ་དེ་ཡང་སྨན་ཁྱད་པར་ཅན་ཟངས་ཀྱི་འདབ་མ་ལ་བྱུགས་ཏེ་མེར་བཅུག་ཙམ་གྱིས་གསེར་དུ་བྱེད་པའི་རྫས་དང། སོགས་པས་བསྡུས་པ་མ་ཀྵི་ཀ་ལ་སོགས་པའི་རོ་དང། ཀ་ཀྵི་ དང་ཀཱ་སི་ལ་སོགས་པའི་ཉེ་བའི་རོ་དང། ཤྲཱི་ག་ལ་སོགས་པའི་དུག་རྣམས་དང་ཛཾ་བྷ་ལ་སོགས་ཀྱི་བསམ་གཏན་དང་སྔགས་ཀྱི་སྟོབས་ཀྱིས་དངུལ་ཆུའི་གནས་སྐབས་ལྔ་པོ། དུ་བ་འབྱུང་བ་དང། ཙེག་ཙེག་ཟེར་བ་དང་ སྦལ་པ་ལྟར་མཆོང་བ་དང། འདར་ཞིང་གཡོ་བ་དང། ཅུང་ཟད་ཀྱང་མི་གཡོ་བ་དང་ལྔ་ལས། སྔགས་སྨན་སོགས་ཀྱིས་ཟིན་པའི་དངུལ་ཆུ་དེ་མེ་དང་ཕྲད་པས་དུ་བ་སོགས་བཞི་པོ་སྤངས་ནས། ལྔ་པ་ཅུང་ཟད་ཀྱང་མི་གཡོ་ བར་ཡང་དག་པར་འཆིང་ལ། དེས་ལྕགས་དང་ཟངས་ལ་སོགས་པའི་ཁམས་ཟོས་ནས་གསེར་དུ་འགྱུར་བ་དེ་བཞིན་དུ་སྐྱེ་གནས་ལ་རེག་པས་གཡོ་བར་འགྱུར་བའི་ཁུ་བ་ཡང་གཟུགས་བསྒྲུབ་དང་སྲོག་བསྒྲུབ་ཀྱི་ཤིན་ ཏུ་རྣལ་འབྱོར་གྱི་ཐབས་མཁས་ཀྱིས་ཟིན་པ་ན་བྱང་སེམས་འཛག་པ་དང། དལ་བར་འཛག་པ་དང། གཡོ་བ་དང། དལ་བར་གཡོ་བ་དང། ཅུང་ཟད་ཀྱང་མི་གཡོ་ཞིང་དྲི་མ་མེད་པའི་མཆོག་སྟེ་གནས་སྐབས་ལྔ་ལས་ [045B]དེ་ལྟར་བཅིངས་པའི་ཁུ་བས་ལུས་ ཀྱི་བེམ་པོའི་ཁམས་ཟ་བར་བྱེད་ཅིང། སེམས་མི་འགྱུར་བའི་བདེ་བའི་ངོ་བོར་བསྒྱུར་བར་བྱེད་པ་ཡིན་པའི་ཕྱིར་ཏེ། རྡོ་རྗེ་སྙིང་འགྲེལ་ལས། དུ་བ་དང་ནི་ཙེག་ཙེག་དང། །སྦལ་པ་བཞིན་དུ་མཆོང་བ་དང། །གཡོ་བ་དང་ནི་མི་ གཡོ་བ། །བཅུད་ཀྱི་གནས་སྐབས་ལྔ་པའོ། །འཛག་དང་དེ་ནས་དལ་བར་འཛག་གཡོ་དང་དལ་གཡོ་དྲི་མེད་མཆོག་བསམ་གཏན་པ་ཡི་བྱང་ཆུབ་སེམས། །གནས་སྐབས་རྣམ་པ་ལྔར་འགྱུར་རོ། ཞེས་གསུངས་ པའི་ཕྱིར། འོ་ན་ཕྱག་རྒྱ་ཆེན་མོ་དེ་ཐབས་གང་གིས་ཐོབ་པར་འགྱུར་ཞེ་ན། དེའི་ལན་སྟོན་པ་ལ། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང། །གཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབས་ཤིང་གཙུབས་སྟན་ལག་ པས་བསྲུབས་པ་ལས། །དེ་ལ་གནས་པ་དག་ཀྱང་མཐོང་འགྱུར་བ། །དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། །སྐོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་འདི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་ བས་མཐོང་བར་འགྱུར། ཞེས་པ་འདི་བྱུང། དོན་ནི། ཇི་ལྟར་མེ་ཡི་ཁམས་ནི་ཤིང་ལ་རྟག་ཏུ་གནས་ཀྱང་ཤིང་སྟ་རེས་འཅད་པ་དང། གྲི་ཆུང་དུས་སོ་སོར་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། འོན་ཀྱང་གཙུབས་ཤིང་དང་གཙུབས་ [046A]༄༅། །སྟན་གཉིས་ལག་པས་བསྲུབས་པ་ལས་དེ་ལ་གནས་པའི་མེའི་ཁམས་དག་མཐོང་བར་འགྱུར་བ་དེ་བཞིན་དུ། སེམས་ཀྱི་འོད་གསལ་ཕྱག་རྒྱ་ཆེན་མོ་དེ་ཡང་དཀྱིལ་འཁོར་སོགས་རྟོག་པས་བཏགས་པ་ ཡི་སྒོམ་པའི་ཐབས་རྣམས་དངོས་རྒྱུར་བྱས་པ་དག་གིས་མི་མཐོང་སྟེ། དེ་ལྟར་སྒོམ་པ་དེའི་དངོས་རྒྱུར་མི་རུང་བའི་ཕྱིར། འོན་ཀྱང་འོད་གསལ་སྟོང་པ་ཉིད་ཀྱི་གཟུགས་འདི་མཐོང་བར་འགྱུར་ཞིང། དེ་ཉིད་ཐབས་གང་ལ་ བརྟེན་ནས་མཐོང་བ་ཡང་བཞག་ཏུ་ཡོད་དེ། རྐྱང་མ་དག་དང་ནི་རོ་མ་ལ་རྒྱུ་བའི་རླུང་གཉིས་དབུ་མ་གཅིག་ཉིད་དུ་སྦྱོར་བས་མཐོང་བར་འགྱུར་བ་ཡིན་པའི་ཕྱིར། འོ་ན་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དེ་རྟོག་པའི་སྒོམ་པའི་ ཐབས་ཀྱིས་མི་མཐོང་ཞེས་གསུངས་ན་རྟོག་པའི་སྒོམ་པ་ཇི་ལྟ་བུས་མི་མཐོང་ཞེ་ན། དེའི་ལན་སྟོན་པ་ལ། སྣ་ཚོགས་རྣམ་རྟོག་ལ་སོགས་ལམ་གྱིས་ནི། །དེ་ཉིད་དེ་བཞིན་གཤེགས་པས་གང་གསུངས་པ། །བཅུ་དྲུག་ བཞི་ཡིས་རབ་ཏུ་དབྱེ་བ་ཅན། །ལམ་དང་བྲལ་བས་འཐོབ་པ་མ་ཡིན་ནོ། ཞེས་གསུངས། གཞུང་འདི་དག་དང། ཡེ་ཤེས་ལེའུ་མཆོག་མི་འགྱུར་གྱི་སྐབས་འགའ་ཞིག་གི་དོན་དུ་བསམས་ནས། རྒྱུད་འདིའི་རྡོ་རྗེ་སློབ་ དཔོན་ཆེན་པོ་དུ་མ་མཐུན་པར། ལྷ་ཡི་འཁོར་ལོ་སྒོམ་པའི་སྐྱེད་རིམ་དང། གཅིག་དུ་བྲལ་སོགས་ཀྱི་རྟགས་ལས་བདག་མེད་སྒོམ་པ་དང། མཚན་བཅས་ཀྱི་རྫོགས་རིམ་ཐིག་ལེ་དང་ཡི་གེ་དང་གཏུམ་མོའི་མེ་སྒོམ་ [046B] ཞེས་འདོད་པའི་ལོག་རྟོག་དག་ནི་འདི་གའི་ཐད་ཀྱི་ཊཱིཀ་ཆེན་དུ། ལུང་རིགས་རྡོ་རྗེའི་མེ་ ཆར་སྟོང་གིས་བཅོམ་ཟིན་པའི་ཕྱིར་འདིར་མ་བཀོད་པས་ཤེས་པར་འདོད་ན་དེར་བལྟའོ། །ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། རྟེན་བརྟེན་པ་སྣ་ཚོགས་པའི་རྣམ་རྟོག་ལ་སོགས་པ་སྒོམ་པ་བསྐྱེད་རིམ་པའི་ལམ་གྱིས་ནི་ཕྱག་ རྒྱ་ཆེན་པོའི་དངོས་གྲུབ་དེ་དངོས་སུ་འཐོབ་པ་མ་ཡིན་ནོ་བྱས་པ་ལ། འོ་ན་རྣམ་པ་ཀུན་ཏུ་བསྐྱེད་རིམ་མཆོག་གི་དངོས་གྲུབ་ཀྱི་རྒྱུ་མིན་ནམ་ཞེ་ན། བསྐྱེད་རིམ་ཁོ་ནས་ཆོས་ཅན། མཆོག་གི་དངོས་གྲུབ་མི་འཐོབ་སྟེ། དེ་བཞིན་ གཤེགས་པས་གང་གསུངས་པ་དེ་ཉིད་བཅུ་དྲུག་དང་དགའ་བ་བཞི་ཡིས་རབ་ཏུ་དབྱེ་བ་ཅན་གྱི་རྫོགས་རིམ་གྱི་ལམ་དང་བྲལ་བས་མཆོག་གི་དངོས་གྲུབ་འཐོབ་པ་མ་ཡིན་པའི་ཕྱིར། འོ་ན་གང་དང་བྲལ་བས་འཐོབ་པ་མ་ཡིན་ པའི་ཕྱག་ཆེན་གྱི་རྒྱུའི་གཙོ་བོ་དེ་གང་ཞེ་ན། དེ་སྟོན་པ་ལ། བསྐྱེད་པའི་རིམ་པར་གསུངས་པའི་ཧཱུཾ་དང་ནི། །ཕཊ་ཡིག་ལ་སོགས་རྟོག་པ་དང་བྲལ་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཉིད་དེ། །དེ་ཉིད་ཀྱི་ནི་སྒྲུབ་ཐབས་ གཞན་ཡོད་མིན། ཞེས་གསུངས། དོན་ནི། བསྐྱེད་པའི་རིམ་པར་ལྷ་བསྐྱེད་པའི་ས་བོན་དུ་གསུངས་པའི་ཧཱུཾ་དང་ནི། བྱང་སེམས་འགོག་པའི་ཕཊ་ཡིག་རྡོ་རྗེའི་བུ་གར་འགོད་པ་ལ་སོགས་པ་དངོས་གནས་ལ་མ་གྲུབ་ཀྱང་ [047A]༄༅། །རྟོག་པས་བཅོས་ནས་སྒོམ་པ་དང་བྲལ་ནས་དངོས་གནས་ལ་ལྷའི་སྐུར་ལངས་པ་རྫོགས་པའི་རིམ་པའི་རྣལ་འབྱོར་ཡེ་ཤེས་ཀྱི་སྐུ་དེ་ཉིད་དང་ཐུགས་ལྷན་སྐྱེས་ཀྱི་བདེ་ཆེན་དབྱེར་མི་ཕྱེད་པ་དེ་ཉིད་ཆོས་ཅན་ རྡོ་རྗེའི་རྣལ་འབྱོར་མཐར་ཐུག་པའི་དངོས་ཀྱི་ཉེར་ལེན་གྱི་གཙོ་བོ་ཡིན་ཏེ། འབྲས་བུའི་རྡོ་རྗེའི་རྣལ་འབྱོར་དེ་ཉིད་ཀྱི་སྒྲུབ་པའི་ཐབས་དེ་ལས་ལྷག་པ་གཞན་ཡོད་པ་མ་ཡིན་པའི་ཕྱིར། འདིར་ཁ་ཅིག་བསྐྱེད་རིམ་གྱི་ཏིང་ངེ་འཛིན་ ལ་རྟོག་བཅས་ཀྱི་སྒོམ་གྱིས་ཁྱབ་པར་འདོད་པ་མི་རིགས་ཏེ། ཐོག་མར་སྒོམ་པའི་ཚེ་རྟོག་བཅས་ཡིན་ཀྱང། གོམས་བྱ་ལ་གསལ་སྣང་ཇེ་ཆེར་སོང་སྟེ་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པ་ན། དཀྱིལ་འཁོར་གྱི་འཁོར་ ལོའི་སྣང་བ་ཡིད་ཤེས་ལ་མངོན་སུམ་དུ་ཤར་བའི་རྟོག་མེད་དུ་འགྱུར་བ་ཡིན་པའི་ཕྱིར་ཏེ། དེའི་ཚེ་དེ་འདྲ་བའི་ཡིད་ཤེས་དེ་རང་གི་སྣང་བ་ལ་མངོན་སུམ་ཚད་མ་ཡིན་པའི་ཕྱིར་ཏེ། རིགས་པའི་དབང་ཕྱུག་གིས། ཡང་དག་མིན་ པའང་བསྒོམས་པ་ཡི། །སྟོངས་ཀྱིས་སྤྲུལ་པ་རྟོག་མེད་དང། །གསལ་བར་སྣང་བ་ཅན་དུ་མཐོང། ཞེས་གསུངས་པའི་ཕྱིར། འོ་ན་གང་དང་བྲལ་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་འཐོབ་པ་རྡོ་རྗེའི་རྣལ་འབྱོར་དེ་ཇི་ལྟ་བུ་ཞེ་ན་ དེའི་ལན་སྟོན་པ་ལ། དུ་བ་ལ་སོགས་མཚན་མ་དག་དང་ནི། །སྲོག་རྩོལ་དག་གིས་དབུ་མར་འབབ་པ་དང། །རིག་པའི་བརྟུལ་ཞུགས་དག་གིས་རྡོ་རྗེ་ནི། །ལྟུང་མིན་དེ་བཞིན་སྟེང་དུ་ཁུ་བ་སྟེ། །ལམ་འདི་དག་གིས་སངས་རྒྱས་ [047B] །བདེ་བ་མཆོག་ཏུ་འགྱུར་བ་མེད་པ་ཞེས། །མངོན་པར་བརྗོད་པའམ་ཕོ་ཉ་མོ་ཀུན་གྱི། །ལྷན་ཅིག་སྐྱེས་པ་རྣལ་འབྱོར་པས་ཐོབ་འགྱུར། ཞེས་གསུངས། དོན་ནི། སོར་བསམ་གྱི་སྲོག་དབུ་མར་བཅུག་པས་རང་གི་ སེམས་ཀྱི་སྣང་བ་དུ་བ་ལ་སོགས་པར་ཤར་བའི་མཚན་མ་ཁྱད་པར་ཅན་དག་དང་ནི་སྲོག་རྩོལ་དག་གིས་རྟག་ཏུ་རླུང་དབུ་མར་འབབ་པ་དང། འཛིན་པ་སྲོག་དང་ཐིག་ལེ་འཁོར་ལོ་དྲུག་གི་ལྟེ་བར་འདོད་དགུར་འཆང་བ་དང། རྗེས་དྲན་ གྱི་སྐབས་ཀྱི་ཕྱག་ཆེན་རིག་པའི་བརྟུལ་ཞུགས་དག་གིས་རྡོ་རྗེ་ནོར་བུའི་ཕྱིར་བྱང་སེམས་ནི་ལྟུང་བ་མ་ཡིན་པ་དང། དེ་བཞིན་དུ་ཁུ་བ་དྷཱུ་ཏཱི་རུ་རང་གནས་བཟུང་སྟེ་གཙུག་ཏོར་གྱི་བར་རིམ་བཞིན་སྟེང་དུ་བརྩེགས་ཏེ་མི་འགྱུར་བར་ བྱེད་པའི་ལམ་འདི་ཆོས་ཅན། ཁྱོད་ཀྱི་རིམ་པ་དག་གིས་མཆོག་གི་དངོས་གྲུབ་མེད་ན་མི་འབྱུང་བའི་ཚུལ་གྱིས་དངོས་སུ་བསྐྱེད་པ་ཡིན་ཏེ། ཁྱེད་ཀྱིས་སངས་རྒྱས་རྣམས་ཀྱིས་ནི་བདེ་བ་མཆོག་ཏུ་འགྱུར་བ་མེད་པ་ཞེས་རྒྱུད་འདི་ ལས་མངོན་པར་བརྗོད་པའམ། རྩ་སྟོང་ཕྲག་དོན་གཉིས་འགགས་པའོ་རང་བཞིན་གྱིས་ཕོ་ཉ་མོ་མཁའ་འགྲོ་མ་ཀུན་གྱི་ལྷན་ཅིག་སྐྱེས་པ། བདེ་མཆོག་སོགས་ལས། མཁའ་འགྲོ་མ་ཡི་དྲ་བའི་སྡོམ། ཞེས་པའི་མིང་གིས་ གསུངས་པ་དེ་ཉིད་རྣལ་འབྱོར་པས་འཐོབ་པར་འགྱུར་བ་ཡིན་པའི་ཕྱིར། འོ་ན་བསྐྱེད་རིམ་ཁོ་ནས་མཆོག་མི་འགྲུབ་མོད། གཞན་ཅི་འགྲུབ་ཅེ་ན། དེའི་ལན་སྟོན་པ་ལ། གཟུགས་ལ་སོགས་པར་རྟོག་པ་དཀྱིལ་འཁོར་གྱི། །འཁོར་ལོ་ [048A]༄༅། །སྒོམ་པ་གོམས་པར་གྱུར་པས་ནི། །གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་ཏེ། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག་ཅེས་གསུངས། དོན་ནི། ལྷའི་གཟུགས་ལ་སོགས་པར་རྟོག་པ་རིམ་པ་དང་པོའི་ དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པ་འབའ་ཞིག་གོམས་པར་གྱུར་པས་ནི་ཆོས་ཅན། རིལ་ལུ་མིག་སྨན་ལ་སོགས་པ་གྲུབ་པ་འཇིག་རྟེན་པ་དག་འགྲུབ་པར་འགྱུར་བ་ཡིན་ཏེ། ཁྱོད་མཆོག་དང་ཐུན་མོང་གི་དངོས་གྲུབ་གང་ རུང་གི་རྒྱུ་ཡིན་པ་གང་ཞིག་ཁྱོད་ཙམ་གྱིས་འདོད་པའི་དངོས་གྲུབ་ཆེན་པོ་མཆོག་མི་འགྱུར་གྱི་བདེ་བ་དང་ཟུང་དུ་འཇུག་པའི་ཕྱག་རྒྱ་ཆེན་མོ་ག་ལ་ཞིག་འཐོབ་སྟེ་མི་འཐོབ་པ་ཡིན་པའི་ཕྱིར། འོ་ན་ལམ་ཟབ་མོ་དེ་སུ་འདྲ་ཞིག་གི་ རྒྱུད་ལ་འབྱུང་ཞེ་ན། དེའི་ལན་སྟོན་པ་ལ། གང་ཞིག་སེམས་ཅན་རྣམས་ལ་བརྩེ་བ་ཡིས། །གཞན་དོན་དགེ་ལ་རྟག་ཏུ་བརྩོན་པ་ཡི། །སློབ་མ་དད་པ་རྣམས་ལ་ལམ་དག་ནི། །བླ་མ་དམ་པའི་དྲིན་ལས་འབྱུང་བ་ཡིན། ཞེས་ གསུངས། དོན་ནི། ལམ་བཟང་དེ་དག་གང་ཟག་གང་གི་རྒྱུད་ལ་འབྱུང་བ་གཞག་ཏུ་ཡོད་དེ། སེམས་ཅན་རྣམས་ལ་བརྩེ་བ་ཡིས། །གཞན་དོན་དགེ་ལ་རྟག་ཏུ་བརྩོན་པ་ཡི་ནི་སློབ་མ་དབང་སོགས་ཀྱིས་རྒྱུད་དག་པར་བྱས་ པ་ཐེག་པ་འདིའི་སྣོད་རུང་རྣམས་ལ་ལམ་འདི་དག་ནི་བླ་མ་དམ་པའི་དྲིན་ལས་འབྱུང་བ་ཡིན་པའི་ཕྱིར། ལྔ་པ་ལམ་བཟང་འཕྲོག་པའི་རྒྱུ་སྤངས་ནས་ཡང་དག་པའི་ལམ་སྦ་བར་བསྟན་པ་ལ་གཉིས། ལམ་བཟང་འཕྲོག་ [048B] དེས་འཕྲོག་མི་ནུས་པའི་ཐབས་སུ་ཡང་དག་པའི་ལམ་སྦ་བར་བསྟན་པའོ། །དང་པོ་ལ་གསུམ། ལམ་འཕྲོག་པའི་ཆོམ་རྐུན་ལ་བག་ཟོན་བྱ་བར་བསྟན་པ། སྡིག་གྲོགས་ལ་བརྟེན་ནས་ལམ་བཟང་ འདོར་བར་འགྱུར་བས་དགེ་བའི་བཤེས་གཉེན་མཁས་པ་ལ་བརྟེན་ནས་བརྟག་པར་བསྟན་པ། ལམ་ལ་བར་དུ་གཅོད་པའི་བདུད་ངོ་ཤེས་པར་བྱས་ནས་སྤང་བར་བསྟན་པའོ། །དང་པོ་ནི། འོ་ན་ལམ་འདི་སློབ་མ་དག་པ་མིན་པ་ གང་རུང་ལ་བྱིན་ན་ཅིར་འགྱུར་ཞེ་ན། དེའི་ལན་སྟོན་པ་ལ། ལམ་བཟང་རིན་ཆེན་འདི་ནི་བག་མེད་པའི། །སེམས་ཅན་གཞན་པ་དག་ལ་བྱིན་པ་ན། །རང་ཁྱིམ་དགོན་པ་དག་ཏུ་རབ་ཞུགས་ལ། །ཡུལ་ངན་ཆོམ་རྐུན་རྣམས་ ཀྱིས་འཕྲོག་པར་བྱེད། །ཐེ་ཚོམ་འགྱོད་པ་དག་དང་གཉིད་དང་ནི། །ལེ་ལོ་རྒོད་པའི་ཆོམ་རྐུན་རྣམས་ཀྱིས་ཀྱང། །གཉེན་འདུན་འཐིབས་པོའི་ནང་དུ་ཞུགས་པ་ཡི། །ལམ་བཟང་རིན་ཆེན་དག་ནི་འཕྲོག་པར་བྱེད། ཅེས་གསུངས་ དོན་ནི་ལམ་བཟང་རིན་ཆེན་འདི་ནི་ཆོས་ཅན། བག་མེད་པའི་སེམས་ཅན་གཞན་དག་ལ་བྱིན་པར་བྱ་བ་མ་ཡིན་ཏེ། གལ་ཏེ་བྱིན་པ་ན་རང་གི་ཁྱིམ་སྟེ་ཆུང་མ་མ་རུངས་པའི་གནས་འབྲོག་དགོན་པ་དང་འདྲ་བ་དག་ཏུ་རབ་ཏུ་ ཞུགས་པ་ལ་བྱིན་པའི་ཁྱོད་ཀྱང་ཡུལ་ངན་པ་ལ་ཆགས་པའི་ཆོམ་རྐུན་རྣམས་ཀྱིས་འཕྲོག་པར་བྱེད་པ་ཡིན་པའི་ཕྱིར། འོ་ན་ལམ་བཟང་འཕྲོག་པའི་ཆོམ་རྐུན་ཇི་ལྟ་བུ་ཞེ་ན། གཞག་ཏུ་ཡོད་དེ། ཐེ་ཚོམ་དང་འགྱོད་པ་དག་དང་ [049A]༄༅། །དུས་མ་ཡིན་པའི་གཉིད་དང་ནི་ལེ་ལོ་དང་རྒོད་པ་སྟེ་སྒྲིབ་པ་ལྔ་ལ་སོགས་པའི་ཆོམ་རྐུན་རྣམས་ཀྱིས་འཕྲོག་པ་ཡིན་པའི་ཕྱིར། གང་ཟག་གང་ལས་འཕྲོག་པ་ཡང་གཞག་ཏུ་ཡོད་དེ། བུ་དང་ཆུང་མ་ལ་སོགས་ གཉེན་འདུན་གྱི་ཚོགས་ནགས་འཐིབས་པོ་དང་འདྲ་བའི་ནང་དུ་ཞུགས་པའི་གང་ཟག་རྣམས་ཀྱི་ལམ་བཟང་རིན་ཆེན་དག་ནི་འཕྲོག་པར་བྱེད་པ་ཡིན་པའི་ཕྱིར། གཞན་ཡང་ལམ་བཟང་འཕྲོག་བྱེད་ངོས་འཛིན་པ་ལ། སྲོག་གཅོད་མ་ བྱིན་གཞན་གྱི་བུད་མེད་དང། །རྫུན་དང་ཚིག་རྩུབ་དག་དང་ཕྲ་མ་དང། །འཁྱལ་པར་གྱུར་པའི་ཚིག་དང་བརྣབ་སེམས་དང། །གནོད་སེམས་ལྟ་བ་ངན་པའི་ཆོམ་རྐུན་དང། །ཡོད་པའི་སྡིག་དང་ཉེ་བའི་སྡིག་པ་དང། །གསོད་འཁུ་ དབང་པོ་མངོན་པར་ཞེན་པ་སྟེ། །ཆོམ་རྐུན་ལྔ་པ་ལྔ་པོ་འདི་དག་གིས། །རིན་པོ་ཆེ་ནི་རྟག་ཏུ་འཕྲོག་པར་བྱེད། ཅེས་གསུངས། དོན་ནི། གཞན་ཡང་ལམ་བཟང་འཕྲོག་པའི་ཆོམ་རྐུན་གཞག་ཏུ་ཡོད་དེ། སྲོག་གཅོད་ནས་ལྟ་བ་ ངན་པའི་བར་མི་དགེ་བ་བཅུ་དང། གཞན་ལ་འཚེ་བ་དང། རྫུན་དང་འདོད་ལོག་དང། མ་བྱིན་ལེན་དང། ཆང་འཐུང་བ་སྟེ་ཡོད་པའི་སྡིག་པ་ལྔ་དང། ཆོ་ལོ་སོགས་རྒྱན་པོ་འགྱེད་པ་དང། ཁ་ན་མ་ཐོ་བའི་ཤ་ཟ་བ་དང། དུག་གསུམ་ གྱི་གཏམ་བརྗོད་པའི་ཚིག་ངན་ཀློག་པ་དང། ཕ་མེས་ཀྱི་ཆེད་དང། མཆོད་སྦྱིན་གྱི་ཆེད་དུ་རིག་བྱེད་ནས་བཤད་པའི་མཚུན་འཐོར་སོགས་བྱས་པས་གྲོལ་བར་ལྟ་བའི་འབྱུང་པོའམ་ཡི་དྭགས་ཀྱི་ཆོས་དང། སྲོག་གི་མཆོད་སྦྱིན་ [049B] བ་གླང་བྱིས་པ། བུད་མེད་སྐྱེས་པ་གསོད་པ་བཞི་དང། ལྷ་མིའི་བླ་མ་གསོད་པ་སྟེ་སྐུ་གཟུགས་དང་མཆོད་རྟེན་བཤིག་པ་སྟེ་གསོད་པ་ལྔ་དང་ གྲོགས་པོ་དང། རྗེ་བོ་དང། སངས་རྒྱས་དང། དགེ་འདུན་དང། ཡིད་བརྟན་པའི་བླ་མ་ལ་འཁུ་བ་ལྔ་དང། ཡུལ་ལྔ་ལ་དབང་པོ་མངོན་པར་ཞེན་པ་ལྔ་སྟེ། ཆོམ་རྐུན་སྡེ་ཚན་ལྔ་པ་ལྔ་པོ་འདི་དག་གིས་ལམ་བཟང་རིན་པོ་ཆེ་ནི་འཕྲོག་ པར་བྱེད་པ་ཡིན་པའི་ཕྱིར་རོ། །གཞན་ཡང་ལམ་བཟང་འཕྲོག་བྱེད་སྟོན་པ་ལ། ཤིན་ཏུ་བཟའ་དང་བཏུང་བ་སྣ་ཚོགས་དང། །ལོངས་སྤྱོད་དུ་མའི་ཆོམ་རྐུན་དེ་དག་གིས། །བརྩོན་འགྲུས་ལྡན་དུ་ཟིན་ཀྱང་བག་མེད་ཅིང། །བརྒྱལ་ བར་གྱུར་པ་ཉིད་ལ་འཕྲོག་པར་བྱེད། ཅེས་གསུངས་ཏེ། བརྒྱལ་བར་གྱུར་པ་ནི་དྲན་ཤེས་མེད་པར་གྱུར་པ་ཡིན་ལ་ལྷག་མ་ནི་གོ་སླའོ། །ངག་དོན་ནི། ལམ་བཟང་འཕྲོག་པའི་ཆོམ་རྐུན་ངོས་བཟུང་བ་ཆོས་ཅན། དགོས་པ་ཡོད་དེ་ ལམ་འདིའི་སྒྲུབ་པ་པོ་རྣམས་ཀྱིས་ཆོམ་རྐུན་ངོ་ཤེས་པར་བྱས་ཏེ། དེ་འདྲའི་དབང་དུ་སོང་བ་ལ་ལམ་བཟང་སྦྱིན་པར་མི་བྱ་ཞིང། རང་གི་ལག་ཏུ་ཐོབ་པའི་རིན་པོ་ཆེ་ནི་ཆོམ་རྐུན་དེ་དག་གིས་མི་འཕྲོག་པའི་སླད་དུ་བག་ཟོན་བྱ་དགོས་ སོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། སྨྲས་པ། བསྐལ་པ་གཞན་དུ་གཅེས་པའི་རང་གི་སྲོག་ཡོན་དུ་བྱས་ཀྱང་མཚན་ཙམ་རྙེད་དཀའ་བའི། །ལམ་བཟང་རིན་ཆེན་ལག་ཏུ་ཐོབ་དུས་འདིར། །ཚུལ་བཞིན་བག་ཡོད་ [050A]༄༅། །བསྟེན་ཅིག་ཤེས་ལྡན་དག་གཉིས་པ་སྟོན་པར་བྱེད་པ་ལ། རང་ཉིད་ཀྱིས་ཀྱང་ཡོངས་སུ་མ་བརྟགས་པར། །རིན་ཐང་ཆེན་པོར་གྱུར་པ་ཡིན་མ་ཡིན། །ཤེས་པར་བྱ་ཕྱིར་གཡོན་ཅན་གཞན་ལ་སྟོན། །དེ་ཡི་ ཚིག་གིས་རིན་ཆེན་འདོར་བར་བྱེད། །གང་དག་རིན་ཆེན་བཟང་པོ་རིག་པ་རྣམས། །རིན་ཆེན་ཆེན་པོ་ཡོངས་སུ་རྟོག་ཏུ་གཞུག་དེ་དག་རྣམས་ཀྱི་རྣམ་དག་ཚིག་གིས་ནི། །རང་གི་རིན་ཆེན་རྣམ་པར་ཤེས་པར་བྱ། ཞེས་གསུངས་ དོན་ནི། ལམ་བཟང་མི་འདོར་བའི་ཆེད་དུ་རང་ཉིད་ཀྱིས་ནི་སྔོན་དུ་ཐེག་པ་འདིའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ལ་མཁས་པར་བྱས་ཏེ་ཡོངས་སུ་བརྟག་དགོས་ཏེ། ཡོངས་སུ་མ་བརྟགས་པར་ལམ་བཟང་རིན་ཆེན་རིན་ ཐང་ཆེན་པོར་གྱུར་པ་ཡིན་ནམ་མ་ཡིན་ཤེས་པར་བྱ་བའི་ཕྱིར་དུ་གཡོན་ཅན་གཞན་ལ་སྟོན་པར་བྱས་པ་ན། དེ་ཡི་ཚིག་གིས་ལམ་བཟང་རིན་ཆེན་ལམ་ངན་པར་ལུང་བསྟན་པ་ལ་ཡིད་ཆེས་ནས་ལམ་བཟང་རིན་ཆེན་འདོར་ བར་བྱེད་པ་ཡིན་པའི་ཕྱིར། དེའི་ཕྱིར་ཐོག་མར་བླ་མའི་མཚན་ཉིད་ཤེས་པར་བྱས་ནས་མཚན་ཉིད་དང་ལྡན་པའི་བླ་མ་གང་དག་ལམ་བཟང་རིན་ཆེན་རིན་ཐང་བཟང་པོའི་མཚན་ཉིད་རིག་པ་རྣམས་ཆོས་ཅན། ལམ་བཟང་ རིན་ཆེན་རིན་ཐང་ཆེན་པོ་ཡིན་མིན་ཡོངས་སུ་རྟོག་ཏུ་གཞུག་དགོས་ཏེ། དེ་དག་རྣམས་ཀྱི་རྣམ་པར་དག་པ་མི་བསླུ་བའི་ཚིག་གིས་ནི་རང་གི་ལམ་བཟང་རིན་ཆེན་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གསུམ་པ་སྟོན་པ་ལ་ [050B] །ཕ་དང་མ་དང་བུ་མོ་སྲིང་མོ་དང། །བུ་དང་སྤུན་ཟླ་འདོད་པའི་ཆུང་མ་ཡི། །གཟུགས་རྣམས་དག་གི་བདུད་ནི་དགེགས་བྱེད་དོ། ཞེས་གསུངས། ཚིག་འབྲུ་སླ་ཞིང་དོན་གྱི་ དབང་དུ་བྱས་ན། ལས་དང་པོ་བ་རྣམས་ལ་བདུད་ཀྱིས་བགེགས་བྱེད་ཚུལ་ཡོད་དེ། སངས་རྒྱས་ནས་ཆུང་མའི་གཟུགས་རྣམས་དག་གི་རྣམ་པས་དང་པོར་ལམ་ལ་འཇུག་ཏུ་མི་སྟེར་ཞིང་ལམ་ལོག་པར་སྟོན་པ་སོགས་ཀྱི་སྒོ་ནས་ བགེགས་བྱེད་པའི་ཕྱིར། །གཉིས་པ་སྟོན་པ་ལ། དེ་ཕྱིར་བླ་མ་དམ་པས་གནང་བ་ཡི། །ལམ་བཟང་རིན་ཆེན་དག་ནི་སློབ་མ་ཡིས། །ཆོམ་རྐུན་རྩ་ལག་ཡོངས་སུ་བཏང་བྱས་ཏེ། །འབད་པས་ཤིན་ཏུ་ལེགས་པར་སྦ་བར་བྱ། ཞེས་ གསུངས། དོན་ནི། དངོས་གྲུབ་འདོད་པའི་སློབ་མ་ཡིས་ཆོས་ཅན། བླ་མ་དམ་པས་གནང་བ་ཡི་ལམ་བཟང་རིན་ཆེན་དག་ནི་ཆོམ་རྐུན་ཉེར་ལྔ་སོགས་ལམ་འཕྲོག་པའི་རྩ་ལག་ཡོངས་སུ་བཏང་བར་བྱས་ཏེ་གུས་པ་ཆེན་པོའི་ སྒོ་ནས་འབད་པས་ནན་ཏན་ཤིན་ཏུ་ཆེན་པོས་ལེགས་པར་སྦ་བར་བྱ་བ་ཡིན་ཏེ། ལམ་འཕྲོག་པའི་འཇིགས་པ་ཤིན་ཏུ་མང་བར་ཤད་མ་ཐག་པ་དེའི་ཕྱིར། དྲུག་པ་དཔའ་བོའི་རིམ་པ་དང་བདག་བྱིན་བརླབས་ཀྱི་རིམ་པ་གཉིས་ ཀྱི་དྲང་ངེས་བཤད་པ་ནི། དཔའ་བོའི་རིམ་པ་བདག་བྱིན་བརླབས་པ་ཡི། །རིམ་པ་དག་ཀྱང་ཐར་པའི་ལམ་མ་ཡིན། །ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་ནི། །ཐར་པའི་སླད་དུ་སངས་རྒྱས་རྣམས་ཀྱིས་བསྟན། ཞེས་གསུངས། དོན་ [051A]༄༅། །ནི༑ ཕྱག་རྒྱ་ཆེན་མོའི་ལམ་ལ་དེ་ཙམ་དུ་གུས་པར་བྱེད་མི་རིགས་པར་ཐལ། དཔའ་བོའི་རིམ་པ་སོགས་མཆོག་འགྲུབ་པའི་ལམ་གཞན་ཡང་ཡོད་པའི་ཕྱིར་ཞེ་ན། ལྷ་དྲག་མོའི་རྣམ་པ་བསྒོམ་པ་དཔའ་བོའི་ རིམ་པ་དང། ལྷ་ཞི་བའི་རྣམ་པ་སྒོམ་པ་བདག་བྱིན་གྱིས་བརླབས་པའི་རིམ་པ་དག་ཀྱང་ཆོས་ཅན། རྫོགས་རིམ་ལ་མ་ལྟོས་པར་ཁྱོད་འབའ་ཞིག་གིས་ཐར་པའི་མཆོག་འགྲུབ་པའི་ལམ་མ་ཡིན་ཏེ། ཤིན་ཏུ་རྣམ་པར་ དག་པའི་རྫོགས་རིམ་གཅིག་པུ་ནི་མཆོག་གི་ཐར་པའི་སླད་དུ་དེའི་དངོས་རྒྱུའི་གཙོ་བོར་སངས་རྒྱས་རྣམས་ཀྱིས་བསྟན་པ་ཡིན་པའི་ཕྱིར། དེ་ལྟར་བསྟན་པའི་རྒྱུ་མཚན་ཅི་ཞེ་ན། དེ་སྟོན་པ་ལ། མཚམས་མེད་ལྔ་པོ་ དག་ནི་བྱས་པ་རྣམས། །དབང་དོན་བདེ་བ་ཉིད་ནི་གང་ཞིག་གིས། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད་དག་ལ། །རྒྱལ་བའི་དབང་པོས་ཡང་དག་བཟུང་བར་གྱུར། །དཔའ་བོའི་རིམ་པ་ཕྱི་རོལ་ལ་མིན་ཏེ། །ལུས་ལ་ སྲོག་ཟད་ཉིད་ལ་འདི་གསུངས་སོ། །བདག་བྱིན་བརླབས་པ་དག་ནི་སྟོང་པ་ལ། །ཁམས་གསུམ་པ་ནི་མཐོང་བར་གྱུར་པའི་མཚན། ཞེས་གསུངས། དོན་ནི། ཐབས་དང་ཤེས་རབ་ཀྱི་བདག་ཉིད་བླ་མེད་ཀྱི་རྒྱུད་ དེ་དག་གི་ལུགས་ལ་ཡང་ཆོས་ཅན། རྒྱལ་བའི་དབང་པོས་མཚམས་མེད་ལྔ་པོ་དག་ནི་བྱས་པ་རྣམས་ཀྱང་ཚེ་དེ་ལ་མཆོག་གི་དངོས་གྲུབ་འགྲུབ་པའི་གདུལ་བྱར་ཡང་དག་པར་བཟུང་བར་གྱུར་པའི་རྒྱུ་མཚན་ཡོད་དེ། དབང་ [051B] དེས་ན་རྒྱལ་བས་དཔའ་བོའི་རིམ་པ་ཞེས་གསུངས་པ་ནི་ ཕྱི་རོལ་དྲག་པོའི་ལྷ་སྒོམ་པ་ཁོ་ན་ལ་དགོངས་ནས་གསུངས་པ་མིན་ཏེ། རྫོགས་རིམ་གྱི་ལུས་ལ་སྲོག་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཟད་པར་བྱེད་པ་ཉིད་ལ་དགོངས་ནས་འདི་ཉིད་གསུངས་པ་ཡིན་པའི་ཕྱིར། དེ་བཞིན་དུ་ བདག་བྱིན་གྱིས་བརླབས་པ་དག་ནི་ལྷ་ཞི་བ་སྒོམ་པ་འབའ་ཞིག་མ་ཡིན་ཏེ། སྟོང་པ་ལ་ཁམས་གསུམ་པོ་ནི་པྲ་ཕབ་པ་ལྟར་མཐོང་བར་གྱུར་པའི་མཚན་མ་ཕྱག་རྒྱ་ཆེན་མོ་ལ་དགོངས་ནས་ཀྱང་དེ་ཉིད་གསུངས་པ་ཡིན་ པའི་ཕྱིར། ངག་དོན་ནི། དཔའ་བོའི་རིམ་པ་དང་བདག་བྱིན་བརླབས་ཀྱི་རིམ་པ་གཉིས་ཆོས་ཅན། ཁྱོད་ཀྱི་དྲང་ངེས་ཀྱི་དོན་བཞག་ཏུ་ཡོད་དེ། བསྐྱེད་རིམ་གྱི་ལྷ་ཞི་དྲག་སྒོམ་པ་སྒྲ་ཇི་བཞིན་པའི་དོན་དང། རླུང་འགོག་པ་དང་སྟོང་ གཟུགས་ནི་ངེས་དོན་ཡིན་པའི་ཕྱིར། འདིར་འདི་ལྟར་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ངེས་དོན་རྫོགས་རིམ་ལ་མ་ལྟོས་པར་སྒྲས་ཟིན་བསྐྱེད་རིམ་ཙམ་གྱིས་མཆོག་མི་འགྲུབ་ཅེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ ཕྱིར༑ འོ་ན་སྒྲུབ་པ་པོའི་ཕུང་སོགས་འཁོར་བའི་ཆོས་ཡིན་པ་ལ་དེ་ལས་སྐྱེས་པའི་བདེ་བས་འཁོར་བ་ཟད་པའི་མྱང་འདས་ཇི་ལྟར་ཐོབ་ཅེ་ན། དེའི་ལན་སྟོན་པ་ལ། འཁོར་བ་སྙིང་པོ་མེད་དེ་ཟད་གྱུར་པ། །དེ་ལས་སྐྱེས་བུའི་ [052A]༄༅། །སངས་རྒྱས་ཉིད་འབྲས་ཏེ། །ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་དག་ཆུ་ཤིང་ཉམས་པས་ཡང་དག་འབྱུང་བ་བཞིན། །སྡིག་པ་དང་ནི་ཤིང་སྲིན་སེམས་ཅན་རྣམས། །གང་ལས་བྱུང་བ་དེ་དག་དེ་ཉམས་ བྱེད༑ ༑དེ་བཞིན་རྣལ་འབྱོར་དག་གི་སེམས་དེ་ནི། །སྒྱུ་མ་རྣམ་པར་ཉམས་པར་བྱེད་པ་ཡིན། ཞེས་གསུངས། དོན་ནི། ཕྱག་རྒྱ་ཆེན་མོའི་ལམ་དེ་ཆོས་ཅན། ཁྱོད་ཀྱི་སྟོབས་ཀྱིས་འཁོར་བ་སྙིང་པོ་མེད་པ་དེ་ཟད་པར་གྱུར་པ་དེ་ ལས་བར་མ་ཆད་པར་སྐྱེས་བུའི་ལམ་བསྒོམས་པའི་འབྲས་བུ་སངས་རྒྱས་འཕགས་པ་ཉིད་འབྱུང་བ་ཡིན་ཏེ། དཔེར་ན་སྙིང་པོ་མེད་པའི་ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་དག་ནི་ཆུ་ཤིང་ཉམས་པས་ཤིང་དེ་རྩ་བ་ནས་ཡང་དག་ པར་འབྱུང་བ་བཞིན་ཡིན་པའི་ཕྱིར། མི་འགྱུར་བའི་བདེ་ཆེན་ཆོས་ཅན། རང་རྒྱུ་མ་རིག་པའི་དབང་གིས་བྱུང་བའི་ལུས་འདི་ལ་བརྟེན་ནས་སྐྱེས་ཀྱང་སླར་མ་རིག་པ་ཉིད་ཟད་པར་བྱེད་པ་མི་འགལ་ཏེ། དཔེར་ན་སྡིག་པ་སྟེ་ སྲིན་བུ་ཤུ་ཀ་དང་ནི་ཤིང་སྲིན་ཀརྐ་ཊའི་རིགས་སོགས་སེམས་ཅན་རྣམས་ཤིང་གང་ལས་བྱུང་བ་དེ་དག་གི་རྩ་བ་སྲིན་བུ་དེ་ཉིད་ཀྱིས་ཟོས་ནས་ཉམས་པར་བྱེད་པ་དེ་བཞིན་དུ་ཐབས་ཤེས་གཉིས་སུ་མེད་པའི་རྣལ་འབྱོར་དག་ གི་སེམས་མཆོག་ཏུ་ཁྱོད་དུ་གྱུར་པ་དེ་ནི། མ་རིག་པའི་རྩ་བ་ཅན་གྱི་ལུས་ཀྱི་ཁམས་ལས་སྐྱེས་ཀྱང། སྒྱུ་མ་འཁོར་བའི་ལུས་ཀྱི་རྩ་བ་མ་རིག་པ་བག་ཆགས་དང་བཅས་པ་བཅད་པའི་སྒོ་ནས་རྣམ་པར་ཉམས་པར་བྱེད་པ་ [052B] འོ་ན་མ་རིག་པའི་བག་ཆག་མ་ལུས་པ་སྤངས་པའི་འབྲས་དུས་ཀྱི་རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་ལ་ལྡོག་པའི་སྒོ་ནས་དེ་ཉིད་བཅུ་དྲུག་ཏུ་འབྱེད་ན་དྲུག་ཏུ་འབྱེད་ན་འབྱེད་ཚུལ་ཇི་ལྟར་ཡིན་ཞེ་ན་ དེ་སྟོན་པ་ལ། གཉིས་མེད་གཡོ་བ་མེད་དང་རིས་མེད་དང། །འདོད་དང་མཆོག་ཏུ་མི་འགྱུར་འདོད་ཆགས་ཆེ། །དངོས་དང་དངོས་པོ་མེད་པ་མེད་པ་དང། །ཡེ་ཤེས་དང་ནི་སེམས་དཔའ་ཀུན་ཏུ་བཟང། །ཉོན་མོངས་མེད་དང་ཉོན་མོངས་ ཆེན་པོ་དང། །ལྷན་སྐྱེས་དཔལ་ལྡན་བྱང་སེམས་ཐིག་ལེ་འཛིན། །དཔལ་ལྡན་དུས་ཀྱི་འཁོར་ལོ་རྡོ་རྗེ་དང། །ཐབས་དང་ཤེས་རབ་བདག་ཉིད་རྣལ་འབྱོར་རོ། །ཞེས་གསུངས། དོན་ནི། འབྲས་དུས་ཀྱི་རྡོ་རྗེ་རྣལ་འབྱོར་བདེ་བ་ཆེན་ པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་ཅན། ཁྱོད་ལ་ལྡོག་པའི་སྒོ་ནས་བཅུ་དྲུག་ཏུ་འབྱེད་ཚུལ་ཡོད་དེ། འཁོར་འདས་ཀྱི་མཐའ་གཉིས་མེད་པ་དང། བྱང་སེམས་དབུ་མའི་ནང་ནས་གཡོ་བ་མེད་པ་དང། ཐབས་ཤེས་རབ་རིས་ སུ་ཆད་པ་མེད་པ་དང། བླ་མེད་ཀྱི་བདེ་བ་སྦྱིན་པར་བྱེད་པས་འདོད་པ་དང། དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགོག་པའི་ཕྱིར་མཆོག་ཏུ་མི་འགྱུར་བ་དང། ནང་གི་དཀར་ཕྱོགས་དང་ནག་ཕྱོགས་ཀྱི་གནས་པ་དང་བགྲོད་པ་དང་བྲལ་ བའི་ཕྱིར་འདོད་ཆགས་ཆེན་པོ་དང། དངོས་པོ་རྟག་པ་དང་དངོས་མེད་ཆད་པས་མཐའ་གཉིས་མེད་པ་དང། ཤེས་བྱ་མ་ལུས་པ་མཐོང་བའི་ཕྱིར་ཡེ་ཤེས་དང་ནི། སེམས་ཅན་གྱི་དོན་ལ་ཞེན་པས་སེམས་དཔའ་དང། ཐོག་མཐའ་ [053A]༄༅། །བར་དུ་དགེ་བས་ཀུན་ཏུ་བཟང་པོ་དང། སྡུག་བསྔལ་དང་བྲལ་བས་ཉོན་མོངས་མེད་པ་དང། ཐམས་ཅད་དུ་གཞན་གྱི་ཉོན་མོངས་འཕྲོག་པར་བྱེད་པས་ཉོན་མོངས་ཆེན་པོ་དང། འཇིག་རྟེན་མི་སྤྱོད་པ་སྤངས་པའི་ ཕྱིར་ལྷན་ཅིག་སྐྱེས་པ་དང། གཞི་དུས་ཀྱི་སྐུ་བཞིའི་སྒྲིབ་པ་ཟད་པས་དཔལ་ལྡན་བྱང་ཆུབ་སེམས་ཀྱི་ཐིག་ལེ་འཛིན་པ་དང། སྟོང་ཉིད་སྙིང་རྗེ་དབྱེར་མི་ཕྱེད་པས་དཔལ་ལྡན་དུས་ཀྱི་འཁོར་ལོ་རྡོ་རྗེ་དང། འཛག་མེད་ཀྱི་ཚུལ་ ཁྲིམས་རྫོགས་པས་ཐབས་དང་ཤེས་རབ་བདག་ཉིད་རྣལ་འབྱོར་དང་བཅུ་དྲུག་རྣམས་སུ་འབྱེད་པ་ཡིན་པའི་ཕྱིར། བདུན་པ་འཇིགས་པ་བཅུ་དྲུག་གི་ཉེར་འཚེ་ཞི་བའི་ཐབས་བཤད་པ་ལ་བཞི། དུས་ཀྱི་འཁོར་ལོའི་གོ་འཕང་ ཐོབ་པའི་བགེགས་ཞི་སླད་རྣལ་འབྱོར་མའི་ཞབས་དྲན་པར་བྱ་བ་བསྟན་པ། ཕྱི་ནང་གི་རྣལ་འབྱོར་མའི་ཞབས་དྲན་པས་ཕྱི་ནང་གི་ཉེར་འཚེ་བཅུ་དྲུག་ཞི་བར་བྱེད་ཚུལ། རྣལ་འབྱོར་མའི་ཞབས་ངོས་བཟུང་ནས་དེ་ཉིད་ཚུལ་ཇི་ ལྟར་དྲན་པས་འཇིགས་པ་སེལ་ཐབས་བཤད་པ། ངེས་དོན་གྱི་རྣལ་འབྱོར་མའི་གནས་བསྟན་ཅིང་འཇིགས་པ་སེལ་བའི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་ཅིང་དགེ་བ་བསྔོ་བའོ། །དང་པོ་སྟོན་པ་ལ། སྙིང་རྗེ་དང་ནི་སྟོང་ཉིད་ སུ༑ ༑དུས་ནི་ཀུན་རྫོབ་གཟུགས་ཅན་མ། །སྟོང་ཉིད་འཁོར་ལོ་ཞེས་བརྗོད་དེ། །དུས་ཀྱི་འཁོར་ལོ་གཉིས་མེད་འདོད། །འདི་ཡི་དཔལ་ནི་མྱུར་ཐོབ་སླད། །རྟག་ཏུ་རྣལ་འབྱོར་མ་རྣམས་ཞབས། །རྣལ་འབྱོར་གང་ཞིག་སྒོམ་པ་ [053B] ༑བགེགས་ནི་རྟག་ཏུ་ཉམས་པར་འགྱུར། ཞེས་གསུངས། དོན་ནི། དམིགས་པ་མེད་པའི་སྙིང་རྗེ་བདེ་བ་ཆེན་པོ་དང་ནི་སྟོང་པ་ཉིད་དབྱེར་མེད་པའི་སྐུ་མཐར་ཐུག་པ་དུས་ཀྱི་འཁོར་ལོ་ཆོས་ཅན། ཐབས་ཤེས་གཉིས་མེད་ཀྱི་ བདག་ཉིད་དུ་འདོད་པ་ཡིན་ཏེ། དུས་ནི་ཀུན་རྫོབ་སྟོང་གཟུགས་ཀྱི་གཟུགས་ཅན་ཏེ་ངོ་བོ་ཅན་མ་ཕྱག་རྒྱ་ཆེན་མོ་དང། ཕུང་སོགས་སྒྲིབ་བྲལ་དུ་གྱུར་པའི་སྟོང་ཉིད་ནི་འཁོར་ལོ་ཞེས་བརྗོད་པ་གང་ཞིག་དེ་གཉིས་དབྱེར་མི་ཕྱེད་པ་ཡིན་ པའི་ཕྱིར། དེས་ན་དུས་ཀྱི་འཁོར་ལོ་འདི་ཡི་དཔལ་ནི་མྱུར་དུ་ཐོབ་པའི་སླད་དུ་རྟག་ཏུ་ཕྱི་ནང་གི་རྣལ་འབྱོར་མ་རྣམས་ཀྱི་ཞབས་ནི་དྲན་པར་བྱེད་རིགས་ཏེ། རྣལ་འབྱོར་པ་གང་ཞིག་ཕྱི་ནང་གི་རྣལ་འབྱོར་མ་རྣམས་ཀྱི་ཞབས་སྒོམ་པ་ དེའི་ཕྱི་ནང་གི་བགེགས་ནི་རྟག་ཏུ་ཉམས་པར་འགྱུར་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། མདོར་བསྟན་པ་དང། རྒྱས་པར་བཤད་པའོ། །དང་པོ་སྟོན་པ་ལ། དགྲ་དང་སེང་གེ་གླང་ཆེན་དབང་པོ་མ་དང་ལྟོ་འགྲོའི་བདག་དང་ ཆོམ་རྐུན་ཞགས་པས་འཆིང། །ཆུ་གཏེར་འཁྲུགས་དང་ཤ་ཟ་འཆི་བའི་འཇིགས་བྱེད་ནད་དང་དབང་པོའི་ཉེ་བར་འཚེ་བ་དང། །དབུལ་དང་བུད་མེད་དང་བྲལ་མི་བདག་འཁྲུགས་པའི་འཇིགས་དང་རྡོ་རྗེ་ལྷུང་དང་ནོར་ཉམས་རྣམས། ། གང་ཞིག་རྣལ་འབྱོར་མ་རྣམས་ཞབས་ནི་གསལ་བར་དྲན་བྱེད་དེ་ལ་རབ་ཏུ་ཉམས་པར་འགྱུར། ཞེས་གསུངས། དོན་ནི། སྒྲུབ་པ་པོ་གང་ཞིག་གིས་རྡོ་རྗེ་དབྱངས་ཕྱུག་མ་སོགས་ཕྱིའི་རྣལ་འབྱོར་མ་རྣམས་དང་ནང་ངེས་ [054A]༄༅། །དོན་གྱི་རྣལ་འབྱོར་མ་རྣམས་ཀྱི་ཞབས་ནི་གསལ་བར་དྲན་པར་བྱེད་རིགས་ཏེ། དེ་ལ་བརྟེན་ནས་དངོས་སུ་སྨོས་པ་དགྲ་སོགས་ཕྱིའི་འཇིགས་པ་བཅུ་དྲུག་དང། ཐིག་ལེ་འཕོ་བའི་འགྱུར་བའི་སྒྲིབ་པ་ བཅུ་དྲུག་སྟེ་ཕྱི་ནང་གི་འཇིགས་པ་བཅུ་དྲུག་རབ་ཏུ་ཉམས་པར་འགྱུར་བ་ཡིན་པའི་ཕྱིར། གཉིས་པ་ནི། གཞུང་འདི་རྣམས་ཀྱི་དོན་རྟོགས་ཤིན་ཏུ་སླ་བས་ཚིག་འབྲུ་གཉེར་བ་ལ་མི་ལྟོས་ཤིང་ཕྱི་ནང་གི་ཁྱད་པར་ཙམ་སྦྱར་ནས་ ས་གཞུང་སྤྲད་པས་དོན་བདེ་བླག་ཏུ་རྟོགས་པར་འགྱུར་བས་དེ་ལྟར་བྱ་བ་ལ་བཅུ་དྲུག་ལས། དང་པོ་ཕྱིའི་རྣལ་འབྱོར་མའི་ཞབས་དྲན་པས་དགྲ་བོའི་དཔུང་ཚོགས་བཅོམ་སྟེ་རྒྱལ་བ་འཐོབ་ཅིང། ངེས་དོན་གྱི་རྣལ་འབྱོར་མའི་ ཞབས་དྲན་པས་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་དགའི་ཐིག་ལེའི་སྒྲིབ་པ་ཉམས་པ་འཐོབ་ཅེས་སྟོན་པ་ལ། གླང་ཆེན་ཤིང་རྟ་རྟ་དང་རབ་ཏུ་མང་བའི་མི་མཆོག་ཐམས་ཅད་ལུས་ལ་གོ་བགོས་ཤིང། །ལག་ན་མདུང་དང་འཁོར་ལོ་ རལ་གྲི་མདའ་གཞུའི་སྒྲ་རྣམས་ཀྱི་ནི་གཡུལ་དུ་འཇོམས་བྱེད་པ། །འཆི་སྟེར་དྲག་པོའི་གཟུགས་ཅན་ཕྱོགས་དང་མཚམས་སོན་དགྲ་དེ་ཐམས་ཅད་རང་གི་མཚོན་གྱིས་ནི། །བཅོམ་སྟེ་རྒྱལ་བའི་གྲགས་པ་གང་ཞིག་རྣལ་ འབྱོར་མ་རྣམས་ཞབས་དྲན་བྱེད་པས་ཀུན་ནས་འཐོབ། ཅེས་གསུངས། གཉིས་པ་ནི། ཕྱི་དང་ངེས་དོན་གྱི་རྣལ་འབྱོར་མའི་ཞབས་གཉིས་ཆོས་ཅན། དྲན་པ་ལ་དགོས་པ་ཡོད་དེ། ཕྱི་རོལ་དུ་སེང་གེའི་འཇིགས་པ་དང་ནང་ [054B] ཀུན་ནས་སེང་གེའི་སྒྲ་སྒྲོགས་ཤིན་ཏུ་རྣམ་པར་འགྱུར་བའི་བཞིན་ལྡན་མཆེ་བ་རྣོན་པོ་གཙིགས། །རྔ་མ་གཡོ་ཞིང་ སྡེར་མོ་གུག་ལ་བརྟན་པས་གླང་ཆེན་མྱོས་པའི་ཀླད་པ་རབ་ཏུ་འགེམས། །རབ་ཁྲོས་ཉི་མ་འཆར་ཀའི་མིག་ཅན་རོ་འཛིན་རལ་གྲི་གཡོ་བའི་གསོད་འདོད་རལ་པ་ཅན། །གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་ དྲན་པ་དེ་ལ་རིང་དུ་འགྲོ་བར་འགྱུར། ཞེས་གསུངས་པའི་ཕྱིར། གསུམ་པ་ནི་དེ་གཉིས་ཆོས་ཅན། དྲན་པ་ལ་དགོས་པ་ཡོད་དེ། ཕྱི་རོལ་དུ་གླང་ཆེན་གྱི་འཇིགས་པ་དང། ནང་དུ་དེས་མཚོན་པ་དག་གི་ལྷན་ཅིག་སྐྱེས་དགའི་ཐིག་ ལེའི་སྒྲིབ་པ་ཉམས་པར་བྱེད་པ་ཡིན་པའི་ཕྱིར་ཏེ། མདོག་སྔོ་མིག་ནི་སེར་སྐྱ་འགྲམ་པ་གཉིས་པ་མྱོས་པའི་ཆུ་བོ་རབ་ཏུ་མང་བས་གང། །རྣམ་མང་ལྗོན་པ་མཆོག་རྣམས་རྩད་ནས་འབྱིན་ཞིང་རབ་ཏུ་གྲུགས་བྱེད་འབྲུག་བཞིན་ སྒྲ་དག་སྒྲོགས། །ལག་པས་བཅིང་པ་བྱས་ནས་སོ་ཡི་རྩེ་མོ་དག་གིས་འབྱེད་བྱེད་རབ་མཆོག་གླང་པོའི་བདག་གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ཡི་ལུས་ནི་གཏོང་བར་བྱེད། ཅེས་གསུངས་པའི་ ཕྱིར༑ བཞི་པ་ནི། དེ་གཉིས་ཆོས་ཅན། དྲན་པར་བྱས་པ་ལ་དགོས་པ་ཡོད་དེ། ཕྱི་རོལ་དུ་མེས་འཇིགས་པ་དང་ནང་དུ་དེས་མཚོན་ནས་ལུས་ཀྱི་ལྷན་ཅིག་སྐྱེས་དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་བྱེད་པ་ཡིན་པའི་ཕྱིར་ཏེ། ཀུན་ནས་ [055A]༄༅། །མེ་ལྕེ་རབ་འབར་ཕྱོགས་དང་མཚམས་སུ་དུ་བ་ཀུན་གྱིས་མུན་པ་ཆེན་པོ་གཏིབས། །གྲོང་དང་དགོན་པ་དུས་གཅིག་སྲེག་ཅིང་སྐར་མདའ་ལྟུང་བ་བཞིན་དུ་མེ་སྟག་སྤྲོ་བར་བྱེད། །སེམས་ཅན་རྣམས་ལ་དུས་ཀུན་ ཏུ་ནི་འཆི་བའི་འཇིགས་བྱེད་ཕྱོགས་ཀུན་ཁྱབ་པར་གྱུར་པའི་མེ། །གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ལ་བསིལ་བ་ཉིད་དུ་འགྱུར། ཞེས་གསུངས་པའི་ཕྱིར། ལྔ་པ་ནི། དེ་གཉིས་ཆོས་ཅན། དེ་ལ་ དགོས་པ་ཡོད་དེ། ཕྱི་རོལ་དུ་གདེངས་ཅན་ཀླུའི་དབང་པོའི་འཇིགས་པ་དང། ནང་དུ་དེས་མཚོན་ནས་ཡེ་ཤེས་ཀྱི་ཁྱད་དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་བྱེད་པ་ཡིན་པའི་ཕྱིར་ཏེ། ཁྲོས་ཤིང་མིག་སྨན་སྔོན་པོའི་མདོག་དང་འཁྱོག་ པོར་བགྲོད་པའི་ལུས་ཅན་དྲག་པོའི་ཕུང་སྒྲ་སྒྲོགས། །མཆེ་བ་འཁྱོག་པོ་ལྕེ་གཉིས་དང་ལྡན་འཆི་བའི་འཇིགས་བྱེད་རླུང་གི་ཤུགས་ཅན་རབ་ཏུ་གཏུམ། །དྲག་པོའི་མིག་དང་གདེངས་ཀ་གསལ་བྱས་ཡང་དག་ཕྲད་པ་ཟ་བར་ བྱེད་པའི་གདེངས་ཅན་དབང། །གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ལ་རབ་ཏུ་ཉམས་པར་འགྱུར། ཞེས་གསུངས་པའི་ཕྱིར། དྲུག་པ་ནི། དེ་གཉིས་ཆོས་ཅན། དྲན་པ་ལ་དགོས་པ་ཡོད་དེ་ ཕྱི་རོལ་དུ་ཆོམ་རྐུན་དང། ནང་དུ་དེས་མཚོན་པ་སེམས་ཀྱི་ཁྱད་དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་བྱེད་པ་ཡིན་པའི་ཕྱིར་ཏེ། སྡང་བའི་སེམས་ལྡན་ལག་པའི་མཐིལ་ན་གཞུ་དང་རྣ་བའི་བར་དུ་མདའ་བཀང་མདུང་དང་ནི། ། [055B] །དགོན་པར་ལམ་འགྲོན་སྐྱེ་བོ་རྒྱུ་བ་དང་འཕྲད་འཇོམས་བྱེད་དྲག་པོའི་མིག་ཅན་ཆོམ་རྐུན་པ། །གང་གིས་རྣལ་འབྱོར་མ་ རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ལ་རིང་བ་ཉིད་དུ་འགྱུར། ཞེས་གསུངས་པའི་ཕྱིར། བདུན་པ་ནི། དེ་གཉིས་ཆོས་ཅན། དྲན་པ་ལ་དགོས་པ་ཡོད་དེ། ཕྱི་རོལ་དུ་ཞགས་པས་འཆིང་བ་དང། ནང་དུ་དེས་མཚོན་པ་དག་ གི་ཁྱད་དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་བྱེད་པ་ཡིན་པའི་ཕྱིར་ཏེ། ལག་པ་དག་ནི་ཞགས་པས་བཅིངས་ཤིང་རྐང་པའི་པདྨ་ཟུང་ནི་ལྕགས་སྒྲོག་དག་གིས་བསྡམས། །དག་པའི་ཆུ་དང་བྲལ་བས་ལྕེ་དང་མགྲིན་པ་མཆུ་སྐམས་ ལུས་པོ་སྐེམ་ཞིང་བཀྲེས་པས་གཟིར། །ཉིན་མཚན་དུས་སུ་རྗེ་བོ་ཁྲོས་པའི་བཀའ་ཡིས་ཀུན་ཏུ་བསྲུང་མ་རྣམས་ཀྱིས་སྲུང་བྱེད་པ། །གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ཡང་དེ་ལས་གྲོལ་བར་ འགྱུར། ཞེས་གསུངས། །བརྒྱད་པ་ནི། དེ་གཉིས་ཆོས་ཅན། དྲན་པ་ལ་དགོས་པ་ཡོད་དེ། ཕྱི་རོལ་དུ་ཆུ་གཏེར་འཁྲུགས་པ་དང། ནང་དུ་ལུས་ཀྱི་ཁྱད་དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་བྱེད་པ་ཡིན་པའི་ཕྱིར་ཏེ། ཆུ་གཏེར་ བཞོན་པ་ལ་ཞོན་མཐའ་ཡས་དྲག་པོའི་རླུང་གིས་ཆུ་ཡི་གཏེར་ནི་འཁྱུགས་བྱེད་ཅིང། །ཀུན་ཏུ་འཁོར་བར་བྱེད་ལ་ཆུ་གཏེར་ཆོམ་རྐུན་ཆུ་སྲིན་ཉ་ཡི་རིགས་ཀྱིས་བཀག་གྱུར་ཏེ། །མེ་ཡི་ཏིལ་མར་གདུག་པས་འཕངས་པ་མེ་ཡི་ཆར་ [056A]༄༅། །ཆེན་ཀུན་ནས་རྒྱུན་ཏུ་འབབ་པ་ལ། །གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ཡང་དེ་ལས་ཕ་རོལ་འགྲོ། ཞེས་གསུངས་པའི་ཕྱིར། དགུ་པ་ནི། དེ་གཉིས་ཆོས་ཅན། དྲན་པ་ལ་ དགོས་པ་ཡོད་དེ། ཕྱི་རོལ་དུ་ཤ་ཟའི་རོ་ལངས་ཀྱི་འཇིགས་པ་དང། ནང་དུ་ཡེ་ཤེས་ཀྱི་མཆོག་དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་བྱེད་པ་ཡིན་པའི་ཕྱིར་ཏེ། ཕཊ་ཅེས་འཇིགས་རུང་སྒྲ་སྒྲོགས་ཁ་ནས་མེ་འབར་ལག་ན་གྲི་ གུག་དང་ནི་ཐོད་པ་ཐོགས། །རོ་ལངས་གདུག་པའི་སེམས་ལྡན་ཕྱོགས་བཅུའི་དཀྱིལ་འཁོར་དག་ལ་ཡང་དག་གནས་ཤིང་འཇིགས་པར་བྱེད། །དཀྲེས་པས་གཟིར་ཏེ་ཤ་དག་ཟ་ཞིང་མི་ཁྲག་ལ་དགའ་ལུས་སྐེམས་གོས་ དང་བྲལ་བ་དག་གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ལ་སྲུང་བ་བྱེད་པར་འགྱུར། ཞེས་གསུངས་པའི་ཕྱིར། བཅུ་པ་ནི། དེ་གཉིས་ཆོས་ཅན། དྲན་པ་ལ་དགོས་པ་ཡོད་དེ། ཕྱི་རོལ་དུ་མཛེ་ ནད་དང། ནང་དུ་སེམས་ཀྱི་མཆོག་དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་བྱེད་པ་ཡིན་པའི་ཕྱིར་ཏེ། ཉིན་བཞིན་འཁུན་ཞིང་སོར་མོའི་རྩེ་མོ་ཟླུམ་པོ་ཉམས་ཏེ་སྣ་དང་མཆུ་དང་རྣ་བ་ཉམས། །གདོང་དང་མགྲིན་པ་རྐང་ལག་ དག་གི་རྨ་རྣམས་ལས་ནི་རྣག་རུལ་མང་པོ་རབ་ཏུ་འབབ། །རུལ་བའི་དྲི་ངའི་མཐུ་ལས་གཉེན་བཤེས་ཚོགས་ཀྱིས་ཤི་བའི་ལུས་བཞིན་ཡོངས་སུ་བཏང་གྱུར་པ། །གང་ཞིག་རྣལ་འབྱོར་མ་རྣམས་ཞབས་བཟང་དྲན་བྱེད་ [056B] ཞེས་གསུངས་པའི་ཕྱིར། བཅུ་གཅིག་པ་ནི། ཕྱི་རོལ་དུ་ལྷའི་དབང་པོའི་ཕོ་ཉའི་འཇིགས་པ་དང། ནང་དུ་ངག་གི་མཆོག་དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་བྱེད་པ་ཡིན་པའི་ ཕྱིར་ཏེ། འབར་བཅས་མཆེ་རྣོན་གདེངས་ཅན་འཕྲོག་བྱེད་ཤ་ར་བྷ་དང་སྟག་དང་གླང་ཆེན་གདོང་ལྡན་ཞིང། །ལག་ན་འཁོར་ལོ་རལ་གྲི་མདའ་དང་རྩེ་གསུམ་ལྕགས་ཀྱུ་རྡོ་རྗེ་ཐོགས་པས་ཕྱོགས་ཀུན་ཏུ། །བྱང་ཆུབ་བསམ་གཏན་ གཅག་གཞོལ་མཆོག་བདེ་ལ་གནས་སྒྲུབ་པ་པོ་སྡིགས་དབང་པོའི་ཕོ་ཉ་གང། །དེ་དག་རྣལ་འབྱོར་དབང་ཕྱུག་མ་ཞབས་གང་གིས་རང་ཡིད་ལ་བྱེད་དེ་ལ་ཉམས་པར་འགྱུར། ཞེས་གསུངས་ཤིང། བཅུ་གཉིས་པ་ནི། ཕྱི་རོལ་དུ་ དབུལ་བའི་འཇིགས་པ་དང། ནང་དུ་ལུས་ཀྱི་མཆོག་དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་བྱེད་པ་ཡིན་པའི་ཕྱིར་ཏེ། དབྱར་ནི་ནགས་ནས་གྲོང་གི་བར་དུ་འདམ་རྫབ་ཀྱིས་གང་ལམ་དག་ལ་ཡང་ཁུར་འཁྱེར་ཞིང། །དགུན་ ནི་གོས་དང་བྲལ་བས་ཁ་བའི་ལམ་དུ་བགྲོད་ཅིང་ཡུལ་གཞན་དག་ཏུ་འང་འགྲོ་བར་བྱེད། །སོ་ཀ་ཆུ་མེད་འཇིགས་བཅས་མྱ་ངན་ལམ་དུ་ཉི་མའི་འོད་ཟེར་གྱིས་གདུངས་དབུལ་པོ་གང། །རྣལ་འབྱོར་མ་རྣམས་ཞབས་བཟང་ སྒོམ་བྱེད་སྡུག་བསྔལ་དེ་དག་གིས་བཏང་འདོད་དང་ལྡན་པར་འགྱུར། ཞེས་གསུངས་པའི་ཕྱིར། བཅུ་གསུམ་པ་ནི། ཕྱི་རོལ་དུ་བུད་མེད་དང་བྲལ་བའི་འཇིགས་པ་དང། ནང་དུ་ཡེ་ཤེས་ཀྱི་དགའ་བའི་ཐིག་ལེའི་སྒྲིབ་པ་ [057A]༄༅། །ཉམས་པར་བྱེད་པ་ཡིན་པའི་ཕྱིར་ཏེ། མཆན་ཁུང་མིག་དང་རྣ་བ་སྣ་དང་ཁ་ལུས་བརྗོད་པ་དག་ལས་མི་བཟང་དྲི་འབྱུང་ཞིང། །བུད་མེད་ཀུན་དང་བྲལ་བས་དུས་ཀུན་དུ་ནི་དགའ་བའི་བདེ་བ་དང་བྲལ་སྐལ་ ངན་ཏེ། །མི་དགེའི་འབྲས་བུའི་དབང་གིས་རྟག་ཏུ་བུད་མེད་སྡང་བར་གྱུར་པ་གང་ལ་དེ་དག་ཀུན། །རྣལ་འབྱོར་མ་རྣམས་ཞབས་ནི་བདེ་བ་མཆོག་སྦྱིན་བསྒོམས་པས་སྐལ་བཟང་ཁ་དོག་གཟུགས་ཅན་འགྱུར། ཞེས་ གསུངས་ཤིང། བཅུ་བཞི་པ་ནི། དེ་གཉིས་ཆོས་ཅན། དྲན་པ་ལ་དགོས་པ་ཡོད་དེ། ཕྱི་རོལ་དུ་མི་བདག་འཁྲུགས་པའི་འཇིགས་པ་དང། ནང་དུ་སེམས་ཀྱི་དགའ་བའི་ཐིག་ལེའི་སྒྲིབ་པ་ཉམས་པར་བྱེད་པ་ཡིན་པའི་ཕྱིར་ཏེ་ འཁུས་ཕྱིར་གཡོག་འཁོར་གང་ལ་མི་དབང་འཁྲུགས་ཏེ་འཇིགས་པའི་གཤིན་རྗེ་ལྟ་བུར་མཐའ་གཅིག་ཏུ། །གསོད་པ་ལ་ཞེ་ན་འཆི་བའི་འཇིགས་པ་བྱེད་པའི་སྡེ་རྣམས་ཡང་དག་མྱུར་དུ་བསྐུལ་བྱེད་པ། །རྣལ་འབྱོར་མ་ རྣམས་ཞབས་ནི་འཇིག་རྟེན་གསུམ་པོ་ཀུན་གྱི་མགོན་དག་རང་ཡིད་ལ་བསྒོམས་པས། །དེ་དག་རྣམས་ཀྱི་དེ་ཡང་རབ་ཏུ་ཞི་ཞིང་འདོད་པ་ཐམས་ཅད་སྦྱིན་པས་མཆོག་སྦྱིན་འགྱུར། ཞེས་གསུངས་པའི་ཕྱིར། བཅོ་ལྔ་པ་ ནི༑ ཕྱི་རོལ་དུ་ཐོག་ལྟུང་བ་དང། ནང་དུ་ངག་གི་དགའ་བའི་ཐིག་ལེའི་སྒྲིབ་པ་ཉམས་པར་བྱེད་པ་ཡིན་པའི་ཕྱིར་ཏེ། གང་དག་འགའ་ཞིག་ཏུ་ནི་མཁའ་ལས་རྡོ་རྗེ་རབ་ལྟུང་བུད་མེད་འགྲོགས་ལས་རྟག་པར་ཡང། །སྐྱེད་ [057B] །དཔལ་ལྡན་ལས་དང་ཡེ་ཤེས་མཆོག་གི་ཆུ་སྐྱེས་ལ་གནས་རྡོ་རྗེའི་ཞབས་དག་བསྒོམས་པ་ཡིས། །དེ་དག་རྣམས་ཀྱི་དེ་ ཡང་རབ་ཞི་འཆི་བ་ཉིད་འགྱུར་སླར་ཡང་སྐྱེ་བ་ལྡན་པ་མིན། ཞེས་གསུངས་པའི་ཕྱིར། བཅུ་དྲུག་པ་ནི། དེ་གཉིས་ཆོས་ཅན། དྲན་པ་ལ་དགོས་པ་ཡོད་དེ། ཕྱི་རོལ་དུ་ནོར་ཉམས་པ་དང། ནང་དུ་ལུས་ཀྱི་དགའ་བའི་ཐིག་ལེ་ ཉམས་པའི་འཇིགས་པ་འཕྲོག་པ་ཡིན་པའི་ཕྱིར་ཏེ། གང་དག་ཉིན་དང་མཚན་མོར་བུད་མེད་འགྲོགས་ལ་རྣམ་པར་ཆགས་པས་ནོར་ཀུན་ཉམས་འགྱུར་ཞིང། །སྐྱེ་བ་གཞན་གྱི་བག་ཆགས་བསྒོས་པའི་སེམས་ལས་དེ་ ནི་སླར་ཡང་མང་པོར་རབ་འབྱུང་བས། །ཤེས་རབ་རྣལ་འབྱོར་མ་རྣམས་དག་གི་མི་མཉམ་མཉམ་པའི་ཞབས་ནི་སྣ་ཚོགས་གཟུགས་ཅན་གང། །རྒྱལ་བ་མཆོག་གིས་མཆོད་ཅིང་བསྟོད་པ་བསྒོམས་པས་དེ་ནི་ནོར་ཀུན་ ཉམས་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདིར་ལུས་ཀྱི་དགའ་བ་མཆོག་དགའ་སོགས་ཀྱིས་རིམ་པས་མི་སྟོན་པ་རིམ་པ་འདི་ལྟར་བསྟན་པ་ལ་དགོས་པ་གང་ཞེ་ན། རིམ་པ་འདི་ལྟར་བསྟན་པ་ལ་ཆོས་ཅན། དགོས་པ་ཡོད་ དེ། ཡེ་ཤེས་ཀྱི་ཐིག་ལེ་འགོག་པ་ལས་ལུས་ངག་ཡིད་ཀྱི་ཐིག་ལེ་འགོག་ཅིང། འབྲས་དུས་སུ་ངོ་བོ་ཉིད་སྐུ་ལ་བརྟེན་ནས་སྐུ་གཞན་གསུམ་སྤྲོ་བའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། གསུམ་པ་ནི་འོ་ན་ངེས་དོན་གྱི་རྣལ་ [058A]༄༅། །འབྱོར་མའི་ཞབས་གང་ཚུལ་ཇི་ལྟར་དྲན་པས་འཇིགས་པ་འཕྲོག་ཚུལ་ཅི་ཞེ་ན། དེའི་ལན་སྟོན་པ་ལ། སེར་སྐྱ་ལུག་དང་ཀུན་འདར་མ་སྟེ་ཉི་ཟླ་སྒྲ་གཅན་ལམ་གསུམ་བགྲོད་པ་རྣལ་འབྱོར་མ། །དངོས་དང་དངོས་ མེད་རབ་ཉམས་མཉམ་བགྲོད་ཞབས་དེ་དག་ནི་དེ་དག་རྣམས་ཀྱི་ཡེ་ཤེས་སྐུ། །དེ་ཡི་ལྷན་སྐྱེས་བདེ་བའི་གོ་འཕང་འགྱུར་མེད་གཅིག་འདི་དེ་དག་དེ་ཉིད་གང་གིས་དྲན། །དེ་ཡི་སྐྱེ་བ་འདི་ལམ་ལུས་འཇིགས་འཕྲོག་འདིར་བརྗོད་ འབྲས་བུ་མྱུར་དུ་འབྱུང་བར་འགྱུར། ཞེས་གསུངས། དོན་ནི། འདིར་བསྟན་ངེས་དོན་གྱི་རྣལ་འབྱོར་མ་དང། དེའི་ཞབས་དྲན་པར་བྱས་པ་ཆོས་ཅན། དགོས་པ་ཡོད་དེ། སེར་སྐྱའམ་དམར་སེར་ཅན་རྩ་རོ་མ་ཁམས་ཉི་མའམ་ མེའི་རང་བཞིན་ཡིན་ལ། ལུག་གི་རྩའམ་རྐྱང་མ་ནི་ཟླ་བའམ་ཆུ་ཁམས་དང། ཀུན་འདར་མ་ཨ་ཝ་དྷཱུ་ཏཱི་ནི་སྒྲ་གཅན་ཏེ་ནམ་མཁའི་ཁམས་ཀྱི་རང་བཞིན་ཡིན་ལ། རྩའི་ལམ་གསུམ་པོ་དེ་ལ་བགྲོད་པའི་རླུང་འགགས་པ་ནི་མི་གཡོ་བ་ དང་ལྡན་པའི་རྣལ་འབྱོར་མ་ཡིན་ལ། དེའི་ཞབས་ནི་དངོས་པོ་སྐྱེ་རིམ་གྱི་རླུང་གི་དཀྱིལ་འཁོར་ལྔ་དང། དངོས་མེད་སྡུད་རིམ་གྱི་རླུང་གི་དཀྱིལ་འཁོར་ལྔ་རྣམས་ཀྱི་རྒྱུ་བ་རབ་ཏུ་ཉམས་ཤིང་མཉམ་དུ་དབུ་མར་བགྲོད་པ་སྟེ་བཅུག་ ནས་འགགས་པར་བྱས་པ་དེ་ལྟ་བུའི་ཞབས་དེ་དག་ལས་ཞབས་གཅིག་ནི་རྣལ་འབྱོར་མ་དེ་དག་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་པྲ་ཕབ་པའི་རང་བཞིན་ཡིན་ལ། ཞབས་གཅིག་ནི་དེའི་ལྷན་སྐྱེས་བདེ་བའི་གོ་འཕང་འགྱུར་བ་མེད་པ་ཡིན་ [058B]དེ་ལྟ་བུའི་ཞབས་དེ་དག་ཉིད་སྒྲུབ་པ་པོ་གང་གིས་རྡོ་རྗེའི་རྣལ་འབྱོར་གྱིས་དྲན་པ་དེ་ཡི་སྐྱེ་བ་འདི་ལ་རྒྱུད་འདིར་བརྗེད་པའི་འབྲས་བུའམ་ཕན་ཡོན་ཕྱི་ནང་གི་འཇིགས་པ་བཅུ་དྲུག་མ་ལུས་པ་འཕྲོག་པ་མྱུར་དུ་ འབྱུང་བར་འགྱུར་བ་ཡིན་པའི་ཕྱིར། སྨྲས་པ། གང་ལ་རེག་རྣམས་བཀྲ་ཤིས་རྒྱས་བྱེད་པའི། །ཡིད་འོང་ཞབས་ཟུང་དྲན་པའི་འོད་སྟོང་ཅན། །ཡིད་མཁར་ཤར་བ་ཙམ་གྱིས་ཕྱི་ནང་གི་བདུད་སྡེའི་མུན་ནག་མ་ལུས་དྲུང་འབྱིན་ པ༑ ༑མཐུ་ལྡན་རྣལ་འབྱོར་མ་རྣམས་ཞབས་པད་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སོང་གིས། །ཚེ་རབས་ཀུན་ཏུ་སྲིད་ལྟར་རྗེས་བརྩེ་བས། །འཁྱུད་པའི་མཛའ་བ་གཡེལ་མེད་སྦྱིན་པར་མཛོད། །བཞི་པ་ནི། འོ་ན་ཕྱི་རོལ་ གྱི་རྣལ་འབྱོར་མ་རྣམས་ཀྱི་གནས་མཁའ་དང་ས་ལ་སོགས་པ་ཡིན་པའི་ཕྱིར་ངེས་དོན་གྱི་རྣལ་འབྱོར་མའི་གནས་གང་ཡིན་ཞེ་ན། དེ་སྟོན་པ་ལ། དཔལ་ལྡན་རྣལ་འབྱོར་མ་རྣམས་དག་གི་གནས་ནི་རྡོ་རྗེ་ནོར་བུའི་ཁྱིམ་སྟེ་དེར་ འཇུག་གམ། །ཉོན་མོངས་མེད་ཅིང་འདུད་ཉམས་སྔོན་དུ་རྒྱལ་བས་གསུངས་པའི་བསྟོད་པ་བདག་གིས་འདིར་བརྗོད་དོ། །སྐྱེས་བུ་གང་དག་འདུད་ཀྱི་གྲོགས་ཀྱིས་རྟག་ཏུ་མི་བདེན་མུན་པར་སོང་ཞིང་ལམ་ཉམས་པ། །དེ་དག་རྣམས་ ཀྱིས་ལམ་འདི་ཐོབ་ནས་རྡོ་རྗེ་ནོར་བུའི་ཁྱིམ་དང་རིང་མིན་འོང་གྱུར་ཅིག་ཅེས་གསུངས་པའི་ཕྱིར། །དོན་ནི། དཔལ་ལྡན་རྣལ་འབྱོར་མ་རྣམས་དག་གི་ནང་གི་གནས་ནི་བཞག་ཏུ་ཡོད་དེ། དབུགས་འགགས་ཤིང་རྣམ་རྟོག་གིས་ [059A]༄༅། །མི་ཕྱེད་པས་རྡོ་རྗེ། དགའ་བ་མཆོག་ཏུ་རྒྱས་པའི་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་གམ་ཁྱིམ་དུ་གྱུར་པ་གང་ཡིན་པ་དེ་ཉིད་ཡིན་པའི་ཕྱིར། ཁྱིམ་དེར་སྐལ་ལྡན་རྣམས་འཇུག་རིགས་ཏེ། དེར་འཇུག་པའི་ཆེད་ དུ་པདྨ་དཀར་པོ་བདག་གིས་རྒྱུད་ལ་སྔོན་དུ་རྒྱལ་བས་གསུངས་པའི་ལམ་ཉོན་མོངས་པའི་བག་ཆགས་མེད་པར་བྱེད་ཅིང་བདུད་རྣམས་ཉམས་པར་བྱེད་པའི་སྒོ་ནས་བསྟོད་པ་སྐབས་འདིར་བརྗོད་པ་ཡིན་པའི་ཕྱིར། དེ་ ལྟར་བསྟོད་པའི་དགེ་བ་བསྔོ་བའི་ཚུལ་ཡོད་དེ། སྐྱེས་བུ་གང་དག་བདུད་ཀྱི་གྲོགས་ཀྱིས་ཡིན་པས་རྟག་ཏུ་མི་བདེན་པའི་མུན་པར་སོང་ཞིང་ཕྱག་རྒྱ་ཆེན་མོའི་ལམ་ཉམས་པ་དེ་དག་རྣམས་ཀྱིས་རྡོ་རྗེའི་རྣལ་འབྱོར་གྱི་ ལམ་འདི་ཐོབ་ནས་རྡོ་རྗེ་ནོར་བུའི་ཁྱིམ་དང་རིང་བ་མིན་པ་སྟེ་ཉེ་བར་འོང་བར་གྱུར་ཅིག་ཅེས་བསྔོ་བ་མཛད་པ་ཡིན་པའི་ཕྱིར། འོ་ན་རྡོ་རྗེ་ནོར་བུའི་ཁྱིམ་དེར་ཞུགས་ན་འབྲས་བུ་ཅིར་འགྱུར་ཞེ་ན། དེའི་ལན་སྟོན་པ་ལ་ དུ་བ་ལ་སོགས་ལམ་གྱི་ལྷན་སྐྱེས་བདེ་བའི་གོ་འཕང་བསྒོམས་ན་དེ་ནི་དུས་འཁོར་ལོ། །སུམ་ཅུ་རྩ་གཉིས་མཚན་གྱི་ཡན་ལག་འགྲོ་བའི་བླ་མ་ཆོས་ཀྱི་འཁོར་ལོ་འདི་ལ་གནས། །ལྷ་རྣམས་མགོ་ཡི་གཙུག་གི་ ནོར་བུའི་འོད་ཟེར་ཚོགས་ཀྱིས་ཞབས་ཀྱི་པདྨ་ལ་གཏུགས་ཤིང། །དམ་པའི་ལམ་ནི་སྟོན་བྱེད་ཉིན་མོར་བྱེད་པ་བཞིན་དུ་མུན་པ་ཐམས་ཅད་འཇོམས་པར་འགྱུར། ཞེས་གསུངས། དོན་ནི། ཁྱིམ་དེར་ཞུགས་ [059B] གཉིས་ཀྱི་ཆོས་ཀྱི་འཁོར་ལོ་འདི་བསྐོར་བ་ལ་གནས་པ། ལྷ་རྣམས་མགོའི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱིས་ཞབས་ཀྱི་པདྨ་ལ་གཏུགས་ཤིང། དམ་པའི་ལམ་འདི་ནི་སྟོན་པར་བྱེད་པ་ཉིན་མོར་བྱེད་པ་བཞིན་དུ་མ་རིག་ པའི་མུན་པ་ཐམས་ཅད་འཇོམས་པའི་གོ་འཕང་འཐོབ་པར་འགྱུར་བ་ཡིན་པའི་ཕྱིར། བཅོམ་ལྡན་པ་སོགས་ན་རེ། སྟོང་གཟུགས་ཀྱི་སྣང་བ་ཅན་གྱི་གཟུགས་བརྙན་གྱི་ལམ་བསྒོམས་ཀྱང་སངས་རྒྱས་ཀྱི་ལམ་དུ་མི་འགྱུར་ཏེ་ ལང་གཤེགས་ལས། རྣལ་འབྱོར་ཅན་གྱིས་བརྩོན་བྱས་ན། །ཉི་མ་ཟླ་བའི་དབྱིབས་འདྲ་དང། །འོད་དང་པདྨ་ལྟ་བུ་དང། །རི་མོ་ནམ་མཁའི་མེ་འདྲ་མཐོང། །མཚན་མ་སྣ་ཚོགས་དེ་དག་ནི། །མུ་སྟེགས་ཅན་ལམ་འཁྲིད་པར་བྱེད།། ཉན་ཐོས་དག་དང་རང་རྒྱལ་གྱི། །སྤྱོད་ཡུལ་དུ་ཡང་ལྟུང་བར་བྱེད། །འདི་དག་ཐམས་ཅད་རྣམ་སྤངས་ཤིང། །སྣང་བ་མེད་པར་ནམ་གྱུར་པ། །དེ་ཚེ་སངས་རྒྱས་ལྷ་ཡི་ཕྱག་ཅེས་སོགས་གསུངས་པའི་ཕྱིར། ཞེས་ཟེར། དེ་ལ་ བུ་སྟོན་རིན་པོ་ཆེས། སྔར་གྱི་དུས་འཁོར་བ་རྣམས་ཀྱིས་ལན་མ་ཐེབས་འདུག་པས་འདི་ལྟར་སྐྱོན་སྤོང་སྟེ། མཚན་མ་སོགས་དེ་དག་མཐོང་བ་ལ་གདུག་པའི་སློབ་དཔོན་གྱིས་བརྡ་ཕྱིན་ཅི་ལོག་ཏུ་སྤྲད་པའི་དབང་གིས་མུ་སྟེགས་ [060A]༄༅། །ཅན་གྱི་ལམ་དུ་འཁྲིད་པ་ལ་དགོངས་ལ། འདི་ནི་མཚན་མ་སྣ་ཚོགས་སྤངས་ཏེ་མེད་པར་བྱས་པ་མིན་གྱི་འདི་དག་ཅེས་པ་ཉེ་ཚིག་ཡིན་པས་མུ་སྟེགས་ཅན་ལམ་འདི་དག་ཅེས་པའོ། །སྣང་བ་མེད་པར་ ནམ་གྱུར་པ། ཞེས་པ་མཚན་མ་སྣང་བ་ཅི་ཡང་མེད་པ་མིན་གྱི་འོད་གསལ་སྟོང་གཟུགས་པྲ་ཕབ་པ་ལྟ་བུ་དེ་ཉིད་ཡིན་ཞིང། དེ་ནི་ཡུམ་བར་མ་ལས་གསུངས་པ། རིན་ཆེན་སྣང་བ་ཞེས་བྱ་བ་དང། རིན་ཆེན་སྒྲོན་མ་དང། ཟླ་བ་ སྒྲོན་མ་དང། ཉི་མ་སྣང་བ་དང། རྣམ་པ་ཐམས་ཅད་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་སོགས་ཀྱིས་ཀྱང་སྟོང་གཟུགས་སངས་རྒྱས་ཀྱི་ལམ་དུ་བསྟན་ཏོ། །ཞེས་འཆད་པ་མི་འཐད་དེ། སྟོང་གཟུགས་སྣང་མེད་ ཀྱི་སྟོང་ཉིད་དུ་སྨྲ་བ་སེམས་འགྲེལ་སྐོར་གསུམ་དང་འགལ་བའི་ཕྱིར་ཏེ། དེ་གསུམ་ལས་སྟོང་གཟུགས་སྣང་བཅས་ཀྱི་སྟོང་ཉིད་དུ་བཤད་པའི་ཕྱིར། གཞན་ཡང། ལང་གཤེགས་དང་ཡུམ་བར་མ་ལས་ཟབ་མོ་རྫོགས་ པའི་རིམ་པ་བསྟན་པར་ཐལ་ལོ། །རང་ལུགས་ནི། དོགས་པ་དེའི་སྐྱོན་མེད་དེ། སེམས་གནས་ཐུན་མོང་བ་ཙམ་གོམས་པ་ལས་བྱུང་བའི་ཉམས་སྣང་ཟ་ཟི་དང། འདིར་བསྟན་སྟོང་གཟུགས་ཁྱད་པར་ཅན་གཉིས་རྒྱུ་དང་ངོ་བོ་དང་ འབྲས་བུ་ལ་སོགས་པ་གང་གི་སྒོ་ནས་ཀྱང་མི་མཚུངས་པའི་ཕྱིར། བརྒྱད་པ་བརྩམ་པར་དམ་བཅའ་བའི་ཚུལ་གཞན་འཆད་པ་ལ། ལྷ་ཀླུ་མི་དང་ལྷ་མིན་དབང་པོའི་ཅོད་པན་དག་གིས་ཞབས་པད་ལ་གཏུགས་གང། །ཡང་ [060B] །བདུད་དང་ཉོན་མོངས་རི་དྭགས་རབ་གཏུམ་གསོད་བྱེད་དཔལ་ལྡན་ཤཱཀྱ་སེང་གེ་དེའི། །རྟག་ཏུ་འགྲོ་ལ་བརྩེ་དང་དེ་ཡི་ཤེས་རབ་ཀྱིས་བསྐུལ་འགྲེལ་ བཤད་བདག་གིས་བྲི། ཞེས་གསུངས། དོན་ནི། པདྨ་དཀར་པོ་བདག་གིས་ཆོས་ཅན། དུས་ཀྱི་འཁོར་ལོའི་འགྲེལ་བཤད་བྲི་བའི་རྒྱུ་མཚན་ཡོད་དེ། ལྷ་ཀླུ་མི་དང་ལྷ་མིན་དབང་པོའི་ཅོད་པན་དག་གིས་ཞབས་པད་ལ་གཏུགས་ པ་གང་ཡིན་པ་དཔལ་ལྡན་ཤཱཀྱ་སེང་གེ་དེ་ཡིས་རྟག་ཏུ་འགྲོ་ལ་བརྩེ་བ་དང། དེར་མ་ཟད་ཐུལ་བ་དེ་ཡི་ཟབ་པ་དང་རྒྱ་ཆེ་བའི་ཡེ་ཤེས་ཀྱི་ཤེས་རབ་ཀྱིས་བསྐུལ་ཞིང་བྱིན་གྱིས་བརླབས་པའི་དབང་གིས་ཡིན་པའི་ཕྱིར། བསྐུལ་བ་ པོའི་ཡོན་ཏན་ཇི་ལྟ་བུ་ཞེ་ན། ཤཱཀྱ་སེང་གེ་ཆོས་ཅན། ཡོན་ཏན་ཚད་མེད་པ་དང་ལྡན་ཏེ། ཡང་དག་ཡེ་ཤེས་ཉིན་མོར་བྱེད་པས་འགྲོ་བ་གསུམ་གྱི་མུན་པ་སེལ་ཞིང་དཔལ་ལྡན་ཆོས་ཀྱི་འཁོར་ལོ་བསྒྱུར་བའི་གོ་འཕང་བརྙེས་པ་ ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་སེང་གེ་ཞེས་བྱ་སྟེ། བདུད་དང་ཉོན་མོངས་པའི་རི་དྭགས་མ་ལུས་རབ་ཏུ་གསོད་པར་བྱས་པས་དེ་ལྟར་བརྗོད་པའི་ཕྱིར། འོ་ན་རྒྱ་ཆེར་འགྲེལ་འབྲི་ན། འདིའི་བརྗོད་བྱ་དུས་ཀྱི་འཁོར་ལོ་དེ་ཇི་ལྟ་ བུ་ཞེ་ན། དེ་སྟོན་པ་ལ། །ཀཱ་ཡིག་ལས་ནི་རྒྱུ་ཞིབ། །ལ་ཡིག་འདི་ལ་ཐིམ་པ་ཉིད། །ཙ་ཡིག་གིས་ནི་གཡོ་བའི་སེམས། །ཀྲ་ཡིག་རིམ་པ་གཅིངས་ལས་སོ། །ཞེས་གསུངས། དོན་ནི། ཀཱ་ལ་ཙཀྲ་ཞེས་པའི་ཡི་གེ་བཞིའི་ནང་ཚན་ [061A]༄༅། །དུ་གྱུར་པའི་ཀཱ་ཡིག་གི་མཚོན་དོན་ཡོད་དེ། ཀཱ་ར་ཎ་ཤཱནྟེ་ཞེས་པའི། ཀཱ་ར་ཎ་རྒྱ་དང་ཤཱནྟེ་ཞི་བ་ལ་འཇུག་སྟེ་དེ་ཡང་རྒྱུ་ནི་སད་པའི་གནས་སྐབས་ཀྱི་འཁྲུལ་སྣང་སྣ་ཚོགས་བསྐྱེད་པའི་གཞིར་གྱུར་པའི་ བྱང་ཆུབ་ཀྱི་སེམས་ལུས་ཀྱི་ཐིག་ལེ་ཡིན་ལ། ཞི་བ་ནི་དེ་ཉིད་ཟད་པ་སྟེ་མདོར་ན་དཔྲལ་བར་ཐ་མལ་པའི་ལུས་ཀྱི་ཐིག་ལེ་འགགས་པ་སྤྲུལ་པའི་སྐུ་མཚོན་པའི་ཕྱིར། ལ་ཡིག་གི་མཚོན་དོན་ཡོད་དེ། ལ་ཡོ་དྲ་ཝེ་ཞེས་ པ་ལུས་ཀྱི་ཐིག་ལེ་འགགས་པ་ནི་རྨི་ལམ་གྱི་གནས་སྐབས་སྐྱེད་པར་བྱེད་པའི་སྲོག་འདི་ལ་ཐིམ་པ་ཉིད་དེ་མདོར་ན་མགྲིན་པར་ཐ་མལ་པའི་ངག་གི་ཐིག་ལེ་འགགས་པ་ལོངས་སྐུ་མཚོན་པ་ཡིན་པའི་ཕྱིར། ཙ་ཡིག་གི་ མཚོན་དོན་ཡོད་དེ། ཙ་ལ་ཙིཏྟ་གཡོ་བའི་སེམས་ལ་འཇུག་པས། སད་རྨིའི་གནས་སྐབས་སུ་སེམས་གཟུགས་སྒྲ་སོགས་ཡུལ་ལ་གཡོ་བ་དེ་ཉིད་མུན་པས་ཟིལ་གྱིས་མནན་པའི་སེམས་གཉིད་འཐུག་གི་གནས་ སྐབས་ཟད་པ་སྟེ་མདོར་ན་སྙིང་ཁར་སེམས་ཀྱི་ཐིག་ལེ་འགགས་པ་ཆོས་སྐུ་མཚོན་པ་ཡིན་པའི་ཕྱིར། ཀྲ་ཡིག་གི་མཚོན་དོན་ཡོད་དེ། ཀྲ་མ་བཧན་དྷ་ཞེས་པ་རིམ་པ་བཅིངས་ལས་སོ་ཞེས་པ་སྟེ། རིམ་པ་ནི་ཐིག་ལེ་ འཕོ་བ་དང། བཅིངས་པ་ནི་ལྷན་ཅིག་སྐྱེས་པའི་བདེ་ཆེན་ཏེ་བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་ཟད་པས་ལྟེ་བར་ཐ་མལ་པའི་ཡེ་ཤེས་ཀྱི་ཐིག་ལེ་འགགས་པ་ལྷན་ཅིག་སྐྱེས་པའི་སྐུ་མཚོན་པ་ཡིན་པའི་ [061B] ཞེས་ནཱ་རོ་པ་དང་ཨ་ཙ་ལ་བཞེད་དོ། །འོ་ན་ཡི་གེ་རེ་རེ་བའི་དོན་དེ་ལྟར་ཡིན་ན་སྡོམས་པའི་དོན་གང་ཡིན་ཞེ་ན། དེ་སྟོན་པ་ལ། དུས་ནི་འགྱུར་མེད་བདེ་ཡེ་ཤེས། །ཐབས་དང་སྙིང་རྗེའི་བདག་ཉིད་དེ། །འཁོར་ལོ་ཞེས་ བྱའི་རྣམ་འགྲོ་དཔལ། །ཤེས་རབ་སྟོང་ཉིད་བདག་ཉིད་དེ། ཞེས་གསུངས། དོན་ནི། ཡང་ན་དུས་ཀྱི་འཁོར་ལོའི་དོན་བཞག་ཏུ་ཡོད་དེ། དུས་ནི་འགྱུར་བ་མེད་པའི་བདེ་བའི་ཡེ་ཤེས་ཐབས་སྟོང་པ་ཉིད་དང་དབྱེར་མེད་སྙིང་ རྗེའི་བདག་ཉིད་དེ་ཡིན་ལ། འཁོར་ལོ་ནི་ཁམས་གསུམ་གྱི་འགྲོ་བ་མཐའ་ཡས་པའི་ཤེས་བྱའི་རྣམ་པ་ཅན་གྱི་རྣམ་བཅས་ཀྱི་ཤེས་རབ་སྟོང་པ་ཉིད་ཀྱི་བདག་ཉིད་དེ་ངོ་བོ་གཅིག་པ་ཉིད་དུས་ཀྱི་འཁོར་ལོའི་སྒྲ་དོན་ཡིན་པའི་ ཕྱིར༑ དེ་ལྟ་བུའི་བརྗོད་བྱ་དང། རྗོད་བྱེད་ཀྱི་ཁྱད་པར་སྟོན་པ་ལ། འདི་ནི་དཔལ་ལྡན་དུས་འཁོར་ལོ། །རྡོ་རྗེའི་རྣལ་འབྱོར་ཐམས་ཅད་ནས། །བདེན་པ་གཉིས་ལ་གནས་པ་འདི། །མངོན་པར་བརྗོད་པའི་རྗོད་བྱེད་འགྱུར་ ཞེས་གསུངས། དོན་ནི། བཤད་མ་ཐག་པའི་དཔལ་ལྡན་དུས་ཀྱི་འཁོར་ལོ་འདི་ནི་སྟེ་འདི་དང། རྡོ་རྗེའི་རྣལ་འབྱོར་མ་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་བདེན་པ་གཉིས་ལ་གནས་པ་འདི་ཆོས་ཅན། བསྡུས་པའི་རྒྱུད་ཀྱི་ རྒྱལ་པོའི་བརྗོད་བྱ་ཡིན་ཏེ། རྒྱུད་ཀྱི་རྒྱལ་པོ་འདི་ཁྱོད་མངོན་པར་བརྗོད་པར་བྱེད་པའི་རྗོད་བྱེད་དུ་འགྱུར་བ་ཡིན་པའི་ཕྱིར། དེ་འདྲའི་བསྡུས་རྒྱུད་ཀྱི་འགྲེལ་པ་རྩོམ་པའི་རྒྱུ་མཚན་སྟོན་པ་ལ། བདེ་བར་གཤེགས་པས་ལུང་བསྟན་ [062A]༄༅། །ཅིང༑ ༑འཇམ་དཔལ་གྱིས་ནི་བསྐུལ་གྱུར་པ། །འཇིག་རྟེན་མགོན་པོ་བདག་གིས་ནི། །རྒྱུད་འདིའི་འགྲེལ་བཤད་བྲི་བར་བྱ། །བྱིས་པ་མཁས་པ་རྨོངས་རྣམས་ལ། །རྒྱུད་ཀྱི་གསང་བ་གསལ་ བྱེད་དེ། །མ་ཡིས་བུ་ལ་ཕན་པ་བཞིན། །ལུས་ཅན་ཐམས་ཅད་བདེ་དོན་དུའོ། །རྡོ་རྗེ་སེམས་དཔའི་ལམ་མཆོག་ནི། །གང་གི་རྣལ་འབྱོར་པས་རིག་བྱེད། །དེ་ཕྱིར་དྲི་མ་མེད་པའི་འོད། །འགྲེལ་བཤད་འདི་ནི་མྱུར་དུ་བྲི། ། ཞེས་གསུངས། དོན་ནི། འཇིག་རྟེན་མགོན་པོ་བདག་གིས་ཆོས་ཅན། བསྡུས་པའི་རྒྱུད་འདིའི་འགྲེལ་བཤད་བྲི་བར་བྱ་བའི་རྒྱུ་མཚན་ཡོད་དེ། བདེ་བར་གཤེགས་པས་རྩ་རྒྱུད་དུ་འགྲེལ་པ་བྱེད་པར་ལུང་བསྟན་ཅིང་ རང་གི་ཡབ་འཇམ་དཔལ་གྱིས་ནི་བསྐུལ་བར་གྱུར་པ་ཡིན་པའི་ཕྱིར། །ཚུལ་ཇི་ལྟར་འགྲེལ་པ་ཡང་བཞག་ཏུ་ཡོད་དེ། བདེན་པ་མ་མཐོང་བའི་བྱིས་པ་སོ་སོའི་སྐྱེ་བོ་བསྟན་བཅོས་གཞན་ཤེས་པའི་མཁས་པ་རྣམས་ དང༑ བསྟན་བཅོས་མི་ཤེས་པའི་རྨོངས་པ་རྣམས་ཀྱིས་རྟོགས་མི་ནུས་པའི་རྒྱུད་ཀྱི་གསང་བ་རྣམས་གསལ་བར་སྟོན་པར་བྱེད་པ་ཡིན་པའི་ཕྱིར་ཏེ། དཔེར་ན་བདུག་པའི་བུ་ཡིས་འཇིགས་ནས་ཕ་ཡིས་ གསང་ཞིང་སྦས་པའི་ནོར་ཡང་མ་ཡིས་བུ་ལ་སྟོན་པ་བཞིན་དུ། བདུག་པའི་སློབ་དཔོན་གྱིས་འཇིགས་ཏེ་བཅོམ་ལྡན་འདས་ཀྱིས་སྦས་པའི་དོན་ཟབ་མོ་ཡང་ལུས་ཅན་ཐམས་ཅད་ཀྱིས་བདེ་བ་ཆེན་པོ་ཐོབ་ [062B] དྲི་མ་མེད་པའི་འོད་ཅེས་བྱ་བའི་འགྲེལ་བཤད་འདི་ནི་ཆོས་ཅན། མྱུར་དུ་བྲི་བར་བྱ་བའི་རྒྱུ་མཚན་ཡོད་དེ། རྡོ་རྗེ་སེམས་དཔའ་དུས་ཀྱི་འཁོར་ལོའི་ལམ་མཆོག་ནི་རྒྱས་ འབྲེལ་གང་གིས་མཐུ་ལས་རྣལ་འབྱོར་པས་རིག་པར་བྱེད་པ་དེའི་ཕྱིར། དེ་ཡང་རྩ་རྒྱུད་ཀྱི་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་ལ་མཚན་དྲི་མ་མེད་པའི་འོད་ཅེས་བྱ་བ་དེ་ཉིད་བསྡུས་རྒྱུད་ཀྱི་འགྲེལ་པ་སྟོང་ཕྲག་བཅུ་གཉིས་ པ་འདི་ལ་ཡང་བཏགས་པ་མཛད་དེ། ཕྱི་ནང་གི་ཟླ་བའི་ཆ་བཅུ་དྲུག་སྒྲིབ་བྲལ་དུ་གྱུར་པ་དང་ཆོས་མཐུན་པས་དེ་ལྟར་བཏགས་ཤེས་མཁས་པ་དག་གསུང་ངོ། །གཉིས་པ་མདོར་བསྡུས་ཀྱི་མཚན་བསྟན་པ་ནི། བསྡུས་པའི་ རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་ལས། བདུད་དང་བགེགས་མཐའ་དག་ཉམས་པར་བྱེད་པ་མཆོག་གི་འདོད་པའི་ ལྷ་དང་དམ་པའི་ལམ་ངེས་པའི་མདོར་བསྡུས་ཆེན་པོ་སྟེ་དང་པོའོ།། །།སྨྲས་པ། མཆོག་གི་དམ་པ་དང་པོའི་སངས་རྒྱས་ཉིད། །མངོན་པར་བསྟོད་པས་ཉིད་ཀྱི་གོ་འཕང་དེར། །བདེ་བླག་འཇུག་པའི་ཐབས་ མཁས་ཟབ་མོའི་ལམ། །སྐལ་བཟང་རྣམ་དཔྱོད་ཅན་ལ་ངོམ་པ་བཞིན། །བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ལས་བྱུང་བ་བསྡུས་པའི་རྒྱུད་ཀྱི་རྒྱས་འགྲེལ་དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ [063A]༄༅། །ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བའི་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ་ལས། མདོར་བསྡུས་དང་པོའི་རྣམ་པར་བཤད་པའོ། །ཤཱཀྱ་སེང་གེའི་ཞབས་སེན་གྱི། །ནོར་བུ་རལ་པའི་རྩེར་བཟུང་ནས། ། བློ་བཟང་དང་པོའི་སངས་རྒྱས་ཀྱི། །བཀའ་བཞིན་ཟབ་མོའི་གཏམ་འདི་གླེང། །མདོར་བསྡུས་གཉིས་པ་བཤད་པ་ལ་བཞི། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་མདོར་བསྟན་པ། རྒྱས་པར་བཤད་པ། མདོར་ བསྡུས་ཀྱི་མཚན་བསྟན་པའོ། །དང་པོ་སྟོན་པ་ལ། འདིར་དང་པོ་རེ་ཞིག་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ། ཞེས་སོགས་བྱུང། གཉིས་པ་ལ་གཉིས། རྩ་རྒྱུད་གསུངས་ཚུལ་མདོར་བསྟན་པ། བསྡུས་རྒྱུད་སོགས་ལུང་ བསྟན་ཚུལ་མདོར་བསྟན་པའོ། །དང་པོ་སྟོན་པ་ལ་དེ་ལ་དང་པོ་རེ་ཞིག་བརྗོད་བྱ་དང་རྗོད་བྱེད་དང་ཞེས་སོགས་བྱུང། གཉིས་པ་སྟོན་པ་ལ། དེ་ལས་བསྡུས་པའི་རྒྱུད་ཡང་དག་པར་སྡུད་པར་བྱེད་པ་ལ་འཇམ་དཔལ་དང་ཞེས་ སོགས་བྱུང། གསུམ་པ་ལ་གཉིས། རྩ་རྒྱུད་གསུངས་ཚུལ་རྒྱས་པར་བཤད་པ། དེ་ལས་བསྡུས་རྒྱུད་སོགས་ལུང་བསྟན་པ་རྒྱས་པར་བཤད་པའོ། །དང་པོ་ལ་དྲུག་རྩ་རྒྱུད་ཀྱི་བརྗོད་བྱ་སོགས་ཆོས་ལྔ་རྒྱས་པར་བཤད་ པ༑ ལྔ་པོ་དེ་གཟིགས་ནས་གདུལ་བྱ་ཇི་ལྟ་བུ་ལ་བསྟན་པ་རྒྱས་པར་བཤད་པ། ཆོས་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་རྒྱས་པར་བཤད་པ། སྟོན་པ་ཕུན་ཚོགས་ལྔ་ལྡན་རྒྱས་པར་བཤད་པ། རྗོད་བྱེད་ཁྱད་པར་ཇི་ལྟ་བུ་ [063B] ཆེད་དུ་བྱ་བ་གང་གི་དོན་དུ་བསྟན་པ་རྒྱས་པར་བཤད་པའོ། །དང་པོ་ལ་བཞི། དོན་གྱི་ལེའུ་ལྔའི་གོ་རིམས་དང་གྲངས་ངེས་དངོས་ཤུགས་ལ་བསྟན་པས་བརྗོད་བྱ་ངོས་གཟུང་བ། ཐབས་ཤེས་ གཉིས་མེད་རྡོ་རྗེའི་རྣལ་འབྱོར་བརྗོད་བྱའི་གཙོ་བོར་བསྟན་པ། བརྗོད་བྱའི་ལུས་ཞིབ་ཏུ་ཕྱེ་བས་གནས་པ་བརྒྱད་ཅུ་རྩ་གཅིག་བསྟན་པ། དེ་ལྟར་བསྟན་པ་རྣམས་ཀྱི་དོན་བསྡུ་བའོ། །དང་པོ་སྟོན་པ་ལ། འདིར་རྡུལ་ཕྲ་རབ་འདུས་པ་ ཞེས་སོགས་བྱུང། དེ་ཡང་རྩ་རྒྱུད་ལས། ཇི་ལྟར་ཕྱི་རོལ་ནང་དེ་བཞིན། །ནང་དེ་བཞིན་དུ་གཞན་ཤེས་བྱ། །ཞེས་གསུངས་པ་ལྟར། ཐོག་མར་སྣོད་ཀྱི་འཇིག་རྟེན། དེ་རྗེས་བཅུད་དང། དེ་རྗེས་དབང། དེས་སྣོད་རུང་དུ་བྱས་ནས་ བསྐྱེད་རྫོགས་འབྲས་བུ་དང་བཅས་པ་རྣམས་ཕྱི་མ་ཕྱི་མའི་སྔོན་དུ་སྔ་མ་སྔ་མ་འགྲོ་དགོས་པས་བརྗོད་བྱ་མདོར་བསྡུས་ནས་དོན་དང་རྗོད་བྱེད་གཉིས་ཀའི་བརྟག་པ་ལྔའམ་ལེའུ་ལྔའི་གོ་རིམས་ངེས་ཏེ། འདིར་རྡུལ་ཕྲ་རབ་འདུས་ པ་སྔོན་དུ་འགྲོ་བ་ནི་འཇིག་རྟེན་གྱི་ཁམས་སོ། །ཞེས་གསུངས་པའི་ཕྱིར་རོ། །དོན་དང་རྗོད་བྱེད་ཀྱི་ལེའུ་ཡང་ལྔར་ངེས་ཏེ། སྔགས་བླ་མེད་ཀྱི་ལམ་གྱི་སྦྱར་གཞི་ལ་མ་དག་པའི་སྣོད་བཅུད་གཉིས་སུ་ངེས་པས་དེ་གཉིས་རིམ་པ་ བཞིན་ལེའུ་དང་པོ་དང་གཉིས་པས་བསྟན། གཞན་ལ་དབང་ལམ་འབྲས་བུ་དང་བཅས་པ་ལས། ལེའུ་གསུམ་པས་དབང་དང། གཞན་དངོས་ལམ་ལ་བསྐྱེད་རྫོགས་གཉིས་ལས། སྒྲུབ་ལེར་བསྐྱེད་རིམ་གཙོ་བོར་འཆད་ཅིང་ [064A]༄༅། །རྫོགས་རིམ་ཡང་ཅུང་ཟད་འཆད། ཡེ་ཤེས་ལེའུ་རྫོགས་རིམ་གཙོ་བོར་འཆད་ཅིང་བསྐྱེད་རིམ་ཡང་ཆ་ཤས་ཅུང་ཟད་དང་འབྲས་བུའི་རྣམ་གཞག་རྒྱས་པར་འཆད་པ་གང་ཞིག་སྔགས་བླ་མེད་ཀྱི་ ལམ་ལ་སྦྱང་གཞི་དང། དེ་སྦྱོང་བའི་ལམ་གྱི་སྣོད་རུང་དབང་དང། སྦྱོང་བྱེད་ཀྱི་ལམ་བསྐྱེད་རྫོགས་གཉིས་དང། ལམ་དེ་གཉིས་ཀྱི་འབྲས་བུ་དངོས་གྲུབ་གཉིས་སུ་གྲངས་ངེས་པའི་ཕྱིར་ཏེ། དེ་བས་ན་དང་པོར་འཇིག་རྟེན་ གྱི་རྟག་པ་དང་ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་སྟོན་པར་བྱེད་པ་ལ། འདིར་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་དང་དང་པོའི་སངས་རྒྱས་རིས་མེད་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཞེས་ སོགས་གསུངས། རྒྱུད་འདིའི་བརྗོད་བྱའི་གཙོ་བོ་འབྲས་བུ་དུས་ཀྱི་འཁོར་ལོ་ཐུགས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་སྐུ་སྟོང་གཟུགས་ཀྱི་ཡབ་ཡུམ་མཉམ་པར་སྦྱོར་བའི་རྡོ་རྗེའི་རྣལ་འབྱོར་བདེན་དོན་བཅུ་གཉིས་ དང་དེ་ཉིད་བཅུ་དྲུག་གི་བདག་ཉིད་ཅན་དེ་ཉིད་ཡིན་ཏེ། དཔེར་ན་དཔལ་ལྡན་འདུས་པའི་བརྗོད་བྱའི་གཙོ་བོ་ཟུང་འཇུག་ཡིན་པ་བཞིན་ཡིན་པའི་ཕྱིར། གསུམ་པ་བརྗོད་བྱའི་ལུས་དེ་ཉིད་ཀྱང་ཞིབ་ཏུ་ཕྱེ་ནས་གནས་པ་བརྒྱད་ཅུ་ རྩ་གཅིག་ཏུ་བསྟན་པ་ནི། དེ་ཡང་ལེའུ་ལྔ་པོ་འདིའི་ངོ་བོ་ཉིད་ཀྱི་གནས་ཏེ། དང་པོར་རེ་ཞིག་འཇིག་རྟེན་གྱི་ཁམས་ཀྱི་ལེའུ་ལ་ཞེས་སོགས་བྱུང། དེ་ཡང་འགྲེལ་པར་དངོས་སུ་གསུངས་པའི་གནས་པ་བརྒྱད་ཅུ་རྩ་གཅིག་པོ་ [064B] འཕྲེང་འཛིན་གྱི་སྡེབས་སྦྱོར་དུ་བསྒྲིགས་པའི་དབང་གིས་ཡིན་པའི་ཕྱིར། རྩ་རྒྱུད་ནས་བསྟན་པའི་གནས་པ་འདི་ དག་བསྡུས་རྒྱུད་དང་སྦྱར་ནས་བཤད་ན། འཇིག་རྟེན་ཁམས་ལེ་ལ་གནས་པ་ཉི་ཤུ་རྩ་བཞི་ཡོད་དེ། ཐམས་ཅད་མཁྱེན་པ་ཞེས་སོགས་ཀྱི་སྟོན་པ་པོའི་ངོ་བོ་ཉིད་ཀྱིས་གནས་པ་དང་སེང་གེའི་ཁྲི་ལ་བཞུགས་པ་ཞེས་པ་གནས་ བསྟན་པའི་དང། ལྷ་མཆོག་རྣམས་ཀྱིས་བཏུད་པ་ལ་ཞེས་པ་འཁོར་ཕུན་སུམ་ཚོགས་པའི་དང། རྒྱལ་པོ་ཞེས་པ་ནས། ཞུས་པ་ནི་ཞེས་པའི་བར་གསོལ་བ་འདེབས་པ་པོའི་དང། རྣལ་འབྱོར་དཔལ་ལྡན་ཞེས་སོགས་རྐང་ པ་གཅིག་རྡོ་རྗེའི་རྣལ་འབྱོར་སོགས་ཀྱི་དང། སྟོང་པ་ཡེ་ཤེས་ཞེས་སོགས་ཤོ་ལོ་ཀ་གཉིས་པས་སྟོང་ཆེན་ཡི་གེ་ལྔ་དང་ལ་སོགས་པ་ཐིག་ལེ་སྟོང་པ་ཡི་གེ་དྲུག་དང། རིགས་དང་རིགས་ཅན་དང་རང་བཞིན་དང་སྐྱེས་བུ་དང་ ལུས་ལ་སྣ་ཚོགས་པའི་ཚད་དང། སྲིད་པ་གསུམ་གྱི་བཀོད་པ་དང་ལྷ་ལ་སོགས་པའི་ལོངས་སྤྱོད་སྣ་ཚོགས་འབྱུང་བ་དང། དཀྱིལ་འཁོར་དང་དབང་བསྐུར་བར་གསོལ་བ་འདེབས་པའི་དང། ཟླ་བ་བཟང་པོ་ཁྱོད་ལ་ཞེས་ སོགས་ཤོ་ལོ་ཀ་གསུམ་པས་སྟོན་པ་པོའི་སོགས་དང། དུས་ཀྱི་སོགས་ཤོ་ལོ་ཀ་བཞི་པས་འཇིག་རྟེན་གྱི་ཁམས་བསྡུས་པ་དང། གཡོན་གྱི་ཡན་ལག་ཅེས་སོགས་དྲུག་པ་དང་བདུན་པས་སྒྲ་གཅན་ལ་སོགས་པའི་ [065A]༄༅། །གཟའ་བསྐྱེད་པའི་ས་བོན་དང། ཨ་སོགས་སུམ་ཅུའི་དབྱངས་གང་ཞེས་སོགས་བརྒྱད་པའི་རྐང་པ་གཉིས་ལྷག་ཙམ་གྱིས་ཉི་ཟླའི་ལོངས་སྤྱོད་རྒྱུ་སྐར་གྱི་ཆུ་ཚོད་འཕེལ་འགྲིབ་ལ་སོགས་པའི་ས་བོན་དང་ ལྷ་མི་གདེངས་ཅན་ཞེས་སོགས་རྐང་པ་གསུམ་པའི་ལྷག་དང་བཞི་པས་སེམས་ཅན་དང། སྣོད་ཀྱི་ས་བོན་གྱི་སྔགས་དང། ཤོ་ལོ་ཀ་ལྔ་པ་སྔགས་ཀྱི་སྐྱེ་གནས་དང། ཤོ་ལོ་ཀ་དགུ་པས་སྲོག་གི་དབྱངས་ཀྱི་སྐྱེ་གནས་ལ་ སོགས་པ་འབྱུང་བ་དང་སྡུད་པའི་ངོ་བོ་ཉིད་ཀྱི་གནས་པ་དང། ཤོ་ལོ་ཀ་བཅུ་པ་བཅུ་གཅིག་པ་བཅུ་གཉིས་པ་བཅུ་གསུམ་པ་རྣམས་ཀྱིས་རླུང་ལ་སོགས་པའི་དཀྱིལ་འཁོར་བཞི་དང། རྒྱ་མཚོ་དང་གླིང་དང་རིའི་གྲངས་ཀྱི་དང་ཤོ་ལོ་ ཀ་བཅུ་བཞི་པ་ནས་ཉེར་གཅིག་པའི་བར་གྱིས་སྲིད་པ་སུམ་ཅུ་རྩ་གཅིག་གི་དང། ཉེར་གཉིས་པ་དང་ཉེར་གསུམ་པས་འཁོར་ལོས་སྒྱུར་བ་ཆེན་པོ་འབྱུང་བའི་དང། ཉེར་བཞི་པ་དང་ཉེར་ལྔ་པས་ཤིན་ཏུ་ཕྲ་བའི་དབུགས་ལ་སོགས་ པ་ཉིན་མོའི་ཚད་ལ་སོགས་པའི་དང། ཉེར་དྲུག་པས་འཇམ་དཔལ་ལུང་བསྟན་པའི་དང། ཉེར་བདུན་པ་ནས་ང་གཅིག་པའི་རྐང་པ་གསུམ་པ་ཡན་ཆད་ཀྱིས་གྲུབ་པའི་མཐའ་དང་བྱེད་པའི་རྩིས་ཀྱི་དང། ང་གཅིག་པའི་རྐང་པ་ ཐ་མ་ནས་དྲུག་ཅུ་རྩ་གསུམ་པ་ཡན་ཆད་ཀྱིས་ཁྱིམ་བཅུ་གཉིས་ཀྱི་རྣམ་པས་འཁོར་བའི་དང། དྲུག་ཅུ་རྩ་བཞི་པ་ནས་གོ་གསུམ་པ་ཡན་ཆད་ཀྱིས་དབུ་མའི་རྩའི་དབུགས་རྣམས་ལས་གཟའི་རྐང་པ་དང་རྒྱུ་སྐར་གྱི་རྐང་པ་སྐྱེ་ [065B] གོ་བཞི་པ་ནས་བརྒྱ་བཅུ་བདུན་པའི་བར་གྱིས་དབྱངས་འཆར་ལ་སོགས་པའི་དང། བརྒྱ་བཅོ་བརྒྱད་པ་ནས་བརྒྱ་ཉེར་དྲུག་པའི་བར་གྱིས་སྒྲ་གཅན་ལ་སོགས་པའི་སྟོབས་ཀྱི་དང། བརྒྱ་ཉེར་བདུན་པ་ནས་བརྒྱ་ཞེ་བརྒྱད་པའི་ བར་གྱིས་རྫོང་འཇོམས་པ་དང་བསྲུང་བའི་འཁྲུལ་འཁོར་གྱི་དང། བརྒྱ་ཞེ་དགུ་པ་ནས་བརྒྱ་ང་བརྒྱད་པའི་བར་གྱིས་འཁོར་ལོ་བསྒྱུར་བས་དུམ་བུ་བཅུ་གཉིས་སུ་འཁོར་བའི་དང། བརྒྱ་ང་དགུ་པ་ནས་བརྒྱ་དྲུག་ཅུ་རྩ་གསུམ་པའི་རྐང་ པ་གཉིས་པ་ཡན་ཆད་ཀྱིས་ཀླ་ཀློའི་ཆོས་བཅོམ་ནས་སངས་རྒྱས་ཀྱི་ཆོས་ལ་རབ་ཏུ་འཇོག་པའི་དང། བརྒྱ་དྲུག་ཅུ་རྩ་གསུམ་པའི་རྐང་པ་ཐ་མ་གཉིས་དང་རྩ་བཞི་པའི་རྐང་པ་དང་པོ་གཉིས་ཀྱིས་སེམས་ཅན་མཐའ་དག་ལ་སོགས་ དང༑ བརྒྱ་དྲུག་ཅུ་རྩ་བཞིའི་རྐང་པ་ཐ་མ་གཉིས་ནས་བརྒྱ་དྲུག་ཅུ་རྩ་དྲུག་པ་ཡན་ཆད་ཀྱིས་འཇམ་དཔལ་དང་འཇིག་རྟེན་དབང་ཕྱུག་སྔོན་དང་ཕྱི་མར་སྟོན་པ་པོའི་དང། བརྒྱ་དྲུག་ཅུ་རྩ་བདུན་པ་ནས་བརྒྱ་དྲུག་ཅུ་རེ་དགུ་པའི་བར་ གྱིས་འཁོར་ལོས་བསྒྱུར་བ་ཆེན་པོ་ལ་སོགས་པ་རིགས་ལྡན་གྱི་མཐར་ཐུག་པར་མི་རྣམས་མཆོག་གི་ཚེའི་ངོ་བོ་ཉིད་ཀྱི་གནས་པ་རྣམས་སུ་ཡོད་པའི་ཕྱིར། ནང་ལེའི་ཤོ་ལོ་ཀ་དང་པོ་གསུམ་གནས་པ་སོ་སོ་ལ་མི་སྦྱོར་ཏེ། དང་པོས་ཞུས་ ལན༑ གཉིས་པ་ཕྱིའི་ཆོས་གང་ནང་གི་ཆོས་གང་དང་སྦྱོར་བ་རང་རང་གི་སྔགས་ཀྱི་ཡི་གེས་པར་བྱ་བ་དང། གསུམ་པས་མིའི་ལུས་བསྐྱེད་པ་ལ་རྒྱུ་དང་འབྲས་བུའི་ཚོགས་པ་མདོར་བསྟན་པ་ཙམ་ཡིན་པའི་ཕྱིར། དེས་ན་ནང་ལེ་ [066A]༄༅། །ལ་གནས་པ་བཅོ་བརྒྱད་ཡོད་དེ། ཤོ་ལོ་ཀ་བཞི་པ་དང་ལྔ་པས་མངལ་འཛིན་པ་དང་སྡུད་པའི་དང། དྲུག་པའི་རྐང་པ་དང་པོས་རྡུལ་དང་སོགས་དང། དྲུག་པའི་རྐང་པ་ཐ་མ་གསུམ་དང། བདུན་པ་དང་བརྒྱད་ པའི་རྐང་པ་དང་པོ་གསུམ་གྱིས་ཉ་ལ་སོགས་པ་གནས་སྐབས་བཅུའི་དང། བརྒྱད་པའི་རྐང་པ་ཐ་མ་ནས་ཤོ་ལོ་ཀ་བཅུ་གསུམ་པ་ཡན་ཆད་ཀྱིས་ཟླ་བ་རེ་རེ་ཞིང་མངལ་འབྱུང་བའི་ངོ་བོ་ཉིད་ཀྱི་གནས་པ་ཞར་དང་བཅས་པ་དང་ བཅུ་བཞི་པ་ནས་བཅུ་དྲུག་པ་ཡན་ཆད་ཀྱིས་སྐུ་བཞི་དང་རྡོ་རྗེ་བཞི་དག་པའི་དང། བཅུ་བདུན་པ་རྫོགས་པའི་བྱང་ཆུབ་བཞིས་མངལ་འབྱུང་བའི་དང། བཅོ་བརྒྱད་པས་ཁམས་དྲུག་དང། བཅུ་དགུ་པས་དངོས་སུ་ཕུང་པོ་ དྲུག་བསྟན་ཅིང། ཕུང་པོའི་གནས་སུ་རོ་ཞེས་པས་རོ་དྲུག་དང། ཉི་ཤུ་པའི་རྐང་པ་དང་པོ་གཉིས་ཀྱིས་ཡུལ་དྲུག་དང། དེའི་རྐང་པ་ཕྱི་མ་གཉིས་ཀྱིས་དབང་པོ་དྲུག་དང་དེ་ལ་བརྟེན་ནས་ཡུལ་དྲུག་འཛིན་པའི་རྣམ་ཤེས་ དྲུག་དངོས་སུ་བསྟན་པས་ཡུལ་དྲུག་ཡོངས་སུ་དཔྱད་པ་ལས་བྱུང་བའི་ཚོར་དྲུག་ཤུགས་ལ་བསྟན། ཉེར་གཅིག་པས་གཟུགས་དྲུག་ཉེར་གཉིས་པས་དངོས་སུ་དབང་པོ་དྲུག་ལུས་བསམ་གྱི་སྒོ་ནས་ཁམས་སོ་ སོར་ཕྱེ་སྟེ་བསྟན་པ་ན། དབང་པོ་དྲུག་གིས་གང་ལ་བསམ་པ་ཞུགས་པའི་ཡུལ་དྲུག་འཛིན་པའི་བྱ་བ་མངོན་པར་འདུ་བྱེད་པའི་འདུ་བྱེད་དྲུག་ཀྱང་ཤུགས་ལ་བསྟན། ཉེར་གསུམ་པའི་རྐང་པ་དང་པོ་གསུམ་གྱིས་སེམས་ [066B] མགྲིན་རྐན་སྤྱི་བོ་མཆུ་སོ་སྣ་སྟེ་དྲུག་པ་འདུ་ཤེས་དྲུག་ཏུ་བྱས་པ་དང་ཡུལ་ལ་ཡང་མཚན་མར་འཛིན་པའི་སེམས་བྱུང་འདུ་ཤེས་ལ་བྱས་པ་གཉིས་ལས། སེམས་ཀྱི་རྣམ་ འགྱུར་དྲུག་གི་རྗེས་སུ་བྱེད་པའི་ཡུལ་ལ་མཚན་འཛིན་གྱི་འདུ་ཤེས་དྲུག་ལ་སྐབས་འདིའི་འདུ་ཤེས་དྲུག་ཏུ་བྱས་ནས་དོན་གྱིས་བསྟན། ཉེར་གསུམ་པའི་རྐང་པ་ཐ་མས་ལས་དབང་དང་ལས་དབང་གི་ཡུལ་དྲུག་དངོས་ཤུགས་ལ་བསྟན་ ཉེར་བཞི་པས་སྟེང་གི་རྩ་གསུམ་ལ་འབབ་པའི་ཁུ་ཁྲག་རླུང་གསུམ། འོག་གི་རྩ་གསུམ་ལ་འབབ་པའི་གཤང་གཅི་ཁུ་བ་གསུམ་ཡེ་ཤེས་ཀྱི་ཕུང་པོར་བྱས་ནས་ཡེ་ཤེས་དྲུག་བསྟན་ཉེར་ལྔ་པ་དང་ཉེར་དྲུག་པས་རྩ་འཁོར་ དྲུག་དང། ཚིགས་ཀྱི་གནས་གསུམ་བརྒྱ་དྲུག་ཅུ་བསྟན། ཉེར་བདུན་པས་འཁོར་ལོ་དྲུག་སྐུ་བཞི་དང་སྦྱོར་བ་བསྟན། ཉེར་བརྒྱད་པས་དཀྱིལ་འཁོར་དྲུག་སྟེང་དང་འོག་གི་ངོ་བོ་ཉིད་ཀྱི་གནས་པ་བསྟན། སོ་གཅིག་པས་རྩ་སྟོང་ཕྲག་ བདུན་ཅུ་རྩ་གཉིས་དང། སོ་གསུམ་པའི་ཆུ་ཚོད་རྣམས་ནི་སོགས་ཚེག་བར་ཉེར་གསུམ་གྱིས་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་བསྟན་པས་དེ་དག་གིས་གནས་པ་བདུན་པ་བསྟན། ཚིགས་བཅད་སོ་དྲུག་པ་སོ་ བདུན་པ་སོ་བརྒྱད་པས་གནས་པ་བརྒྱད་པའི་དུམ་བུ་ལྟེ་བའི་ཆུ་སྐྱེས་ལ་སོགས་པའི་འདབ་མ་དང། སོ་དགུ་པ་བཞི་བཅུ་པ་ཞེ་གཅིག་པ་ཞེ་གཉིས་པས་གནས་པ་བརྒྱད་པའི་དུམ་བུ་སྣ་བུག་དག་ལ་གཡོན་དང་གཡས་ཀྱི་དཀྱིལ་ [067A]༄༅། །འཁོར་ཕུང་པོ་ལྔ་དང་ཁམས་ལྔ་འབབ་པའི་ངོ་བོ་ཉིད་ཀྱི་གནས་པ་བསྟན་ཅིང། ཚིགས་བཅད་ཞེ་དྲུག་པ་དང་ཞེ་བདུན་པས་བསྟན་པ་ཡང་བརྗོད་བྱ་མཐུན་པས་གནས་པ་བརྒྱད་པར་བསྡུའོ། །ཚིགས་བཅད་ཞེ་ བརྒྱད་པ་དང་ཞེ་དགུ་པ་ལྔ་བཅུ་པ་ང་གཅིག་པ་ནས་དྲུག་ཅུ་པའི་བར་གྱིས་དབུ་མ་ལ་རྒྱུད་མཐའ་དག་འབྱུང་བའི་ངོ་བོ་ཉིད་ཀྱི་གནས་པ་དགུ་པ་དང། ཚིགས་བཅད་ཞེ་གསུམ་ཞེ་བཞི་ཞེ་ལྔ་པ་རྣམས་ཀྱིས་སྲོག་ལ་སོགས་པ་རླུང་གི་ བྱ་བའི་ངོ་བོ་ཉིད་ཀྱི་གནས་པ་བཅུ་དང། ཉེར་དགུ་པ་དང་སུམ་ཅུ་པས་ཁམས་རྣམས་ལས་ལྷའི་མཚན་མ་འབྱུང་བའི་སྟེ་བཅུ་གཅིག་པ་དང། རེ་གཅིག་པ་ནས་རེ་དྲུག་པའི་བར་ཉི་མ་དང་ཟླ་བ་མེའི་འཆི་ལྟས་ཀྱི་ངོ་བོ་ཉིད་ཀྱི་གནས་ པ་སྟེ་བཅུ་གཉིས་པ། སོ་གསུམ་པའི་ཚེག་བར་ཉེར་གསུམ་སྔར་བདུན་པའི་དུམ་བུར་སྦྱར་བ་དེ་མ་གཏོགས། སོ་གཉིས་པ་སོ་གསུམ་པའི་ལྷག་སོ་བཞི་པ་སོ་ལྔ་རྣམས་ཕྱིའི་ཆོས་གང་ནང་གི་གང་དང་ཆོས་མཐུན་རེ་རེ་ནས་སྦྱོར་ བ་ཡིན་ཀྱང་ལེའུ་འདིའི་གནས་པ་གཞན་གང་དང་ཡང་མཐུན་རྒྱུ་མེད་པས་ཕྱོགས་མཐུན་ཙམ་ཡིན་པར་གནས་པ་བཅུ་གསུམ་པར་བསྡུའོ། །འོག་གི་ཚིགས་བཅད་བརྒྱད་ཅུ་རྩ་གཉིས་པ་ནས། བརྒྱ་གཉིས་པ་ཡན་ཆད་ཀྱིས་ལས་དབང་ གིས་རིགས་དྲུག་གང་རུང་དུ་སྐྱེ་བའི་གནས་པ་བཅུ་གསུམ་པ་དང། རེ་བདུན་པ་ནས་གྱ་གཅིག་པ་ཡན་ཆད་དང། བརྒྱ་གསུམ་པ་ནས་བརྒྱ་དྲུག་པ་ཡན་ཆད་ཀྱིས་རྩ་ལ་སོགས་པ་གཟའི་རྐང་པ་འཆད་པའི་ངོ་བོ་ཉིད་ཀྱི་གནས་པ་བཅུ་ [067B] བརྒྱ་བདུན་པ་ནས་བརྒྱ་ཉེར་བཞི་པ་ཡན་ཆད་ཀྱིས་དབུ་མར་ཞུགས་པའི་ཞེས་སོགས་ཏེ་གནས་པ་བཅོ་ལྔ་པ་དང། བརྒྱ་ཉེར་ལྔ་པ་ནས་བརྒྱ་ང་བཞི་པ་ཡན་ཆད་ཀྱིས་ཕྱི་རོལ་འཇིག་རྟེན་པའི་བྱ་བ་སྒྲུབ་པའི་སྟེ་བཅུ་དྲུག་ པ་དང། བརྒྱ་ང་ལྔ་པ་ནས་བརྒྱ་བདུན་ཅུ་པ་ཡན་ཆད་ཀྱིས་ལྟ་བ་ཐམས་ཅད་རྗེས་སུ་དཔག་པས་ཡོངས་སུ་བརྟག་པའི་སྟེ་བཅུ་བདུན་པ་དང། བརྒྱ་དོན་གཅིག་པ་དོན་གཉིས་པ་དོན་གསུམ་པ་རྣམས་ཀྱིས་སེམས་ཅན་ སྣ་ཚོགས་ཀྱི་འདོད་པ་དང་རྗེས་སུ་མཐུན་པར་ཆོས་རབ་ཏུ་བཞག་པའི་ངོ་བོ་ཉིད་ཀྱི་གནས་པ་བཅོ་བརྒྱད་པ་ཡིན་ཞིང། དེ་ནས་མཇུག་གི་ཚིགས་བཅད་གཅིག་ནི་ཉི་མའི་ཤིང་རྟའི་ཚིག་ཡིན་པས་གནས་པས་མ་བསྡུས་སོ།། །། དེ་ནས་དབང་ལེ་ལ་ཤོ་ལོ་ཀ་དང་པོས་ཞུས་ལན་སོགས་སྟོན་པས་ལེའུ་ཐུན་མོང་བ་དག་གི་ཆོས་སྟོན་པས་གནས་པའི་གྲངས་སུ་མི་བགྲང་ངོ། །ཚིགས་བཅད་གཉིས་པ་དང་གསུམ་པས་བླ་མ་ཡོངས་བརྟག་གི་གནས་པ་དང་ བཞི་པས་མཆོག་དང་ཞེས་སོགས་ཏེ་གཉིས་པ་དང། །ལྔ་པ་ནས་དགུ་པ་ཡན་ཆད་ཀྱིས་ལས་རབ་འབྱམས་སྒྲུབ་པ་སོགས་ཏེ་གསུམ་པ་དང། བཅུ་པ་བཅུ་གཅིག་པ་བཅུ་གཉིས་པའི་རྐང་པ་དང་པོའི་ཕྱེད་སྔ་མས་ཐབ་ཁུང་དང་ དེའི་ཕྱེད་ཕྱི་མ་དང་རྐང་པ་གཉིས་པས་ཕུར་བུ་དང། བཅུ་གཉིས་པའི་རྐང་པ་ཐ་མ་གཉིས་དང་བཅུ་གསུམ་པའི་རྐང་པ་དང་པོ་གཉིས་ཀྱིས་བུམ་པ་དང། བཅུ་གསུམ་པའི་རྐང་པ་ཐ་མ་གཉིས་དང་བཅུ་བཞི་པའི་རྐང་པ་དང་པོ་གཉིས་ [068A]༄༅། །ཀྱིས་གནས་པ་གསུམ་པའི་སོགས་ཀྱིས་བསྡུས་པའི་དོན་དང། བཅུ་བཞི་པའི་རྐང་པ་ཐ་མ་གཉིས་དང་བཅོ་ལྔ་པས་སྦྱིན་སྲེག་གི་རྫས་དང་བཅུ་དྲུག་པའི་རྐང་པ་དང་པོ་གཉིས་ཀྱིས་གདན་དང། བཅུ་ དྲུག་པའི་རྐང་པ་ཐ་མ་གཉིས་དང། བཅུ་བདུན་པའི་རྐང་པ་གཅིག་གིས་རྡུལ་ཚོན་དང། བཅུ་བདུན་པའི་རྐང་པ་ཐ་མ་གསུམ་དང། བཅོ་བརྒྱད་པའི་རྐང་པ་དང་པོ་གཉིས་ཀྱིས་ཀྱང་གནས་པ་གསུམ་པའི་སོགས་ཀྱི་བསྡུས་ པའི་དོན་དང། བཅོ་བརྒྱད་པའི་རྐང་པ་ཐ་མ་གཉིས་ཀྱིས་ཀྱང་གནས་པ་བཞི་པའི་དུམ་བུ་རྡུལ་ཚོན་རིགས་ཀྱི་དབྱེ་བས་གདབ་ཚུལ་དང། བཅུ་དགུ་པའི་རྐང་པ་དང་པོ་གཉིས་ཀྱིས་ཐིག་སྐུད་ཐིག་གདབ་ཚུལ་དང་བཅས་པ་དང་ དེའི་རྐང་པ་ཐ་མ་གཉིས་ཀྱིས་ཀྱང་གདན་དང། ཉི་ཤུ་པས་བགྲང་ཕྲེང་དང། ཉེར་གཅིག་པ་དང་ཉེར་གཉིས་པས་འཁྲུལ་འཁོར་འགོད་པའི་མཚན་ཉིད་ཀྱི་ངོ་བོ་ཉིད་ཀྱི་གནས་པ་སྟེ། བཞི་པ་དང། ཉེར་གསུམ་པ་ནས་སོ་ལྔ་པ་ ཡན་ཆད་ཀྱིས་ས་བཟུང་བ་དང། སོ་དྲུག་པ་ནས་རེ་དགུ་པ་ཡན་ཆད་ཀྱིས་དཀྱིལ་འཁོར་བྲི་བ་དང། བཅུ་བདུན་པས་དེ་ཉིད་བཅུ་ཤེས་པའི་ངོ་བོ་ཉིད་ཀྱི་གནས་པ་སྟེ་ལྔ་པ་དང། ཚིགས་བཅད་དོན་གཅིག་པ་ནས། བརྒྱ་གསུམ་ པའི་བར་དང། བརྒྱ་བཅོ་བརྒྱད་པ་ནས། བརྒྱ་ཉེར་དྲུག་པ་ཡན་ཆད་དང། བརྒྱ་གོ་དགུ་པ་དང་ཉིས་བརྒྱ་པས་དཀྱིལ་འཁོར་སྒྲུབ་པ། མཆོད་པ། སྦྱིན་སྲེག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་བ་སྦྱིན་པ་སྟེ། གནས་ [068B] བརྒྱ་བཞི་པ་ནས་བརྒྱ་བཅུ་བདུན་པ་ཡན་ཆད་ཀྱིས་སློབ་མ་དང་སྐུ་གཟུགས་ལ་སོགས་པ་ཐམས་ཅད་རབ་ཏུ་གནས་པའི་ཏིང་ངེ་འཛིན་གྱི་སྟེ་བདུན་པ་དང། བརྒྱ་ཉེར་བདུན་པ་ནས་ཉེར་བརྒྱད་པ་ཉེར་དགུ་པ་རྣམས་ ཀྱིས་དམ་ཚིག་གི་འཁོར་ལོ་འདུས་པ་དང། དམ་ཚིག་མཆོད་པའི་སྟེ་བརྒྱད་པ་དང། བརྒྱ་སུམ་ཅུ་པ་ནས་བརྒྱ་ཞེ་དྲུག་པའི་བར་གྱིས་རིགས་སུམ་ཅུ་རྩ་དྲུག་གི་ལྷ་མོའི་རིགས་དང། བརྒྱ་ཞེ་བདུན་པ་ནས་བརྒྱ་ང་ལྔ་པའི་བར་གྱིས་ དམ་ཚིག་གི་བརྡའ་དང་རིགས་དང། བརྒྱ་ང་དྲུག་པ་ནས་བརྒྱ་ང་དགུ་པའི་བར་གྱིས་རྣལ་འབྱོར་མའི་མཚན་མ་དང། བརྒྱ་དྲུག་ཅུ་པ་ནས་བརྒྱ་རེ་བཞི་པའི་བར་གྱིས་ཀྱང་དམ་ཚིག་གི་བརྡའ་དང། བརྒྱ་རེ་ལྔ་པ་ནས་བརྒྱ་རེ་དགུ་ པའི་བར་གྱིས་རིགས་ལ་སོགས་པ་ཞེས་པའི་སོགས་ཁོངས་ནས་བསྟན་པའི་དོན་དང། བརྒྱ་བདུན་ཅུ་པ་ནས་བརྒྱ་གོ་གསུམ་པའི་བར་གྱིས་རིགས་སོ་དྲུག་གི་ལྷ་མོའི་ཕྱག་རྒྱ་དང། བརྒྱ་གོ་ལྔ་པ་དང་བརྒྱ་གོ་བདུན་པའི་བར་གྱིས་ ལྟ་སྟངས་ཏེ། དེ་རྣམས་ཀྱིས་ངོ་བོ་ཉིད་ཀྱི་གནས་པ་དགུ་པ་དང་ཚིགས་བཅད་ཉིས་བརྒྱ་གཅིག་པ་དང་གཉིས་པའི་མགོ་ནས་ཅུང་ཟད་གཅིག་གིས་དཀྱིལ་འཁོར་གྱི་འཁོར་ལོ་གཤེགས་སུ་གསོལ་བའི་སྟེ་བཅུ་པ་དང། ཉིས་བརྒྱ་ གཉིས་པའི་ལྷག་མས་ཆུ་བོ་ཆེན་པོ་ལ་སོགས་པ་དང་ཞེས་སོགས་ཏེ་བཅུ་གཅིག་དང། བརྒྱ་གོ་བརྒྱད་པས་དཔལ་ལྡན་བླ་མ་སོགས་ཏེ་བཅུ་གཉིས་པ་དང། ཚིགས་བཅད་མཇུག་མ་ནི་དེ་ཐམས་ཅད་ཀྱི་ཕན་ཡོན་ཐུན་མོང་དུ་ [069A]༄༅། །སྟོན་པས་སྤྱིའི་ཐུན་མོང་བ་སྟེ། དེ་ལྟར་ན་དབང་ལེ་ལ་གནས་པ་བཅུ་གཉིས་པོ་སྒྲུབ་ལེ་ལ་གནས་པ་བདུན་ཡོད་དེ། ཚིགས་བཅད་དང་པོས་ཞུས་ལན། གཉིས་པས་ལྷ་སྒོམ་པ་མདོར་བསྟན། གསུམ་པས་སྒྲུབ་ ཐབས་གང་དུ་སྒོམ་པའི་གནས་པ་སྟན་པས་གནས་པ་སོ་སོར་མ་བགྲངས་པར་སྤྱི་ཡིན་ལ། སྔར་རྫོང་བསྲུང་བ་བྱས་ནས་ཞེས་པས་སྒྲུབ་ཐབས་སྒོམ་པའི་སྲུང་འཁོར་སོགས་དང། ཚིགས་བཅད་བཞི་པའི་རྐང་པ་ཕྱེད་དང་གཉིས་ མ་ལོངས་ཙམ་གྱིས་གདོང་དག་པ་དང། བཞི་པའི་རྐང་པ་གཉིས་པའི་ལྷག་མས་རང་གི་སྙིང་ཁའི་ཟླ་བའི་ས་བོན་གྱི་འོད་ཟེར་རྣམས་ལས་དེ་བཞིན་གཤེགས་པ་སྤྲོ་བའི་ངོ་བོ་ཉིད་ཀྱི་གནས་པ་སྟེ་དང་པོ་དང། བཞི་པའི་རྐང་པ་ ཐ་མ་གཉིས་དང། ཚིགས་བཅད་ལྔ་པ་དྲུག་པ་བདུན་པ་བླ་ན་མེད་པའི་མཆོད་པ། སྟོང་པ་ཉིད་ལ་དམིགས་པ་ལ་སོགས་པའི་བར་སྟེ་གཉིས་པ་དང། བརྒྱད་པ་ནས་ཞེ་དགུ་པ་ཡན་ཆད་ཀྱིས་ལས་རྒྱལ་མཆོག་དང་ བརྒྱ་བཅུ་པ་ནས་བརྒྱ་སོ་གསུམ་པའི་བར་གྱིས་ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་ལ་སོགས་པའི་སྟེ་གསུམ་པ་དང། བརྒྱ་སོ་བཞི་པ་ནས་བརྒྱ་གོ་གཅིག་པའི་བར་གྱིས་ཕྱི་རོལ་གྱི་འཇིག་རྟེན་པའི་དངོས་གྲུབ་ ཀྱི་སྒྲུབ་ཐབས་ཀྱི་སྟེ་བཞི་པ་དང། བརྒྱ་གོ་གཉིས་པ་ནས་ཉིས་བརྒྱ་པ་ཡན་ཆད་ཀྱིས་ཡན་ལག་དྲུག་གི་སྦྱོར་བ་ལ་སོགས་པ་དང། ཉིས་བརྒྱ་གཅིག་པ་ནས་ཉིས་བརྒྱ་གསུམ་པ་ཡན་ཆད་ཀྱིས་མཆོད་སྦྱིན་སོགས་དང། ། [069B] ཉིས་བརྒྱ་བཞི་པ་ནས་ཉིས་བརྒྱ་སོ་གཅིག་པ་ཡན་ཆད་ཀྱིས་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་ཀྱི་སྟེ་དྲུག་པ་དང། ཉིས་བརྒྱ་སོ་གཉིས་པ་ ནས་ཉིས་བརྒྱ་སོ་བཞི་པའི་མཐར་ཐུག་པའི་མངོན་སུམ་དང། ལྐོག་ཏུ་གྱུར་པའི་སེམས་སྒོམ་པའི་ངོ་བོ་ཉིད་ཀྱི་གནས་པ་སྟེ་བདུན་པ་རྣམས་སུ་ཡོད་པའི་ཕྱིར།། །།ཡེ་ཤེས་ལེའུ་ལ་གནས་པ་ཉི་ཤུ་ཡོད་ དེ༑ ཚིགས་བཅད་དང་པོ་ཞུས་ལན་ཡིན་པས་གནས་པ་སོ་སོར་མ་བསྡུས་ལ། ཚིགས་བཅད་གཉིས་པ་ནས་བཞི་པའི་རྐང་པ་གཅིག་ཡན་ཆད་ཀྱིས་ལུས་ཀྱི་རུས་པ་ལ་སོགས་པའི་ཁམས་རྣམ་པར་དག་པའི་དཀྱིལ་འཁོར་ གྱི་ངོ་བོ་ཉིད་ཀྱི་གནས་པ་སྟེ་དང་པོ་དང། བཞི་པའི་གསུམ་གྱིས་སྐུ་གསུང་ཐུགས་དང། རིགས་དྲུག་གི་ལྷའི་ངོ་བོ་ཉིད་ཀྱི་གནས་པ་སྟེ་གནས་པ་གཉིས་པ་དང། ལྔ་པ་ནས་བདུན་པ་ཡན་ཆད་ཀྱིས་ཨ་ལ་སོགས་པ་དང་ཞེས་ སོགས་ཏེ་གསུམ་པ་དང། བརྒྱད་པ་ནས་བཅུ་གཉིས་པ་ཡན་ཆད་ཀྱིས་ཐབས་དང་ཤེས་རབ་ཀྱི་རྒྱུད་ལ་སོགས་ཏེ་བཞི་པ་དང། བཅུ་གསུམ་པ་ནས་བཅུ་བདུན་པ་ཡན་ཆད་ཀྱིས་འཁོར་ལོ་སྒྱུར་བ་དྲུག་སྤྲོ་བ་དང། བཅོ་བརྒྱད་ པ་ནས་ཉི་ཤུ་པ་ཡན་ཆད་ཀྱིས་ཤེས་རབ་དང། ཉེར་གཅིག་པ་དང་ཉེར་གཉིས་པས་ཐབས་དང། ཉེར་གསུམ་པ་དང་ཉེར་བཞི་པའི་རྐང་པ་གཉིས་ཀྱིས་བྱ་བ་དང། ཉེར་བཞི་པའི་རྐང་པ་ཕྱེད་དང་གཉིས་ཀྱིས་རྣལ་འབྱོར་རྗེས་ [070A]༄༅། །སུ་རིག་པ་དང། ཉེར་ལྔ་པ་ནས་སོ་དགུ་པ་ཡན་ཆད་ཀྱིས་སྡོམ་པ་ཆེན་པོ་སྤྲོ་བ་དང། བཞི་བཅུ་པ་ནས་ཞེ་བདུན་པའི་བར་གྱིས་དེ་དག་གི་གདན་དང། ཞལ་གྱི་དག་པ་དང། ལུས་དང་བསམ་པ་འཇུག་ པའི་ཚུལ་བསྟན་པས་དེ་ལྟ་བུ་རྣམས་ཀྱི་ངོ་བོ་ཉིད་ཀྱི་གནས་པ་ལྔ་པ་དང། རྒྱལ་བ་རྣམས་ཀྱི་འཇིག་རྟེན་ཁམས་ལ་ཞེས་སོགས་ཚིགས་བཅད་རེ་དགུ་པ་ནས་བརྒྱད་ཅུ་རྩ་བརྒྱད་པའི་བར་གྱིས། རིམ་པ་བཞིན་དུ་མཆོག་ མི་འགྱུར་གྱི་ཡེ་ཤེས་སྒྲུབ་དགོས་པའི་རྒྱུ་མཚན་དང། སྒྲུབ་པའི་ཐབས་ནང་ལུས་ལ་གནད་དུ་བསྣུན་པའི་རྣལ་འབྱོར་དང། དེ་འདྲའི་ངེས་དོན་གྱི་བསྙེན་སྒྲུབ་གཙོ་བོ་ཡིན་ཅིང། དྲང་དོན་གྱི་བསྙེན་པ་དགོས་པ་གང་ གི་ཕྱིར་གསུངས་པའི་ཚུལ་རྣམས་སྟོན་པ་ལ་ཚིགས་བཅད་གྱ་གཅིག་པའི་རྐང་པ་ཐ་མ། འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང། ཞེས་པ་ནས། བརྒྱ་ཉེར་དྲུག་པ་ཡན་ཆད་ཀྱིས་ཀྱང། འཇིག་རྟེན་པའི་དབང་ རྣམས་རྒྱུད་ནས་རྫོགས་རིམ་གྱི་ལམ་གྱི་རྒྱུ་དང། འཇིག་རྟེན་ལས་འདས་པའི་དབང་རྫོགས་རིམ་གྱི་སྣོད་རུང་དུ་སྒྲུབ་བྱེད་གཙོ་བོ་དང། དོན་གྱི་དབང་བཞི་པ་མངོན་དུ་བྱེད་པའི་སྒྲུབ་ཐབས་ཡན་ལག་དྲུག་པ་སོགས་ འཆད་པས་དབང་བཞི་པ་མཆོག་མི་འགྱུར་གྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱི་གནས་པ་སྟེ་དྲུག་པ་དང། ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི། ཞེས་སོགས་གྱ་དགུ་པ་ [070B] རེ་དྲུག་པ་རེ་བདུན་པ་རེ་བརྒྱད་པ་རྣམས་ནི་ཐེག་ཆེན་གཉིས་ཀྱི་ཐུན་མོང་གི་ལམ་གྱི་གཞུང་ཤིང་བྱང་ ཆུབ་ཀྱི་སེམས་བསྟེན་པའི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱི་གནས་པ་སྟེ་བརྒྱད་པ་དང། གང་ཕྱིར་འདིར་ཨ་སོགས་ཞེས་པ་ལ་སོགས་པ་བརྒྱ་ཉེར་བདུན་པ་མཆོག་མི་འགྱུར་གྱི་མདོར་བསྡུས་ཚིགས་བཅད་གཅིག་པོ་ནི། ཤེས་ དང་ཤེས་བྱ་རྣམ་པ་ཀུན་གྱི་བདག་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ངོ་བོ་ཉིད་ཀྱི་གནས་པ་སྟེ་དགུ་པ་དང། ཚིགས་བཅད་ཞེ་བརྒྱད་པ་ནས་རེ་ལྔ་པ་ཡན་ཆད་ནི་ལུས་ངག་ཡིད་ཡེ་ཤེས་ཀྱི་ཐིག་ལེ་བཞིའི་སྟེང་གི་བག་ཆགས་ ཀྱི་དབང་གིས་ལུས་སྣ་ཚོགས་དང། བརྗོད་པ་སྣ་ཚོགས་དང། གྲུབ་མཐའ་དང་ལྟ་བ་སྣ་ཚོགས་པར་འགྱུར་བ་སྟོན་ཅིང། ལ་སོགས་དབྱངས་བརྒྱད་ཅེས་སོགས་བརྒྱ་ཉེར་བརྒྱད་པ་ནས་བརྒྱ་རེ་བཞི་པའི་བར་གཞན་རྣམས་ཀྱིས་ ཀྱང་ལུས་ངག་སེམས་ཀྱི་བྱ་བ་ཐམས་ཅད་བརྟག་པའི་ངོ་བོ་ཉིད་ཀྱི་གནས་པ་སྟེ་བཅུ་པ་དང། བརྒྱ་རེ་བཞི་པའི་རྐང་པ་གསུམ་པ། སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ་ ཞེས་པས་སེམས་ཅན་རང་རང་གི་བསམ་པ་དང་མཐུན་པར་རང་རང་གི་སྐད་ཀྱིས་ཆོས་སྟོན་པ་ཀུན་ནས་ཆད་པ་མེད་པར་བསྟན་པ་ངོ་བོ་ཉིད་ཀྱི་གནས་པ་བཅུ་དྲུག་པ་དང། བརྒྱ་དགུ་བཅུ་པ་ནས་ཉིས་བརྒྱ་པའི་བར་གྱིས་སྟོན་པར་ [071A]༄༅། །མཛད་པ་བཅུ་གཉིས་བསྟན་ནས་གཙོ་བོར་ཆོས་ཀྱི་འཁོར་ལོ་སྟེ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བསྟན་པའི་ངོ་བོ་ཉིད་ཀྱི་གནས་པ་བཅུ་གཅིག་པ་དང། དེ་དག་ལས་བརྒྱ་གོ་དྲུག་པ་ནི་གྲགས་པའི་གསུང་ ཡིན་ནོ། །བརྒྱ་རེ་ལྔ་པས་སངས་རྒྱས་ཀྱི་ཞིང་བསྡུ་བའི་ངོ་བོ་ཉིད་ཀྱི་གནས་པ་སྟེ་བཅུ་གཉིས་པ་དང། བརྒྱ་རེ་དྲུག་པ་དང་རེ་བདུན་པའི་རྐང་པ་དང་པོས། ནམ་མཁའི་ཁམས་ལ་ཞེས་སོགས་ཏེ་གནས་པ་བཅུ་གསུམ་པ་དང་ བརྒྱ་རེ་བདུན་པའི་རྐང་པ་ཐ་མ་གསུམ་དང་རེ་བརྒྱད་པས་སངས་རྒྱས་ཀྱི་ཞིང་འབྱུང་བའི་ངོ་བོ་ཉིད་ཀྱི་གནས་པ་སྟེ་བཅུ་བཞི་པ་དང། བརྒྱ་རེ་དགུ་པ་ནས་བརྒྱ་གྱ་དགུ་པའི་བར་གྱིས་སངས་རྒྱས་ཀྱི་ཞིང་རྡོ་རྗེར་བྱིན་གྱིས་བརླབས་ པའི་ངོ་བོ་ཉིད་ཀྱི་གནས་པ་སྟེ་བཅོ་ལྔ་པ་དང། བཅུ་དྲུག་པ་ནི་བཤད་ཟིན་ལ། ཚིགས་བཅད་ཉིས་བརྒྱ་དང་གཅིག་པ་ནས་ཉིས་བརྒྱ་སོ་གཅིག་པ་ཡན་ཆད་ཀྱིས་བཅུད་དང་བཅུད་ལེན་ལ་སོགས་པ་ལུས་ཀྱི་དངོས་གྲུབ་སྒྲུབ་ ཐབས་ཏེ་གནས་པ་བཅུ་བདུན་པ་དང། ཉིས་བརྒྱ་སོ་གཉིས་པ་ནས་ཉིས་བརྒྱ་སོ་བདུན་པའི་བར་གྱིས་མཆོག་མི་འགྱུར་གྱི་བདེ་བས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་ངོ་བོ་ཉིད་ཀྱི་གནས་པ་བཅོ་བརྒྱད་པ་དང་ ཉིས་བརྒྱ་སོ་བརྒྱད་པ་ནས་ཉིས་བརྒྱ་བཞི་བཅུ་པའི་བར་གྱིས་ཆོས་ཡང་དག་པར་སྡུད་པ་དང། ཉིས་བརྒྱ་ཞེ་གཅིག་པ་དང་ཞེ་གཉིས་པས་རྩིས་ཀྱི་མིང་བསྡུ་བའི་ངོ་བོ་ཉིད་ཀྱི་གནས་པ་སྟེ་བཅུ་དགུ་པ་དང། ཉིས་བརྒྱ་ཞེ་ [071B] །དེ་ཡང་འཇིག་རྟེན་ཁམས་ལེ་ལ་གནས་པ་ཉི་ཤུ་ རྩ་བཞི་མཛད་པ་ལ་དགོས་པ་ཡོད་དེ། ཡུལ་ཉེར་བཞིའི་ཁྱིམ་བཅུ་གཉིས་དང་རྟེན་འབྲེལ་བཅུ་གཉིས་ཏེ་ཉེར་བཞི་རྣམ་པར་དག་པར་བྱ་བ་མཚོན་པ་ཡིན་པའི་ཕྱིར། ནང་ལེ་ལ་གནས་པ་བཅོ་བརྒྱད་དུ་བཞག་པ་ལ་དགོས་པ་ཡོད་དེ། ནང་ལུས་ ཀྱི་མཛོད་དྲུག་དང་རྩ་དྲུག་དང་འཁོར་ལོ་དྲུག་རྣམ་པར་དག་པར་བྱ་བ་མཚོན་པའི་ཆེད་ཡིན་པའི་ཕྱིར། དབང་ལེ་ལ་གནས་པ་བཅུ་གཉིས་སུ་བཞག་པ་ལ་དགོས་པ་ཡོད་དེ། དབང་གོང་མ་ལ་གཉིས་སུ་ཕྱེ་བས་དག་བྱེད་ཀྱི་དབང་ བཅུ་གཉིས་ཡོད་པ་མཚོན་པའི་ཆེད་ཡིན་པའི་ཕྱིར། སྒྲུབ་ལེ་ལ་གནས་པ་བདུན་དུ་བཞག་པ་ལ་དགོས་པ་ཡོད་དེ། ཕྱི་ནང་གི་བདུན་ཟུང་དང་ནང་གི་སྐྱེ་མཆེད་བདུན་རྣམ་པར་དག་པར་བྱ་བ་མཚོན་པའི་ཆེད་ཡིན་པའི་ཕྱིར། ཡེ་ཤེས་ ལེའུ་ལ་གནས་པ་ཉི་ཤུར་བཞག་པ་ལ་དགོས་པ་ཡོད་དེ། རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་བྱང་ཆུབ་པ་མཚོན་པའི་ཆེད་ཡིན་པའི་ཕྱིར། དེ་ཐམས་ཅད་བསྡོམས་པའི་གནས་པ་བརྒྱད་ཅུ་གྱ་གཅིག་གིས་ཇི་ལྟར་མཚོན་ ཚུལ་ཡང་ཡོད་དེ། འབྲས་དུས་ཀྱི་གང་ལ་བརྒྱན་པར་བྱ་བའི་སྐུ་གཅིག་དང་དེ་ལ་རྒྱན་པར་བྱེད་པའི་དཔེ་བྱད་བརྒྱད་ཅུ་མཚོན་པ་ཡིན་པའི་ཕྱིར། བཞི་པ་དེ་ལྟར་བསྟན་པ་རྣམས་ཀྱི་དོན་བསྡུད་སྟོན་པ་ལ། དེས་ན་རིམ་པ་འདིས་ [072A]༄༅། །གསུངས་པའི་ཕྱིར། ཞེས་སོགས་བྱུང། གཉིས་པ་བརྗོད་བྱེད་དང་འབྲེལ་བ་རྒྱས་པར་འཆད་པ་ལ། འདི་སྟོན་པར་བྱེད་པའི་ལེའུ་ཚོགས་ཞེས་སོགས་བྱུང། གསུམ་པ་དགོས་པ་དང་ཉིད་དགོས་རྒྱས་པར་འཆད་ པ་ལ། དེ་ནས་དཀྱིལ་འཁོར་དུ་ཞུགས་པ་ལ་ཞེས་སོགས་བྱུང། གཉིས་པ་ལྔ་པོ་དེ་གཟིགས་ནས་གདུལ་བྱ་ཇི་ལྟ་བུ་ལ་བསྟན་པ་རྒྱས་པར་བཤད་པ་དེ་སྟོན་པ་ལ། བརྗོད་བྱ་ལ་སོགས་པའི་མཚན་ཉིད་འདི་དག་ཉིད་མངོན་པར་ གཟིགས་ནས་ཞེས་སོགས་བྱུང། དོན་ནི། སྟོན་པས་བརྗོད་བྱ་སོགས་མཚན་ཉིད་ལྔ་པོ་དེ་གཟིགས་ནས་རྩ་རྒྱུད་རྒྱས་པ་གང་ལ་བསྟན་པ་ཡང་བཞག་ཏུ་ཡོད་དེ། འདོད་ཡོན་ལྔ་ལ་སྤྱོད་པ་ལས་མཐའ་གཅིག་ཏུ་རྒྱབ་ཀྱིས་ ཕྱོགས་པའི་ངེས་པ་དང་བྲལ་བའི་འདིའི་ཆེད་དུ་བྱ་བའི་གདུལ་བྱ་རྣམས་ལ་གསུངས་པའི་ཕྱིར། གསུམ་པ་ཆོས་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་བསྟན་པ་རྒྱས་པར་བཤད་པ་ལ་དྲུག་མིའི་སྐྱེ་བ་འདི་ལ་སངས་རྒྱས་སྟེར་བ་ཆོས་ཀྱི་ཁྱད་པར་ དུ་བསྟན་པ། འགྲོ་བ་གཞན་གྱི་ཚེ་ལ་མི་སྟེར་ཡང་སྐྱེ་བ་གཞན་ལ་སྟེར་བར་བསྟན་པ། མིའི་ཁྱད་པར་ཇི་ལྟ་བུ་ལ་སྟེར་བའི་ཁྱད་པར་བཤད་པ། དེ་ལ་རྒྱུད་གཞན་དང་འགལ་བའི་རྩོད་པ་སྤོང་བ། དེ་ལྟར་བསྟན་པས་གྲུབ་ པའི་དོན་བསྡུ་བ། ཚེ་འདི་ལ་སྟེར་བའི་སངས་རྒྱས་ངེས་གཟུང་བའོ། །དང་པོ་དེ་སྟོན་པར་བྱེད་པ་ལ། སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ཞེས་སོགས་བྱུང། དོན་ནི། དེ་འདྲའི་གདུལ་བྱའི་བསམ་པ་དང་མཐུན་ [072B] ལམ་འདིའི་ཐུན་མོང་མ་ཡིན་པའི་ཐོག་མ་ནས་ཞུགས་པའི་མིའི་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་སྟེར་བའི་རྒྱུད་ཀྱི་རྒྱལ་པོ་ཡིན་པའི་ཕྱིར། གཉིས་པ་དེ་སྟོན་ པར་བྱེད་པ་ལ། ལྷ་ལ་སོགས་པའི་འགྲོ་བ་ལྔའི་སྐྱེ་བ་ལ་ནི་མ་ཡིན་ནོ། ཞེས་སོགས་བྱུང། དོན་ནི། མིའི་སྐྱེ་བ་ཁོ་ན་ལ་སྟེར་གྱི། ལྷ་སོགས་འགྲོ་བ་གཞན་ལྔ་ལ་མིན་ནམ་ཞེ་ན། མ་ཡིན་ཏེ། དེ་རྣམས་ལས་ཀྱི་ས་པ་མ་ཡིན་པར་ སྐྱེས་པའི་ཕྱིར། འོ་ན་ལམ་འདིས་འགྲོ་བ་དེ་དག་ལ་འབྲས་བུ་དེ་གཏན་ནས་མི་སྟེར་རམ་ཞེ་ན། བརྒྱུད་ནས་སྟེར་ཏེ། དེ་དག་མིར་སྐྱེས་པའི་རྟེན་ལ་སྟེར་བའི་ཕྱིར། གསུམ་པ་སྟོན་པར་བྱེད་པ་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ ཚོགས་དག་ལས་ཞེས་སོགས་བྱུང། འོ་ན་མིའི་སྐྱེ་བ་ཡིན་ནོ་ཅོག་ལ་འབྲས་བུ་དེ་སྟེར་རམ་ཞེ་ན། མ་ཡིན་ཏེ། སྐྱེ་བ་སྔ་མ་རྣམས་སུ་ཐུན་མོང་བའི་ཚོགས་གཉིས་ལ་བསླབས་པ་དང། ནང་གི་ཁམས་དྲུག་མངོན་དུ་གྱུར་པའི་ སྔགས་བླ་མེད་ཀྱི་རིགས་ནུས་ཆེས་མཆོག་ཏུ་གྱུར་པའི་སྐྱེས་བུ་ཆེན་པོ་འགའ་ཞིག་ལ་སྟེར་བ་ཡིན་གྱི་ལས་ངན་པ་མི་དགེ་བ་དང་ལྡན་པའི་མི་ལ་སངས་རྒྱས་ཉིད་སྟེར་བ་མ་ཡིན་པའི་ཕྱིར། བཞི་པ་ལ་གསུམ། རྩོད་པ། ལན་ ལེན་ལ་རྩོད་པ་སྤང་བའོ། །དང་པོ་སྟོན་པ་ལ། ཅི་སྟེ་ཞེས་སོགས་བྱུང། དོན་ནི། ལས་ངན་ཅན་ལ་མིན། ཞེས་བཤད་པ་མི་འཐད་པར་ཐལ། མཚམས་མེད་ལྔ་བྱས་ཀྱང་འགྲུབ་པར་འདུས་པ་ལས་བཤད་པའི་ཕྱིར། ཞེ་ [073A]༄༅། །ན༑ གཉིས་པ་སྟོན་པ་ལ། བཅོམ་ལྡན་འདས་ཀྱི་གསུང་དེ་ནི་བདེན་ཏེ། ཞེས་སོགས་བྱུང། བདེན་པ་སྟེ་བཅོམ་ལྡན་འདས་ཀྱི་གསུང་དེ་གཉིས་འགལ་བའི་སྐྱོན་མེད་དེ། སྐྱེ་བ་འདིའི་ཚེ་སྟོད་ལ་མཚམས་མེད་སོགས་ མི་བཟད་པའི་ལས་བྱས་ཀྱང་བར་སྐབས་སུ་རྡོ་རྗེ་ཐེག་པའི་རིགས་སད་ནས་སྔགས་ཀྱི་ཐིག་པ་འདིར་ཞུགས་ཏེ་ཚེ་སྨད་ལ་སངས་རྒྱས་འཐོབ་པ་མི་འགལ་བའི་ཕྱིར། དེ་ལྟར་ཡིན་ཀྱང་ཐེག་པ་འདིར་ཞུགས་ནས་མཚམས་མེད་སོགས་བྱས་ ནས་ཀྱང་ཚེ་དེ་ལ་འགྲུབ་པར་དེ་བཞིན་གཤེགས་པ་བཞེད་པ་མ་ཡིན་ཏེ། སངས་རྒྱས་པའི་ཐེག་པ་གསུམ་གའི་སྐབས་སུ་ཐོག་མཐའ་བར་གསུམ་དུ་དགེ་བ་དགོས་པར་བཅོམ་ལྡན་འདས་བཞེད་པ་ཡིན་པའི་ཕྱིར། གསུམ་པ་ལ་རྩོད་པ་ དང༑ ལན་ནོ། དང་པོ་སྟོན་པར་བྱེད་པ་ལ། འོ་ན་སྔགས་ཀྱི་ཞེས་སོགས་བྱུང། དོན་ནི། སྔགས་ཀྱི་ཐེག་པ་འདིར་ཐོག་མཐའ་བར་གསུམ་དུ་དགེ་བར་གསུངས་པ་མི་འཐད་པར་ཐལ། འདིར་རྣལ་འབྱོར་བས་བཟའ་བར་གསུངས་པ་གང་ ཞིག་ཤའང་སྲོག་བཅད་པ་ལས་འབྱུང་གི་སྲོག་བཅད་པ་མིན་པར་ཤ་འབྱུང་བ་ནི་སྲིད་པ་ཙམ་ཡིན་པའི་ཕྱིར། གཉིས་པ་ལ་བཞི། མདོར་བསྟན་པ་རྒྱས་པར་བཤད་པ། ཤ་ལྔ་སོགས་དགོས་པ་གང་གི་ཕྱིར་བསྟན་པ་ཞར་བྱུང་དང་ བཅས་པ། རྩ་རྒྱུད་ཀྱི་ལུང་དང་སྦྱར་བའོ། །དང་པོ་སྟོན་པ་ལ། དེ་ནི་བདེན་ཏེ། ཞེས་སོགས་བྱུང། དོན་ནི། རྣལ་འབྱོར་པས་ཉིན་བཞིན་ཤ་ལྔ་བསྟན་པར་གསུངས་པ་བདེན་ཏེ། དེ་ལྟར་གསུངས་པ་ནི། མཆོད་སྦྱིན་སོགས་ཀྱི་ཕྱིར་ [073B] ཞེ་སྡང་སོགས་ཀྱིས་ཀུན་ནས་བསླངས་པའི་ཁ་ན་མ་ཐོ་བ་དང་བཅས་པས་སྲོག་གཅོད་པ་དང་འབྲེལ་པ་སྤངས་པའི་མཚན་མ་མེད་པ་དང་ཁ་ན་མ་ཐོ་བ་མེད་པའི་གཽ་ཀུ་ལ་སོགས་པའི་ཤ་བཟའ་བར་ གསུངས་པ་ཡིན་པའི་ཕྱིར། གཉིས་པ་སྟོན་པར་བྱེད་པ་ལ། འདིར་ཡུལ་གང་ན་འཇིག་རྟེན་པ་རྣམས་ཀྱི་ཞེས་སོགས་བྱུང། དོན་ནི། འདིར་རྣལ་འབྱོར་པས་ཤ་བཟའ་བའི་ཚུལ་ཡོད་དེ། ཤ་གང་བཟའ་བར་བྱ་བ་མིན་པ་དང། རིན་གྱི་ཕྱིར་ བཙོངས་པ་མིན་པ་དང། ཆེད་དུ་བསད་པ་མིན་པ་རང་ཤི་བ་དང། གཡུལ་དུ་ལས་ཀྱིས་བསད་པ་དང། རང་སྐྱོན་གྱིས་ཆོམ་རྐུན་སོགས་ཀྱིས་བསད་པའི་ཤ་རྣམས་བཟའ་བར་གསུངས་པའི་ཕྱིར། ཞེས་རྗེས་འགྲོ་བསྟན་ནས་དེ་ཉིད་ ལྡོག་པའི་སྒོ་ནས་འཆད་པ་ནི། །རང་བཟའ་ཕྱིར་རིན་བྱིན་ནོ་ཞེས་བསྐུལ་ནས་ཉོས་པ་མིན་ཞིང། ཕ་མེས་སོགས་ཀྱི་དུར་མཆོད་པ་དང་སྲོག་གི་མཆོད་སྦྱིན་ལ་སོགས་པའི་ཕྱིར་བསད་པ་མིན་པའི་ཤ་ཟ་རུང་སྟེ། དེ་ལྟ་བུའི་མཚན་མ་དང་ བཅས་པའི་ཤ་བཟའ་བར་མ་གསུངས་པ་ཙམ་ཡིན་པའི་ཕྱིར། གསུམ་པ་སྟོན་པ་ལ། ཡང་གང་ཞིག་ཉི་མ་སོ་སོར་དམ་ཚིག་ཅེས་སོགས་གསུངས། དོན་ནི། ཤ་ལྔ་དང་བདུད་རྩི་ལྔ་ཉིན་རེ་བཞིན་བསྟེན་ཚུལ་ཡོད་དེ། ལྟོ་བ་གང་ བའི་ཕྱིར་མིན་པར་རིལ་བུ་ཡུངས་འབྲུ་ཅི་མ་བསྟེན་པར་གསུངས་པའི་ཕྱིར། དེ་བཞིན་དུ་ཞར་བྱུང་ཆང་དང་བུད་མེད་ཀྱང་སྲེད་པས་མིན་ནོ། །བཞི་པ་སྟོན་པ་ལ། རྩ་བའི་རྒྱུད་ལས་ཀྱང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་ [074A]༄༅། །ཞེས་སོགས་བྱུང། འདི་དག་གི་ཚིག་འབྲུ་ཡང་ཊིཀ་ཆེན་ལས་ཤེས་པར་བྱའོ། །ལྔ་པ་སྟོན་པར་བྱེད་པ་ལ། དེ་ལྟར་གསུངས་པའི་རིམ་པས་ངེས་པ་དང་བྲལ་བ་རྣམས་ལ་སངས་རྒྱས་ཉིད་ཀྱི་ འབྲས་བུ་རབ་ཏུ་སྟེར་བ་ནི་རྒྱུད་ཀྱི་རྒྱལ་པོའོ། །དྲུག་པ་སྟོན་པ་ལ། སངས་རྒྱས་ཉིད་ནི། ཞེས་སོགས་བྱུང། དོན་ནི། འོ་ན་འདིར་མིའི་སྐྱེ་བ་ལ་སྟེར་བའི་སངས་རྒྱས་དེ་ཇི་ལྟ་བུ་ཞེ་ན། བཞག་ཏུ་ཡོད་དེ། ཐམས་ཅད་མཁྱེན་པ་ཉིད་ དེ་ངོ་བོ་ཉིད་སྐུ་དང། རྣམ་པ་མཁྱེན་པ་ཉིད་དེ་སྤྲུལ་སྐུ་དང། ལམ་མཁྱེན་པ་ཉིད་དེ་ལོངས་སྐུ་དང། ལམ་གྱི་རྣམ་པ་མཁྱེན་པ་ཉིད་དེ་ཆོས་སྐུ་སྟེ་བཞིའི་བདག་ཉིད་ཅན་ཡིན་པའི་ཕྱིར། བཞི་པ་སྟོན་པ་ཕུན་ཚོགས་ལྔ་ལྡན་རྒྱས་ པར་བཤད་པ་ལ་ལྔ་ལས། དང་པོ་གནས་ཕུན་ཚོགས་སྟོན་པ་ལ། བདེ་བ་ཆེན་པོའི་གནས་ཞེས་སོགས་བྱུང། འདི་ལ་དྲང་ངེས་གཉིས་ལས། དྲང་དོན་དུ་བཤད་ཚུལ་ཡོད་དེ། བདེ་བ་ཆེན་པོའི་གནས་ཆོས་ཀྱི་དབྱིངས་ མཚོན་པའི་ཆོས་འབྱུང་ཡིན་པའི་ཕྱིར། ངེས་དོན་དུ་འཆད་ཚུལ་ཡོད་དེ། ངེས་དོན་གྱི་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོའི་གནས་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ཡིན་པའི་ཕྱིར། མཆོག་གི་དང་པོའི་སངས་རྒྱས་རྡོ་རྗེ་དབྱིངས་ཀྱི་ དཀྱིལ་འཁོར་ཆེན་པོར་ཞེས་པ་ལ་དྲང་ངེས་གཉིས་ལས། དང་པོ་ནི་ཆོས་འབྱུང་ནང་དུ་ཆུད་པའི་གཞལ་ཡས་ཁང་ཡིན་ལ། ངེས་དོན་གྱི་བཤད་དོན་བཞག་ཏུ་ཡོད་དེ། ཐབས་ཤེས་རིས་སུ་ཆད་པ་མེད་པ་ཤེས་པ་བདེ་ཆེན་ [074B] ཤེས་བྱ་སྟོང་གཟུགས་དབྱེར་མེད་བདེན་པ་གཉིས་ཀར་རང་བཞིན་གྱིས་སྟོང་པའི་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དེ་ཉིད་ཐ་སྙད་དུ་མེ་ལོང་ནང་དུ་པྲ་ཕབ་པ་དང་མཚུངས་པའི་ངེས་དོན་གྱི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཡིན་ པའི་ཕྱིར། རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་པ་ལའང་གཉིས་ལས། དྲང་དོན་ནི། སེང་ཁྲི་ཟླ་ཉི་དུས་མེའི་དཀྱིལ་འཁོར་སོ་སོར་གཅལ་དུ་བཀྲམ་པའི་བཅད་དུ་མེད་ཅིང་དབྱེར་མེད་དེ་མཉམ་པར་སྦྱར་བ་ཡིན་ལ། འམ་ཞེས་པ་ཡང་ན་ངེས་དོན་དུ་ བཤད་ཚུལ་ཡོད་དེ། ཨེ་ཡིག་གི་ངེས་དོན་རྣམ་བཅས་རྣམ་མེད་ཀྱི་སྟོང་ཉིད་ནམ་མཁའི་ཁམས་དོན་རྡོ་རྗེ་སེང་གེའི་ཁྲི་དང། ཨེ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ནི་ཝཾ་ཡིག་གི་ངང་དོན་ གྱི་མཚོན་དོན་དང། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ནི་ཝཾ་ཡིག་གི་ངེས་དོན་གྱི་མཚོན་དོན་དང། བཅོམ་ལྡན་འདས་ཁྲི་དང་གདན་དེ་རྣམས་ལ་བཞུགས་པ་དང། བདེ་བ་ཆེན་པོ་སྟོང་པ་ཉིད་ལ་གཉིས་སྣང་ནུབ་པའི་ཚུལ་གྱིས་ རོ་གཅིག་ཏུ་གནས་པ་ནི་སངས་རྒྱས་སེང་གེའི་ཁྲི་ལ་བཞུགས་པའི་དྲང་ངེས་ཀྱི་དོན་ཡིན་པའི་ཕྱིར། གཉིས་པ་འཁོར་ཕུན་ཚོགས་སྟོན་པ་ལ། སངས་རྒྱས་དང། ཞེས་སོགས་བྱུང། གཞན་ནི་སླ་ལ། ཁམས་གསུམ་པས་ཕྱག་བྱས་པ་ ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཟུགས་མེད་ཀྱི་ཕྱིར་མི་འོང་གིས་ནི་བཏུད་ལ་གཞན་རྣམས་ཀྱིས་འདུད་པར་བྱ་བའི་འོས་སམ་གནས་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། གསུམ་པ་མཛད་པ་ཕུན་ཚོགས་སྟོན་པར་བྱེད་པ་ལ། ཁམས་ [075A]༄༅། །གསུམ་པའི་ཞེས་སོགས་བྱུང། དོན་གཞན་རྣམས་སླ་ལ། གཟུགས་མེད་ན་ལུང་གི་ཆོས་འཁོར་བསྐོར་བ་མེད་ཀྱང་དེའི་རྟེན་གྱི་འཕགས་རྒྱུད་ལ་རྟོགས་པའི་ཆོས་འཁོར་ཡོད་པས་སྐྱོན་མེད་དོ། །བཞི་པ་ ཆོས་ཕུན་ཚོགས་སྟོན་པ་ལ། མཆོག་གི་དང་པོའི་སངས་རྒྱས་ཞེས་སོགས་བྱུང། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཆོས་ཅན། ཁྱོད་ལ་མཆོག་གི་དང་པོའི་སངས་རྒྱས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྐད་ཅིག་གཅིག་དང་ རྣམ་པ་ལྔ་དང་རྣམ་པ་ཉི་ཤུ་དང། སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ཅན་འགྱུར་བ་མེད་པའི་བདེ་བ་ཆེན་པོ་ནི་བདེ་བའི་མཆོག་ཡིན་པ་གང་ཞིག་བདེ་བ་དེ་ཡི་དང་པོར་སྟེ་དེ་མངོན་དུ་བྱས་པ་ ལ་བརྟེན་ནས་སངས་རྒྱས་པ་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་རིས་མེད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཟུང་བ་སྟོང་གཟུགས་ཀྱི་སྐུ་དང་འཛིན་པ་མཆོག་མི་འགྱུར་གྱི་བདེ་བ་གཉིས་སོ་སོར་ རྒྱངས་ཆད་པའི་རིས་མེད་པར་ཟུང་དུ་འཇུག་པས་དེ་ལྟར་བརྗོད་པའི་ཕྱིར། བཅོམ་ལྡན་འདས་ནི་སླ་ལ། དེ་ཆོས་ཅན། དུས་ཀྱི་འཁོར་ལོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དུས་མཆོག་མི་འགྱུར་གྱི་བདེ་བས་ལུས་སྒྲིབ་པ་ མེད་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སོགས་ཀྱི་འཁོར་ལོ་བསྐྱེད་པས་དེ་ལྟར་བརྗོད་པའི་ཕྱིར། དུས་ཀྱི་འཁོར་ལོའི་སྐད་དོད་ཡི་གེ་རེ་རེ་བའི་སྟེང་ནས་བཤད་ཚུལ་ཡང་ཡོད་དེ། ཀཱ་ལ་ཙ་ཀྲ་ཞེས་པས་སད་རྨི་གཉིད་ [075B] ཏེ༑ ཀཱ་ཡིག་གིས་ནི་རྒྱུ་ཞི་བ། །ལ་ཡིག་འདི་ལ་ཐིམ་པ་ཉིད། །ཙ་ཡིག་གིས་ནི་གཡོ་བའི་སེམས། །ཀྲ་ཡིག་རིམ་པ་བཅིངས་ལས་སོ། ཞེས་གསུངས་པའི་ཕྱིར། ལྔ་པ་ཞུ་བ་པོ་ཕུན་ཚོགས་བཤད་པ་སྟོན་པ་ལ་ གསུམ། རྒྱུད་འདི་ཞུ་བ་པོ་དངོས་ཟླ་བ་བཟང་པོའི་མཚན་དོན། དེ་ཉིད་གསང་བདག་དང་རྒྱུད་གཅིག་ཏུ་བསྟན་པ། དེའི་མཚན་དོན་བཤད་པའོ། །དང་པོ་སྟོན་པར་བྱེད་པ་ལ། ཟླ་བ་བཟང་པོས་གསོལ་བ་བཏབ་ཅེས་སོགས་ བྱུང༑ རྒྱུད་འདིའི་ཞུ་བ་པོ་ཟླ་བ་བཟང་པོ་ཆོས་ཅན། ཁྱོད་ལ་ཟླ་བ་བཟང་པོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མཆོག་ཏུ་མི་འགྱུར་བའི་བདེ་བའི་རྟེན་དུ་གྱུར་པའི་བྱང་སེམས་དཀར་པོའི་ཆ་ཕལ་ཆེར་རྫོགས་པས་རྡོ་རྗེ་ ཟླ་བ་དང། གནས་སྐབས་བཞིའི་སྒྲིབ་པའི་མུན་པ་ཕལ་ཆེར་སྤངས་པས་དྲི་མ་མེད་པའི་འོད་དང་ལྡན་པས་ཟླ་བ་དང་འདྲ་ཆོས་གྲུབ་པའི་ཕྱིར། གཉིས་པ་སྟོན་པར་བྱེད་པ་ལ། སེམས་ཅན་ཐམས་ཅད་ཀྱི་ཞེས་སོགས་ བྱུང༑ ཟླ་བཟང་ཆོས་ཅན། གསང་བའི་བདག་པོ་ཕྱག་རྡོར་དང་རྒྱུད་གཅིག་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉན་པ་པོའམ་སྡུད་པ་པོ་ཡིན་པའི་ཕྱིར། གསུམ་པ་ལ་གསུམ་ལས། མཚོན་དོན་སྒྲས་ [076A]༄༅། །ཟིན་ལྟར་འཆད་པ་ལ་གསད་པ་ནི་ཞེས་སོགས་བྱུང། དོན་ནི། སྡུད་པ་བོ་ཕྱག་རྡོར་ཆོས་ཅན། ཁྱོད་ལ་གསང་བའི་བདག་པོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྡོ་རྗེ་ཐེག་པ་ཉན་རང་གི་ཐེག་པ་བ་ལ་གསང་བས་ གསང་བ་ཞེས་བྱ་ལ། ཁྱོད་དེ་སྡུད་པ་པོ་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་ཕྱི་རོལ་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཤད་པ་ལ། དེ་བཞིན་དུ་ཕྱི་རོལ་ཏུ་ཞེས་སོགས་བྱུང། དེ་ཆོས་ཅན། ཁྱོད་ལ་གསང་བའི་བདག་པོ་ཞེས་བྱ་ སྟེ༑ འཇིག་རྟེན་གྱི་ཐ་སྙད་བདེན་པར་གནོད་སྦྱིན་རྣམས་ལ་གསང་བ་ཞེས་བྱ་བ་གང་ཞིག་ཁྱོད་དེ་རྣམས་ཀྱི་བདག་པོ་ཡིན་པའི་ཕྱིར། ཨ་ཊ་ཀ་བ་ཏི་ཞེས་པ་ལྕང་ལོ་ཅན་དང་རོ་ལྡན་གཉིས་ཀ་ལ་འཇུག་པ་ལས་འདིར་རོ་ལྡན་ལ་ འཇུག་པར་བྱས་ལ། དེ་ཡང་རོ་ལྡན་དུར་ཁྲོད་ཀྱི་གནོད་སྦྱིན་རྣམས་འཇོམས་པར་བྱེད་པས་དེ་དག་གི་བདག་པོར་བརྗོད་པའི་ཕྱིར་ཏེ། དཔེར་ན་སེང་གེས་རི་དྭགས་གསོད་པ་ལ་དེའི་བདག་པོར་བརྗོད་པ་བཞིན་ནོ། །གསུམ་པ་ ངེས་དོན་དུ་བཤད་པ་སྟོན་པ་ལ་ནང་དུ་ནི་ཞེས་སོགས་བྱུང། དོན་ནི། རྒྱུད་འདིར་ས་བཅུ་གཉིས་སུ་གྲངས་ངེས་པའི་དབང་དུ་བྱས་པ་ཤས་ཆེ་ལ། བཅུ་གཉིས་སུ་འཇོག་ཚུལ་ཡང་ཡོད་དེ། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལས་སྟོང་ བརྒྱད་བརྒྱ་པ་དེ་འགགས་པ་དང་མི་འགྱུར་བའི་བདེ་བ་སྟོང་བརྒྱད་བརྒྱར་རྫོགས་པ་ནས་རེ་རེར་འཇོག་སྟེ། དེ་ལ་དང་པོ་མོས་སྤྱོད། གཉིས་པ་རབ་དགའ་ནས། བཅུ་པ་ལེགས་པའི་བློ་གྲོས། ཆོས་ཀྱི་སྤྲིན་ལ་ཆོས་ཀྱི་སྤྲིན་ཙམ་པོ་བ་ [076B] དེའི་ཁྱད་པར་གྱི་ལམ་གཉིས་སུ་ཕྱེ་བའི་ཆོས་ཀྱི་སྤྲིན་ཙམ་པོ་པ་བཅུ་གཅིག་པ་དང། དེའི་ཁྱད་པར་གྱི་ལམ་བཅུ་གཉིས་པར་འཇོག་པ་སློབ་དཔོན་ཨ་བྷ་ཡ་ཀ་རས་བཤད་པ་ལྟར་ཡིན་པའི་ཕྱིར། དེ་ཡང་ཐོག་མའི་ལས་རླུང་སྟོང་ བརྒྱད་བརྒྱ་འགགས་པ་ཐོག་མའི་མི་འགྱུར་བའི་བདེ་བ་སྟོང་བརྒྱད་བརྒྱ་རྫོགས་པ། མོས་སྤྱོད་རྫོགས་པ་རྣམས་མཉམ་ཞིང། དེ་ནས་མི་འགྱུར་བའི་བདེ་བ་སྟོང་བརྒྱད་བརྒྱ་གཉིས་པའི་ནང་ནས་ཐོག་མར་རང་གི་སྐད་ཅིག་དང་པོ་སྐྱེས་ པ་དང། འདིར་བསྟན་མཐོང་ལམ་དང་པོར་ཐོབ་པ། ལས་རླུང་སྟོང་བརྒྱད་བརྒྱ་པ་ཚན་པ་གཉིས་པའི་ནང་ནས་ཐོག་མའི་ལས་རླུང་གཅིག་འགགས་ནས་སླར་རྒྱུ་བ་མི་སྲིད་པར་བྱས་པ་རྣམས་དུས་མཉམ་ཞིང་དེས་གཞན་ལའང་སྦྱར་ བར་བྱའོ། །སྐད་ཅིག་མ་རྣམས་ཀྱང་བྱ་རྫོགས་ཀྱི་སྐད་ཅིག་མ་ཡིན་པས་མོས་སྤྱོད་མ་གཏོགས་པའི་མི་འགྱུར་བའི་བདེ་བ་སྐད་ཅིག་མ་རེ་རེ་ལའང་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་སུ་ཕྱེ་བ་ཡིན་ཏེ། སྤང་བྱ་སྤོང་བ་ དང་དེ་ལས་གྲོལ་བའི་རྣམ་གྲོལ་ལམ་བཞིན་སྦྱར་བ་ཡིན་པའི་ཕྱིར། དེས་ན་སྡུད་པ་པོ་ཕྱག་ན་རྡོ་རྗེ་ཆོས་ཅན། ཁྱོད་ལ་གསང་བའི་བདག་པོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ལས་རླུང་སུམ་སྟོང་དྲུག་བརྒྱས་དམན་པའི་ཉི་ཁྲི་ ཆིག་སྟོང་དྲུག་བརྒྱ་དབུ་མའི་ནང་དུ་འགོགས་པ་ལ་རོ་ཞེས་བྱ་ལ་དེ་དང་ལྡན་པའི་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་སེམས་ཀྱི་ཚུལ་བཟུང་བས་དེ་ལྟར་བརྗོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་གནོད་སྦྱིན་གྱི་བདག་པོ་ཞེས་བརྗོད་ [077A]༄༅། །པའི་རྒྱུ་མཚན་ཡོད་དེ། བདུད་དང་ཉོན་མོངས་དང་ཤེས་བྱ་དང་སྙོམས་འཇུག་གི་སྒྲིབ་པའི་གནོད་སྦྱིན་གསོད་ཅིང། སེམས་ཅན་སོ་སོའི་སྐད་དུ་དེ་བཞིན་གཤེགས་པས་སེང་གེའི་སྒྲས་ཆོས་བསྟན་པ་རྣམས་ གཞན་ལ་སྟོན་པས་དེ་ལྟར་བརྗོད་པའི་ཕྱིར། ལྔ་པ་རྗོད་བྱེད་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་རྒྱས་པར་བཤད་པ་ལ་དྲུག་གང་གི་སྒོ་ནས་བཏགས་པའི་མཚན་གྱི་ཁྱད་པར། ཤོ་ལོ་ཀ་ཇི་སྙེད་ཡོད་པའི་གཞུང་ཚད་ཀྱི་ཁྱད་པར། བརྗོད་ བྱ་སྤྱིར་ཐབས་ཤེས་གཉིས་མེད་ཀྱི་རྣལ་འབྱོར་གསལ་བར་བྱེད་པའི་ཁྱད་པར། བརྗོད་བྱའི་གཙོ་བོ་དང་པོའི་སངས་རྒྱས་མཚན་བརྗོད་དང་མཐུན་པར་གསལ་བར་བྱེད་པའི་ཁྱད་པར། རྒྱུད་ཀྱི་རྡོ་རྗེའི་ཚིག་གསལ་བར་བྱེད་ཅིང་སངས་ རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པའི་བྱེད་ལས་ཀྱི་ཁྱད་པར། འབྲས་བུ་དངོས་གྲུབ་གཉིས་ལ་ལྟོས་པའི་ལམ་འཁོར་དང་བཅས་པ་མ་ལུས་པར་སྟོན་པས་བརྗོད་བྱ་རྫོགས་པའི་ཁྱད་པར་རོ། །དང་པོ་སྟོན་པ་ལ། མཆོག་གི་དང་ པོའི་སངས་རྒྱས་ཞེས་སོགས་བྱུང། དོན་ནི། རྒྱུད་འདི་ཆོས་ཅན། ཁྱོད་ལ་མཆོག་གི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བརྗོད་བྱའི་མིང་གིས་བརྗོད་བྱེད་ལ་བཏགས་པ་ཡིན་པའི་ཕྱིར་ གཉིས་པ་སྟོན་པ་ལ། སྟོང་ཕྲག་བཅུ་གཉིས་པ་ཞེས་སོགས་བྱུང། རྩ་རྒྱུད་འདི་ཆོས་ཅན། །ཁྱོད་ཀྱི་རྗོད་བྱེད་གཞུང་གི་ཚོགས་བཞག་ཏུ་ཡོད་དེ། སྤྱིར་སྡེབས་སྦྱོར་ལ་ཡི་གེ་བགྲང་བ་བྲྀ་ཏ་དང་ཕྱི་མོ་བགྲང་བ་ཛཱ་ཏི་གཉིས་སུ་ཡོད་ཅིང་ [077B] བྱེད་མཉམ་དང། མི་མཉམ་པ་དང་གསུམ་ལས། མཉམ་པ་བྲྀ་ཏ་ལ་དབྱེ་ན་དམར་སེར་ཅན་གྱིས་ཡི་གེ་གཅིག་པ་ནས་ལྔ་པའི་བར་བཤད་ཀྱང། རིན་ཆེན་འབྱུང་གནས་ལས། ཡི་གེ་དྲུག་པ་རབ་དགའ། བདུན་ པ་དབྱངས་སྒྲོགས། བརྒྱད་པ་རྗེས་བསྔགས་ནས་ཡི་གེ་ཉེར་བདུན་པ་ཡན་ཆད་ལ་རྒྱུན་ཆགས་སམ་རབ་བསགས་ཞེས་བྱ་བའི་བར་ཉེར་གཉིས་སམ་ཉེར་གསུམ་དུ་ངེས་པར་གསུངས་ཤིང། དེའི་གསུམ་པ་རྗེས་བསྔགས་ཀྱི་སྡེབས་ སྦྱོར་ལའང་འདྲ་མཚུངས་དང། མཚུངས་ལྡན་དང། རྐང་བཀྲ་དང། གློག་འཕྲེང་དང། བྲམ་ཟེའི་བུ་ཞེས་བྱ་བའི་སྡེབས་སྦྱོར་ལྔ་ཡོད་པའི་སྡེབས་སྦྱོར་གྱི་ཚིགས་བཅད་རེ་རེ་ལ་ཡི་གེ་སུམ་ཅུ་རྩ་གཉིས་གཉིས་སུ་བྱས་པའི་ཚིགས་བཅད་ སྟོང་ཕྲག་བཅུ་གཉིས་དང། ཡི་གེ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་ལྷག་པའི་འབུམ་ཕྲག་གསུམ་གྱི་ཚོགས་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ལ་བཞི། རྒྱུད་འདི་རྣལ་འབྱོར་བླ་མེད་ཡིན་པའི་རྒྱུ་མཚན་གྱིས་ཐབས་ཤེས་གཉིས་ མེད་བརྗོད་པར་བསྟན་པ། བླ་མེད་ཀྱི་རྒྱུད་གཉིས་བདེ་སྟོང་གི་ཐབས་ཤེས་རེ་རེ་ཁོ་ན་སྟོན་བྱེད་ཡིན་པ་དགག་པ། གདུལ་བྱ་དབང་རྟུལ་གྱི་བསམ་ངོ་ལ་ལྟོས་པའི་ཐབས་ཤེས་སོ་སོ་བའི་རྒྱུད་དུ་འཇོག་ཚུལ་བཤད་པ། དེ་དག་གི་དོན་ བསྡུ་བའོ། །དང་པོ་སྟོན་པར་བྱེད་པ་ལ་རིས་མེད་པ་ཞེས་སོགས་བྱུང། དོན་ནི། རྒྱུད་འདི་ཆོས་ཅན། ཁྱོད་ཀྱིས་སྟོང་ཉིད་རྟོགས་པའི་ཤེས་རབ་དང་བདེ་བ་ཆེན་པོ་གཉིས་ཕྱོགས་རིས་སུ་བཅད་པ་མེད་པར་བཅོད་བྱར་བྱེད་དེ། ཁྱོད་ཐབས་ [078A]༄༅། །ཤེས་གཉིས་མེད་ཀྱི་བླ་མེད་ཀྱི་རྒྱུད་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། བླ་མེད་ཀྱི་རྒྱུད་གཉིས་ཀ་ལ་འཚང་རྒྱ་བའི་ལམ་མ་ཚང་བར་ཐལ་བ། དེ་གཉིས་ཀ་ལ་རྣལ་འབྱོར་གྱི་རྒྱུད་ཅེས་གསུངས་པའི་མིང་དོན་ མ་ཚང་བར་ཐལ་བ། དེ་དག་གིས་གྲུབ་པའི་དོན་ནོ། །དང་པོ་སྟོན་པ་ལ། བརྗོད་པར་བྱ་བ་ཐབས་དང་ཞེས་སོགས་བྱུང། དོན་ནི། བླ་མེད་ཀྱི་རྒྱུད་རྒྱལ་འདི་དབྱེ་གཞིར་བྱས་པའི་ཕ་རྒྱུད་ཀྱིས་ཐབས་བདེ་བ་ཆེན་པོ་ཙམ་ཁོ་ན་སྟོན་པས་ ཐབས་རྒྱུད་དང། མ་རྒྱུད་ཀྱིས་ཤེས་རབ་སྟོང་ཉིད་རྟོགས་པའི་ཤེས་རབ་ཙམ་ཁོ་ན་བརྗོད་བྱར་སྟོན་པས་ཤེས་རབ་ཀྱི་རྒྱུད་དུ་འཇོག་པར་ཐལ། བླ་མེད་ཀྱི་རྒྱུད་གཉིས་པོ་དེས་བདེ་སྟོང་གི་ཐབས་ཤེས་རེ་རེ་བ་ཁོ་ན་ཐ་དད་ དུ་སྟོན་པའི་ཕྱིར། རྟགས་ཁས། འདོད་ན། དེ་གཉིས་གང་རུང་རེ་རེས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་བརྗོད་བྱར་མི་བྱེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གཉིས་གང་རུང་གི་བརྗོད་བྱར་སངས་རྒྱས་ཉིད་ཐོབ་བྱེད་ཀྱི་ལམ་ གྱི་གཙོ་བོ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གཉིས་ནས་བཤད་པའི་ལམ་གང་གིས་ཀྱང་འཁོར་བའི་བག་ཆགས་སྤོང་མི་ནུས་པར་ཐལ་ལོ། །གཉིས་པ་སྟོན་པ་ལ། འདིར་རྗོད་པར་བྱེད་པ་དང་ཞེས་སོགས་བྱུང། དོན་ནི་ རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལ་རྣལ་འབྱོར་ཞེས་པའི་མིང་འདི་རྗོད་བྱེད་དང་བརྗོད་བྱ་འབྲེལ་མེད་དུ་ཐལ། ཐབས་བདེ་བ་ཆེན་པོ་དང། ཤེས་རབ་སྟོང་ཉིད་རྟོགས་པའི་ཡེ་ཤེས་གཉིས་སུ་མེད་པར་སྦྱོར་བ་བརྗོད་བྱ་དང། རྣལ་འབྱོར་བླ་ [078B] རྩ་བའི་དམ་བཅའ་དེའི་ཕྱིར། འདོད་མི་ནུས་ཏེ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཅེས་པའི་རྣལ་འབྱོར་གྱི་སྒྲ་ནི་ཐབས་བདེ་བ་ཆེན་པོ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་གཉིས་སུ་མེད་པར་ སྦྱོར་བའི་དོན་ཡིན་པའི་ཕྱིར་ཏེ། རྩ་རྒྱུད་ལས། རྣལ་འབྱོར་ཐབས་ཀྱི་ལུས་དང་ནི། །ཤེས་རབ་གཅིག་པུ་དག་གིས་མིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །དེ་བཞིན་གཤེགས་པས་རྣལ་འབྱོར་གསུངས། ཞེས་གསུངས་པའི་ ཕྱིར༑ གསུམ་པ་སྟོན་པ་ལ། དེའི་ཕྱིར་རྒྱུད་གང་ལ་ཞེས་སོགས་བྱུང། དོན་ནི། བླ་མེད་ཀྱི་རྒྱུད་གང་ཡང་དོན་དམ་པར་ཏེ་དོན་དམ་འཇལ་བྱེད་ཀྱི་ཡུལ་སྟོང་ཉིད་རྟོགས་པའི་ཤེས་རབ་དང་ཐབས་བདེ་བ་ཆེན་པོ་རེ་རེ་ནས་བརྗོད་བྱའི་གཙོ་བོར་ བྱེད་པའི་ཆ་ནས་ཤེས་རབ་དང་ཐབས་ཀྱི་རྒྱུད་སོ་སོར་འཇོག་པ་མ་ཡིན་ཏེ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཡིན་ན། བདེ་སྟོང་དབྱེར་མེད་ཀྱི་བདག་ཉིད་གཉིས་མེད་ཀྱི་རྒྱུད་ཡིན་དགོས་པའི་ཕྱིར། གསུམ་པ་སྟོན་པར་བྱེད་པ་ལ། འཇིག་རྟེན་ ཀུན་རྫོབ་ཏུ། ཞེས་སོགས་བྱུང། དོན་ནི། འོ་ན་བདེ་སྟོང་གི་ཐབས་ཤེས་ཀྱི་སྒོ་ནས་རྒྱུད་སོ་སོར་མི་འཇོག་ན་ལྷ་ཕོ་མོའི་ཐབས་ཤེས་ཀྱི་སྒོ་ནས་སོ་སོར་འཇོག་པར་བཤད་པ་ལྟར་ངེས་སམ་ཞེ་ན། རྒྱུད་གང་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ ལ་སོགས་པའི་དབྱེ་བས་ཕུང་པོ་རྣམ་པར་དག་པ་ལས་དེ་བཞིན་གཤེགས་པ་རྣམས་ལྷ་ཕོའི་རྣམ་པར་སྟོན་པ་ཐབས་དང། ཡེ་ཤེས་ལྔའི་དབྱེ་བས་ཁམས་རྣམ་པར་དག་པ་ལས་དེ་བཞིན་གཤེགས་པ་རྣམས་ལྷ་མོའི་རྣམ་པར་སྟོན་ [079A]༄༅། །པ་ཤེས་རབ་ཀྱི་ཕྱོགས་སུ་གདུལ་བྱ་དབང་རྟུལ་གྱི་བསམ་པ་ལ་ལྟོས་པའི་དབང་གིས་གསུངས་པ་ཙམ་ཡིན་གྱི་དོན་ལ་གནས་པ་མིན་ཏེ། རྡོ་རྗེ་སྙིང་འགྲེལ་ལས། རྣལ་འབྱོར་མ་རྣམས་ཀུན་སྤྱོད་པ། །གང་དེར་ ཐབས་ཀྱིས་རབ་ཏུ་གནས། །བྱིས་པ་རྣམས་ལ་རྣལ་འབྱོར་མའི། །རྒྱུད་ཆེན་ང་ཡིས་མིང་དུ་བཏགས། །གང་དུ་ཐབས་ཀྱིས་ཀུན་སྤྱོད་པ། །ཤེས་རབ་ཀྱང་ནི་གནས་གྱུར་པས། །ཐབས་ཀྱི་རྒྱུད་ཆེན་བཤད་པ་ཡང། །དེ་བཞིན་ཐ་སྙད་ཅི་ ལྟ་བའོ། ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། བཞི་པ་བརྗོད་བྱའི་གཙོ་བོ་དང་པོའི་སངས་རྒྱས་མཚན་བརྗོད་དང་མཐུན་པར་བཤད་པའི་ཁྱད་པར་ལ་བཞི། མདོར་བསྟན་པ། དོན་དེ་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པར་ བསྒྲུབ་པ། དེ་ལ་རྩོད་པ་སྤང་བ། དོན་བསྡུ་བའོ། །དང་པོ་སྟོན་པ་ལ། རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ། ཞེས་སོགས་བྱུང། དོན་ནི་རྒྱུད་འདི་ཆོས་ཅན། ཁྱོད་ཀྱི་བརྗོད་བྱའི་གཙོ་བོ་སྟོང་གཟུགས་རྡོ་རྗེ་འཛིན་པ་ཡབ་ཡུམ་གྱི་སྐུ་ མཆོག་མི་འགྱུར་གྱི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བདག་ཉིད་དེ་ཡིན་ཏེ། དེ་ཉིད་མཚན་བརྗོད་དུ་གསལ་པོར་བཤད་པ་གང་ཞིག་མཚན་བརྗོད་ཀྱི་བརྗོད་བྱའི་གཙོ་བོ་དེ་ཁྱོད་ཀྱིས་བརྗོད་བྱར་བྱས་པའི་ཚུལ་གྱིས་འཁྱུད་ནས་མངོན་པར་ བརྗོད་པ་ཡིན་པའི་ཕྱིར། གཉིས་པ་སྟོན་པ་ལ། འདིར་ཞེས་སོགས་བྱུང། དོན་ནི་ཇི་ལྟར་མཚན་བརྗོད་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ཤིང་གསུང་བར་འགྱུར་བ་དང་གསུང་བ་བཞིན་དུ་དང་པོའི་ [079B] དང་པོའི་སྒྲས་ཐོག་མ་མེད་པ་བསྟན་པས་དེ་ཡང་ཐོག་མ་མེད་པའི་དུས་སུ་སངས་རྒྱས་རྣམས་ཀྱིས་དང་པོའི་སངས་རྒྱས་འདི་བསྟན་ཅིང་དེས་མཚོན་ནས་ཐ་མ་མེད་པའི་དུས་དུ་སུ་ཡང་ སྟོན་པར་འགྱུར་ཏེ། ཡེ་ཤེས་ཀྱི་སྐུ་དང་ཐུགས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དབྱེར་མེད་སྔགས་ཀྱི་ཐེག་པ་ལ་བརྟེན་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སངས་རྒྱས་པའི་ཕྱིར་ཏེ། མཚན་བརྗོད་ལས་ཕྱག་རྡོར་གྱིས་ འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། ཞེས་པ་ནས། གླུར་བླངས་གང་ལགས་བཤད་དུ་གསོལ། ཞེས་གསུངས་པའི་ཕྱིར། གསུམ་པ་ལ། དོགས་པ་འགོད་པ་དང། ལན་བསྟན་པ་གཉིས། དང་པོ་ནི། འདིར་འདུས་པ་ ལས༑ ཞེས་སོགས་བྱུང། དོན་ནི་ཁོ་ན་རེ་འདུས་པ་ལས་དེ་བཞིན་གཤེགས་པ་མར་མེ་མཛད་ནས་ཤཱཀྱ་ཐུབ་པའི་བར་དུ་དེ་བཞིན་གཤེགས་པ་གང་གིས་ཀྱང་སྔགས་ཀྱི་ཐེག་པ་མ་གསུངས་སོ། །ཞེས་གསུངས་པ་མི་འཐད་ པར་ཐལ། དམ་བཅའ་དེའི་ཕྱིར། ཞེ་ན། གཉིས་པ་དེའི་ལན་སྟོན་པ་ལ། ཞེས་གང་ཡིན་པ་དེ་ནི། ཞེས་སོགས་བྱུང། དོན་ནི། སྐྱོན་མེད་དེ། །འདུས་པར་དེ་ལྟར་གསུངས་པ་ནི་ཡུལ་ཉི་ཚེ་བ་འཕགས་ཡུལ་དུས་ཉི་ཚེ་བ་ཆགས་ པ་ལམ་བྱེད་ལ་མོས་པའི་གདུལ་བྱ་མེད་པས་ཡུལ་དུས་དེར་མ་བསྟན་པར་གསུངས་པ་ཙམ་ཡིན་པའི་ཕྱིར། སྤྱིར་སངས་རྒྱས་དེ་དག་གིས་ཡུལ་དུས་གཞན་དུ་གདུལ་བྱ་གཞན་ལ་མ་བསྟན་པ་མ་ཡིན་ཏེ། ཐེག་པ་ཐམས་ [080A]༄༅། །ཅད་ཀྱི་གཙོ་བོར་གྱུར་པ་རྡོ་རྗེ་ཐེག་པ་ནམ་ཡང་མི་སྟོན་ན་ཐེག་དམན་པ་ཡིན་པར་འགྱུར་བའི་ཕྱིར། གསུམ་པ་དེས་གྲུབ་པའི་དོན་སྟོན་པ་ལ། དེའི་ཕྱིར་སེམས་ཅན་གྱི་བསམ་པའི་དབང་གིས་ཞེས་སོགས་བྱུང་ དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཅན། སེམས་ཅན་གྱི་བསམ་པའི་དབང་གིས་ཐེག་པ་གསུམ་ག་སྟོན་པ་པོ་ཡིན་ཏེ། དེ་མིན་པ་ལ་སྐྱོན་བརྗོད་མ་ཐག་པ་དེའི་ཕྱིར། བཞི་པ་དོན་བསྡུ་སྟོན་པར་བྱེད་པ་ལ། དེའི་ཕྱིར་ རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པའི་མཚན་ཡང་དག་པར་བརྗོད་པས་འཁྱུད་པའོ། ཞེས་པ་འདི་བྱུང། ལྔ་པ་རྒྱུད་ཀྱི་རྡོ་རྗེའི་ཚིག་གསལ་བར་བྱེད་ཅིང་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པའི་བྱེད་ལས་ཀྱི་ ཁྱད་པར་བཤད་པ་ལ་གཉིས། རྡོ་རྗེའི་ཚིག་གི་དོན་དབང་བཞི་པའི་ལམ་མ་སྦས་པར་སྟོན་པའི་ཁྱད་པར་དང། མི་འགྱུར་བའི་བདེ་ཆེན་འདྲེན་བྱེད་ཐུན་མོང་མིན་པ་སྟོན་པའི་ཁྱད་པར་རོ། དང་པོ་ལ་གསུམ། རྩ་རྒྱུད་གཞན་ དུ་དོན་དེ་ཇི་ལྟར་སྦས་ཚུལ། རྩ་རྒྱུད་འདིར་གསལ་བར་བསྟན་པ་ཤེས་བྱེད་དང་བཅས་པ། དེ་དག་གི་དོན་བསྡུ་བའོ། །དང་པོ་སྟོན་པར་བྱེད་པ་ལ། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱིས་རྡོ་རྗེའི་ཚིག་ཅེས་སོགས་བྱུང། འདུས་པ་ བདེ་མཆོག་སོགས་བླ་མེད་ཀྱི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་དབང་བཞི་པ་རྡོ་རྗེའི་ཚིག་གིས་སྦས་པ་ཡིན་ཏེ། དེ་དག་ཏུ། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་རྡོ་རྗེའི་ཚིག་གསལ་བ་མ་ཡིན་ཞིང་རྩ་བཤད་སྦྱར་ནས་ [080B] གཉིས་པ་ལ་གསུམ། གསལ་བར་བསྟན་པར་བྱ་བ་རྡོ་རྗེའི་ཚིག་གི་དོན་ངོས་གཟུང་བ། དེ་རྩ་རྒྱུད་འདིས་གསལ་བར་བསྟན་ པ་བསྒྲུབ་པ། དེའི་དོན་བསྡུ་བའོ། །དང་པོ་སྟོན་པ་ལ། བླ་མེད་ཀྱི་སྔགས་ཀྱི་ཚུལ་འདི་ལ། ཞེས་སོགས་བྱུང། དོན་ནི། གསལ་བར་བསྟན་བྱའི་རྡོ་རྗེའི་ཚིག་གི་དོན་ཆོས་ཅན། ཁྱོད་ལ་ཕྱེ་ན་གཉིས་སུ་ཡོད་དེ། གསོད་པ་སོགས་ལས་ རབ་འབྱམས་ལ་ཐབས་འདི་འབའ་ཞིག་ཙམ་གྱིས་དམ་ཚིག་སྟེ་འདོད་དོན་ལ་མི་བསླུ་བའི་གྲུབ་པ་སྟེར་བ་བསྐྱེད་རིམ་དང། རྩ་རྒྱུད་གཞན་དུ་སྦས་ནས་བསྟན་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་འབྲས་བུ་ལམ་འདི་ལ་གཙོ་བོར་ལྟོས་པ་ རྫོགས་རིམ་གཉིས་སུ་ཡོད་པའི་ཕྱིར། གཉིས་པ་སྟོན་པ་ལ། དང་པོའི་སངས་རྒྱས་འདི་ལ། ཞེས་སོགས་བྱུང། དོན་ནི། རྒྱུད་འདི་ཆོས་ཅན། ཁྱོད་ཀྱིས་བསྐྱེད་རྫོགས་སྟོན་པའི་རྡོ་རྗེའི་ཚིག་དེ་དག་ཡིག་དོན་རྫོགས་པར་བཤད་པ་ ཙམ་གྱིས་རྟོགས་ནུས་པའི་རབ་ཏུ་གསལ་བར་སྟོན་ཏེ། རང་གི་མདོར་བསྟན་རྒྱས་བཤད། སྒྲུབ་བྱེད་འཕྲོས་དོན། དོགས་གཅོད་དང་བཅས་པའི་དོན་རྣམས་ཁྱོད་རང་ལས་གསལ་བར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར། དེ་ཡང་ རྒྱུད་གཞན་དུ་སྦས་པའི་དབང་བཞི་པའི་དོན་གསལ་བར་འཆད་ཚུལ་ཇི་འདྲ་ཞིག་གིས་གསལ་བར་འཆད་པ་སྟོན་པ་ལ། འདི་ཉིད་སྒྲུབ་པ་ལ། ཞེས་སོགས་བྱུང། དོན་ནི། དབང་བཞི་པའི་ལམ་གསལ་བར་བྱེད་ཚུལ་ཇི་འདྲ་ཞིག་ [081A]༄༅། །གིས་གསལ་བར་བྱས་པ་ནི་བཞག་ཏུ་ཡོད་དེ། དབང་བཞི་པའི་ལམ་གྱི་གཙོ་བོ་མཆོག་ཏུ་མི་འགྱུར་བའི་བདེ་བ་སྒྲུབ་བྱེད་ཀྱི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་བསྒོམ་པ་དུས་ལ་སོགས་པའི་མཚན་མའི་ལམ་མ་ སྦས་པར་གསལ་བར་མཛད་པའི་ཕྱིར་ཏེ། རྩ་རྒྱུད་ལས། སྟོང་པར་རྩེ་གཅིག་མེད་བྱས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག་ཅེས་གསུངས་པའི་ཕྱིར། དེས་ན་མཚན་ཉིད་དང་ལྡན་པའི་འདིའི་ཆེད་དུ་བྱ་བའི་གདུལ་བྱའི་གཙོ་བོ་དེས་ བསྒོམས་ན་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་མྱུར་དུ་འབྱུང་བར་ཡིད་ཆེས་པའི་མཚན་མ་ཡོད་དེ། ཉི་མ་གཅིག་ནི་ཡོངས་སུ་བརྟག་ཅེས་གསུངས་པ་ལྟར་དེས་དེ་ལྟར་བསྒོམས་ན་ཉིན་གཅིག་ལ་དུ་སོགས་ཀྱི་མཚན་མ་འཆར་བ་ བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར། འདིར་དུ་བ་སོགས་ཀྱི་མཚན་མ་བོར་བ་སྟེ་དེ་མ་གཏོགས་པའི་བསྐྱེད་རིམ་པས་སྒྲུབ་ཐབས་བསྒོམས་པའི་ཐོག་མ་ཉི་མ་གཅིག་གིས་དུ་སོགས་ཀྱི་མཚན་མ་མཐོང་བ་མ་ཡིན་ལ། ཕྱག་ རྒྱ་ཆེན་མོ་འགྲུབ་པའི་མཚན་མ་ལ་ཡང་གསུམ་ཡོད་དེ། །གསུམ་པ་སྟོན་པ་ལ། དབང་བཞི་པའི་ལམ་སྟོན་པའི་རྡོ་རྗེའི་ཚིག་ལ་སོགས་པ་ཞེས་སོགས་བྱུང། དོན་ནི། རྩ་རྒྱུད་འདི་ཆོས་ཅན། ཁྱོད་ཀྱི་དོན་རྟོགས་པའི་ཕྱིར་དུ་བཤད་ རྒྱུད་གཞན་འཚོལ་མི་དགོས་ཏེ། རྩ་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱིས་རྡོ་རྗེའི་ཚིག་གི་དོན་དབང་བཞི་པའི་ལམ་མངོན་གྱུར་དུ་གསལ་བར་གསུངས་པའི་ཕྱིར། གཉིས་པ་མི་འགྱུར་བའི་བདེ་ཆེན་འདྲེན་བྱེད་ཐུན་མོང་མ་ཡིན་པ་སྟོན་ [081B] སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པ་ཞེས་སོགས་བྱུང། དོན་ནི། མི་འགྱུར་བའི་བདེ་ཆེན་འདྲེན་བྱེད་ཐུན་མོང་མ་ཡིན་པ་སྟོན་ཚུལ་ཡོད་དེ། སངས་རྒྱས་རིན་ཆེན་གྱི་སྒྲས་བསྟན་པ་མཆོག་མི་འགྱུར་གྱི་བདེ་ བ་དང། ཟ་མ་ཏོག་སྟོང་གཟུགས་ཡབ་ཡུམ་དུ་དངོས་གནས་ལ་བཞེངས་པའི་རྡོ་རྗེ་དང་པདྨ་ཡིན་པ་གང་ཞིག་དེ་ཉིད་མངོན་དུ་བྱེད་པའི་ཐབས་རྒྱུད་ཀྱི་རྒྱལ་པོས་ཁ་འབྱེད་པ་སྟེ་གསལ་བར་སྟོན་པ་དེ་དག་ནི་སངས་རྒྱས་རིན་ཆེན་ཟ་མ་ ཏོག་ཁ་འབྱེད་པ་ཡིན་པའི་ཕྱིར། དྲུག་པ་འབྲས་བུ་དངོས་གྲུབ་གཉིས་ལ་ལྟོས་པའི་ལམ་འཁོར་དང་བཅས་པ་མ་ལུས་པ་སྟོན་པས་བརྗོད་བྱ་རྫོགས་པའི་ཁྱད་པར་སྟོན་པ་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཞེས་སོགས་ བྱུང། དོན་ནི། གོ་རིམས་ཀྱི་དབང་དུ་བྱས་ན། སྣོད་རུང་དུ་བྱེད་པའི་དབང་སྣོད་དུ་བྱས་ནས་བསྒོམ་བྱའི་ལམ་རིམ་གཉིས། ལམ་དེ་གཉིས་བསྒོམས་པའི་འབྲས་བུ་དངོས་གྲུབ་གཉིས་རྣམས་སུ་བསྡུས་ནས་འཇུག་པ་ཡིན་ཀྱང། འདིར་ བཤད་པའི་རིམ་པས་ཐོག་མར་བསྒོམ་བྱ་སྟོན་ཏེ། ལམ་རིམ་པ་གཉིས་རྫོགས་པར་བརྗོད་བྱར་སྟོན་པ་ཡིན་པའི་ཕྱིར། གཞན་རྣམས་སླ་ལ། རྫོགས་རིམ་གྱི་གཙོ་བོ་བདེ་བ་ཆེན་པོ་རྣམ་པར་མི་རྟོག་པའི་མི་ཤེས་ཡིན་ཞིང་ དེའི་གཟུང་རྣམ་སྟོང་གཟུགས་ཡབ་ཡུམ་གྱི་སྐུར་དངོས་གནས་ལ་ཤར་བ་ལ། ཞལ་སྤྱན་ཁ་དོག་དབྱིབས་ཀྱི་རྟོག་པ་དང་བྲལ་བ་ཞེས་བརྗོད་པའི་རྒྱུ་མཚན་གང་ཞེ་ན། ཡོད་དེ། དེ་ལྟ་བུའི་སྟོང་གཟུགས་དེ་དངོས་གནས་ལ་མ་ [082A]༄༅། །གྲུབ་བཞིན་དུ་རྟོག་པས་སྒྲོ་བཏགས་ནས་འཛིན་པའི་སྣང་བ་དང་བྲལ་བས་དེ་ལྟར་བརྗོད་པའི་ཕྱིར། དེ་ནས་མངོན་པར་རྫོགས་པར་བྱང་ཆུབ་པ་བཞི་དང་རྡོ་རྗེ་བཞིས་ཡོངས་སུ་དག་པ་ཞེས་བཤད་བྱར་བཀོད་ ནས༑ དེ་འཆད་པར་བྱེད་པ་ལ། སྐད་ཅིག་གཅིག་གིས། ཞེས་སོགས་བྱུང། དོན་ནི། གཞི་དུས་ཀྱི་མངོན་པར་རྫོགས་པ་བྱང་ཆུབ་པ་བཞིས་ཡོངས་སུ་དག་པའི་དོན་ཡོད་དེ། མངལ་སྐྱེས་ཀྱི་སྲིད་པ་སྐྱེ་བའི་རིམ་པ་ལ་བསྐྱེད་པའི་རིམ་ པ་ཞེས་ཐ་སྙད་བྱས་པའི་གཞིའི་མངོན་པར་རྫོགས་པར་བྱང་ཆུབ་པ་བཞི་ནི་སྦྱང་གཞི་སྒྲིབ་བཅས་གང་ཞིག་དེ་ཉིད་དུ་བ་ལ་སོགས་པ་སྐུ་སྟེ་གཟུགས་རྫོགས་པའི་རིམ་པས་སྦྱངས་ཏེ་སྒྲིབ་བྲལ་དུ་གྱུར་པ་ནི་འབྲས་བུ་མངོན་པར་ རྫོགས་པར་བྱང་ཆུབ་པ་བཞི་རྡོ་རྗེ་བཞིའི་བདག་ཉིད་དུ་བྱས་ཏེ་མངོན་པར་རྫོགས་པར་བྱང་ཆུབ་པ་བཞིས་ཡོངས་སུ་དག་པར་བྱ་བ་ཡིན་པའི་ཕྱིར། མངོན་པར་རྫོགས་པར་བྱང་ཆུབ་པ་བཞི་ལ་ཕྱི་ནང་གཞན་གསུམ་སྦྱར་ཚུལ་ཡང་ ཡོད་དེ། ཕྱི་རྟོགས་སླ་ཞིང་ནང་ལ་སྦྱར་ན། མི་མངལ་སྐྱེས་ཁམས་དྲུག་ལྡན་པར་སྐྱེ་འགྱུར་གྱི་ཁུ་ཁྲག་རྣམ་ཤེས་གསུམ་མངལ་དུ་འདྲེས་མ་ཐག་པ་ནི་སྐད་ཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་དང། དེ་ནས་ཁམས་ལྔ་སྨིན་འབུར་ པོ་ལྔ་དོད་པ་ནི་རྣམ་པ་ལྔས་དང། དེ་ནས་དབང་པོ་ལྔ་ཡུལ་ལྔ་ལས་དབང་ལྔ་བྱ་བ་ལྔ་གྲུབ་ཅིང་སོར་མོ་ཉི་ཤུ་གྲུབ་པ་ནི་རྣམ་པ་ཉི་ཤུས་དང། དེ་ནས་སྐྲ་དང་བ་སྤུའི་མཐར་ཐུག་པ་གྲུབ་པ་ནི་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་ [082B] གཞན་བསྐྱེད་རིམ་དང་སྦྱར་ན། ལྷ་དཀྲོང་བསྐྱེད་སྐད་ཅིག་གིས་དང། མངོན་བྱང་ལྔས་བསྐྱེད་རྣམ་པ་ལྔས་དང་ལྷ་མོ་བཞིས་སོ་སོ་དང་སྤྱི་ཁྱབ་ཏུ་བསྐུལ་བ་རྣམ་པ་ལྔ། ཐིག་ལེ་ས་བོན་ཕྱག་མཚན་གཙོ་བོའི་སྐུ་རྫོགས་པ་ཡུམ་ གྱིས་འབྱུང་བ་ལྔ། ཡེ་ཤེས་པ་དགུག་གཞུག་བཅིངས་མཉེས། རོ་མཉམ་ལྔ། སྐུ་གསུམ་ཐུགས་ཡེ་ཤེས་ཀྱི་རྒྱས་བཏབ་དབང་བསྐུར་ཤ་ལྔ་སྟེ་རྣམ་པ་ཉི་ཤུས་དང། ལྷ་སྤྲོ་བསྡུ་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པ་དང་ གཞན་རྫོགས་རིམ་ལ་སྦྱར་ན། ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ཏིང་ངེ་འཛིན་སྐད་ཅིག་གཅིག་གིས་དང། ཐུགས་རྡོ་རྗེའི་རྗེས་དྲན་རྣམ་པ་ལྔས་དང། གསུང་རྡོ་རྗེའི་རྣལ་འབྱོར་སྲོག་འཛིན་རྣམ་པ་ཉི་ཤུས་དང། སྐུ་རྡོ་རྗེའི་རྣལ་འབྱོར་སོར་བསམ་ སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པར་འཇོག་པ་ཡིན་པའི་ཕྱིར། དེ་བཞིན་དུ་སྐུ་བཞི་དང་རིགས་དྲུག་དང་བདེན་པ་བཅུ་གཉིས་དང། དེ་ཉིད་བཅུ་དྲུག་དང། སྟོང་ཉིད་བཅུ་དྲུག་དང། སྙིང་རྗེ་བཅུ་དྲུག་དང། འཇིག་རྟེན་དང་ འཇིག་རྟེན་ལས་འདས་པའི་དབང་དང་ཡེ་ཤེས་དང་ཕྱག་རྒྱ་ཆེན་མོའི་དངོས་གྲུབ་ཀྱི་ལམ་རབ་ཏུ་གསལ་བར་བྱེད་པ་ཞེས་བཤད་བྱར་བཀོད་ནས། དེ་ཉིད་འཆད་པར་བྱེད་པ་ལ། སྐུ་བཞི་ནི་ཞེས་སོགས་བྱུང། དོན་ནི། ཤེས་བྱ་ཆོས་ ཅན༑ སྐུ་བཞིའི་སྒྲས་བཏགས་པ་ལ་དུ་མ་ཡོད་དེ། གཞི་དུས་ཀྱི་གནས་སྐབས་བཞི་བསྐྱེད་པའི་ཐིག་ལེ་བཞི་ལ་སྐུ་བཞིའི་ཐ་སྙད་བྱེད་པ་གང་ཞིག་དེ་དག་སྒྲིབ་བྲལ་དུ་བྱས་པའི་ལྡོག་པ་བཞི་འབྲས་བུའི་སྐུ་བཞིར་འཇོག་པའི་ [083A]༄༅། །ཕྱིར། དེ་བཞིན་དུ་རིགས་དྲུག་ལའང་གཞི་དང་འབྲས་བུ་གཉིས་སུ་ཡོད་དེ། སྒྲིབ་བཅས་ཀྱི་ཁམས་དྲུག་ནི་སྦྱང་གཞིའི་རིགས་དྲུག་གང་ཞིག་དེ་ཉིད་སྒྲིབ་བྲལ་གྱི་ཁམས་དྲུག་ནི་སྦྱངས་པ་འབྲས་བུའི་རིགས་ དྲུག་ཡིན་པའི་ཕྱིར། གཞི་ལ་མི་འགྱུར་བའི་བདེ་བ་ཡེ་ཤེས་ཀྱི་ཁམས་ཞེས་གསུངས་པ་དང་མི་འགྱུར་བའི་ཡེ་ཤེས་ཀྱི་ཁམས་ཞེས་གསུངས་པ་ན། གཞི་ལ་མི་འགྱུར་བའི་བདེ་བ་དངོས་མིན་ཀྱང། ཐབས་ཀྱིས་ཟིན་ན་དེར་ འགྱུར་དུ་རུང་བས་སྒྲས་བཏགས་ལ་འབྲས་དུས་སུ་ནི་དངོས་ཡིན་ནོ། །དེ་བཞིན་དུ་བདེན་པ་བཅུ་གཉིས་ལའང་གཉིས་སུ་ཡོད་དེ། གཞི་དུས་ཀྱི་མ་རིག་པ་ལ་སོགས་པའི་ཡན་ལག་བཅུ་གཉིས་དང། རླུང་འཕོ་བ་བཅུ་གཉིས་ཏེ་ དེ་དག་ནི་སྒྲིབ་བཅས་ཀྱི་ཡན་ལག་བཅུ་གཉིས་གང་ཞིག་མ་རིག་པ་སོགས་ཡན་ལག་བཅུ་གཉིས་དང། འཕོ་བ་བཅུ་གཉིས་འགགས་པ་སྟེ་དེ་དག་སྒྲིབ་བྲལ་འབྲས་དུས་ཀྱི་བདེན་དོན་བཅུ་གཉིས་ཡིན་པའི་ཕྱིར། འདིའི་དོན་ལ་ཁ་ ཅིག་དོན་དམ་བདེན་པ་བདེ་གཤེགས་སྙིང་པོའི་བདེན་པ་བཅུ་གཉིས་ནི་མི་འགྱུར་བའི་བདེ་བའི་མ་རིག་པ་ནས་དེའི་རྒ་ཤིའི་བར་ཁས་ལེན་ཅིང། མངལ་སྐྱེས་རྣམས་ཀྱི་མ་རིག་པ་སོགས་སྒྲིབ་བཅས་དང། སངས་རྒྱས་རྣམས་ ཀྱི་མ་རིག་པ་སོགས་སྒྲིབ་བྲལ་དུ་འདོད་པ་དང། བདེ་གཤེགས་སྙིང་པོ་རྟག་བརྟན་བདེན་སྒྲུབ་ཏུ་འདོད་པ་ནི་ཆེས་མི་འཐད་དེ། འདི་ལྟར། བདེ་གཤེགས་སྙིང་པོ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར་ [083B] འཁོར་གསུམ། སངས་རྒྱས་ཀྱི་སའི་མ་རིག་པ་དང་སྒྲིབ་བྲལ་གྱི་མ་རིག་པ་སོགས་ཁས་ལེན་པ་ནི་མཁས་པའི་བཞད་གད་ཀྱི་གནས་སུ་གྱུར་པ་སྟེ། འགོག་སླ་བའི་ཕྱིར་མ་སྤྲོས་སོ། ། དེ་བཞིན་དུ་དེ་ཁོ་ན་ཉིད་བཅུ་དྲུག་ཅེས་པ་ཡང་དགའ་བ་བཞི་རེ་རེ་ལ་བཞི་བཞིར་དབྱེ་བས་བཅུ་དྲུག་ཡིན་ཞིང། དེ་ལའང་གཉིས་སུ་ཡོད་དེ། གཞི་དུས་ཀྱི་ལུས་ངག་ཡིད་ཡེ་ཤེས་ཀྱི་ཐིག་ལེ་བཞི་ལ་སྐུ་བཞིར་ཐ་སྙད་བྱས་ནས་དགའ་ བ་བཞི་པོ་རེ་རེ་ལའང་ཁམས་འཛག་པའི་གནས་ཀྱི་དབྱེ་བས་སྐུའི་དགའ་བསྐུའི་མཆོག་དགའ་སོགས་ལ་སྤྲུལ་པའི་སྐུ་དང་སྤྲུལ་པའི་གསུང་ལ་སོགས་པ་བཞིར་ཐ་སྙད་བྱས་པ་སོགས་ལྷ་མ་རྣམས་ཀྱང་རེ་རེ་ནས་སྦྱར་བའི་ མངལ་སྐྱེས་རྣམས་ཀྱི་དེ་ཁོ་ན་ཉིད་བཅུ་དྲུག་ནི། བཅུ་དྲུག་ཕྱེད་ཕྱེད་ཅེས་དགའ་བ་བཞི་པོ་རེ་རེ་ལའང་བཞི་བཞིར་ཕྱེ་བའི་རང་རང་གི་བཞི་པ་སོ་སོའི་སྐབས་སུ་ཐིག་ལེ་འདོར་བའམ་འཇིག་པའི་ཕྱིར་དེ་ནི་སྒྲིབ་བཅས་གང་ཞིག་སངས་ རྒྱས་རྣམས་ཀྱི་དེ་ཉིད་བཅུ་དྲུག་ནི་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན་པས་དགའ་བ་བཅུ་དྲུག་གི་འཛག་པའི་དྲི་མ་སྤངས་པས་ན་སྒྲིབ་བྲལ་གྱི་དགའ་བ་ཡིན་པའི་ཕྱིར། སྟོང་ཉིད་སྙིང་རྗེ་བཅུ་དྲུག་ཚན་པ་གཉིས་བཤད་པ་ཡང་ཐབས་ཤེས་ སུ་འཇོག་པ་ཡིན་ཏེ། སྟོང་ཉིད་བཅུ་དྲུག་ཅེས་པ་ནི། ཕྱི་རོལ་ཏུ་ནག་ཕྱོགས་དང། མར་ངོ་དང། ཉི་མ་དང། ནང་དུ་རྡུལ་རྣམས་ཡར་ངོ་སོགས་ལ་ལྟོས་པའི་ཤེས་རབ་ཀྱི་ཕྱོགས་སུ་ཐ་སྙད་བྱས་པ་དང་ཆོས་མཐུན་པར་སྙིང་རྗེ་བཅུ་ [084A]༄༅། །དྲུག་ལ་ལྟོས་པའི་ཤེས་རབ་དང། དེ་བཞིན་དུ་སྙིང་རྗེ་བཅུ་དྲུག་ཅེས་པའང་ཕྱི་རོལ་དུ་དཀར་ཕྱོགས་དང། ཡར་ངོ་དང། ཟླ་བ་དང། ནང་དུ་ཁུ་བ་རྣམས་མར་ངོ་སོགས་ལ་ལྟོས་པའི་ཐབས་ཀྱི་ཕྱོགས་སུ་ཐ་སྙད་བྱེད་ པ་ལྟར་སྟོང་ཉིད་བཅུ་དྲུག་ལ་ལྟོས་པའི་ཐབས་སུ་འཇོག་པ་ཡིན་པའི་ཕྱིར། དེ་གཉིས་སོ་སོ་ལ་བཅུ་དྲུག་བཅུ་དྲུག་ཏུ་འབྱེད་ཚུལ་ཡང་ཡོད་དེ། སྟོང་ཉིད་ལ། སྟོང་ཉིད་དང། ཆེན་པོ་སྟོང་པ་ཉིད་དང། དོན་དམ་པ་སྟོང་པ་ཉིད་གསུམ་ དུ་བྱས་པའི་དང་པོ་ནི། དགག་གཞི་ཕུང་པོ་ལྔ་ལ་དགག་བྱ་རང་བཞིན་གྱིས་གྲུབ་པ་བཀག་པའི་སྟོང་ཉིད་ཡིན་ལ། དེ་ལ་དགག་གཞིའི་སྒོ་ནས་ལྡོག་པས་ལྔར་ཕྱེ་བ་ལ་ནག་པོའི་ཚེས་གཅིག་ནས་ལྔའི་ཐ་སྙད་དང། གཉིས་པ་དང་ གསུམ་པ་ལའང་རིམ་བཞིན་དགག་གཞི་ཁམས་ལྔ་དང། དབང་པོ་ལྔ་ལ་དགག་བྱ་སྔར་བཞིན་བཅད་པའི་སྟོང་ཉིད་ལྔ་ཚན་གཉིས་ནི་ནག་པོའི་བཅོ་ལྔའི་བར་དུ་ཐ་སྙད་བྱེད་ཅིང། ཕྱི་རོལ་དུ་གནམ་སྟོང་གི་མཐའ་དང་ཕྱི་མའི་ དཀར་པོའི་ཚེས་ཀྱི་དང་པོ་མ་ཞུགས་པའི་དབུས་ལ་ནག་པོའི་བཅུ་དྲུག་པར་ཐ་སྙད་བྱེད་པ་བཞིན་དུ་རྣམ་པ་ཐམས་ཅད་པའི་གཟུགས་ཀྱི་སྟོང་པ་ཉིད་ལ་ནག་པོའི་བཅུ་དྲུག་པར་བྱེད་ལ། འདི་ཉིད་རྣམ་བཅས་སྟོང་ཉིད་དང། སྔ་མ་ རྣམ་མེད་དོན་དམ་བདེན་པ་དངོས་ཡིན་ཞིང། དེ་བཞིན་དུ་སྙིང་རྗེ་ལའང་སེམས་ཅན་ཚོས་དམིགས་མེད་གསུམ་དུ་བྱས་པ་ལྔ་ཚན་གསུམ་དུ་ཕྱེ་བ་ནི་ཕྱི་རོལ་གྱི་དཀར་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ལྔ་ཚན་གསུམ་གྱི་ཐ་ [084B] ཉི་མ་ཉི་མཐའ་ཞེས་གསུངས་པས་ཕྱི་རོལ་དུ་དཀར་ཆ་བཅོ་ལྔ་རྫོགས་ནས་ནག་ཆ་མ་ཞུགས་པའི་དབུས་ལ་དཀར་ཆ་བཅུ་དྲུག་པར་འདོགས་པས་མཚོན་ནས་སྙིང་རྗེ་བཅུ་དྲུག་པ་བསྟན་པས་དེ་གཉིས་ཐབས་ཤེས་ སུ་འཇོག་པའི་ཕྱིར། འདིར་བསྟན་གྱི་སྙིང་རྗེ་ནི་ཐུན་མོང་མ་ཡིན་པའི་སྙིང་རྗེ་ཡིན་ཞིང་འབྲས་དུས་ཀྱི་བདེ་ཆེན་ལ་ཕྱིའི་དཀར་ནག་གི་འཕེལ་འགྲིབ་དང་ཆོས་མཐུན་སྦྱར་དུ་མེད་ཀྱང་ལམ་དང་སྦྱར་བ་ཡིན་ནོ། །ཁ་ཅིག་ལས་རྒྱ་ལ་བརྟེན་ནས་ སྐྱེས་པའི་བདེ་བ་དེ་སེམས་ཅན་ལ་དམིགས་པ་དང། ཡེ་རྒྱ་ལ་བརྟེན་པའི་དེ་གཉིས་པ་དང། ཕྱག་ཆེན་ལ་བརྟེན་པའི་དེ་གསུམ་པར་བྱེད་པ་མི་འཐད་དེ། ཕྱག་ཆེན་ལས་སྐྱེས་པའི་བདེ་ཆེན་ཉིད་ལ་སྙིང་རྗེའི་སྒྲས་བཏགས་ནས་གསུམ་ དུ་ཕྱེ་བ་ཡིན་པའི་ཕྱིར། གཞན་ཡང། སྙིང་རྗེ་གསུམ་ལ་དེ་ལྟར་ཁས་བླངས་ནས་སྟོང་ཉིད་དང་པོ་བཅོ་ལྔ་རིམ་པ་བཞིན་ཕུང་སོགས་ལྔ་དང་ཁམས་ལྔ་དང་དབང་པོ་ལྔ་སྒྲིབ་བྲལ་དུ་གྱུར་པ་ལ་འཇོག་པ་ནི་འགལ་ཏེ། འོ་ན། སྟོང་ཉིད་བཅུ་ དྲུག་འབྲས་དུས་ཁོ་ན་ལ་འཇོག་རིགས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སྙིང་རྗེ་བཅུ་དྲུག་ཀྱང་འབྲས་དུས་ཁོ་ན་ལ་འཇོག་རིགས་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། འདི་དག་གཅིག་པ་ཉིད་ནི། ཞེས་གསུངས་པའི་ ཕྱིར༑ འདོད་ན། སངས་རྒྱས་ཀྱི་སར་ལས་དང་ཡེ་ཤེས་དང་ཕྱག་ཆེན་ལ་བརྟེན་པའི་བདེ་བ་གསུམ་གྱི་དབྱེ་བ་ཡོད་པར་ཐལ་ལོ། དེས་ན། སྙིང་རྗེ་བཅུ་དྲུག་འབྲས་དུས་ཀྱི་དགའ་བ་བཅུ་དྲུག་ལ་བཤད་དུ་མི་རུང་སྟེ། ལམ་དུས་ཁོ་ནར་ [085A]༄༅། །འཇོག་དགོས་པའི་ཕྱིར། སྟོང་ཉིད་བཅུ་དྲུག་ཀྱང་འབྲས་དུས་ཁོ་ན་ལ་བཞག་མི་རིགས་ཏེ། དེ་སྙིང་རྗེ་བཅུ་དྲུག་དང་ཡུལ་ཡུལ་ཅན་དབྱེར་མེད་དུ་སྦྱོར་བ་ཡིན་པའི་ཕྱིར། དེས་ན་འདི་གཉིས་ལམ་དུས་ཁོ་ན་ལ་ འཇོག་དགོས་ཏེ། གོང་དུ་འབྲས་དུས་ཀྱི་བདེན་དོན་བཅུ་གཉིས་དང་དེ་ཉིད་བཅུ་དྲུག་བཤད་པ་ལ། འོ་ན་དེ་ཐོབ་བྱེད་ཀྱི་ལམ་ཇི་ལྟ་བུ་ཞེ་ན། སྟོང་ཉིད་བཅུ་དྲུག་དང་སྙིང་རྗེ་བཅུ་དྲུག་དབྱེར་མེད་དུ་སྦྱར་བ་ཡིན་ཞེས་ཤེས་པར་བྱ་བའི་ ཆེད་ཡིན་པའི་ཕྱིར། དེ་ཡང་དང་པོ་བཅོ་ལྔ་པ་གཉིས་པོ་ཡུལ་ཡུལ་ཅན་དང། སྙིང་རྗེ་བཅུ་དྲུག་པ་མི་འགྱུར་བའི་བདེ་བ་ཆེན་པོ་དང་སྟོང་ཉིད་བཅུ་དྲུག་པ་སྟོང་གཟུགས་ཕྱག་ཆེན་གཉིས་སྐུ་ཐུགས་དབྱེར་མེད་དུ་སྦྱོར་བ་ཡིན་ནོ། །དེ་ནས་ སྣོད་རུང་དུ་བྱེད་པའི་དབང་གི་རྣམ་གཞག་སྟོན་པར་བྱེད་པ་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི། ཞེས་སོགས་བྱུང། འདིར་བསྟན་གྱི་དབང་ལ་བཅུ་གཅིག་ཏུ་ཡོད་དེ། ཀུན་རྫོབ་འཇིག་རྟེན་པའི་དབང་ལ་ཆུ་དང་ཅོད་པན་ དང་དར་དབྱངས་དང་རྡོ་རྗེ་དང་དྲིལ་བུ་དང་བརྟུལ་ཞུགས་ཆེན་པོ་དང། མིང་དང་རྗེས་གནང་དང་བུམ་པ་དང་གསང་བ་སྟེ་བཅུ་དང། དོན་དམ་འཇིག་རྟེན་ལས་འདས་པ་ཤེས་རབ་ཡེ་ཤེས་ཆེན་པོ་རྣམས་སུ་ཡོད་པའི་ཕྱིར། དབང་དེ་ རྣམས་ཀྱིས་སྦྱང་བྱ་གང་སྦྱོང་བ་ཡང་བཞག་ཏུ་ཡོད་དེ། རིམ་པ་བཞིན་ཁམས་ལྔ། ཕུང་པོ་ལྔ། རླུང་བཅུ། རྩ་རོ་རྐྱང་གཉིས། སྐྱེ་མཆེད་དྲུག་ལས་དབང་ལྔ། དེའི་བྱ་བ་ལྔ། ལུས་ངག་ཡིད་ཡེ་ཤེས་དང་བཅས་པའི་དྲི་མ་སྦྱོང་བར་བྱེད་པ་ [085B] དེ་ལྟར་སྣོད་རུང་གི་དབང་ཐོབ་ནས་རིམ་གཉིས་བསྒོམ་པའི་འབྲས་བུ་དངོས་གྲུབ་གཉིས་པོ་འདི་ཕྱག་རྒྱ་གསུམ་ལ་བརྟེན་པའི་དངོས་གྲུབ་གསུམ་འཆད་པ་ལ་ལས་ཀྱི་ཕྱག་རྒྱ་ནི་ཞེས་སོགས་གསུངས། དེ་ལ་བརྟེན་ནས་ འགྲུབ་པའི་དངོས་གྲུབ་གསུམ་སྟོན་པ་ལ། འདོད་པ་ན་སྤྱོད་པའི་ཞེས་སོགས་བྱུང། གཞན་རྣམས་གོ་སླ་ལ། ཁ་ཅིག་འཛག་པའི་བདེ་བ་ཉིད་འདོད་པའི་དངོས་གྲུབ་ཏུ་འདོད་པ་ནི་མི་འཐད་དེ། འཛག་བདེ་སྐབས་འདིར་བསྟན་གྱི་ དངོས་གྲུབ་གསུམ་དུ་ཕྱེ་བའི་དང་པོ་ཡིན་ན་དེའི་རྒྱུར་ལམ་བསྒོམ་པ་དང་དབང་བསྐུར་སྔོན་དུ་འགྲོ་དགོས་པར་བཤད་པ་ནི་འཐད་པར་འགྱུར་བའི་ཕྱིར། མ་གྲུབ་ན། སེམས་ཅན་ཐམས་ཅད་ཀྱིས་འདིའི་དབང་བསྐུར་བ་དང་ལམ་བསྒོམ་ པ་སྔོན་དུ་སོང་བར་ཐལ་ལོ། །དེས་ན་རང་ལུགས་ནི། བསྐྱེད་རིམ་པའི་ཕྱག་རྒྱ་ལ་བརྟེན་ནས་བསྒྲུབ་པར་བྱ་བའི་ཐུན་མོང་གི་དངོས་གྲུབ་གཉིས་ལས། བསྐྱེད་རིམ་ལེགས་པར་མཐར་མ་ཕྱིན་ཀྱང་བསྐྱེད་རིམ་རགས་པ་ཙམ་བརྟན་པོར་ གྱུར་ཏེ་ལས་རྒྱ་ལ་བརྟེན་ནས་དངོས་གྲུབ་དུ་མ་འགྲུབ་པ་དེ་འདྲའི་དངོས་གྲུབ་དེ་ལ་འདོད་པའི་སས་བསྡུས་པའི་དངོས་གྲུབ་ཅེས་བྱ་སྟེ། སྒྲུབ་པ་པོ་དེས་ཞི་གནས་མཚན་ཉིད་པ་མ་ཐོབ་པས་དངོས་གྲུབ་དེའི་རྒྱུར་གྱུར་པའི་ཏིང་ངེ་འཛིན་དེ་ འདོད་པའི་སས་བསྡུས་ཀྱི་ཏིང་ངེ་འཛིན་ཡིན་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། བསྐྱེད་རིམ་རྫོགས་པ་མཐར་ཕྱིན་ཞི་གནས་མཚན་ཉིད་པ་གྲུབ་པའི་ལྷའི་རྣལ་འབྱོར་གྱིས་ཡེ་རྒྱ་ལ་བརྟེན་ནས་བསྒྲུབས་པའི་དངོས་གྲུབ་དེ་གཟུགས་ [086A]༄༅། །ཀྱི་སྲིད་པའི་དངོས་པོའི་སས་བསྡུས་ཀྱི་དངོས་གྲུབ་ཡིན་ཏེ། དེའི་རྒྱུར་གྱུར་པའི་ཏིང་ངེ་འཛིན་དུ་གཟུགས་ཀྱི་སས་བསྡུས་ཀྱི་ཏིང་ངེ་འཛིན་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། སྔར་བཤད་བྱ་ཕྱོགས་གཅིག་ཏུ་བཀོད་པ་ དེ་དག་གི་དོན་བསྡུ་དེ་སྟོན་པ་ལ་སྐུ་བཞི་དང་ཞེས་སོགས་བྱུང། དྲུག་པ་ཆེད་དུ་བྱ་བ་གང་གི་དོན་དུ་བསྟན་པ་རྒྱས་པར་འཆད་པ་ལ། དེ་ལྟར་བརྗོད་པའི་རིམ་པས་ཞེས་སོགས་བྱུང། གཉིས་པ་དེ་ལས་བསྡུས་རྒྱུད་སོགས་ལུང་ བསྟན་པ་རྒྱས་པར་བཤད་པ་ལ་གཉིས། བཤད་བྱ་དགོང་དེ་རྒྱས་པར་བཤད་པ་དང། དོན་བསྡུ་བའོ། །དང་པོ་སྟོན་པར་བྱེད་པ་ལ། མཆོག་གི་དང་པོའི་སངས་རྒྱས་འདི། ཞེས་པ་ནས། ཡོངས་སུ་རྫོགས་པའོ། ཞེས་པའི་བར་ བྱུང། འདིའི་དོན་གཞན་རྣམས་གོ་སླ་ལ། ཁ་ཅིག་འདིར་དྲང་སྲོང་རྣམས་ལ་དབང་བསྐུར་བ་ལ་ཤེས་རབ་ཡེ་ཤེས་ཞེས་སྨོས་ནས་བཞི་པ་མ་སྨོས་པ་ལ་རྒྱུ་མཚན་ཡོད་དེ། བྲམ་ཟེའི་རིགས་སུ་འཛིན་པའི་ང་རྒྱལ་ གཞོམ་པ་ལ་གསུམ་པ་ཡན་ཆད་ཀྱིས་ཆོག་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་ཞེས་ཟེར། ཁོ་ན་ཉི་མའི་ཤིང་རྟ་སོགས་དྲང་སྲོང་རྣམས་ལ་དབང་བསྐུར་བ་དེ་མཆོག་གི་དངོས་གྲུབ་ཐོབ་པའི་ཕྱིར་བསྐུར་བ་མ་ཡིན་པར་ཐལ་ དེ་ལྟར་དབང་བསྐུར་བ་དེ་དེ་རྣམས་ཀྱི་རིགས་ཀྱི་ང་རྒྱལ་གཞོམ་པ་ཙམ་གྱི་ཆེད་ཡིན་པའི་ཕྱིར། རང་ལུགས་འདིར་བཞི་པ་མ་སྨོས་པར་ཤེས་རབ་ཡེ་ཤེས་ཞེས་སྨོས་པ་ལ་དགོས་པ་ཡོད་དེ། ཤེས་རབ་ཡེ་ཤེས་ལ་ཤེས་རབ་ [086B] ཕྱི་མ་དེ་དོན་གྱི་དབང་བཞི་པར་དགོངས་པའི་ཕྱིར་ཏེ། མཆོག་ཏུ་མི་འགྱུར་བཞི་པ་དེ་ཉིད་ནི། །སངས་རྒྱས་རྣམས་ཀྱི་ཤེས་རབ་ཡེ་ཤེས་ ཏེ༑ ཞེས་གསུངས་པའི་ཕྱིར། གཉིས་པ་སྟོན་པ་ལ། དེའི་ཕྱིར་ཞེས་སོགས་བྱུང། བཞི་པ་མདོར་བསྡུས་ཀྱི་མཚན་བསྟན་པ་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་སོགས་སོ། །སྨྲས་པ། ཤམྦྷ་ལ་ཡི་དགའ་ཚལ་ལས། ། འོངས་པའི་སེམས་འགྲེལ་ཀོ་ཀ་ལི། །དེང་སང་ཆོས་ཀྱི་རྒྱལ་མཚན་གྱི། །ཡིད་མཚོར་ལེགས་བཤད་གླུ་དབྱངས་ལེན། བཅོམ་ལྡན་འདས་དཔལ་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྩ་བའི་རྒྱུད་ལས་ཕྱུང་བ་བསྡུས་པའི་རྒྱུད་ ཀྱི་རྒྱས་འགྲེལ་དྲིམ་མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་སྙིང་པོ་བསྡུས་པ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་མདོར་བསྡུས་གཉིས་པའི་རྣམ་པར་བཤད་པའོ།། ༈ །། རྒྱུད་རྒྱལ་སྟོན་མཛད་ཡིད་འོང་ཞབས་ཟུང་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སོང་གིས། །ཕྱི་ནང་བདུད་ཚོགས་སྲིད་ཞིའི་དགྲ་སྡེ་ལས། །བདག་ཅག་རྒྱལ་བའི་དགྲ་ཐབས་ཁྱོད་ཀྱིས་མཛོད། །ད་ནི་སྟོན་པ་དང་གསོལ་བ་ འདེབས་པ་པོའི་འགྲེལ་པ་ལ་བརྒལ་ལན་སོགས་ཀྱི་སྒོ་ནས་གཙོ་བོར་མདོར་བསྡུས་གཉིས་པའི་དོགས་གཅོད་ཀྱི་ཡན་ལག་བསྟན་པའི་མདོར་བསྡུས་ལ་གསུམ། བཤད་པར་དམ་བཅའ་བ། མདོར་བསྡུས་དངོས་བཤད་ [087A]༄༅། །པ༑ མདོར་བསྡུས་ཀྱི་མཚན་བསྟན་པའོ། །དང་པོ་ནི། ད་ནི་འགྲེལ་པ་འདིར་རྩ་རྒྱུད་སྟོན་པ་པོ་དང་གསོལ་བ་འདེབས་པ་པོའི་འབྲེལ་པ་ལའང་དོགས་པ་སྤངས་པའི་སྒོ་ནས་ཇི་ལྟར་འབྲལ་ བའི་ཚུལ་ལ་སོགས་པ་བརྗོད་པར་བྱའོ། །གཉིས་པ་ལ་གཉིས། རྩ་རྒྱུད་སྟོན་པ་པོ་དང་ཞུ་བ་པོའི་འབྲེལ་པ་ལ་དོགས་པ་སྤངས་ནས་ཇི་ལྟར་འབྲེལ་པ་བཤད་པ་དང། རྩ་རྒྱུད་དང་བསྡུས་རྒྱུད་ཀྱི་འབྲེལ་པ་ལ་སོགས་པ་བཤད་ པའོ༑ ༑དང་པོ་ལ་གཉིས། དོགས་པ་དགོད་པ་དང། དེའི་ལན་བསྟན་པའོ། །དང་པོ་སྟོན་པར་བྱེད་པ་ལ། གལ་ཏེ་ན་ཞེས་སོགས་བྱུང། དོན་ནི། ཁ་ཅིག་སྔ་མ་འདུས་པའི་རྩ་རྒྱུད་དང། ཕྱི་མ་དུས་འཁོར་རྩ་རྒྱུད་གཉིས་འྒ་ བར་རྩོད་པ་ཡིན་ཟེར་བ་མི་འཐད་དེ། དེ་གཉིས་སྔ་ཕྱི་དེ་ལྟར་གསུངས་པ་ལ་ཤེས་བྱེད་མེད་པའི་ཕྱིར། ཡང་ཁ་ཅིག་རྩ་རྒྱུད་སྟོན་པ་པོའི་ཤཱཀྱ་ཐུབ་པ་ཕྱི་མ་དང། དེ་སྤྲུལ་པ་པོའི་ཤཱཀྱ་ཐུབ་པ་སྔ་མ་ཡིན་པས་དེ་གཉིས་འགལ་ ཡིན་པ་གང་ཞིག་ཕ་རོལ་པོས་དེ་གཉིས་རྒྱུད་གཅིག་པ་ཡིན་པ་མགོ་བར་རྩོད་པ་ཡིན་པའི་ཕྱིར། ཇི་ལྟར་རྩོད་པའི་ཚུལ་སྟོན་པར་བྱེད་པ་ལ། རྡོ་རྗེ་ཐེག་པ་འདི་ལ་ཞེས་སོགས་བྱུང། འདིའི་དོན་ནི། ཟླ་བཟང་ཆོས་ཅན། རྒྱུད་ཞུ་ [087B] མངལ་སྐྱེས་ཡིན་པའི་ཕྱིར་དང། ཁྱོད་རྒྱུད་སྡུད་པ་པོར་མི་རིགས་པར་ཐལ། ཁྱོད་རྒྱུད་སྡུད་པ་པོར་རྒྱུད་གཞན་གང་དུ་ཡང་མ་བཤད་པའི་ཕྱིར། གཞན་ཡང་དེ་ཞུ་བ་པོ་དང། སྡུད་པ་པོར་མི་འཐད་པར་ ཐལ༑ རྒྱུད་ཐམས་ཅད་སྡུད་པ་པོར་གསུངས་པའི་ཕྱག་རྡོར་ཞུ་བ་པོར་རིགས་པའི་ཕྱིར། དེས་ན་ཤཱཀ་ཐུབ་དང་ཟླ་བཟང་གཉིས་སྟོན་པ་པོ་དང་གསོལ་བ་འདེབས་པ་པོར་འགལ་ཏེ། རྒྱུ་མཚན་བཤད་མ་ཐག་པ་དེའི་ཕྱིར། གཉིས་ པ་ལ་གཉིས། ཤཱཀྱ་ཐུབ་པའང་རྒྱུད་སྟོན་པ་པོར་མི་འཐད་པར་ཐལ་བ་དང། དེ་གཉིས་མི་མཚུངས་པའི་རྒྱུ་མཚན་གྱི་ལན་དགག་པའོ། །དང་པོ་ལ་མདོར་བསྟན་རྒྱས་བཤད་གཉིས་ཀྱི་སྒོ་ནས་སྟོན་པ་ལ། དེའི་ཕྱིར་ཞེས་སོགས་ བྱུང༑ དོན་ནི། སྟོན་པ་ཤཱཀ་ཐུབ་ཆོས་ཅན། རྒྱུད་སྟོན་པ་པོར་མི་རིགས་པར་ཐལ། ལྷ་མོ་སྒྱུ་འཕྲུལ་གྱི་མངལ་ནས་བལྟམས་པའི་མངལ་སྐྱེས་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། དེ་གཉིས་མི་མཚུངས་པའི་ལན་དགོས་ པ་དང། དེ་དགག་པའོ། །དང་པོ་སྟོན་པར་བྱེད་པ་ལ། ཡང་འགའ་ཞིག་གིས་སྨྲས་པ། ཞེས་སོགས་བྱུང། དོན་ནི། མངོན་པ་མཛོད་དང་རྒྱ་ཆེར་རོལ་པ་ནས་བཤད་པའི་སངས་རྒྱས་པའི་ཚུལ་སྒྲ་ཇི་བཞིན་པར་འདོད་པ་འགའ་ ཞིག་ན་རེ། དེ་གཉིས་མི་མཚུངས་ཏེ། ཤཱཀ་ཐུབ་མངལ་ནས་བྱུང་རྗེ་སུ་སངས་རྒྱས་པ་ཡིན་པའི་ཕྱིར་ཏེ། རྡོ་རྗེ་གདན་དུ་སྲོང་ལ་བདུད་བཅོམ་ཐོ་རངས་སངས་རྒྱས་ཏེ་ཆོས་འཁོར་བསྐྲོ་ནས་མཐར་མྱ་ངན་ལས་འདས་རྗེས་སུ་ [088A]༄༅། །མར་མེ་ཤི་བ་ལྟར་རིག་པ་རྒྱུན་ཆད་ཅིང་ལྷག་མེད་མྱང་འདས་ཐོབ་ནས་མངལ་དུ་འཇུག་པ་མེད་པ་གང་ཞིག་ཟླ་བཟང་གིས་རྒྱུད་བསྡུས་པའི་སྡོམ་དུ་བདུད་བཞི་བཅོམ་པ་མེད་པའི་ཕྱིར། ཞེས་པ་ཡིན་ལ་ གཉིས་པ་ལ་དྲུག་སྲོད་ལ་བདུད་བཅོམ་པའི་ཚུལ་བསྟན་པ་དེ་ཁོ་ན་བདུད་བཅོམ་པའི་དོན་ཡིན་པ་དགག་པ། བཅོམ་ལྡན་འདས་ཀྱིས་འཕགས་ཡུལ་དུ་ཕྱི་རོལ་གྱི་བདུད་བཅོམ་པའི་ཚུལ་བསྟན་པའི་སྔོན་དུ་སངས་རྒྱས་ ཟིན་པར་བསྟན་པ། བདུད་དེ་བཅོམ་པའི་དོན་དངོས་པོ་ལ་གནས་པ་བཤད་པ། ཕྱི་རོལ་གྱི་བདུད་འཇོམས་པའི་ཚུལ་དེ་ལྟ་བུའི་གདུལ་བྱའི་སྣང་ངོར་བསྟན་པ། སངས་རྒྱས་བྱང་སེམས་རྣམས་གདུལ་བྱའི་དོན་དུ་ཡང་ཡང་ འཁོར་བར་འཇུག་པའི་ཚུལ་བསམ་གྱིས་མི་ཁྱབ་པར་བསྟན་པ། དེས་ན་ཤཱཀྱ་ཐུབ་པ་དང་ཟླ་བཟང་སྟོན་པ་པོ་དང་ཞུ་བ་པོར་འབྲེལ་བར་བསྟན་པས་མཇུག་བསྡུ་བའོ། །དང་པོ་སྟོན་པ་ལ། ཚིག་ལས་ནི་ཤིན་ཏུ་འགལ་བ་སྟེ་ ཞེས་སོགས་བྱུང། ཤེས་བྱ་ཆོས་ཅན། ཕྱོགས་སྔ་སྨྲ་བ་པོའི་ཚིག་དེ་ལས་ནི་བདུད་བཅོམ་པ་དང་དེའི་རྗེས་སུ་སངས་རྒྱས་པ་གཉིས་ཤིན་ཏུ་འགལ་བས་དེ་ཉིད་དེ་གཉིས་མི་མཚུངས་པའི་སྒྲུབ་བྱེད་དུ་མི་འཐད་དེ། རྟགས་རང་ ཉིད་ལ་མ་གྲུབ་པ་ཡིན་པས་བསྒྲུབ་བྱ་གཞན་གྱི་སྒྲུབ་བྱེད་ཡང་དག་མ་ཡིན་པའི་ཕྱིར། འགལ་བའི་རྒྱུ་མཚན་སྟོན་པ་ལ། འདིར་དང་པོར་ཞེས་སོགས་བྱུང། དེ་གཉིས་འགལ་བར་ཐལ། སངས་རྒྱས་མིན་ཀྱང་བདུད་མ་ [088B] ཁོ་ན་རེ། འོན་ན་སངས་རྒྱས་པའི་ཕྱིས་བདུད་བཅོམ་པར་སྨྲའོ། །ཞེ་ན། དེའི་ལན་སྟོན་པ་ལ། དང་པོར་ཞེས་སོགས་བྱུང། དེ་ཡང་མི་འཐད་པར་ཐལ་སངས་ རྒྱས་ཡིན་ན་རང་དུས་ན་སྒྲིབ་པ་སྤངས་པས་ཁྱབ་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྐྱོན་མེད་དེ། སངས་རྒྱས་པ་དང་བདུད་འཇོམས་པོའི་བྱ་བ་བྱེད་པ་དུས་མཉམ་པའི་ཕྱིར། ཞེ་ན། སངས་རྒྱས་པ་དང་གཅིག་ཅར་ཡང་བདུད་འཇོམས་ པའི་བྱ་བ་མི་བྱེད་དེ། གང་གི་ཚེ་བཅོམ་བྱའི་བདུད་ཡོད་པ་དེའི་ཚེ་སངས་རྒྱས་མ་ཡིན་པའི་ཕྱིར་ཏེ། རང་གི་བཅོམ་བྱའི་བདུད་ཡོད་ན་སེམས་སྒྲིབ་པ་དང་བཅས་པ་ཡིན་དགོས་པའི་ཕྱིར། གང་གི་ཚེ་སངས་རྒྱས་ཉིད་ཡིན་པ་དེའི་ཚེ་ ད་དུང་བདུད་བཅོམ་དགོས་པའི་བདུད་མེད་དེ། སངས་རྒྱས་ཡིན་ན་སེམས་སྒྲིབ་པ་དང་བྲལ་བས་ཁྱབ་པའི་ཕྱིར། གཉིས་པ་སྟོན་པར་བྱེད་པ་ལ། ལས་ཀྱིས་འདིར་ཞེས་སོགས་བྱུང། དོན་ནི་ཤེས་བྱ་ཆོས་ཅན། བཅོམ་ལྡན་ འདས་སྒྱུ་འཕྲུལ་གྱི་མངལ་ནས་འབྱུང་བའི་སྔོན་དུ་སངས་རྒྱས་པ་ཡིན་གྱི་གསར་དུ་སངས་རྒྱས་པ་མ་ཡིན་ཏེ། སངས་འཕགས་མིན་པ་བུད་མེད་ཀྱི་མངལ་ནས་སྐྱེས་པ་གཞན་ནི་སྐྱེས་མ་ཐག་མཚན་དཔེ་གསལ་རྫོགས་ ཀྱིས་སྤྲས་པ་ལ་མངོན་ཤེས་དྲུག་དང་ལྡན་པ་ལས་ཀྱི་ས་པ་འདིར་ཡང་ཡོད་པ་མ་ཡིན་ན་གཞན་དུ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར། གསུམ་པ་སྟོན་པ་ལ། དེའི་ཕྱིར་ཞེས་སོགས་བྱུང། འོ་ན་རང་ལུགས་ཀྱི་བདུད་བཅོམ་ཚུལ་ [089A]༄༅། །ཇི་ལྟ་བུ་ཞེ་ན། བདུད་བཅོམ་པའི་དོན་མཛད་པ་བཅུ་གཉིས་ཀྱི་ཡ་གྱལ་གྱི་བདུད་བཅོམ་ཚུལ་བསྟན་པ་དེ་ཁོ་ན་མིན་ཏེ། དེ་ཡིན་ན་གོང་དུ་བརྟག་པ་བྱས་པ་གསུམ་པོ་གླང་རུང་ལས་མི་འདའ་བ་གང་ཞིག་གསུམ་ པོ་དེ་གང་ཡང་མི་འཐད་པའི་ཕྱིར། དེས་ན་བདུད་ཅེས་པ་ཕྱི་རོལ་གྱི་བདུད་ཁོ་ནར་མི་བཟུང་གི་སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་སེམས་བག་ཆགས་ཀྱི་དྲི་མ་ནང་གི་བདུད་ཡིན་པའི་ཕྱིར་དང། སངས་རྒྱས་ཀྱི་སེམས་ཀྱང་འཁོར་ བའི་བག་ཆགས་དང་བྲལ་བའི་སེམས་ལ་འཇོག་པའི་ཕྱིར། འོ་ན་སེམས་ཀྱི་དྲི་མ་ལ་བདུད་དུ་བྱས་པ་ན་འཇོམས་ཚུལ་གསུམ་དུ་ཁ་ཚོན་མ་ཆོད་པའམ། ཆོད་ཀྱང་གང་རུང་གཅིག་ཏུ་ཁས་བླངས་པ་ལ་སྐྱོན་བརྗོད་མི་མཚུངས་པའི་ ཁྱད་པར་ཅི་ཞེ་ན། ཁྱད་པར་ཡོད་དེ། འདི་ནི་མངོན་པ་ཀུན་ལས་བཏུས་ལས་གསུངས་པ་ལྟར་སྣང་མུན་བཞིན་དུ་ནང་གི་བདུད་སེམས་ཀྱི་དྲི་མའི་བག་ཆགས་མ་ལུས་པ་འགགས་པ་ལ་མངོན་དུ་ཕྱོགས་པ་དང། འཚང་རྒྱ་བ་ལ་ མངོན་དུ་ཕྱོགས་པ་དུས་མཉམ་པས་སངས་རྒྱས་པ་དང་བདུད་བཅོམ་པ་དུས་མཉམ་པའི་ཕྱིར། མཛད་པ་བཅུ་གཉིས་ཀྱི་ཡ་གྱལ་དུ་གྱུར་པའི་ཕྱིའི་བདུད་བཅོམ་པའི་ཚུལ་བསྟན་པ་དེ་ཁོ་ན་བདུད་བཅོམ་པའི་དོན་དུ་འདོད་ པ་ལ་ཚུལ་དེ་མི་མཚུངས་པའི་ཕྱིར་ཏེ། སྲོད་ལ་བདུད་བཅོམ་པ་དང་ཐོ་རང་ས་སངས་རྒྱས་པ་དུས་མཉམ་པ་བྱར་མེད་པའི་ཕྱིར། སངས་རྒྱས་ཀྱི་སའི་སོགས་དྲི་མ་དང་བྲལ་བ་གང་ཤེར་ཕྱིན་གྱི་མདོ་ལས། སེམས་གང་ [089B] ཞེས་སངས་རྒྱས་པའི་སེམས་པའི་སེམས་གང་ཞིག་འོད་གསལ་བར་ཡོད་པའི་སེམས་དེ་ནི་དྲི་མ་དང་བཅས་པའི་སེམས་མ་ཡིན་ནོ་ཞེས་པའམ། ཡང་ན་སེམས་གང་ཞིག་རང་བཞིན་གྱི་ས་ཡོད་པའི་ སེམས་དེ་ནི་ཐ་སྙད་ཙམ་དུའང་བྱ་བ་བྱེད་ནུས་ཀྱི་སེམས་མ་ཡིན་པར་གསུངས་པའི་ཕྱིར། བཞི་པ་སྟོན་པར་བྱེད་པ་ལ། འདིར་ཕྱི་རོལ་དུ་ཞེས་སོགས་བྱུང། ཤེས་བྱ་ཆོས་ཅན། སངས་རྒྱས་ཀྱིས་ཕྱི་རོལ་དུ་བདུད་བཅོམ་པ་ནི་དོན་དམ་པར་མ་ ཡིན་ཏེ། རྨི་ལམ་བཞིན་དུ་གདུལ་བྱའི་ངོར་ཚུལ་བསྟན་ཙམ་ཡིན་པའི་ཕྱིར། ལྔ་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དེས་ན་བཅོམ་ལྡན་འདས་དང་ཕྱག་རྡོར་ཡང་གདུལ་བྱའི་དོན་དུ་མངལ་བཟུང་བར་བསྟན་པའོ། ། དང་པོ་ལ་གསུམ། སྤྱིར་བསྟན་པ། མཚན་གཞི་དཔེར་བརྗོད་པ། དོན་བསྡུ་བའོ། །དང་པོ་སྟོན་པར་བྱེད་པ་ལ། འདིར་སེམས་ཅན་གྱི་དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འཁོར་བར་འཇུག་པ་ནི་འཁོར་བ་པ་རྣམས་ ཀྱིས་བརྗོད་པར་བྱ་བ་སྟེ་བསམ་པར་ནུས་པ་མ་ཡིན་ནོ། ཞེས་བྱུང། གཉིས་པ་སྟོན་པ་ལ། འཇིག་རྟེན་དབང་ཕྱུག་བདག་ཅེས་སོགས་བྱུང། ཚིག་རྐང་གཉིས་པ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་དོན་དག་སྟོན་པར་ མཛད་ཀྱང། དུས་ལས་མི་ཡོལ་བར་རང་རང་གི་ལས་ཀྱི་འབྲས་བུ་གཏོང་བ་མིན་པར་མྱོང་བའི་སྟོང་ཉིད་དང། རྟེན་འབྲེལ་དབྱེར་མེད་སྟོན་པར་མཛད་པ་དང། མཛད་སྤྱོད་བརྟག་མིན་ནི་སོ་སྐྱེས་བསམ་གྱིས་མི་ཁྱབ་ཅིང་བརྟག་ [090A]༄༅། །པར་མི་ནུས་ཞེས་པའོ། །ལྷག་མ་ནི་གོས་ལའོ། །གསུམ་པ་སྟོན་པར་བྱེད་པ་ལ། དེའི་ཕྱིར། ཞེས་སོགས་བྱུང། གཉིས་པ་རྒྱས་པར་བཤད་པ་ལ་གཉིས། དོན་དངོས། དེ་ཉིས་གྱུ་མའི་དཔེས་བསྟན་པའོ། །དང་པོ་སྟོན་ པ་ལ༑ ཕ་རོལ་ཏུ་ཕྱིན་པ་ཞེས་སོགས་བྱུང། གཞུང་འདི་བྱང་སེམས་དང་སངས་རྒྱས་ཀྱི་མཛད་པ་སྟོན་པའི་གཞུང་ཚན་གཉིས་ཏེ་དུ་མ་ནི་མ་ཡིན་ནོ་ཞེས་པ་ནི། སྤྲུལ་པ་པོ་གཅིག་གིས་རྣམ་པ་དུ་མ་སྤྲུལ་པ་རྒྱུད་དུ་མ་མ་ཡིན་ཞེས་ པའོ༑ ༑གཉིས་པ་སྟོན་པ་ལ། དཔེར་ན་སྐྱེས་བུ་ཞེས་སོགས་བྱུང། གསུམ་པ་སྟོན་པ་ལ། དེས་ན་ཞེས་སོགས་བྱུང། བཅོམ་ལྡན་འདས་ཆོས་ཅན། མངལ་འཛིན་ཚུལ་སྟོན་པའི་སྔོན་དུ་ས་བཅུ་མཐར་ཕྱིན་ཀྱང་གདུལ་བྱའི་ དོན་ལ་མཁས་པས་རང་རང་གི་བློ་དང་འཚམ་པའི་སྐུ་མཐའ་ཡས་པའི་རྣམ་པ་སྟོན་པའི་སྒྱུ་འཕྲུལ་ཆེན་པོ་འཆང་བ་སྟེ་འཛིན་པ་ཡིན་ཏེ། ང་གདོད་བདུད་བཅོམ་པ་དང་གསར་དུ་འཚང་རྒྱབ་སོགས་དངོས་གནས་ལ་མི་མཐུན་ པར་སྟོན་པའི་སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་དང་ལྡན་པ་བསྟན་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པ་ཡིན་པའི་ཕྱིར། དྲུག་པ་སྟོན་པར་བྱེད་པ་ལ། སངས་རྒྱས་ཞེས་སོགས་བྱུང། དོན་ནི་སངས་རྒྱས་ ཤཱཀ་ཐུབ་དང་བྱང་སེམས་ཟླ་བ་བཟང་པོ་སྤྲུལ་པའི་སྐུ་འདི་གཉིས་རྒྱུད་སྟོན་པ་པོ་དང་གསོལ་བ་འདེབས་པ་པོར་འབྲེལ་ཏེ། དེ་གཉིས་ཀྱི་ལོངས་སྐུ་དང་པོའི་སངས་རྒྱས་དང་ཕྱག་རྡོར་གཉིས་རྒྱུད་སྟོན་པ་པོ་དང་གསོལ་བ་ [090B] གྱིས་པ་རྩ་རྒྱུད་དང་བསྡུས་རྒྱུད་ཀྱི་འབྲེལ་བ་ལ་སོགས་པ་བཤད་པ་ལ་གསུམ། རྩ་རྒྱུད་གསུངས་ཚུལ། དེ་ལས་སྤྲུལ་པའི་རྒྱལ་པོ་རྣམས་ལུན་བསྟན་ཚུལ། ལུང་བསྟན་པ་ལྟར་བྱ་བ་མཛད་ ཚུལ་ལོ། །དང་པོ་ལ་གཉིས། ཟླ་བ་བཟང་པོས་གསོལ་བ་བཏབ་ཚུལ། དེའི་ངོར་དེ་བཞིན་གཤེགས་པས་རྒྱུད་བསྟན་ཚུལ་ལོ། །དང་པོ་སྟོན་པར་བྱེད་པ་ལ། ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བ་བཟང་པོ་དེས་སེམས་ཅན་ ཐམས་ཅད་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་བོ་ཞེས་གསུངས་པའི་ཕྱིར། གཉིས་པ་སྟོན་པ་ལ། དེ་བཞིན་གཤེགས་པས་ཀྱང་ཆུ་བོ་ཤཱི་ཏའི་བྱང་ ཕྱོགས་ཤམྦྷ་ལའི་ཡུལ་ལ་སོགས་པ་གྲོང་ཁྱེར་བྱེ་བ་བྲག་དགུ་བཅུ་རྩ་དྲུག་ན་གནས་པ་རྣམས་ཀྱི་སེམས་རྣམ་པར་དག་པ་སྐལ་བ་དང་ལྡན་པ་ཉིད་དུ་གནས་པ་གཟིགས་ནས་རྡོ་རྗེའི་ཚིག་ཁ་མ་ཕྱེ་བ་མེད་པ་རྡོ་རྗེའི་ཚིག་རབ་ཏུ་ གསལ་བར་བྱེད་པ་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ཡང་དག་པར་བསྟན་ཏོ། ཞེས་གསུངས། གྱིས་པ་ལ་གསུམ། རྩ་རྒྱུད་ལས་ལུང་བསྟན་ཚུལ་མདོར་བསྟན་པ། དེའི་ཤེས་བྱེད་ཀྱི་རྩ་རྒྱུད་དགོད་པ་ དེ་དག་གི་དོན་བསྡུ་བའོ། །དང་པོ་སྟོན་པར་བྱེད་པ་ལ། མ་འོང་པའི་དུས་སུ་ཞེ་སོགས་བྱུང། གཉིས་པ་ལ་གྱིས། མཚམས་སྦྱར་བ། ལུང་དངོས། དང་པོ་སྟོན་པ་ལ། འདིར་བཅོམ་ལྡན་འདས་ཀྱི་ཞེས་སོགས་སོ། །གཉིས་པ་ལ་ [091A]༄༅། །ལྔ༑ གྲགས་པ་རིགས་ལྡན་དུ་ལུང་བསྟན་པ། དེས་རྩ་རྒྱུད་གང་ལ་སྟོན་པའི་གདུལ་བྱའི་དོགས་པ་ལ་ལྟོས་ནས་དེར་ཨེ་ཝཾ་གྱི་ཚིག་མ་སྨོས་པར་བསྟན་པ། དེས་སྡུས་རྒྱུད་སྡུད་ཅིང་པད་དཀར་གྱིས་རྒྱས་འགྲེལ་ བྱེད་པར་ལུང་བསྟན་པ། ཁྲོ་བོ་དང་བྱང་སེམས་གང་གི་སྤྲུལ་པའི་རྒྱལ་པོ་གང་འབྱུང་བ་རྒྱས་པར་ལུང་བསྟན་པ། གྲགས་པས་རྩ་རྒྱུད་སྡུད་ཅིང་པད་དཀར་གྱིས་འགྲེལ་པ་བྱེད་ཚུལ་གྱིས་མཇུག་བསྡུ་བའོ། །དང་པོ་སྟོན་པ་ལ། ལོ་ འདི་ནས་ནི་དྲུག་བརྒྱའི་ལོས། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །འཇམ་དབྱངས་མི་བདག་གྲགས་པ་ནི། །ཤམྦྷ་ལ་ཞེས་བྱ་བར་འབྱུང། །འདི་ཡི་ལྷ་མོ་སྒྲོལ་མ་ཆེ། །སྲས་ནི་པད་འཛིན་འཇིག་རྟེན་དབང། །བདག་གི་ཤཱཀྱའི་ རིགས་རྒྱུད་ལས། །བྱུང་བ་ཟླ་བཟང་ཁྱོད་རིགས་ལའོ། །སྨྲ་མཁས་རྡོ་རྗེའི་རིགས་དང་ལྡན། །གྲགས་པ་རྡོ་རྗེའི་རིགས་ལས་ནི། །རིགས་བཞི་རིགས་གཅིག་བྱས་གང་དེས། །རིགས་ལྡན་ཚངས་པའི་རིགས་ཀྱིས་མིན། ཞེས་ གསུངས། གཉིས་པ་སྟོན་པ་ལ། འདི་སྐད་བདག་གིས་ཐོས་པ་འདིས། །དྲང་སྲོང་རྣམས་ལ་ཆོས་བསྟན་ན། །གཞན་ལས་ཐོས་ཕྱིར་ཀུན་མཁྱེན་མིན། །ཞེས་པའི་རྩོད་པ་འབྱུང་བར་འགྱུར། །རྣམ་པ་གང་དང་གང་དག་གིས། །སེམས་ ཅན་རྣམས་ནི་ཡོངས་སྨིན་བྱེད། །རྣམ་པ་དེ་དང་དེ་དག་གིས། །ཆོས་ནི་བསྟན་པར་བྱ་བ་ཡིན། །སྒྲ་དང་སྒྲ་ཉམས་དག་གིས་ཆོས། །རྣལ་འབྱོར་པ་ནི་འབད་པས་འཛིན། །ཡུལ་གྱི་སྒྲ་ཡིས་དོན་རྙེད་པ། །དེ་ལ་བསྟན་བཅོས་སྒྲ་ཡིས་ [091B] ༑ཇི་ལྟར་ས་ལ་རིན་ཆེན་མིང། །དབྱེ་བ་ཐ་དད་ཐ་དད་ནི། །ཡུལ་དང་ཡུལ་གྱི་དབང་གིས་བརྗོད། །རིན་ཆེན་དབྱེ་བ་འགར་ཡང་མེད། །དེ་བཞིན་བདག་གི་དག་པའི་ཆོས། །སྡུད་པར་བྱེད་པ་སྣ་ཚོགས་ཀྱིས། །སེམས་ཅན་བསམ་པའི་ དབང་གིས་མིང། །སྣ་ཚོགས་ཐ་དད་ཐ་དད་བརྗོད། །དེས་ན་སྙིང་པོའི་དོན་བསྡུས་འདི། །ཐམས་ཅད་མཁྱེན་སོགས་བདག་འདོད་དེ། ཞེས་པ་འདི་བྱུང། དོན་ནི། དུས་འཁོར་རྩ་རྒྱུད་འདིར་འདི་སྐད་བདག་ཐོས་དངོས་སུ་མ་སྨོས་པར་ རྒྱུད་གཞན་ལས་འདི་སྐད་བདག་གིས་ཐོས་པ་ཞེས་སོགས་ཀྱིས་བསྟན་པའི་དོན། དེ་ཉིད་སངས་རྒྱས་སེང་གེའི་ཁྲི་ཞེས་སོགས་ཚིག་གི་རྣམ་པ་གཞན་གྱིས་ཆོས་བསྟན་པ་ལ་ཆོས་ཅན། དགོས་པ་ཡོད་དེ། གྲགས་པས་ཉི་མའི་ ཤིང་རྟ་སོགས་དྲང་སྲོང་རྣམས་ལ་རྩ་རྒྱུད་སྟོན་པའི་ཚེ་འདི་སྐད་བདག་ཐོས་སྒྲས་ཟིན་ལ་བསྟན་ན། སྟོན་པ་ཤཱཀ་ཐུབ་དེས་ཀྱང་གཞན་ལས་ཐོས་པའི་དབང་གིས་འཆད་པའི་ཕྱིར་ཀུན་མཁྱེན་མིན་ནོ། ཞེས་རྩོད་པ་སྟེ་དོགས་པ་ འབྱུང་བར་འགྱུར་བས་མ་བསྟན་པའི་ཕྱིར་ཏེ། བདག་ཉིད་ཆེན་པོས་སེམས་ཅན་གྱི་དོན་དུ་གསུངས་པའི་ཆོས་རྣམས་ནི་སྒྲའམ་ཚིག་གཙོ་བོ་མ་ཡིན་གྱི་དོན་བཟང་བ་གཙོ་བོ་ཡིན་པའི་ཕྱིར་ཏེ། ཡུལ་གྱི་སྒྲ་ཕལ་པ་ཡིས་ཀྱང་སྙིང་ པོའི་དོན་རྙེད་པའི་ཕྱིར་ཏེ། དཔེར་ན་རིན་པོ་ཆེ་གཅིག་ཉིད་ཀྱང་མིང་མི་འདྲ་བ་མང་པོས་བརྗོད་ཀྱང་དོན་རིན་པོ་ཆེ་གཅིག་ཉིད་གོ་བར་བྱེད་པ་ལ་དབྱེ་བ་མེད་པའི་ཕྱིར། བླ་མེད་ཀྱི་རྒྱུད་གཞན་དུ་ཨེ་ཝཾ་ཞེས་སོགས་ཀྱི་ཚིག་གིས་བསྟན་ [092A]༄༅། །པའི་སྙིང་པོའི་དོན་རྣམས་བརྗོད་བྱར་བསྡུས་པ། འདིར་ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཞེས་སོགས་གླེང་གཞིའི་ཚིག་འདི་བདག་འདོད་དོ། །ཁ་ཅིག་འདིའི་དོན་བདག་འཇམ་དཔལ་གྲགས་པ་འདོད་ དོ་ཞེས་སྦྱོར་བ་མི་རིགས་ཏེ། རྩ་རྒྱུད་སྟོན་པ་པོའི་གསུང་ཡིན་པའི་ཕྱིར། དེས་ན་སྙིང་པོ་བསྡུས་པ་འདི་ཞེས་པའི་དོན་ལ་ཁ་ཅིག་རྩ་རྒྱུད་ཀྱི་སྙིང་པོ་བསྡུས་པའི་བསྡུས་རྒྱུད་ལ་འདོད་པ་དང། ཡང་ཁ་ཅིག་ཐེག་པ་ཀུན་གྱི་སྙིང་པོ་ བསྡུས་ཞེས་དང། ཡང་ཁ་ཅིག་རྒྱུད་ཀུན་གྱི་སྙིང་པོ་བསྡུས་པ་འདི་ལ་ཞེས་འཆད་ཀྱང་མི་འཐད་དེ། འདི་རྩ་རྒྱུད་ཀྱི་ཚིག་དངོས་ཡིན་པའི་ཕྱིར། མཁས་པ་ཆེན་པོ་ཁ་ཅིག་རྩ་རྒྱུད་ལས་བཤད་མ་ཐག་པའི་དོགས་པ་གཅོད་ པའི་ཕྱིར་ཨེ་ཝཾ་དངོས་སུ་མ་སྨོས་ཞེས་བཤད་པ་མི་འཐད་པར་ཐལ། དེ་མཁས་པས་དཔྱད་མི་བཟོད་པར་འགྱུར་བའི་ཕྱིར་ཏེ། བླ་མེད་ཀྱི་རྒྱུད་ཀྱི་ཐོག་མར་བཞུགས་པའི་གནས་སོགས་སྟོན་པའི་གླེང་གཞིའི་ཚིག་ལ་ཨེ་ཝཾ་སྨོས་ ནས༑ འདི་སྐད་བདག་ཐོས་ཀྱི་སྐད་དོད་ཨེ་ཝཾ་སོགས་ལ་ཚུལ་བཞིའི་བཤད་པ་བྱེད་པ་བླ་མེད་ཀྱི་རྒྱུད་སྡེ་ཆེན་པོ་དག་ལ་གྲགས་ཤིང་ཁྱད་པར་དཔལ་ལྡན་འདུས་པའི་བཤད་རྒྱུད་ལས་ཀྱང་དེ་ལྟར་བཤད་པ་གང་ཞིག་ཨེ་ ཝཾ་གྱི་དོན་ཚུལ་བཞི་པོ་གང་རུང་རེ་རེའི་སྒོ་ནས་བཤད་ཀྱང་རྟོག་ལྡན་ལ་དོགས་པ་དེ་འདྲ་སྐྱེ་བའི་གོ་སྐབས་མེད་པའི་ཕྱིར་ཞེས་དཔྱད་པ་མཛད་པ་ལ། རང་ལུགས་ཀྱིས་མ་ཁྱབ་ཏེ། ཁྱེད་ཀྱིས་བཀོད་པའི་རྟགས་དེའི་ཕྱིར། འདིར་ཨེ་ཝཾ་ [092B] མ་དག་པའི་སྒྱུ་ལུས་དང་དབང་བཞི་པའི་དོན་ཟུང་འཇུག་གཉིས་འདི་སྐད་བདག་ཐོས་གླེང་གཞིར་ཡོད་པའི་བླ་མེད་ཀྱི་རྩ་རྒྱུད་རྣམས་ཀྱི་ཨེ་ཝཾ་གྱི་རིམ་བཞིན་སྦས་དོན་དང་མཐར་ཐུག་གི་བཤད་ དོན་ཡིན་པ་གང་ཞིག་དང་པོའི་སངས་རྒྱས་ཀྱི་རྩ་རྒྱུད་འདིར་འདི་སྐད་བདག་ཐོས་སྒྲས་ཟིན་ལ་སྨོས་ཀྱང་དེ་ལྟར་བཤད་དུ་མི་རུང་བའི་ཕྱིར་ཏེ། འདི་ལ་མཐའ་དྲུག་དང་ཚུལ་བཞིའི་བཤད་པ་མི་རུང་བའི་ཕྱིར་ཏེ། སྟོང་གཟུགས་ ཡེ་ཤེས་ཀྱི་སྐུ་དང། ཏིང་ངེ་འཛིན་གྱི་ཡན་ལག་དབང་བཞི་པའི་ལམ་སྒྲས་ཟིན་ལ་གསལ་བར་སྟོན་པ་རྒྱུད་འདིའི་ཁྱད་ཆོས་ཡིན་པས་གླེང་གཞིའི་ཚིག་གིས་ཀྱང་གསལ་བར་སྒྲས་ཟིན་ལ་ངེས་པར་བསྟན་དགོས་པ་གང་ཞིག་དེ་ ལྟར་སྒྲས་ཟིན་ལ་དེ་དག་བསྟན་པར་འཆད་པ་ནི། གླེང་གཞིའི་ཚིག་དེ་དག་སྡུད་པ་པོའི་ཚིག་ཏུ་བྱར་མི་རུང་བས་སྟོན་པའི་གསུང་དུ་བྱ་དགོས་ཤིང། དེ་ལྟར་བྱས་ན་ཚིག་ཟིན་གྱི་དོན་འཆད་པའི་ཚེ། འདི་སྐད་བདག་ཐོས་གསུང་ པ་པོ་དེ་སྟོན་པ་ཤཱཀྱ་ཐུབ་པར་འགྱུར་བས་དོགས་པ་དེ་ལྟ་བུ་སྐྱེ་བ་སྲིད་པའི་ཕྱིར། ཁོ་ན་རེ། སྒྲས་ཟིན་ལ་སྡུད་པ་པོའི་ཚིག་ཏུ་བྱས་ནས་བླ་མེད་པ་གཞན་གྱི་ཡིག་དོན་ལྟར་བཤད་པས་སྐྱོན་མེད་དོ་ཞེ་ན། དེ་ཡང་མི་འཐད་དེ། ཨེ་ ཝཾ་གྱི་སྒྲས་ཟིན་ནུས་པ་ཐན་ཚོད་ཀྱི་བཤད་པ་ནི་ངེས་པར་སྡུད་པ་པོའི་ཚིག་ཏུ་བྱས་ནས་བཤད་དགོས་ཀྱང་དེ་ལྟར་འཆད་པ་ལ་ཨེ་ཝཾ་གྱི་ངེས་དོན་ཐབས་ཤེས་ཁྱད་པར་ཅན་དང་སྦྱར་དུ་མེད་པའི་ཕྱིར་དང། ཡི་གེའི་དོན་དུ་འཆད་ན་ [093A]༄༅། །སྡུད་པ་པོའི་ཚིག་ཏུ་བྱེད་དགོས་པ་ཁྱེད་རང་གིས་ཀྱང་ཁས་བླངས་པའི་ཕྱིར། དེ་བཞིན་དུ་བླ་མེད་ཀྱི་རྩ་རྒྱུད་རྒྱས་བསྡུས་ཅི་ཡིན་ཀྱང་རུང། རྩ་རྒྱུད་དེ་དག་གི་དུམ་བུ་བཀོལ་བ་སོགས་མ་ཡིན་པར་གཞུང་ རྫོགས་པ་ཡིན་ན་ཐོག་མའི་གླེང་གཞིའི་ཚིག་གིས་བརྗོད་བྱའི་གཙོ་བོ་ཐབས་ཤེས་དབྱེར་མེད་དེ་ཉིད་ངེས་པར་བསྟན་ཀྱང་དགོས་ལ། དེ་དགོས་པར་ཁྱེད་རང་གིས་ཀྱང་ཁས་བླངས་པའི་ཕྱིར། དེ་ལྟར་བྱས་པ་ལ་ཁོ་ན་རེ། འོ་ན་ སྟོན་པས་ཉི་མའི་ཤིང་རྟ་ལ་སོགས་པ་མ་འོངས་པའི་རྩ་རྒྱུད་ཀྱི་གདུལ་བྱ་ལ་དོགས་པ་དེ་ལྟར་སྐྱེས་དོགས་ནས་རྩ་རྒྱུད་དུ་ཨེ་ཝཾ་མ་སྨོས་པ་ཡིན་ན། འོ་ན་འདིར་ཡང་ཨེ་ཝཾ་སྨོས་རིགས་པར་ཐལ། རྩ་རྒྱུད་གཞན་རྣམས་ ཀྱི་ཐོག་མར་ཨེ་ཝཾ་སྨོས། འདིའི་ཐོག་མར་མ་སྨོས་པས་འདི་སྟོན་པས་གསུངས་པ་མ་ཡིན་ནོ་སྙམ་པའི་དོགས་པ་འབྱུང་བའི་ཕྱིར། ཞེ་ན། རྒྱུ་མཚན་དེ་ཡང་མ་ངེས་པས། དུས་འཁོར་རྩ་རྒྱུད་ཁོ་ན་ལ་དེ་ལྟར་རྒོལ་མི་རིགས་ པར་ཐལ། བདེ་མཆོག་རྩ་རྒྱུད་ལའང་ཐོག་མར་ཨེ་ཝཾ་གྱི་ཚིག་མེད་པའི་ཕྱིར། གཞན་ཡང། རྒྱུད་ཐམས་ཅད་ཀྱི་ཐེག་མར་ཨེ་ཝཾ་སྒྲས་ཟིན་ལ་སྨོས་དགོས་པ་མ་ཡིན་ཏེ། རྩ་རྒྱུད་འདི་ཉིད་དུ་རྣམ་པ་གང་དང་གང་དག་གིས། ཞེས་ སོགས་དོགས་པ་སྤངས་ཟིན་པ་ལྟར། འདུས་པ་སོགས་སུ་ཨེ་ཡིག་གིས་བསྟན་པའི་དོན་སྟོན་པ་གང་ལ་བཞུགས་ནས་ཆོས་སྟོན་པར་མཛད་པའི་རྟེན་དེ། རྒྱུད་ལ་ལར་གསང་བ་དང། ལ་ལར་མཁའ་དབྱིངས་དང། དེ་བཞིན་ [093B] ཆོས་འབྱུང་དང། པདྨ་དང། སེང་གེའི་ཁྲི་ཞེས་སོགས་ཀྱི་མིང་གི་རྣམ་གྲངས་སུ་བསྟན་ཅིང། རྟེན་དེ་ལ་བཞུགས་པ་ཝཾ་ཡིག་གིས་བསྟན་པའི་དོན་ནི། རྒྱུད་དེ་དང་དེ་དག་ཏུ་རྡོ་རྗེ་ཅན་དང། རྡོར་སེམས་དང། དུས་ འཁོར་དང། དང་པོའི་སངས་རྒྱས་སོགས་ཀྱིས་བསྟན་ཀྱང་དོན་གཅིག་པ་ཡིན་པའི་ཕྱིར་ཏེ། རྒྱུད་རྡོར་འཕྲེང་དུ། ཨེ་ནི་གསང་བ་མཁའ་དབྱིངས་དང། །བྷ་ག་ཆོས་འབྱུང་པདྨ་ལ། །རྣལ་འབྱོར་སེང་གེའི་གདན་ལ་བཞུགས། ། མཆོག་ཏུ་རྨད་བྱུང་སྟོན་པར་མཛད། །རྡོ་རྗེ་སེམས་དཔའ་ཝཾ་རྡོ་རྗེ། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང། །ཧེ་རུ་ཀ་དང་དུས་འཁོར་དང། །དང་པོའི་སངས་རྒྱས་ལ་སོགས་མཚན། ཞེས་གསུངས་པའི་ཕྱིར། གསུམ་པ་སྟོན་ པར་བྱེད་པ་ལ། འཕྲེང་འཛིན་ཚིགས་བཅད་སུམ་ཅུ་ནི། །ལྷག་པའི་ཕྱོགས་བརྒྱ་ལེའུ་ལྔས། །དཔལ་ལྡན་རྒྱུད་དག་རྫོགས་པར་ནི། །སྨྲ་བའི་རྒྱལ་པོས་སྟོན་འགྱུར་ཏེ། །སྡུད་པར་བྱེད་པ་པོ་ཡང་འདི། །འགྲེལ་བཤད་བྱེད་པ་ པད་དཀར་འཛིན་ཞེས་པ་འདི་བྱུང། འདི་དག་གི་དོན་རྣམས་རྟོགས་སླ་ཞིང། འཕྲེང་འཛིན་གྱི་སྡེབས་སྦྱོར་གྱི་དོན་ནི། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལས། མ་ར་ཝཱ་ན་དག་ཝཱ་ར་དག་ཝཱ། །བདུན་པ་གསུམ་གྱི་ངལ་སོ་འཕྲེང་ འཛིན་འགྱུར། །གལ་ཏེ་རྐང་པ་སོ་སོ་ལ་མ་ར་ཝཱ། །ན་ན་ཝཱ་ར་ར་ཝཱ་དང། དེ་བཞིན་བདུན་པ་གསུམ་གྱི་ངལ་སོ་བ་དེའི་ཚེ་འཕྲེང་བ་འཛིན་པར་འགྱུར་རོ། ཞེས་གསུངས་པ་ལྟར་ཡིན་ལ། རྒྱས་པར་ནི་ཊཱིཀ་ཆེན་དེ་ཁོ་ན་ཉིད་སྣང་བར་ [094A]༄༅། །བྱེད་པ་ལས་ཤེས་པར་བྱའོ། །བཞི་པ་སྟོན་པ་ལ། རྒྱུད་འདིར་དྲང་སྲོང་རིགས་སོགས་ལ། །སངས་རྒྱས་ལམ་ནི་གསལ་བྱེད་པ། །ཟླ་བ་ལྷ་དབང་གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷ་དབང་ཕྱུག་སྣ་ཚོགས་ གཟུགས་དང་ལྷ་དབང་ལྡན། །གྲགས་པ་པད་དཀར་རིམ་པའོ། །ཞེས་པ་འདི་བྱུང། འདི་རྣམས་གོ་ཤིན་ཏུ་སླ་ཞིང་གང་གང་གི་སྤྲུལ་པ་ཡིན་པ་ནི་ཟླ་བཟང་གི་ཡབ་རྒྱལ་པོ་ཉི་མའི་འོད་ནི་བགེགས་དགྲ་སྟེ་བགེགས་མཐར་བྱེད། ཟླ་ བཟང་ཕྱག་རྡོར། དེ་ནས་གོ་རིམས་བཞིན་ཞེས་པའི་བར་སླ་ཞིང་པད་དཀར་གྱི་རྗེས་ནས་ཉེར་གསུམ་ཡོད་པ་ཁྲོ་བོ་བཅུ་དང་དེ་དག་གི་བར་བར་དུ་ཁྲོ་བོ་ལས་བྱང་སེམས་ཞི་བ་རེ་སྤེལ་ལ་མཐར་ཁྲོ་བོ་ལས་གཞན་པ་གསུམ་སྟེ་བཅུ་ གསུམ་པོ་དེ་དག་རིམ་པ་ཡིས་རིགས་ལྡན་རིགས་ལ་འབྱུང་བར་འགྱུར་ཏེ། འདས་པའི་རྒྱལ་པོ་ཉི་མའི་འོད། །དེ་ནི་བགེགས་དགྲའི་སྤྲུལ་པ་སྟེ། །ཕྱག་ན་རྡོ་རྗེ་ཟླ་བཟང་ཁྱོད། །ས་སྙིང་གཤིན་རྗེ་གཤེད་མཐར་བྱེད། །སྒྲིབ་པ་ཐམས་ ཅད་རྣམ་སེལ་དང། །རྨུགས་བྱེད་ཁེངས་བྱེད་རིམ་པ་སྟེ། །ནམ་མཁའི་སྙིང་པོ་འཇམ་དབྱངས་དང། །འཇིག་རྟེན་མགོན་པོ་གོ་རིམས་བཞིན། །གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུ། །དེ་བར་བྱང་ཆུབ་སེམས་དཔའ་གཞན། །བཅུ་ གསུམ་དེ་རྣམས་རིམ་པ་ཡིས། །རིགས་ལྡན་རིགས་ལ་འབྱུང་བར་འགྱུར། ཞེས་གསུངས་པའི་ཕྱིར། སྤྱིར་རིགས་ལྡན་དུ་ཡོད་སོ་སོའི་མཚན་དང་བཅས་པ་རིགས་ལྡན་གྱི་མགོ་གང་ནས་རྩོམ་པ་སོགས་རྒྱས་པར་འཆད་པ་ལ་ [094B] །དེ་ནས་རིགས་ལྡན་པདྨ་དཀར། །བཟང་པོ་རིགས་ལྡན་གསུམ་པ་སྟེ། །དེ་བཞིན་བཞི་པ་རྣམ་རྒྱལ་ལོ། །བཤེས་གཉེན་བཟང་པོ་ཕྱག་དམར་དང། །བདུན་པ་ཁྱབ་འཇུག་སྦས་པའོ། །ཉི་མ་ གྲགས་དང་ཤིན་ཏུ་བཟང། །རྒྱ་མཚོ་རྣམ་རྒྱལ་རྒྱལ་བཀའ་དང། །རིགས་ལྡན་ཉི་མ་བཅུ་གཉིས་པ། །སྣ་ཚོགས་གཟུགས་དང་ཟླ་བའི་འདི། །མཐའ་ཡས་དང་ནི་ས་སྐྱོང་དང། །དཔལ་སྐྱོང་སེང་གེ་རྣམ་པར་གནོན། །སྟོབས་པོ་ཆེ་ དང་མ་འགགས་པ། །མི་ཡི་སེང་གེ་དབང་ཕྱུག་ཆེ། །མཐའ་ཡས་རྣམ་རྒྱལ་རིགས་ལྡན་དང། །གྲགས་པ་རིགས་ལྡན་དེ་ནས་སླར། །དེ་སྲས་འཁོར་ལོ་ཆེན་པོ་ཅན། །རིགས་ལྡན་དྲག་པོ་འབྱུང་འགྱུར་ཏེ། །སྨྲ་མཁས་རྟ་ མཆོག་ཏིང་འཛིན་གྱིས། །ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། །ཞེས་པ་འདི་བྱུང། ལྔ་པ་ནི། ཉི་མའི་ཤིང་རྟ་ལ་སོགས་ཀྱི་སྨྲ་མཁས་སྟོན་པ་འབྱུང་འགྱུར་ཞིང་དེས་བསྡུས་རྒྱུད་སྡུད་པར་གསོལ་བ་འདེབས་པར་བྱེད་པ་དང། ཟླ་ བཟང་རྩ་རྒྱུད་སྡུད་པ་པོ་དང། སེམས་ཅན་གྱི་དོན་དུ་རྩ་རྒྱུད་ལ་འགྲེལ་བཤད་བྱེད་པ་པོ་དང། བསྡུས་རྒྱུད་ལ་འགྲེལ་བཤད་བྱེད་པ་པོ་པད་འཛིན་རང་ཉིད་ཡིན་ཏེ། ཉི་མའི་ཤིང་རྟ་ལ་སོགས་ཀྱི། །སྨྲ་མཁས་སྟོན་པ་འབྱུང་ འགྱུར་གང། །ཟླ་བཟང་ཁྱོད་ནི་རྩ་བའི་རྒྱུད། །དེ་ནི་སྡུད་པར་བྱེད་པ་སྟེ། །འགྲེལ་བཤད་བྱེད་པ་པོ་ཡང་ཁྱོད། །འདིར་ནི་སེམས་ཅན་ཡོངས་སྨིན་བྱེད། །འཇམ་པའི་རྡོ་རྗེས་སྡུས་རྒྱུད་ལ། །འགྲེལ་བཤད་བྱེད་པ་པད་འཛིན་ [095A]༄༅། །དང༑ ཞེས་གསུངས་པའི་ཕྱིར། གསུམ་པ་དེ་དག་གི་དོན་བསྡུ་བ་སྟོན་པ་ལ། རྩ་བའི་རྒྱུད་ནས་ཇི་ལྟར་གསུངས་པའི་ཞེས་སོགས་བྱུང། གསུམ་པ་ལུང་བསྟན་པ་ལྟར་བྱ་བ་མཛད་ཚུལ་ལ་བཞི། ཟླ་ བཟང་གིས་རྩ་རྒྱུད་བསྟན་ཅིང་འགྲེལ་པ་སོགས་མཛད་ཚུལ། ལྷ་དབང་ལ་སོགས་པས་རྩ་རྒྱུད་བསྟན་ཚུལ། གྲགས་པའི་མཛད་པ་ཁྱད་པར་དུ་བཤད་པ། པད་དཀར་གྱིས་འགྲེལ་པ་མཛད་ཚུལ་ལོ། །དང་པོ་སྟོན་པ་ལ་ དེ་བཞིན་གཤེགས་པས་ལུང་བསྟན་པའི་ངེས་པའི་དེའི་ཕྱིར། ཞེས་སོགས་བྱུང། དོན་ནི། ཟླ་བཟང་གིས་རྩ་རྒྱུད་གསན་ནས་ཇི་ལྟར་མཛད་པའི་ཚུལ་ཡོད་དེ། ཐུབ་པའི་རྩ་རྒྱུད་བསྟན་པའི་དུས་དེ་ནས་ལོ་གཉིས་པ་ལ། སེམས་ ཅན་གྱི་དོན་དུ་རྒྱུ་རིན་པོ་ཆེ་ལས་གྲུབ་པའི་གློ་བསླངས་བཞེངས་པ་དང། རྫུ་འཕྲུལ་སྣ་ཚོགས་བསྟན་ནས་སྤྲུལ་པའི་སྐུ་ཡིས་གང་ནས་བྱོན་པ་དེ་ཉིད་དུ་སྟེ་ཕྱག་རྡོར་ལོངས་སྐུའི་གནས་སུ་གཤེགས་པའི་ཕྱིར། གཉིས་ པ་སྟོན་པ་ལ། དེ་ནས་ལྷའི་དབང་གི་ཞེས་སོགས་བྱུང། གསུམ་པ་ལ་བརྒྱད། སྨིན་པའི་དུས་གཟིགས་ནས་དྲང་སྲོང་གི་འཁོར་བོས་ཚུལ། བོས་པའི་འཁོར་ལ་ངེས་པ་བྱིན་པ། དེ་ལ་དྲང་སྲོང་རྣམས་དད་པར་བྱེད་ན་ ཆད་ལས་བཀའ་སྩལ་པ། ཆད་ལས་ཐོས་ནས་དྲང་སྲོང་རྣམས་འཕགས་པའི་ཡུལ་དུ་འགྲོ་བར་འདོད་ནས་སོང་བ། དེས་གཞན་མ་དད་པ་བཟློག་པའི་ཕྱིར་དུ་སོང་བའི་དྲང་སྲོང་ཏིང་ངེ་འཛིན་གྱིས་བཀུག་པ། བཀུག་པས་ [095B] དད་ནས་འཁོར་རྣམས་ཀྱིས་བསྐུལ་བའི་ཉི་མའི་ཤིང་རྟས་བསྡུས་རྒྱུད་སྟོན་པར་གསོལ་བ་བཏབ་ཚུལ། གསོལ་བ་བཏབ་པ་ལྟར་བསྡུས་རྒྱུད་ བསྡུས་ནས་དེ་དག་ལ་བསྟན་ཚུལ་ལོ། །དང་པོ་ནི། རྒྱལ་པོ་གྲགས་པས་དེ་བཞིན་གཤེགས་པས་ལུང་བསྟན་པ་ལྟར་དྲང་སྲོང་རྣམས་སྨིན་པར་གཟིགས་ནས་དྲང་སྲོང་རྣམས་བོས་པ་ཡིན་ཏེ། དེ་ནས་ལོ་བརྒྱད་རྫོགས་པའི་རྗེས་ ལ་ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ལ་གསུམ་ལས། གནས་གང་དུ་ངེས་པ་བྱིན་པ་བཞག་ཏུ་ཡོད་དེ། འཛམ་གླིང་ཆུང་ངུའི་བྱང་ཕྱོགས་ཤམྦྷ་ལའི་དུམ་བུ་ས་གཞི་པདྨ་འདབ་བརྒྱད་ཀྱི་རྣམ་པར་ཡོད་པའི་དབུས་སུ་གསུམ་ ཆ་ལྟ་བའི་རྣམ་པ་རི་བོ་མཐོ་ཞིང་མཐའ་གངས་རིས་བསྐོར་བ། དེའི་དབུས་ན་ཤམྦྷ་ལའི་གྲོང་ཁྱེར་བྱེ་བ་ལྷག་པར་གནས་པ། དེ་དག་གི་དབུས་སུ་རྒྱལ་པོའི་ཕོ་བྲང་ཀ་ལཱ་པ་ཞེས་བྱ་བ་ཡོད་པ། དེའི་ལྷོ་ཕྱོགས་ན་རྒྱར་དཔག་ཚད་བཅུ་ གཉིས་པའི་མ་ལ་ཡའི་སྐྱེད་མོས་ཚལ་ཀ་ལཱ་པའི་གྲོང་དང་མཉམ་པའི་དབུས་ན། ཟླ་བཟང་གིས་བཞེངས་པའི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་གློ་བསླངས། སྐུ་དཀྱིལ་གྱི་རྩ་ཐིག་ནས་རྩ་ཐིག་གི་བར་ལ་ཁྲུ་བཞི་བརྒྱ་ཡོད་པ་ བཞུགས་པ། ཤར་ན་ཉེ་བའི་ཡིད་ཀྱི་མཚོ་དང། ནུབ་ཕྱོགས་ན་པདྨ་དཀར་པོའི་མཚོ་གཉིས་གཉིས་ཀ་དཔག་ཚད་བཅུ་གཉིས་པ། དེ་ལྟ་བུའི་དཀྱིལ་འཁོར་དུ་ངེས་པ་བྱིན་པ་ཡིན་པའི་ཕྱིར་ཏེ། ཀ་ལཱ་པའི་གྲོང་གི་ལྷོ་ཕྱོགས་ན། ཞེས་སོགས་ [096A]༄༅། །གསུངས་པའི་ཕྱིར། དུས་གང་གི་ཚེ་ངེས་པ་བྱིན་པ་ཡང་བཞག་ཏུ་ཡོད་དེ། དབོའི་ཟླ་བའི་ཉ་ལ་ངེས་པ་བྱིན་པའི་ཕྱིར་ཏེ། དབོའི་ཟླ་བའི་ཞེས་སོགས་གསུངས་པའི་ཕྱིར། ངེས་པ་ཇི་ལྟ་བུ་བྱིན་པ་ཡང་ཡོད་དེ་ ཀྱེ་ཞེས་ཉི་མའི་ཤིང་རྟ་སོགས་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ལ་བོས་ནས། བདག་གི་ཚིག་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པ་ཉོན་ཅིག་ཟླ་བ་ཕྱི་མ་དཔྱིད་འབྲིང་ནག་པའི་ཉ་ལ་རྡོ་རྗེ་ཐེག་པའི་བསྟན་པ་བྱིན་ པར་བྱའོ། །དེ་བས་ན་ཁྱེད་ཀྱི་ཡུལ་སྣ་ཚོགས་པའི་དབང་གིས་བྲམ་ཟེའི་རིགས་ཀྱི་ཀུན་སྤྱོད་མི་མཐུན་པ་བྱེད་པ་དེ་རྣམས་ཀུན་སྤྱོད་འདི་དང་འདི་ལྟ་བུ་ཞེས་བདག་ལ་བསྟན་པར་བྱའོ། ཞེས་ངེས་པ་བྱིན་པའི་ཕྱིར་ཏེ། ཀྱེ་ཉི་མའི་ ཤིང་རྟ་ལ་སོགས་པ། ཞེས་སོགས་གསུངས་པའི་ཕྱིར། དེ་ལྟར་ངེས་པ་བྱིན་པ་ན་ཡུལ་སོ་སོའི་ཐ་སྙད་འགལ་བའི་དབང་གིས་དྲང་སྲོང་དེ་དག་གི་སྤྱོད་ཡུལ་མི་མཐུན་པ་དེ་དག་ལས་གང་རིག་བྱེད་ཀྱི་གཞུང་གི་ངེས་པ་ཡིན་ གང་མ་ཡིན་སྙམ་དུ། རྒྱལ་པོ་གྲགས་པས་བརྟགས་ཤིང་དཔྱད་པ་ན་བརྟགས་ཤིང་དཔྱད་པ་མ་བཟོད་པས་དྲང་སྲོང་དེ་དག་ལུས་ས་ལ་ལྷུང་ཞིང་བརྒྱལ་བ་ཡིན་ཏེ། གསུང་དེ་ལས་ཡུལ་སྣ་ཚོགས་ཀྱི་སྤྱོད་པ་ཅན་ཞེས་སོགས་ གསུངས་པའི་ཕྱིར། །གསུམ་པ་ནི། རྒྱལ་པོས་ངེས་པ་བྱིན་པ་ལ་དད་པར་མི་བྱེད་པ་ལ་ཆད་ལས་བཀའ་སྩལ་པའི་ཚུལ་ཡོད་དེ། བདག་གིས་ཁྱེད་རྣམས་དུས་འཁོར་གྱི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་ཏེ་རྡོ་ [096B] །ཅི་སྟེ་ཁྱེད་ཀྱིས་ང་ཡི་བཀའ་བཞིན་མི་བྱེད་ན་ཤམྦྷ་ལའི་ཡུལ་འདི་ལས་གཞན་དུ་སོང་ཞིག་ཅེས་གསུངས་པའི་ཕྱིར། དེ་ལྟར་དེ་རྣམས་འགལ་བར་གཟིགས་ནས་རྒྱལ་པོ་གྲགས་པས་གསུངས་ པ༑ འདིར་བདག་གིས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་འཁོར་ལོའི་ཁང་པ་འདིར་ཁྱེད་རྣམས་གཞུག་པར་བྱ་ཞིང། ཞེས་སོགས་གསུངས་པའི་ཕྱིར། བཞི་པ་ནི། དེ་ལྟར་གྲགས་པའི་ཆད་པའི་བཀའ་དྲང་ སྲོང་དེ་དག་གི་མགོ་བོར་ཐོག་ལྷུང་བ་ལྟར་གྱུར་ནས་དྲང་སྲོང་རྣམས་ཀྱིས་ཉི་མའི་ཤིང་རྟ་ཁྱོད་ཀྱིས་མིའི་དབང་པོ་གྲགས་པ་ལ་བདག་ཅག་རྣམས་ནི་རང་གི་རིགས་ཀྱི་ཆོས་དོར་ནས་རྡོ་རྗེ་ཐེག་པ་ལ་མི་འཇུག་ལ། ཁྱོད་ཀྱི་བཀའ་ཡང་ མི་བཅག་པས། ཆུ་བོ་ཤཱི་ཏ་དང་ཁ་བ་ཅན་གྱི་ལྷོ་ལངྐའི་གླིང་གི་བྱང་འཕགས་ཡུལ་དུ་འགྲོ་བར་ཞུས་ཞེས་སྨྲས་པ་ལྟར། ཉི་མའི་ཤིང་རྟས་རྒྱལ་པོ་གྲགས་པ་ལ་ཞུས་པ་ཡིན་ཏེ། དེ་སྐད་གསུངས་པའི་ཕྱིར། བཞི་པ་ནི། དེ་ལྟར་ ཞུས་པས་དེ་སྐད་གསུངས་པས། ཞེས་སོགས་གསུངས་པའི་ཕྱིར། དེ་ལྟ་ན་ཁྱེད་རྣམས་འདི་ནས་མྱུར་དུ་སོང་ཞིག་འདིར་གནས་པ་ཐམས་ཅད་མི་དགེ་བ་བཅུ་སྤངས་ནས་དུས་ཀྱི་འཁོར་ལོའི་བྱིན་རླབས་ཀྱིས་ཡེ་ཤེས་ཆེན་པོ་ ཐོབ་པར་འགྱུར་བར་བྱའོ། ཞེས་གསུངས་པ་ཡིན་ཏེ། དེ་ནས་ཉི་མའི་ཤིང་རྟ་སོགས་གསུངས་པའི་ཕྱིར། དེ་ནས་རྒྱལ་པོ་གྲགས་པའི་བཀས་དྲང་སྲོང་དེ་དག་ཐམས་ཅད་ཀ་ལཱ་པའི་གྲོང་ནས་འཐོན་ཏེ་ཉི་མ་བཅུར་ཕྱིན་ནས་བཅུ་ [097A]༄༅། །པ་ལ་བབ་པ་ན་ཀ་ལཱ་པའི་པདྨའི་ལྟེ་བ་ལྟ་བུའི་གངས་རིའི་འདབས་ཀྱི་ནགས་ཚལ་དུ་ཞུགས་པ་ཡིན་ཏེ། རྒྱལ་པོ་གྲགས་པའི་བཀའ་དེས། ཞེས་སོགས་གསུངས་པའི་ཕྱིར། ལྔ་པ་ནི། དེ་ལྟར་ནགས་ཚལ་དུ་དྲང་ སྲོང་རྣམས་ཞུགས་པ་ན་རྒྱལ་པོ་གྲགས་པས་མངོན་ཤེས་ཀྱིས་མཁྱེན་ཏེ། དྲང་སྲོང་འདི་རྣམས་འཕགས་ཡུལ་དུ་སོང་ན་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གི་སེམས་ཅན་རྣམས་རྡོ་རྗེ་ཐེག་པའི་ལམ་འདི་ཡང་དག་པའི་ལམ་ མ་ཡིན་ཏེ། ཐར་པ་དོན་གཉེར་གྱི་བྲམ་ཟེ་རྣམས་འདིར་འཇུག་མ་འདོད་པར་འཕགས་ཡུལ་དུ་སོང་བའི་ཕྱིར་སྙམ་དུ་ལོག་རྟོག་སྐྱེ་བ་དགོངས་ནས་དེ་རྣམས་འགུགས་པའི་ཕྱིར་དེ་རྣམས་ཀྱི་འདོད་པའི་ལྷ་རྨོངས་པར་བྱེད་ པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་མཐུས་ནགས་ཚལ་དེའི་རི་ཁྲོད་པ་སྟེ་རྔོན་པ་རྣམས་ཀྱིས་དྲང་སྲོང་དེ་རྣམས་བཅིངས་ཏེ་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོར་མི་དབང་གྲགས་པའི་ཞབས་དྲུང་དུ་དོར་བ་ དང་དེ་རྣམས་རབ་ཏུ་སད་པ་སྟེ་དྲན་པ་སླར་བརྙེད་པ་ཡིན་ཏེ། ནགས་ཚལ་གྱི་ནང་དུ། ཞེས་གསུངས་པའི་ཕྱིར། དྲུག་པ་ནི། ཚུལ་དེ་མཐོང་བས་དེ་རྣམས་ངོ་མཚར་བ་ཡིན་ཏེ། རབ་ཏུ་མ་སད་པ་སྟེ་དྲན་པ་ཉམས་བཞིན་དུ་ འབད་རྩོལ་མེད་པར་སུ་ཞིག་གིས་འདིར་ཁྱེར་འོངས་ཞེས་སྨྲས་པའི་ཕྱིར་ཏེ། ཞེས་སོགས་གསུངས་པའི་ཕྱིར། དྲང་སྲོང་རྣམས་ཀྱི་ཚིག་དེ་བློན་པོ་ཆེན་པོ་སྤྲུལ་པའི་སྐུ་རྒྱ་མཚོའི་བློ་གྲོས་ཀྱིས་ཐོས་ནས་དྲང་སྲོང་རྣམས་ལ་ [097B] ཀྱེ་ཉི་མའི་ཤིང་རྟ་ལ་སོགས་པ་རྣམས་ཞེས་བོས་ནས། རྒྱལ་པོ་གྲགས་པ་འདི་ནི་ཉི་ཚེ་བ་མ་ཡིན་པའི་ཐུགས་རྗེ་ཅན་ཁྱེད་རྣམས་རྗེས་སུ་གཟུང་ཕྱིར་བྱོན་པ་ཡིན་པས། འདི་ཉིད་ཀྱི་ཞབས་ལ་སྐྱབས་སུ་སོང་ ལ༑ དུས་ཀྱི་འཁོར་ལོའི་དབང་བསྐུར་བར་གསོལ་བ་ཐོབ། ཅེས་བསྐུལ་བ་ཡིན་ཏེ། ཚངས་པའི་དྲང་སྲོང་རྣམས་ཀྱི། ཞེས་སོགས་གསུངས་པའི་ཕྱིར། དེ་ནས་བློན་པོའི་ཚིག་དེ་དང་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་ཉི་མའི་ཤིང་ རྟ་ལ་སོགས་པ་རྣམས་རྡོ་རྗེ་ཐེག་པའི་རིགས་སད་པ་ཡིན་ཏེ། རྒྱ་མཚོའི་བློ་གྲོས་ལ་ལེགས་སོ་བྱིན་པས་དེ་ལྟར་བྱེད་པར་ཁས་བླངས་པ་ཡིན་པའི་ཕྱིར་ཏེ། དེས་ན་རྒྱ་མཚོའི་བློ་གྲོས་ཞེས་སོགས་གསུངས་པའི་ཕྱིར། བདུན་ པ་ནི། དང་པོར་འཁོར་རྣམས་ཀྱིས་ཉི་མའི་ཤིང་རྟ་ལ་ཞུ་བར་བསྐུལ་བ་ཡིན་ཏེ་དྲང་སྲོང་འཁོར་རྣམས་ཀྱིས། ཀྱེ་ཉི་མའི་ཤིང་རྟ་རིག་བྱེད་ལ་སོགས་པའི་གླེགས་བམ་གཅིག་པུ་བསྟན་བཅོས་ཐམས་ཅད་ཀྱི་གཞལ་བར་བྱ་ བའི་བརྗོད་བྱའི་དོན་འཛིན་པ་ཞེས་ཡོན་ཏན་བརྗོད་ཅིང་བོས་ནས། བདག་ཅག་གི་ཚིག་གིས་རྒྱལ་པོ་གྲགས་པ་ལ་མཎྜལ་སྔོན་དུ་འགྲོ་བས་སྐྱབས་སུ་སོང་སྟེ་དབང་གི་ཕྱིར་གསོལ་བ་འདེབས་པར་མཛོད་ཅེས་བསྐུལ་བ་ ཡིན་པའི་ཕྱིར་ཏེ། དེ་སྐད་སྨྲས་ནས། ཞེས་སོགས་གསུངས་པའི་ཕྱིར། དེ་ནས་ཉི་མའི་ཤིང་རྟས་དྲང་སྲོང་རྣམས་ཀྱིས་བསྐུལ་བ་ལྟར་གསོལ་བ་བཏབ་པ་ཡིན་ཏེ། དེས་དྲང་སྲོང་རྣམས་དང་ལྷན་ཅིག་ཏུ་རིན་པོ་ཆེ་དང་གསེར་ལ་ [098A]༄༅། །སོགས་པའི་མེ་ཏོག་མཎྜལ་དང་བཅས། གྲགས་པའི་ཞབས་ལ་ཕྱག་བཙལ། མེ་ཏོག་གཏོར་པུས་མོའི་ལྷ་ང་ས་ལ་བཙུགས། ཐལ་མོ་དཔྲལ་བར་སྦྱར་ནས། མཚམས་མེད་སྔ་བྱེད་པ་རྣམས་ཀྱིས་ཀྱང་ སྙིགས་དུས་ཀྱི་ཚེ་གཅིག་གིས་སངས་རྒྱས་ཉིད་ཐོབ་པར་སྟོན་པའི་དང་པོའི་སངས་རྒྱས་ཀྱི་རྩ་རྒྱུད་བསྟན་དུ་གསོལ་ཞེས་ཞུས་པ་ཡིན་པའི་ཕྱིར་ཏེ། དེ་ནས་ཞེས་སོགས་གསུངས་པའི་ཕྱིར། དེ་ནས་དེ་རྣམས་ཀྱིས་སྦྱོར་ བ་དེ་ལས་མ་གཡོས་པར་བསྡུས་རྒྱུད་སྡུད་པ་དང་སྟོན་པར་ཡང་གསོལ་བ་བཏབ་པ་ཡིན་ཏེ། རྩ་རྒྱུད་རྒྱས་པ་དེ་ཉིད་གཞུང་ཉུང་ངུས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་བསྡུས་ནས་ཚངས་པའི་དྲང་སྲོང་རྣམས་ལ་བསྟན་དུ་གསོལ་ ཞེས་ཞུས་པ་ཡིན་པའི་ཕྱིར་ཏེ། འདིར་དེ་བཞིན་གཤེགས་པའི་རྒྱལ་པོ། ཞེས་སོགས་གསུངས་པའི་ཕྱིར། བརྒྱད་པ་ནི། དེ་ལྟར་གསོལ་བ་བཏབ་པ་གསན་ནས་ཇི་ལྟར་བསྡུས་ཚུལ་ཡོད་དེ། སྡེབས་སྦྱོར་གྱི་ཁྱད་པར་ འཕྲེང་བ་འཛིན་པའི་སྡེབས་སྦྱོར། རྗོད་བྱེད་ཀྱི་ཁྱད་པར་སྒྲ་བཟང་པོ་ལ་ཞེན་པ་སྤང་ཕྱིར་དོན་ལ་གཙོ་བོར་སྟོན་པ་ལ་བརྟེན་ནས་ཚིགས་བཅད་ཁ་ཅིག་ཏུ་སཱི་ཏ་ལ་ཤཱི་ཏ་དང། ཡ་མ་ལ་ཛ་མ་ཞེས་པ་ལྟ་བུ་སཾ་སྐྲྀ་ཏ་ལས་ཟུར་ཆག་ དང༑ ཁ་ཅིག་ཏུ་སྡེབས་སྦྱོར་གྱི་ངལ་གསོའི་གནས་སུ་གཅོད་མཚམས་མེད་པ་ལྟ་བུ་གཅོད་མཚམས་ཉམས་པ་དང། ཁ་ཅིག་ཏུ་རྣམ་དབྱེ་ཐོབ་པ་ལ་དེ་མེད་པ་དང། དེ་བཞིན་དུ་དབྱངས་དང་གསལ་བྱེད་ཐོབ་པ་ཕྱིས་པ་ [098B] རིང་ཐུང་གོ་ཟློག་པ་དང། ལྔ་པའི་དོན་ལ་བདུན་པའི་དང། བཞི་པའི་དོན་ལ་དྲུག་པའི་དང། གཅིག་ཚིག་ལ་མང་ཚིག་དང། ཕོ་རྟགས་ལ་མ་ནིང་གི་རྟགས་དང། མ་ནིང་གི་རྟགས་སུ་ཕོ་རྟགས་སྦྱར་བ་ལ་སོགས་པས་ བསྟན་པའི་ཕྱིར་ཏེ། སྒྲ་བཟང་པོ་སྨྲ་བ་ཞེས་སོགས་གསུངས་པའི་ཕྱིར། འོ་ན་བསྡུས་རྒྱུད་དུ་སྒྲ་ཉམས་པ་སོགས་ཀྱིས་བསྡུས་པ་དེ་རྟོག་བཟོར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སྟོན་པས་རྩ་རྒྱུད་དུའང་ཟླ་བཟང་ཞེས་པའི་ཐ་སྙད་ ཀྱི་ལེགས་སྦྱར་ལ་བ་སུ་ཙནྟྲ་ཞེས་རྣམ་དབྱེ་ཐོབ་པ་ལ་སུ་ཙནྟྲ་ཞེས་རྣམ་དབྱེ་མེད་པ་དང། སངས་རྒྱས་ཐམས་ཅད་དང་བླ་མ་རྣམས་ཀྱི་ཆེད་དུ་སློབ་མ་ཡིས་ཞེས་རྣམ་དབྱེ་བཞི་པ་ཐོབ་པ་ལ་སངས་རྒྱས་ཐམས་ཅད་དང་ བླ་མ་རྣམས་ཀྱིས་སློབ་མའི་ཞེས་དྲུག་པར་བྱས་པ་དང། དམ་པའི་བུ་ཡིས་བླ་མར་དབུལ་ཞེས་རྣམ་དབྱེ་བཞི་པ་ཐོབ་པ་ལ། བླ་མའི་དབུལ་ཞེས་དྲུག་པར་བྱས་པ་སོགས་དུ་མ་གསུངས་པའི་ཕྱིར་ཏེ། དེ་བཞིན་དུ་རྩ་བའི་རྒྱུད་ ལས་བཅོམ་ལྡན་འདས་ཀྱིས་ཞེས་སོགས་གསུངས་པའི་ཕྱིར། བཞི་པ་ནི། རྩ་རྒྱུད་དང་བསྡུས་རྒྱུད་དུ་རྗོད་བྱེད་དེ་ལྟར་མཛད་པ་བཞིན་དུ་པད་དཀར་བདག་གིས་རྒྱས་འགྲེལ་དུའང་དོན་ལ་སྟོན་པ་ཉིད་གཙོ་བོར་བྱས་ཏེ་ འགའ་ཞིག་ཏུ་སྒྲའི་གཙུག་ལག་དང་མི་མཐུན་པའི་ཚིག་གིས་དྲི་བར་བྱ་བ་ཡིན་ཏེ། རིགས་བཟང་པོ་དང་སྒྲ་བཟང་པོ་ལ་ཞེན་པ་རྣམས་ཀྱི་ང་རྒྱལ་ཟད་པར་བྱ་བའི་ཕྱིར་དོན་ལ་རྟོན་པ་ཉིད་ལ་བརྟེན་ནས་ཡུལ་སྐད་གཞན་དང་ [099A]༄༅། །སྒྲའི་བསྟན་བཅོས་ལས་གཞན་པས་སངས་རྒྱས་བྱང་སེམས་རྣམས་གདུལ་བྱ་རྣམས་ལ་ཐར་པའི་དོན་དུ་ཆོས་སྟོན་པ་ཡིན་པའི་ཕྱིར་ཏེ། དེ་བཞིན་དུ་རྒྱས་འགྲེལ་ལ་ཡང་ཞེས་སོགས་གསུངས་ པའི་ཕྱིར། གསུམ་པ་མདོར་བསྡུས་ཀྱི་མཚན་བསྟན་པ་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་སོགས་བྱུང། སྨྲས་པ། རིགས་ལྡན་ཞལ་གྱི་བདུད་རྩིའི་བཅུད་ཆགས་པ། །ཊཱིཀ་ཆེན་དེ་ཉིད་སྣང་བའི་ཀུ་མུད་ཏ། །བཞད་ པའི་དཔལ་སྟེར་ལེགས་བཤད་འོད་དཀར་ཅན། །ཐུབ་བསྟན་མཁའ་དབྱིངས་མཛེས་པའི་དཔལ་དུ་ཤར། །བཅོམ་ལྡན་འདས་དཔལ་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྩ་བའི་རྒྱུད་ལས་ཕྱུང་བ་བསྡུས་པའི་རྒྱུད་ ཀྱི་རྒྱས་འགྲེལ་དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བའི་སྙིང་པོ་བསྡུས་པ་ཡིད་བཞིན་གྱི་ནོར་བུ་ལས་མདོར་བསྡུས་གསུམ་པའི་རྣམ་པར་བཤད་པའོ།། ༈ །།བློ་བཟང་རྒྱུད་ཀྱི་ སྟོན་པ་དང། །དགེ་ལེགས་ཉི་མའི་འོད་ཀྱི་སྲས། །མི་མཉམ་མེད་པའི་ཞབས་མཆོད་ནས། །ལེགས་བཤད་གསར་པའི་དུས་སྟོན་བྱ། །གཉིས་པ་བཤད་པ་ཉིད་ཉེ་བར་དགོད་པ་ལ་གསུམ། གླེང་གཞི་ཕུན་སུམ་ ཚོགས་པས་རྒྱུད་ཀྱི་དོན་ཀུན་མདོར་བསྟན་པ། ཟླ་བཟང་གིས་ཇི་ལྟར་ཞུས་ཤིང་གསོལ་བ་བཏབ་པ་བཤད་པ། ཞུས་པའི་དོན་ལེའུ་ལྔ་སོ་སོས་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། གླེང་གཞིའི་ཚིག་གི་ [099B] རྐང་པ་ཐ་མ་བཤད་ནས་བརྗོད་བྱའི་གཙོ་བོ་རྡོ་རྗེའི་རྣལ་འབྱོར་བསྡུ་བའི་མདོར་བསྡུས་སོ། །དང་པོ་ལ་གསུམ། བཤད་པར་དམ་ བཅའ་བ། མདོར་བསྡུས་ཀྱི་གཞུང་བཤད་པ། མདོར་བསྡུས་ཀྱི་མཚན་བསྟན་པའོ། །དང་པོ་སྟོན་པར་བྱེད་པ་ལ། ང་ནི་འཇམ་དཔལ་གྱི་སྤྲུལ་པ་མིའི་དབང་པོ་གྲགས་པ། ཞེས་སོགས་བྱུང། གཉིས་པ་ལ་ལྔ། བསྡུས་རྒྱུད་སྟོན་པ་ པོ་ཕུན་ཚོགས་ལྔ་ལྡན་གྱི་ལེགས་སོ་གནང་སྟེ་ཞལ་གྱིས་བཞེས་ནས་ཉན་པར་བསྐུལ་བ། བཤད་པ་གླེང་གཞིའི་ཚིག་བཀོད་ནས་དེའི་བསྡུས་དོན་བསྟན་པ། གླེང་གཞི་ལ་བརྗོད་པར་འོས་པའི་ཚིག་ཨེ་ཝཾ་སྨོས་པ་ཆད་པའི་རྩོད་ པ་སྤོང་བ། སྨོས་པའི་ཚིག་རྣམས་ལ་ཟློས་འགལ་གྱི་སྐྱོན་སྤངས་ནས་གནས་དང་སྟོན་པ་གཏན་ལ་དབབ་པ། དེས་ན་སྟོན་པ་དང་ཞུ་བ་པོ་གཞན་ལས་ཁྱད་པར་འཕགས་པར་བསྟན་པ་དོན་བསྡུ་དང་བཅས་པའོ། །དང་པོ་སྟོན་པ་ལ་ འདིར་དཔལ་དུས་ཀྱི་འཁོར་ལོ་ཆེན་པོའི་ཞེས་སོགས་བྱུང། གཉིས་པ་ལ་གསུམ། མཚམས་སྦྱར་བ། གླེང་གཞིའི་ཚིག་དགོད་པ། དེ་ཉིད་བསྡུས་དོན་གྱིས་བཤད་པའོ། །དང་པོ་སྟོན་པ་ལ། དེ་ནས་བཅོམ་ལྡན་འདས་འཇམ་དཔལ་ ཞེས་སོགས་བྱུང། གཉིས་པ་སྟོན་པ་ལ། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ། ཞེས་སོགས་བྱུང། དེ་ཡང་ཐོག་མའི་ཡི་གེ་ཉེར་གསུམ་གྱིས་གནས་པ་དང་པོ་སྟོན་པ་པོ་དང། དེ་ནས་ཡི་གེ་ལྔས་གནས་པ་གཉིས་པ་གནས་དང། དེ་ནས་ [100A]༄༅། །ཡི་གེ་བདུན་གྱིས་གནས་པ་གསུམ་པ་འཁོར་ཕུན་ཚོགས་དང། དེ་ནས་ཉེར་བརྒྱད་ཀྱིས་གནས་པ་བཞི་པ་གསོལ་བ་འདེབས་པ་པོ་དང། གཞུང་ལྷག་མས་གནས་པ་ལྔ་པ་རྡོ་རྗེའི་རྣལ་འབྱོར་དང་དགོས་པ་དང་ དགོས་པའི་དགོས་པ་སོགས་བསྟན། མདོར་བསྡུས་བཞི་པ་ལྔ་པ་དྲུག་པ་རྣམས་དོན་གྱི་ཆ་ནས་ལེའུ་ལྔ་གའི་ཐུན་མོང་བ་ཡིན་ཀྱང་འདི་དག་གི་གནས་པ་ལེའུ་དང་པོའི་གནས་པའི་གྲངས་སུ་བཞག་པ་ལ་སྐྱོན་མེད་དེ། འདི་རྣམས་ ལེའུ་དང་པོ་དང་ཚན་གཅིག་ཏུ་བཞུགས་པའི་དབང་གིས་ཡིན་པའི་ཕྱིར། གསུམ་པ་ལ་གཉིས། རྩོད་པ་དང། ལན་ནོ། །དང་པོ་སྟོན་པ་ལ། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་འདི་སྐད་བདག་གིས་ཐོས་པ། ཞེས་སོགས་བྱུང། དོན་ནི་ རྒྱུད་འདི་ཆོས་ཅན། སྟོན་པས་གསུངས་པའི་རྩ་རྒྱུད་མ་ཡིན་པར་ཐལ། ཁྱོད་ཀྱི་ཐོག་མར་བཞུགས་པའི་གནས་སྟོན་པའི་འདི་སྐད་ཀྱི་སྐད་དོད་ཨེ་ཝཾ་ཞེས་པའི་ཚིག་མེད་པའི་ཕྱིར། ཁྱབ་སྟེ། བླ་མེད་ཀྱི་རྒྱུད་རྒྱལ་ཕལ་ཆེར་ཐམས་ ཅད་དུ་ཨེ་ཝཾ་མ་ཡ་ཤྲུ་ཏཾ་ཞེས་པ་ལ་སོགས་པས་རྡོ་རྗེ་འཛིན་པ་བཞུགས་པའི་གནས་ངེས་པར་བསྟན་པ་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར། ཞེས་པའོ། །གཉིས་པ་ལ་བཅུ། རྒྱུད་ཀྱི་ཐོག་མར་ཨེ་ཝཾ་ལྟ་བུ་ལེགས་སྦྱར་ གྱི་སྐད་ངེས་བཟུང་དུ་སྨོས་མི་དགོས་པའི་སྒྲུབ་བྱེད་བསྟན་པ། དེ་ངེས་བཟུང་དུ་སྨོས་དགོས་པ་ལ་གནོད་བྱེད་བསྟན་པ། དེ་སྨོས་མི་དགོས་པའི་སྒྲུབ་བྱེད་གཞན་བསྟན་པ་དཔེ་དང་བཅས་པ། ལེགས་སྦྱར་སྐད་ཀྱིས་བསྡུས་པའི་ [100B] ཨེ་ཝཾ་གྱིས་མཚོན་པའི་དོན་གྱི་མིང་གི་རྣམ་གྲངས་བཤད་པ། རྒྱུད་གཞན་དུ་གསུངས་པའི་ཨེ་ཝཾ་གྱི་ཚིག་གི་ངེས་དོན་ བཤད་པ་དེ་ཉིད་བླ་མའི་མན་ངག་ལས་ཡིད་ཆེས་གསུམ་གྱི་སྒོ་ནས་རྟོགས་བྱར་བསྟན་པ། ཡིད་ཆེས་གསུམ་ལྡན་གྱི་རྒྱུད་ཀྱི་དོན་བསྡུས་པ་བསྟན་པ། རྒྱུད་གཞན་ལས་བསྟན་པའི་ཨེ་ཝཾ་གྱི་དོན་དེ་ཉིད་འདིའི་གླེང་གཞིའི་དོན་དུ་ ཡོད་ཚུལ་བཤད་པ། ངེས་ན་ཚིག་ཙམ་ལ་བརྟེན་ནས་སྨད་པར་མི་བྱ་བ་དོན་བསྡུ་དང་བཅས་པའོ། །དང་པོ་སྟོན་པ་ལ་དེའི་ཕྱིར་བརྗོད་པ། ཞེས་སོགས་བྱུང། དོན་ནི། བླ་མེད་ཀྱི་རྒྱུད་རྒྱལ་ཐམས་ཅད་དུ་ཨེ་ཝཾ་སྒྲས་ཟིན་ལ་ངེས་ བཟུང་དུ་བརྗོད་དགོས་པ་མིན་ཏེ། ཆོས་སྟོན་པ་པོ་རྣམས་དོན་ལ་གཙོ་བོར་རྟོན་པ་ལ་བརྟེན་ནས་གདུལ་བྱ་རྣམས་ཀྱི་རང་རང་གི་སྐད་དུ་ཆོས་སྟོན་པའི་ཕྱིར་དང། སྡུད་པ་པོ་རྣམས་ཀྱང་ཡུལ་སྣ་ཚོགས་ཀྱི་སྐད་ལེགས་སྦྱར་ལས་གཞན་ གྱིས་ཡང་དག་པར་སྡུད་པར་བྱེད་པའི་ཕྱིར། གཉིས་པ་སྟོན་པ་ལ། འདིར་གལ་ཏེ་ཨེ་ཝཾ་མ་ཡ་ཤྲུ་ཏཾ་ཞེས་པ་ལ་སོགས་པ། ཞེས་སོགས་བྱུང། དོན་ནི། ཤེས་བྱ་ཆོས་ཅན། དེ་བཞིན་གཤེགས་པས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ དུས་དུ་མར་ཡང་ཅིག་ཅར་རིགས་དུ་མ་ལ་སྟོན་པ་དང། སྡུད་པ་པོས་ཀྱང་གདུལ་བྱ་རིགས་ཐ་དད་པ་དུ་མའི་སྐད་དང་མཐུན་པར་སྡུད་མི་ནུས་པར་ཐལ། སྟོན་པ་དང་སྡུད་པ་པོ་གཉིས་ཀས་ཆོས་སྟོན་པ་དང་སྡུད་པ་ཉི་ཚེ་བ་ལེགས་ [101A]༄༅། །པར་སྦྱར་བའི་ཚིག་གཅིག་པུར་ངེས་པའི་ཕྱིར། གཞན་ཡང། སྟོན་པའི་སྐུ་ཡང་ཉི་ཚེ་བ་གཅིག་པུར་ངེས་པར་ཐལ། གསུང་ལ་དེའི་ཕྱིར། རྟགས་ཁས། འདོད་ན། སྟོན་པ་ཆོས་ ཅན༑ ཐམས་ཅད་མཁྱེན་པ་མ་ཡིན་པར་ཐལ། ཞིང་མཐའ་ཡས་སུ་སྐུ་དང་གསུང་མཐའ་ཡས་པས་ཅིག་ཅར་ཆོས་སྟོན་པ་པོ་མ་ཡིན་པའི་ཕྱིར། གསུམ་པ་སྟོན་པར་བྱེད་པ་ལ། འདིར་སངས་ རྒྱས་ཚད་མེད་པ་དང་ཞེས་སོགས་བྱུང། དོན་ནི། ཤེས་བྱ་ཆོས་ཅན། སྟོན་པས་ལྷ་ཡི་སྐད་ལེགས་སྦྱར་གཅིག་པུས་རྒྱུད་ཐམས་ཅད་བསྟན་པ་མ་ཡིན་ཏེ། སྟོན་པ་པོ་ཐམས་ཅད་མཁྱེན་པ་གང་ ཞིག་ཐམས་ཅད་མཁྱེན་པ་ནི་སེམས་ཅན་གྱི་མོས་པ་སྣ་ཚོགས་དང་མཐུན་པར་སྐུ་དང་གསུང་དང་གནས་དང་གདུལ་བྱ་རྣམ་པ་རིགས་མི་འདྲ་བ་དུ་མ་ལ་ཅིག་ཅར་སྟོན་པར་དེ་བཞིན་གཤེགས་ པས་གསུངས་པའི་ཕྱིར་ཏེ། དཔེར་ན་མ་ག་དཧའི་འཕྲལ་སྐད་ཀྱིས་ཆོས་སྟོན་པ་ནི་འདི་ལྟ་སྟེ། ཨི་ཏྱཱ་པི་སོ་བྷ་ག་ཝཱ་སཾ་མཱ། སཾ་བུད་དཧོ་ཞེས་སོགས་ཏེ། བོད་སྐད་དུ། འདི་ལྟར་ཡང་དེ་ ནི་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་བླ་ན་མེད་པ། ཞེས་པ་ཡིན་ལ། འོག་མ་གཉིས་ཀྱང་བོད་སྐད་ [101B] རུ་ཀ་མ་ནི་གསེར་ལྡན་དང། སུ་རམྨ་ནི་འོད་བཟང་ཡིན་ནོ། །བཞི་པ་ལ་གསུམ། བཞུགས་པའི་གནས་སྟོན་པ་རིགས་གཅིག་ཏུ་མ་ངེས་པར་བསྟན་པ། ཞུ་བ་པོ་རིགས་གཅིག་ ཏུ་མ་ངེས་པར་བསྟན་པ། དེས་ན་རིགས་གཅིག་ཏུ་ངེས་པར་སྨྲ་བར་མི་བྱ་བ་བསྟན་པའོ། །དང་པོ་མདོར་བསྟན་གྱིས་འཆད་པ་ལ་དེས་ན་སྡུད་པར་བྱེད་པ་ཞེས་སོགས་བྱུང། དེ་ཉིད་དཔེ་དང་བཅས་ཏེ་ རྒྱས་པར་འཆད་པ་ལ། དང་པོ་རེ་ཞིག་དཔལ་འདུས་པ་སྟོང་ཕྲག་ཉི་ཤུ་ལྔ་པ། ཞེས་སོགས་བྱུང། དོན་ནི། བླ་མེད་ཀྱི་རྩ་རྒྱུད་རྒྱས་པ་དང། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་རྣམས་སུ་ཨེ་ཝཾ་སོགས་ ཚིག་ཟིན་ལ་སྟོན་པའི་ངེས་པ་མེད་དེ། འདུས་པ་སྟོང་ཕྲག་ཉེར་ལྔ་པ་དང། སྒྱུ་དྲ་སྟོང་ཕྲག་བཅུ་དྲུག་པར་ཨེ་ཝཾ་སྒྲས་ཟིན་ལ་བསྟན། དུས་འཁོར་རྩ་རྒྱུད་རྒྱས་པ་སྟོང་ཕྲག་བཅུ་གཉིས་པ་དང། འཇིག་ རྟེན་གྱི་རྣལ་འབྱོར་རྗེས་སུ་རིག་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་པ་མངོན་བརྗོད་འབུམ་པ་སོགས་སུ་ཨེ་ཝཾ་སྒྲས་ཟིན་ལ་བསྟན་ཅིང། བསྡུས་རྒྱུད་རྣམས་སུའང་སྒྲས་ཟིན་ལ་སྟོན་མི་སྟོན་སྣ་ཚོགས་ཡོད་པའི་ ཕྱིར༑ འོ་ན་འདུས་པའི་རྒྱུད་གཉིས། སྒྱུ་དྲ། འབུམ་ལྔ། དགྱེས་རྡོར། བརྟག་གཉིས་སོགས་ཨེ་ཝཾ་སྒྲས་ཟིན་ལ་བསྟན་པ་རྣམས་ཀྱི་ཨེ་ཝཾ་སོགས་ཀྱིས་ཅི་བསྟན་ཅེ་ན། དེ་ཡང་བཞག་ཏུ་ཡོད་དེ་ [102A]༄༅། །འདི་སྐད་བདག་གིས་ཐོས་པའི་ཞེས་སོགས་ནས། བྷ་ག་ལ་བཞུགས་ཏེ། ཞེས་གནས་ཕུན་ཚོགས་བསྟན་པའི་ཕྱིར། འོ་ན་དུས་འཁོར་གྱི་ལུགས་ལ་རྒྱུད་གཉིས་ལ་ཨེ་ཝཾ་སྒྲས་ཟིན་ལ་མེད་པས་ གནས་ཕུན་ཚོགས་སྟོན་པའི་ངེས་དོན་ཟབ་མོ་རྣམས་མེད་པའི་སྐྱོན་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། བདེ་བ་ཆེན་པོ་གང་ལ་བཞུགས་པའི་རྣམ་བཅས་རྣམ་མེད་ཀྱི་སྟོང་པ་ཉིད་ནི་ཨེ་ཡིག་གིས་མཚོན་དོན་དང། དེ་ལ་ བརྟེན་པའི་མཆོག་མི་འགྱུར་གྱི་བདེ་བ་ཆེན་པོ་ཝཾ་ཡིག་གིས་མཚོན་དོན་དང། རྣལ་འབྱོར་པས་དེ་མངོན་སུམ་དུ་བྱས་པ་བདག་གིས་ཐོས་པའི་ངེས་དོན་དང། བདེ་བ་ཉི་ཁྲི་ཆིག་སྟོང་རྫོགས་པའི་སྐད་ཅིག་ནི་དུས་གཅིག་ གི་ངེས་དོན་དང། སྒྲུབ་པ་པོའི་ཕུང་པོ་ལྔ་དང་ལུས་ངག་ཡིད་གསུམ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་སྐུ་གསུང་ཐུགས་ཀྱི་ངེས་དོན་དང། དེ་དག་གི་བྱ་བ་འཇུག་པའི་གཞིའི་ཆོས་ཅན་ནམ་མཁའ་ལ་སོགས་ པའི་ཁམས་ནི་རྡོ་རྗེ་བཙུན་མོའི་ངེས་དོན་དང། འཁོར་ལོ་དྲུག་གི་རྩའི་པདྨ་རྣམས་ནི་བྷ་གའི་ངེས་དོན། སྲོག་འགྲོ་འོང་གི་དབྱེ་བས་བྱང་སེམས་ལུགས་འབྱུང་དང་ལུགས་བཟློག་གིས་ཞུགས་ཤིང་བརྟན་པར་བྱས་པ་ ནི་བཞུགས་པའི་ངེས་དོན་ཡིན་པའི་ཕྱིར། ཨེ་ཝཾ་སོགས་ཀྱི་ཚིག་ཟིན་ལས་གཞན་དང་པོའི་སངས་རྒྱས་ཀྱི་རྒྱུད་ཀྱི་སྒྲས་ཟིན་གྱི་ཚིག་གང་གིས་བཞུགས་པའི་གནས་བསྟན་པ་འཆད་པ་ལ། གཞན་དཀྱིལ་འཁོར་གྱི་ [102B] གཞན་ཐབས་ཤེས་དབྱེར་མེད་ཀྱི་དབང་དུ་བྱས་པའི་བཞུགས་པའི་གནས་སམ་རྟེན་སྟོང་ཉིད་དང་བཞུག་པ་པོ་བརྟེན་པ་བདེ་ཆེན་ ལ་བཤད་པ་གཉིས་ལས། དང་པོ་ནི། ཐམས་ཅད་མཁྱེན་པ་སྐུ་བཞིའི་བདག་ཉིད་ཅན་གྱི་སངས་རྒྱས་ནི་བཞུགས་པ་པོ་རྒྱུད་ཀྱི་སྟོན་པ་དང། ཉོན་མོངས་ཀྱི་བག་ཆགས་ཀྱི་རི་དྭགས་གསོད་པས་སེང་གེའི་ཁྲི་སྟེ་རྟེན་ཟླ་ཉི་ སྒྲ་གཅན་དུས་མེའི་གདན་ལ་སྐུ་གསུང་ཐུགས་ཆགས་པ་སྟེ་ཡེ་ཤེས་བཞིའི་དབྱེ་བ་ཡིས་ཕྱེ་བའི་སྐུ་གསུང་ཐུགས་བདེ་ཆེན་འཁོར་ལོའི་ལྟེ་བར་བཞུགས་པའོ། །གཉིས་པ་ནི། སྐུ་གསུང་ཐུགས་ཆགས་པ་སྟེ་ཡེ་ཤེས་རྡོ་རྗེ་བཞིའི་བདག་ ཉིད་བདེ་བ་ཆེན་པོ་ངེས་དོན་གྱི་དུས་ཀྱི་འཁོར་ལོ་བཞུགས་པ་པོ་དང། བཞུགས་ས་ཐོག་མ་སྐྱེ་བ་ཐ་མ་འགག་པ་རང་བཞིན་གྱིས་མེད་པའི་སྟོང་ཉིད་ཡིན་ལ། དེ་གཉིས་ཡུལ་ཡུལ་ཅན་དབྱེར་མེད་པའི་ཚུལ་གྱིས་གནས་པའི་སེམས་ རྡོ་རྗེའི་རྣལ་འབྱོར་རོ་གཅིག་པ་ནི་རྣམ་མེད་ཀྱི་དབང་དུ་བྱས་པའི་བཞུགས་སའོ། །རྣམ་བཅས་ནི་མཆོག་མི་འགྱུར་གྱི་བདེ་ཆེན་ཐབས་ཤེས་ཆ་མཉམ་པ་སྐལ་བ་དྲུག་དང་ལྡན་པའི་སྐལ་བཟང་ཉིད་བཞུགས་པ་པོ་དང། དེའི་རྟེན་ ནི་སྣ་ཚོགས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་ཉིད་ཡིན་ལ། བརྟེན་པ་བདེ་ཆེན་རྟེན་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང་ངོ་བོ་དབྱེར་མེད་ཀྱི་ཚུལ་དུ་སྡོམས་པ་ནི་བཞུགས་པའི་ཚུལ་ལོ། །དེ་ལྟ་བུའི་རྣམ་བཅས་ [103A]༄༅། །རྣམ་མེད་ཀྱི་རྡོ་རྗེའི་རྣལ་འབྱོར་དེ་ཉིད་རླུང་འཕོ་བ་བཅུ་གཉིས་འགགས་པའི་བདེན་དོན་རྣམ་པ་བཅུ་གཉིས། ལྷན་སྐྱེས་ཀྱི་དགའ་བ་བཅུ་དྲུག་རྫོགས་པའི་དེ་ཉིད་རྣམ་པ་བཅུ་དྲུག་རང་གི་ངོ་བོར་འཛིན་པའོ་ དེ་བཞིན་དུ་རྣལ་འབྱོར་རྗེས་རིག་དང། མངོན་བརྗོད་འབུམ་པར་བཞུགས་པའི་གནས་ཚིག་ཇི་ལྟ་བུས་བསྟན་པའང་ཤེས་པར་བྱའོ། །གཉིས་པ་ཞུ་བ་པོ་རིགས་གཅིག་ཏུ་མ་ངེས་པར་སྟོན་པར་བྱེད་པ་ལ། དེ་བཞིན་དུ་ གསོལ་བ་འདེབས་པ་པོ་ནི་དཔལ་འདུས་པར་ཕྱག་ན་རྡོ་རྗེ། ཞེས་སོགས་བྱུང། དོན་ནི། བླ་མེད་ཀྱི་རྒྱུད་རྣམས་ཞུ་བ་པོའང་གཅིག་ཏུ་མ་ངེས་ཏེ། འདུས་པ་དང་སྒྱུ་དྲ་ཕྱག་རྡོར། དུས་འཁོར་ཟླ་བཟང། རྣལ་འབྱོར་རྗེས་རིག་ སྣ་ཚོགས་གཟུགས་ཅན་མ་དང། མངོན་བརྗོད་འབུམ་པ་རྡོ་རྗེ་ཕག་མོས་ཞུས་པ་སོགས་སྣ་ཚོགས་ཡོད་པའི་ཕྱིར། གསུམ་པ་སྟོན་པ་ལ། བཅོམ་ལྡན་འདས་ཞེས་སོགས་བྱུང། དོན་ནི། ཤེས་བྱ་ཆོས་ཅན། འདི་སྐད་ བདག་གིས་ཐོས་པ་ཚིག་ཟིན་ལ་ཡོད་པའི་རྒྱུད་དེ་སྟོན་པས་གསུངས་པའི་རྒྱུད་དང། དེ་སྒྲས་ཟིན་ལ་མེད་པའི་རྒྱུད་དེ་སྟོན་པས་གསུངས་པ་མིན་ནོ་ཞེས་བློ་དང་ལྡན་པས་སྨྲ་མི་རིགས་ཏེ། དེ་ལྟར་སྨྲ་ན་སྨྲ་བ་པོ་ལོག་ པར་ལྟུང་བར་འགྱུར་བའི་ཕྱིར་ཏེ། ཕྱག་རྡོར་བསྟོད་འགྲེལ་ལས་ཀྱང་གང་ལ་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་གསུངས་པ་དེ་ནི་བཅོམ་ལྡན་འདས་ཀྱི་རྒྱུད་ཡིན་ལ་གང་ལ་དེ་མེད་པ་དེ་ནི་མ་ཡིན་ནོ་ཞེས་སངས་ [103B] །རྩ་བའི་ལྟུང་བ་ལ་སོགས་པས་ཐོས་པའི་མངོན་པའི་ང་རྒྱལ་དང་ལྡན་པ་རྣམས་མནར་མེད་པར་འགྲོ་ བར་འགྱུར་རོ། ཞེས་གསུངས་པའི་ཕྱིར། ལྔ་པ་ལ་བཞི། མིང་དུ་མས་དོན་གཅིག་གོ་བར་བྱེད་པ་དཔེས་བསྟན་པ། ཨེ་ཡིག་གི་མཚོན་དོན་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་གོ་བར་བྱེད་པའི་མིང་གི་རྣམ་གྲངས་བཤད་པ་ ཝཾ་ཡིག་གི་མཚོན་དོན་བདེ་བ་ཆེན་པོ་གོ་བར་བྱེད་པའི་མིང་གི་རྣམ་གྲངས་བཤད་པ། གཉིས་ཀའི་མཚོན་དོན་ཐབས་ཤེས་གཉིས་མེད་ཀྱི་རྣལ་འབྱོར་གོ་བར་བྱེད་པའི་མིང་གི་རྣམ་གྲངས་བཤད་པའོ། །དང་པོ་སྟོན་པ་ལ་ སྔགས་ཀྱི་ཚུལ་འདི་ལ། ཞེས་སོགས་བྱུང། གཉིས་པ་སྟོན་པར་བྱེད་པ་ལ། དེ་བཞིན་དུ་ཨེ་ཡིག་དང་ཞེས་སོགས་བྱུང། གསུམ་པ་སྟོན་པ་ལ། དེ་བཞིན་དུ་ཝཾ་ཡིག་དང། ཞེས་སོགས་བྱུང། བཞི་པ་སྟོན་པ་ལ། དེ་ བཞིན་དུ་ཞེས་པ་ནས། རྟོགས་པར་བྱའོ། །ཞེས་པའི་བར་བྱུང། དྲུག་པ་ལ་གསུམ། འདུས་པ་སོགས་ལས་བཤད་པའི་ཨེ་ཝཾ་གྱི་ངེས་དོན་བཤད་པ། དེ་ཉིད་རྩ་རྒྱུད་ཀྱི་ལུང་དང་སྦྱར་བ་དོན་བསྡུ་དང་བཅས་པ། འདུས་པར་ སྨོས་པའི་ཨེ་ཝཾ་གྱི་ཚིག་གི་ངེས་དོན་དེ་ཉིད་རྒྱུད་གཞན་དུ་དགོངས་པའི་སྐད་གཞན་གྱིས་བསྟན་ཚུལ་ལོ། །དང་པོ་སྟོན་པ་ལ། འདིར་འདུས་པ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོ། ཞེས་སོགས་བྱུང། དོན་ནི། འདུས་པ་སོགས་ [104A]༄༅། །རྒྱུད་ཀྱི་རྒྱལ་པོ་འགའ་ཞིག་ཏུ་གླེང་གཞིའི་ཐོག་མར་ཨེ་ཝཾ་གྱི་ཡི་གེ་གཉིས་པོ་འདི་དབྱི་བར་མི་འདོད་དེ། སྟོན་པས་ཀྱང་ཐོག་མར་ཨེ་ཝཾ་གྱི་སྒྲས་གསུངས་ཤིང་སྡུད་པ་པོས་ཀྱང་སྒྲ་དེ་ཐོས་ནས་དེ་ལྟར་ བསྡུས་པ་ཡིན་པའི་ཕྱིར། འོ་ན་ཡི་གེ་གཉིས་པོ་འདི་སྒྲུབ་ཚུལ་དང་འདིའི་ངེས་དོན་གང་ཞེ་ན་སྒྲུབ་ཚུལ་བཞག་ཏུ་ཡོད་དེ། ཐོག་མར་ནམ་མཁའི་ཁམས་དང་གསང་བའི་པདྨ་མཚོན་བྱེད་ཨ་ཡིག་བྲི། དེའི་གྲལ་འོག་ཏུ་ཉི་མ་ དང་རྡུལ་མཚོན་བྱེད་ཀྱི་རྣམ་བཅད་ཚེག་དྲག་བྲི། དེའི་འོག་ཏུ་གྲག་ཅན་དང་བདེ་བས་བྱིན་གྱིས་བརླབས་པའི་རྣམ་ཤེས་མཚོན་བྱེད་ཨ་ཡིག་བྲི། དེའི་གྲལ་འོག་ཏུ་ཟླ་བ་དང་ཁུ་བ་མཚོན་བྱེད་རྗེས་སུ་ང་རོ་ཐིག་ལེ་བྲི་བ་ཡིན་ པའི་ཕྱིར། དེ་ལྟར་བྲིས་པས་ཨཿ་ཨཿ་ཞེས་པའི་ཚུལ་དུ་འགྱུར་ཞིང། ཨ་གཉིས་ཀྱི་བར་དུ་ཆུད་པའི་རྣམ་བཅད་ཨུ་ཡིག་ཏུ་འགྱུར་འགྲོ་སྟེ། ཙནྟྲ་པ་ལས། ས་དང་ས་ཛུ་ས་དག་གི་རུའོ། ཞེས་རྣམ་བཅད་ས་མ་ཡིན་ཀྱང་ས་ལས་ བྱུང་བ་ཡིན་པས་རུ་ཡིག་ཏུ་འགྱུར་ཞིང། ར་ལ་ཞུགས་པའི་ཨུ་གྱིས་ཏེ་ར་ཡིག་བཞག་དགོས་ཏེ། མདོར་ཨུ་ཡིག་ནི་ཧ་ཤ་ལ་དང་ཨ་ཏ་ལས་རུའི་ཞེས་གསུངས་པའི་ཕྱིར། དེས་ན་ར་ཡིག་ཨུ་ཡིག་ཏུ་བྱ་དགོས་ཏེ། གོང་ དུ་ཨ་དང་རང་གི་ཕ་རོལ་ཏུ་ཧ་ནས་ཤའི་བར་ཡི་གེ་ཉི་ཤུ་དང་ཨ་ཡིག་གང་བྱུང་ཡང་བར་གྱི་ར་ཡིག་ཨུ་ཡིག་ཏུ་འགྱུར་བར་བཤད་པའི་ཕྱིར། དེ་ནས་མདོ་ལས། ཨི་ཀའི་ཡ་ཎ་ར་ཨ་ཙ་ལའོ། ཞེས་པ་ལྟར་ཨི་རྀ་ཨུ་ལྀ་ [104B] ཨ་ཨི་རྀ་ཨུ་ལྀ་ཨེ་ཨོ་ཨཻ་ཨཽ་ཙ་རྣམས་ལ་ཨ་ཙའི་ཡི་གེ་དང། །ཡ་ར་ལ་ཝ་ཎ་ལའང་ཡ་ཎའི་ཡི་གེའི་ཐ་སྙད་བྱ་ལ། དེ་ལ་ཀ་ཙ་ཎ་ཞེས་པ་མཐའི་ཡི་གེ་གསུམ་མ་གཏོགས་གཞན་ ཨི་ཀའི་ཡི་གེ་དགུ་པོ་དེ་གང་ཡང་རུང་བ་ཨི་ས་ཨི་མཐོང་བ་ལྟ་བུ་མ་ཡིན་པ་རང་དང་རིགས་མི་མཐུན་ཞིག་མཐོང་ན་ཨི་ཀའི་ཡི་གེ་འགྱུར་འགྲོ་ལ། གང་དུ་འགྱུར་ན། ཡ་ཎའི་ཡི་གེ་བཞི་པོ་གང་རུང་དུ་འགྱུར་བའི་ནང་ནས་ ཨིས་རང་གི་ཕ་རོལ་ཏུ་རང་དང་རིགས་མི་མཐུན་པའི་ཨ་ཙའི་ཡི་གེ་ཞིག་མཐོང་བས་ཡུ་རུ་འགྱུར་བ་བཞིན་དུ་ཨུ་ཝ་དང། རྀ་རུ་དང་ལྀ་ལུ་རུ་འགྱུར་བས། འདིར་ཡང་ཨུ་ཡིས་རབ་དང་རིགས་མི་མཐུན་གྱི་ཡི་གེ་ཨ་ཙའི་ཡི་ གེ་རང་གི་གོང་གི་ཨ་དེ་མཐོང་བས་ཝ་རུ་འགྱུར་བ་ཡིན་པའི་ཕྱིར། དེ་ནས་ཝ་སྲོག་མེད་དེ་ལ་རང་གི་ཕྱི་མའི་སྒྲ་གཅན་དང་རྣམ་ཤེས་མཚོན་བྱེད་ཨ་ཡིག་བཅུག་པས་སྲོག་ལྡན་དུ་བྱ་དགོས་ཏེ། དབྱངས་མེད་ལ་དབྱངས་ ཡང་དག་པར་སྦྱར་རོ། ཞེས་བཤད་པའི་ཕྱིར། དེ་ཉིད་ཟླ་བ་དང་ཁུ་བ་མཚོན་པའི་རྗེས་སུ་ང་རོ་དང་སྦྱར་ནས་ཝ་ཡིག་གི་སྟེང་དུ་ཐིག་ལེར་སྦྱིན་དགོས་ཏེ། དེ་ལྟར་བྱས་པས་ཝཾ་ཡིག་འགྲུབ་པ་ཡིན་པའི་ཕྱིར། དེ་བཞིན་དུ་དང་ པོར་བཀོད་པའི་ཨ་ཡིག་ནམ་མཁའི་ཁམས་དང་གསང་བའི་པདྨ་མཚོན་བྱེད་དེ་ལ་རྣམ་དབྱེ་བརྒྱད་ཀྱི་ནང་ནས་བདུན་པ་གནས་གཞིའི་ཚིག་སྦྱིན་པར་བྱ་དགོས་ཏེ། ཨེ་ནི་གནས་སམ་རྟེན་གྱི་མཚོན་བྱེད་དུ་བསྒྲུབ་པ་ [105A]༄༅། །ཡིན་པའི་ཕྱིར། བདུན་པའི་རྣམ་དབྱེ་ཡང་གསུམ་ལས་གཅིག་ཚིག་ངི་སྦྱིན། དེའི་རྗེས་སུ་ངལ་བཞུགས་པའི་ཨི་ཕྱུང་ནས་ཟུར་དུ་བྲི། ང་དབྱི་བར་བྱ་སྟེ་རྟགས་ཀྱི་དོན་ཙམ་ཡིན་པའི་ཕྱིར། དེ་ནས་མདོར་ ཨ་ལས་ཨ་ཏ་ཨེ་ངའོ། ཞེས་གོང་དུ་ཨ་རིང་ཐུང་གང་རུང་བྱུང་ཞིང། ཕ་རོལ་ཏུ་ཨི་ཨུ་བྱུང་ན་ཨེ་ནས་ངའི་བར་གང་རུང་དུ་འགྱུར་བས་གོང་དུ་ཨ་བྱུང་བའི་ཕ་རོལ་གྱི་ཨི་དེ་ཨེ་ཡིག་ཏུ་འགྱུར་ཏེ། མདོར་ཨ་དང་ཨི་ ལས་ཨེ་ཡིག་ཏུ་འགྱུར་རོ། ཞེས་བཤད་པའི་ཕྱིར། དེ་ལྟར་བསྒྲུབས་པའི་ཨེ་ཝཾ་ལ་ཕྱི་ནང་གཞན་གསུམ་དང་སྦྱར་བའི་མཚོན་དོན་སྟོན་པ་ལ་ཨེ་ཡིག་གིས་ནམ་མཁའི་ཁམས་ཞེས་སོགས་བྱུང། དོན་ནི། ཡི་གེ་གཉིས་ ཀྱིས་མཚོན་དོན་ཕྱི་ནང་གཞན་གསུམ་དང་སྦྱར་ཚུལ་ཡོད་དེ། ཕྱི་ལ་ཨེ་ཡིག་གིས་རྟེན་ནམ་མཁའི་ཁམས་དང། ཝཾ་ཡིག་གིས་ནམ་མཁའི་དབུས་སུ་གནས་པའི་བརྟེན་པ་ཟླ་ཉི་སྒྲ་གཅན་གསུམ་སྟེ། ཝཾ་ཡིག་གི་ བསྒྲུབ་གཞི་རྣམ་བཅད་ཀྱིས་ཉི་མ། སྲོག་ཏུ་ཞུགས་པའི་ཨས་སྒྲ་གཅན། སྟེང་གི་རྗེས་སུ་ང་རོས་ཟླ་བ་མཚོན་ཞིང། ནང་ལ་སྦྱར་ན། ཨེ་ཡིག་གིས་ནམ་མཁའ་དང་ཆོས་མཚུངས་པའི་མའི་གསང་གནས་པདྨ་དང། ཝཾ་ ཡིག་གིས་པདྨར་ཁུ་ཁྲག་རྣམ་ཤེས་གསུམ་འདྲེས་པ་མཚོན་ཏེ། དེ་ཡང་རྣམ་བཅད་ཀྱིས་མའི་རྡུལ། ཨ་ཡིག་གིས་ཀུན་གཞིའི་རྣམ་ཤེས་ཀྱི་མིང་ཅན་ཡིད་ཀྱི་རྣམ་པར་ཤེས་པ། རྗེས་སུ་ང་རོས་པའི་ཁུ་བ་རྣམས་ [105B] གཞན་བསྐྱེད་རིམ་ལ་སྦྱར་ན་ཨེས་ཆོས་དབྱིངས་མཚོན་པའི་ཆོས་འབྱུང་གི་དབུས་སུ་ཆུད་པའི་རྟེན་གཞལ་ཡས་ཁང་གདན་བཅས་དང། ཝཾ་ཡིག་གིས་བརྟེན་པ་ལྷ་རྣམས་མཚོན། གཞན་རྫོགས་རིམ་ལ་སྦྱར་ ན་ཨེ་ཡིག་གིས་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང། ཝཾ་ཡིག་གིས་དེ་ལ་བརྟེན་པའི་མཆོག་མི་འགྱུར་གྱི་བདེ་ཆེན་མཚོན་པ་ཡིན་པའི་ཕྱིར། གཞན་ཡང་ཨེ་ཝཾ་གྱི་མཚོན་དོན་ཡོད་དེ། ཨེས་ཡུལ་ སྟོང་ཉིད་དང། ཝཾ་གྱིས་ཡུལ་ཅན་བདེ་ཆེན་གྱི་ཡེ་ཤེས་མཚོན་པ་ཡིན་པའི་ཕྱིར། གཉིས་པ་སྟོན་པ་ལ། འདིར་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཞེས་སོགས་བྱུང། གསུམ་པ་སྟོན་པ་ལ། དངོས་པོ་ གང་ཞིག་ཞེས་སོགས་བྱུང། དོན་ནི། ཨེ་ཝཾ་གྱི་ངེས་དོན་དེ་ཡང་བླ་མེད་ཀྱི་རྒྱུད་རྣམས་སུ་ཨེ་ཝཾ་ཞེས་པ་ལྟ་བུ་མིང་གཅིག་ཁོ་ན་མ་ཡིན་ཏེ། དགོངས་པའི་སྐད་སྣ་ཚོགས་ཀྱིས་གསུངས་པའི་ཕྱིར། བདུན་པ་དེ་ཉིད་བླ་མའི་ མན་ངག་ལས་ཡིད་ཆེས་གསུམ་གྱི་སྒོ་ནས་རྟོགས་པར་བྱ་བ་སྟོན་པ་ལ། སྔགས་ཀྱི་ཐེག་པ་འདི་ལ། ཞེས་སོགས་བྱུང། དེ་ཡང་སྔགས་བླ་མེད་འདིར་ངེས་པའི་དོན་ལ་སོགས་པ་དེ་དང་དེར་ཐབས་གང་གིས་རྟོགས་པར་བྱ་ བའི་ཚུལ་ཡོད་དེ། དང་པོ་བླ་མའི་མན་ངག་ལ་བརྟེན་ནས་རྒྱུད་དོན་ལུང་རིགས་ཀྱིས་ཚུལ་བཞིན་དུ་ངེས་པ་ན་རྒྱུད་ལ་ཡིད་ཆེས་པ་དང། དེ་ལ་བརྟེན་ནས་རྒྱུད་དེ་ན་དེ་ལྟར་སྟོན་པའི་བླ་མ་ལ་ཡིད་ཆེས་པ་དང། དེ་ནས་བླ་མས་ [106A]༄༅། །ཇི་ལྟར་བསྟན་པ་ལྟར་བསྒོམས་པས་རྒྱུད་ལས་ཇི་ལྟར་བཤད་པ་ལྟར་མྱོང་བ་སྐྱེས་པ་ན་བདག་ཉིད་ལ་ཡིད་ཆེས་པ་སྟེ་ཡིད་ཆེས་གསུམ་ཚང་བའི་སྟོབས་ཀྱིས་སངས་རྒྱས་ཀྱི་ལམ་ཡོངས་སུ་དག་པར་ འགྱུར་བའི་ཕྱིར། ཡིད་ཆེས་ཀྱི་མཚན་མ་འབྱུང་ཚུལ་ཡོད་དེ། བསྟོད་འགྲེལ་དུ་མ་རྒྱུད་དྲངས་པ་ལས། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག་གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་བརྫུན་ ཚིག་ཡིན། ཞེས་གསུངས་པའི་ཕྱིར། བརྒྱད་པ་སྟོན་པ་ལ། འདིར་རིགས་གསུམ་གྱི་བདག་ཉིད་ཀྱི་རྒྱུད་ཀྱི་རྒྱལ་པོ། ཞེས་སོགས་བྱུང། དོན་ནི། འོ་ན་ཡིད་ཆེས་གསུམ་ལྡན་གྱི་སྔགས་ཀྱི་ཐེག་པ་འདིའི་བརྗོད་བྱ་ཇི་ལྟ་བུ་ཞེ་ན་ དེའང་བཞག་ཏུ་ཡོད་དེ། ཕྱི་རོལ་དུ་ཟླ་ཉི་སྒྲ་གཅན་དང། ནང་དུ་ཁུ་རྡུལ་རྣམ་ཤེས་རྣམ་པར་དག་པའི་རིགས་གསུམ་གྱི་བདག་ཉིད་གཙོ་བོར་བརྗོད་པ་ཅན་གྱི་ལྷ་ཡང་སྐུ་གསུང་ཐུགས་ཀྱི་བདག་ཉིད་རྣམ་པར་དག་པ་མཚོན་པ་ཞལ་ གསུམ་པར་རྗོད་པར་བྱེད་པ་དང། ཕྱི་རོལ་དུ་ཟླ་ཉི་སྒྲ་གཅན་དུས་མེ་དང་ནང་དུ་ཁུ་རྡུལ་རྣམ་ཤེས་ཡིད་ཤེས་ཀྱི་ཁམས་རྣམ་པར་དག་པ་རིགས་བཞིའི་བདག་ཉིད་གཙོ་བོར་གྱུར་པ་སྐུ་གསུང་ཐུགས་ཡེ་ཤེས་བཞིའི་བདག་ ཉིད་རྣམ་པར་དག་པ་མཚོན་པ་ཅན་ལྷ་ཞལ་བཞི་པར་བརྗོད་པར་བྱེད་པར་འགྱུར་བའི་ཕྱིར་དེ་བཞིན་དུ་རིགས་དྲུག་གི་བདག་ཉིད་དུ་འཇོག་ཚུལ་ཡང་ཡོད་དེ། ཕུང་པོ་ལྔ་རྣམ་པར་དག་པ་རིགས་ལྔའི་བདག་ཉིད་རང་བཞིན་གྱི་རིགས་ [106B] དེ་དག་ལས་དུས་ཀྱི་འཁོར་ལོའི་རྒྱུད་འདིར་རིགས་དྲུག་གི་བདག་ཉིད་བརྗོད་པར་བྱས་ཏེ། ཕྱིའི་ཟླ་ཉི་སྒྲ་གཅན་དུས་མེ་དང་ནང་དུ་ཁུ་རྡུལ་སེམས་ ཡེ་ཤེས་རྣམས་སྒྲིབ་བྲལ་དུ་གྱུར་པའི་སྒོ་ནས་གཅིག་ཏུ་སྦྱོར་བ་གཙོ་བོར་བརྗོད་པར་བྱེད་པའི་ཕྱིར། དེ་ལྟ་བུའི་རྡོ་རྗེའི་རྣལ་འབྱོར་གསལ་བར་མཚན་བརྗོད་སོར་རྟོག་ཡེ་ཤེས་ལ་བསྟོད་པ་ཚིགས་བཅད་སུམ་ཅུ་རྩ་གསུམ་ལས། རྡོ་ རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་ནས། ཡི་གེ་མཆོག་སྟེ་རྣམ་པར་དག་ཅེས་པའི་བར་གསུངས། ལུང་འདི་དག་གི་དོན་བཞག་ ཏུ་ཡོད་དེ། ཕྱི་ནང་གྱི་ཉི་ཁྱིམ་གྱི་འཁོར་ལོ་སྒྲིབ་བྲལ་དུ་གྱུར་པས་རྡོ་རྗེ་ཉི་མ་སྣང་བ་ཆེ། ཕྱི་ནང་གི་ཟླ་བའི་འཕེལ་ཟད་ཀྱི་ཆ་སྒྲིབ་བྲལ་དུ་གྱུར་པས་རྡོ་རྗེ་ཟླ་བ་དྲི་མེད་འོད། ཆགས་བྲལ་ནག་ཕྱོགས་མ་ཞུགས་པས་དེའི་དང་པོ་ཆགས་ པ་དཀར་ཕྱོགས་ཀྱི་ཆ་བཅོ་ལྔ་རྫོགས་པའི་དབུས་བཅུ་དྲུག་པ་འབའ་ཞིག་གི་གནས་སྐབས་ལྷན་སྐྱེས་ཀྱི་དགའ་བ་བཞི་ནི་ཆགས་པ་ཆེན་པོའོ། །ལྷན་སྐྱེས་དེ་དང་དབྱེར་མེད་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དི་ཁ་དོག་སྣ་ ཚོགས་འབར་བའི་འོད། སྐྱིལ་ཀྲུང་ནི་གདན་ཏེ། བསྟོད་འགྲེལ་ལས། སྐྱིལ་ཀྲུང་ནི་གདན་ནོ། ཞེས་གསུངས་པའི་ཕྱིར། དེ་ཡང་བྱང་སེམས་གང་དུ་འོངས་ནས་གནས་པའི་གདན་རྡོ་རྗེ་ནོར་བུའི་ནང་དུ་ཆུད་པའི་པདྨ་དང། གདན་ [107A]༄༅། །དེ་ལ་གནས་པ་ནི་རྡོ་རྗེ་སྟེ་འགྱུར་བ་མེད་པའི་བྱང་ཆུབ་ཀྱི་སེམས་དང། དེ་ཉིད་རིམ་བཞིན་སྟེང་དུ་སོང་བ་གཙུག་ཏོར་དུ་རྫོགས་པའི་སྐད་ཅིག་ལ་སངས་རྒྱས་པ་དང། །སངས་རྒྱས་བརྗོད་པའི་ཆོས་གཞོམ་དུ་ མེད་པའི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེ་བཞི་འཛིན་པའི་གསུང་རྣམ་པ་ཐམས་ཅད་པ་ལོངས་སྐུ་འམ་གསུང་རྡོ་རྗེ་དང། བདེ་ཆེན་གྱི་དཔལ་དང་ལྡན་པའི་སངས་རྒྱས་ཕྱག་རྒྱ་ཆེན་མོའི་པདྨ་ལས་སྐྱེས་པ་ལྷན་ཅིག་ སྐྱེས་པའི་སྐུའི་ཡེ་ཤེས་རྡོ་རྗེ་དང། ཀུན་མཁྱེན་པའི་མི་རྟོག་ཡེ་ཤེས་ཀྱི་མཛོད་འཛིན་པ་ཆོས་ཀྱི་སྐུ་འམ་ཐུགས་རྡོ་རྗེ་དང། བཞེད་པ་ཙམ་གྱིས་འདོད་དགུར་བསྒྱུར་བའི་རྒྱལ་པོ་གང་འདུལ་གྱི་སྐུའི་སྣང་བ་སྣ་ཚོགས་མཐའ་ ཡས་པར་སྟོན་པའི་སྒྱུ་འཕྲུལ་སྣ་ཚོགས་འཆང་བ་སྤྲུལ་པའི་སྐུ་འམ་སྐུ་རྡོ་རྗེ་སྟེ་འདིས་རིགས་བཞིའི་བདག་ཉིད་བརྗོད་པར་བསྟན་ཏེ། ཡིད་སྐྱོབ་པའི་མཆོག་ཏུ་གྱུར་པས་ཆེ་བ་སངས་རྒྱས་རིག་སྔགས་རྒྱལ་ནི་གསུང་ ལོངས་སྐུ་སྔགས་ཀྱི་རྣལ་འབྱོར་དང། གདུལ་བྱའི་གནས་ཐམས་ཅད་དུ་ཐོགས་མེད་བགྲོད་པའི་རྡོ་རྗེ་རྣོན་པོ་སྤྲུལ་པའི་སྐུ་དབྱིབས་ཀྱི་རྣལ་འབྱོར་དང། སྤྲོས་པའི་རྣམ་རྟོག་གི་དྲ་བ་མ་ལུས་པ་གཅོད་པ་རལ་གྲི་ཆེན་པོ་ཆོས་ ཀྱི་སྐུ་ཆོས་ཀྱི་རྣལ་འབྱོར་དང། ཡི་གེའི་སྐད་དོད་འགྱུར་བ་མེད་པ་ལའང་འཇུག་པས་བདེ་བ་ཆེན་པོ་འགྱུར་བ་མེད་པའི་མཆོག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་རྣམ་པར་དག་པའི་རྣལ་འབྱོར་ཏེ་རྣལ་འབྱོར་བཞིའི་བདག་ [107B] རྒྱུད་འདིར་རིགས་བཞིའི་བདག་ཉིད་བརྗོད་པར་བྱ་བ་ལྟར་རིགས་ལྔའི་བདག་ཉིད་ཀྱང་བརྗོད་པ་ཡིན་ཏེ། སྒྱུ་འཕྲུལ་དྲ་བར། གདོང་ལྔ་ཟུར་ཕུད་ལྔ་དང་ ལྡན། ཞེས་སོགས་ཤོ་ལོ་ཀ་གཅིག་གསུངས་ཏེ། ཕུང་པོ་ལྔ་སྒྲིབ་བྲལ་དུ་གྱུར་པ་མཚོན་པས་ལྷ་གདོང་ལྔ་པ་དང། ཁམས་ལྔ་སྒྲིབ་བྲལ་དུ་གྱུར་པ་མཚོན་པས་ཟུར་ཕུད་ལྔ་དང། ཕུང་ཁམས་སྒྲིབ་བྲལ་དུ་གྱུར་པ་དེའང་ལྷན་ སྐྱེས་ཀྱི་རང་བཞིན་གྱི་ཡེ་ཤེས་ལྔའི་བདག་ཉིད་དུ་གྱུར་པས་ཟུར་ཕུད་ལྔ་པ་དེ་ཉིད་མེ་ཏོག་གི་ཅོད་པན་དང། ཟླུམ་པ་ནི་སྡོམས་པའི་དོན་ཏེ་བྱང་སེམས་རྡོ་རྗེ་ནོར་བུ་ནས་རིམ་གྱིས་སྟེང་དུ་སོན་པ་རྣམས་གཙུག་ཏོར་གྱི་འཁོར་ ལོའི་ལྟེ་བར་ཟླུམས་ཤིང་སྡོམས་པས་མགོ་ཟླུམ། ཉན་ཐོས་སོགས་ཀྱི་རང་གི་ཀུན་སྤྱོད་ངེས་པས་བརྟུལ་ཞུགས་ཟེར་བ་ལྟར་ཕྱག་རྒྱ་དང་སྙོམས་འཇུག་གི་བརྟུལ་ཞུགས་ཆེན་པོ་འཆང་བ། དེ་ལྟར་སྙོམས་པར་འཇུག་ཀྱང་ ཁམས་འཛག་མེད་དུ་འཆིང་བའི་ཚངས་པར་སྤྱོད་པ་མཆོག་ཏུ་གྱུར་པས་བརྟུལ་ཞུགས་ཀྱི་མཆོག་ཅེས་པ་ཡིན་པའི་ཕྱིར། དེ་བཞིན་དུ་ཞལ་གྱི་དབྱེ་བས་མཚོན་པ་རིགས་བརྒྱའི་བདག་ཉིད་ཀྱང་བརྗོད་པར་བྱ་བ་ཡིན་ཏེ། མཚན་ བརྗོད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པའི་ཚིགས་བཅད་དང་པོ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་ཅེས་པ་ནས། ཧ་ལ་ཧ་ལ་གདོང་བརྒྱ་པ་ཞེས་པའི་བར་གྱིས་བསྟན་པའི་ཕྱིར། བདེ་སྟོང་དབྱེར་མེད་པའི་རྡོ་རྗེ། སེམས་ [108A]༄༅། །ཅན་རྣམས་ལ་འཇིགས་པ་བྱེད་པའི་སྒྲིབ་པའི་བག་ཆགས་དག་ཀྱང་འཇིགས་པར་བྱེད་པའི་བདེ་ཆེན་དེ་ཉིད་ཁྲོ་བོའི་རྒྱལ་པོའི་རྣམ་པར་བསྟན་པའི་གདོང་དྲུག་སྟེ་ཞལ་དྲུག་རབ་ཏུ་འཇིགས་པས་ཕུང་ པོ་དྲུག་སྒྲིབ་བྲལ་དུ་གྱུར་པ་དང། ཞལ་དྲུག་རེ་རེ་ལ་སྤྱན་གསུམ་གསུམ་ཡོད་པའི་སྤྱན་དབུས་མ་དྲུག་ནི་མིག་དྲུག་སྟེ་དེས་དབང་པོ་དྲུག་དང་ཡུལ་དྲུག་སྒྲིབ་བྲལ་དུ་གྱུར་པ་དང། ལག་པ་དྲུག་གིས་ལས་དབང་ དྲུག་དང་ལས་དབང་གི་བྱ་བ་དྲུག་སྒྲིབ་བྲལ་དུ་གྱུར་པ་དང། སྟོབས་ཀྱི་སྒྲས་ཁམས་དྲུག་སྒྲིབ་བྲལ་དུ་གྱུར་པ་དང་ལྡན་པ་དང། ཀེང་རུས་ནི་ཞལ་རྣམ་པར་འགྱུར་བའི་མི་སྡུག་པའི་མཆེ་བ་གཙིགས་པ་སྟེ། ངེས་དོན་དུ་བཤད་ ན་ཀཾ་བདེ་བ་ལའོ། ཞེས་པའི་བྱིངས་ལས་ཀེང་རུས་བདེ་བ། མཆེ་བ་གཏུམ་མོའི་མེ། དེ་འབར་བས་རྩེ་མོར་གྱུར་པའི་གཙིགས་པ་པོ་ཁྲོ་བོ་ཧ་ལ་ཧ་ལ་གདོང་བརྒྱ་པའི་ཞལ་བརྒྱས་ནི་ཁམས་སོ་དྲུག་སོ་སོ་གཉིས། ཐོད་པ་དུམ་ བུ་བཅུ་གཉིས། སེན་མོ་ཉི་ཤུ་རྣམ་པར་དག་པའི་རིགས་བརྒྱ་མཚོན་པ་བརྗོད་པར་བྱ་བ་ཡིན་པའི་ཕྱིར། དེ་ལྟར་རིགས་ཀྱི་དབྱེ་བས་ཞལ་གྱི་དབྱེ་བ་རྒྱུད་དེ་དག་ཏུ་མི་འདྲ་བ་དུ་མ་བསྟན་ཀྱང་ཨེ་ཝཾ་གྱི་ངེས་དོན་བརྗོད་བྱའི་ གཙོ་བོར་གྱུར་པ་ལ་ཁྱད་པར་མེད་དེ། བླ་མེད་ཀྱི་རྒྱུད་དེ་ད་གིས་བདེ་སྟོང་དབྱེར་མེད་བརྗོད་བྱའི་གཙོ་བོར་བྱེད་པ་ལ་ཁྱད་པར་མེད་པའི་ཕྱིར། དེ་ཡང་ཕྱོགས་འདིར་ཧྲྀ་ད་ཡ་གསུམ་མེད་པའི་ཨེ་ཝཾ་སོགས་ཀྱི་ཡི་གེ་སོ་ [108B] འདུས་པའི་གླེང་གཞིའི་ཡི་གེ་ལ་བཞི་བཅུ་ཡོད་ཅིང་དཔལ་ལྡན་ཟླ་བས་ཀྱང་དེ་ལྟར་བཤད་པ་ལ། ཁ་ཅིག་དེ་མ་དག་པ་ཡིན་ཏེ། སེམས་འགྲེལ་ལས་སོ་བདུན་ཁོ་ནར་བཤད་པའི་ཕྱིར། ཞེས་ ཟེར་བ་ནི་ཆེས་མི་འཐད་དེ། བཤད་རྒྱུད་རྡོར་འཕྲེང་ལས། ཡི་གེ་རེ་རེའི་དོན་འཆད་པ་ལ་ཤོ་ལོ་ཀ་རེ་རེ་གསུངས་པའི་ཤོ་ལོ་ཀ་བཞི་བཅུས་ཡི་གེ་བཞི་བཅུའི་དོན་བཤད་པ་བསྙོན་དུ་མེད་པའི་ཕྱིར། སྐབས་འདིར་སོ་བདུན་ བཤད་པ་ནི། ཧྲྀ་ད་ཡའི་དོན་སྙིང་པོ་ཉིད་རྡོ་རྗེ་གསུམ་དུ་འདུ་བ་ལ་དགོངས་ནས་ལྷ་སོ་དྲུག་དང། དེའི་ཁྱབ་བདག་ལྷན་ཅིག་སྐྱེས་པའི་སྐུ་དང་སོ་བདུན་ལ་དག་པ་སྦྱོར་བའི་ཆེད་དུ་ཡིན་པའི་ཕྱིར། དགུ་པ་སྟོན་པ་ལ་ ཐམས་ཅད་མཁྱེན་པ་ཞེས་པ་ལ་སོགས་པ་ཡི་གེ་ཉི་ཤུ་རྩ་གསུམ། ཞེས་སོགས་བྱུང། དོན་ནི། རྒྱུད་གཞན་ནས་བཤད་པའི་ཨེ་ཝཾ་གྱི་མཚོན་དོན་འདིའི་གླེང་གཞིའི་དོན་དུ་ཡོད་དེ། རྒྱུད་གཞན་དུ་ཝཾ་ཡིག་གིས་ མཚོན་དོན་ནི། ཐམས་ཅད་མཁྱེན་པ། ཞེས་སོགས་ཡི་གེ་ཉེར་གསུམ་གྱིས་བསྟན། ཨེ་ཡིག་གི་མཚོན་དོན་ནི་འདིར་སེང་གེའི་ཁྲི་ཡིས་བསྟན་པའི་ཕྱིར། དེས་ན་ཐམས་ཅད་མཁྱེན་པའི་སྒྲས་བསྟན་པའི་ངེས་དོན་ ཀྱི་སངས་རྒྱས་དེ་ཉིད་སེང་ཁྲིས་བསྟན་པའི་ནམ་མཁའ་སྟོང་པ་ཉིད་ལ་རོ་གཅིག་ཏུ་ཞུགས་པ་ནི་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བའི་རྣལ་འབྱོར་ཡིན་ལ། དེ་ནི་མཚན་བརྗོད་ཀྱི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ [109A]༄༅། །ལ་བསྟོད་པ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། ཞེས་པ་ནས། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ཅེས་པའི་བར་གྱི་ཚིགས་བཅད་བཅུ་གཉིས་ཀྱིས་བསྟན་པའི་ཕྱིར། འདི་རྣམས་ཀྱི་དོན་ནི་ འདི་ལྟར་མཁྱེན་པ་བཞི་ལྡན་གྱི་སངས་རྒྱས་སྒྲིབ་པ་བག་ཆགས་དང་བཅས་པ་བཅོམ་པའི་ངེས་དོན་ནི། བཅོམ་ལྡན་འདས་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པའི་སངས་འཕགས་ཆོས་ཅན། ཨ་ ཡིས་མཚོན་པའི་རང་རྒྱུ་མི་འགྱུར་བའི་བདེ་བ་ལས་བྱུང་ལ་ཨ་ཡིག་གིས་མཚོན་དོན་དེ་ནི་ཕུང་སོགས་སྒྲིབ་བྲལ་དུ་བྱས་ནས་རང་དོན་རྫོགས་པར་བྱེད་པས་ཡིག་འབྲུ་སྟེ་འགྱུར་མེད་ཀུན་གྱི་མཆོག་ཡིན་ཞིང། དེ་ཉིད་གཞན་ གྱི་དོན་ཆེན་པོ་འབྱུང་བའི་ཐབས་དམ་པ་ཡིན་ཏེ། གཡས་གཡོན་གྱི་དཀྱིལ་འཁོར་བཅུའི་རླུང་དབུ་མར་འགགས་པས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཁོང་ནས་འབྱུང་བ་དང་སྐྱེ་བ་མེད་པའི་རྒྱུ་མཚན་གྱིས་བརྗོད་འདོད་ཀྱི་རྟོག་པ་ དང་རླུང་གི་གཡོ་བ་ལ་བརྟེན་ནས་ཚིག་ཏུ་བརྗོད་པ་སྤངས་ལ། དེ་ལྟ་ནའང་གསུང་རྣམ་པ་ཐམས་ཅད་པའི་བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག་ཏུ་གྱུར་པ་སྲོག་ཆེན་པོ་གཞོམ་དུ་མེད་པའི་གསུང་གིས་སེམས་ཅན་ཐམས་ཅད་ཀྱི་སྐད་ དང་མཐུན་པའི་ཚིག་ཀུན་རབ་ཏུ་གསལ་བར་བྱེད་པ་ཡིན་པའི་ཕྱིར། ཞེས་སོགས་དང། མགོན་པོ་ལྷན་ཅིག་སྐྱེས་པའི་སྐུ་དེ་ཉིད་ཆོས་ཅན། ཁྱད་པར་དུ་མ་དང་ལྡན་པ་ཡིན་ཏེ། རིགས་ཐམས་ཅད་ལ་ཁྱབ་པས་རིགས་མཆོག་ [109B] རྒྱུད་སྡེ་འོག་མ་གསུམ་གྱི་བརྗོད་བྱ་ལས། བླ་མའམ་གོང་མར་གྱུར་པའི་གསང་སྔགས་ཆེ་བའི་མཆོག་ཡུལ་ཕར་ཕྱིན་གྱི་ཐེག་པ་ཆེན་པོའི་ཚུལ་དེ་ཁོ་ན་ཉིད་ལ་རོ་གཅིག་ཏུ་ཞུགས་པས་གནས་པའི་ཡུལ་ཅན་ལྷན་ སྐྱེས་བདེ་བ་ཆེན་པོ་དེ་ནི་འབྲས་བུའི་ཐེག་པ་ཆེན་པོའི་ཚུལ་ལམ་ཐབས་ཀྱི་མཆོག་ཏུ་གྱུར་པའི་ཕྱིར། དེ་ལྟ་བུའི་ཡེ་ཤེས་ཀྱི་བདེ་བ་ཆེན་པོའི་རྣལ་འབྱོར་དེ་ཆོས་ཅན། བཅོམ་ལྡན་འདས་ཀྱིས་བླ་མེད་ཀྱི་རྒྱུད་རྣམས་སུ་བསྟན་པའི་ ཚུལ་ཡོད་དེ། གདུལ་བྱ་དམན་འབྲིང་མཆོག་གསུམ་གྱི་བསམ་པའི་དབང་གིས་གསུངས་པ་ཡིན་པའི་ཕྱིར། རྒྱུད་འདིར་གླེང་གཞིའི་ཡི་གེ་ཉེར་གསུམ་གྱི་བཤད་དོན་རྡོ་རྗེའི་རྣལ་འབྱོར་དེ་ཉིད་མཚན་བརྗོད་ལས་གསུངས་པ་བཞིན་དུ་ སྟོང་པ་ཡེ་ཤེས་ཞེས་པ་ལ་སོགས་པ་ཡི་གེ་བཅུ་བཞིས་བསྟན་ཅེས་གསུངས་པ་ལ་དགོས་པ་ཡོད་དེ། རྒྱུད་འདིར་བསྟན་པ་ལྟར་མཚན་བརྗོད་ལས་ཀྱང། བསྟན་ཅེས་བརྗོད་བྱ་མཚུངས་པའི་རྒྱུ་མཚན་གྱིས་དྲངས་པ་ཡིན་པའི་ ཕྱིར། མཚན་བརྗོད་ཀྱི་ལུང་དོན་བཞག་ཏུ་ཡོད་དེ། སྟོང་ཉིད་སྙིང་རྗེ་དབྱེར་མི་ཕྱེད་པའི་རྡོ་རྗེའི་རྣལ་འབྱོར་དེ་ཉིད་གསང་སྔགས་ཀྱི་དོན་ལུས་ངག་སེམས་ཀྱི་ཁམས་ཀུན་སྒྲིབ་བྲལ་དུ་བསྐྱེད་པ་པོ་དང། ལུས་ངག་ཡིད་ཡེ་ཤེས་ཀྱི་ ཐིག་ལེ་མི་འགྱུར་བར་འཛིན་པས་ཐིག་ལེ་ཆེན་པོ་ཡི་གེ་སྟེ་འགྱུར་བ་མེད་པ་ཝཾ་ཡིག་གི་ངེས་དོན་སྟོང་པ་ཆེན་པོ་ཡི་གེ་ལྔ་དང། ཨེ་ཡིག་གི་ངེས་དོན་ཐིག་ལེ་སྟོང་པ་ཡི་གེ་དྲུག་དབྱེར་མེད་པའི་བདག་ཉིད་ཡིན་པའི་ཕྱིར། བཅུ་པ་དེའི་ [110A]༄༅། །ཕྱིར་ཚིག་ཙམ་ལ་བརྟེན་ནས་སྨད་པར་མི་བྱ་བ་དོན་བསྡུ་དང་བཅས་པ་ལ་གཉིས། དངོས་ཀྱི་དོན་དང། དོན་བསྡུ་བའོ། །དང་པོ་སྟོན་པ་ལ། དེས་ན་མིང་མཐའ་ཡས་པ་དག་གིས་ཆོས་སྟོན་པར་བྱེད་པ་ཉིད་ཀྱི་ ཕྱིར་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་བསྟན་པའི་ཞེས་སོགས་གསུངས། དོན་ནི། ཨེ་ཝཾ་སོགས་ཀྱི་ཚིག་ཐོག་མར་སྨོས་པའི་རྒྱུད་ལ་རང་གི་གྲུབ་མཐའི་འདུ་ཤེས་ཀྱིས་ཞེན་པ་དང། གསང་བ་མཆོག་ གིས་དགྱེས་པ་སོགས་དང་ཐམས་ཅད་མཁྱེན་པ་སོགས་ཐོག་མར་སྨོས་པའི་རྒྱུད་ལ་གཞན་གྱི་གྲུབ་མཐའི་འདུ་ཤེས་ཀྱིས་སྡང་བའི་སྐྱོན་འཛིན་མི་རིགས་པར་ཐལ། དེ་ལྟར་བཟུང་ན་འཛིན་པ་པོ་སྔགས་ཀྱི་སྡོམ་ལྡན་ ལ་དྲུག་པ་གྲུབ་པའི་མཐའ་ལ་སྨོད་པའི་རྩ་ལྟུང་འབྱུང་བ་ཡིན་པའི་ཕྱིར། དེས་ན་འདུས་པ་དང། བདེ་མཆོག་དུས་འཁོར་སོགས་རྒྱུད་གཞན་དང་གཞན་ལ་གང་ཟག་འགའ་ཞིག་གིས་སྔོན་དུ་ཨེ་ཝཾ་སྨོས་པའི་རྒྱུད་མང་ དུ་ཐོས་ཤིང། ཕྱིས་གསང་བ་སོགས་སྨོས་པའི་རྒྱུད་ཐོས་པ་ན་དེ་གཉིས་ཚིག་འགལ་ཡང་ངེས་དོན་མི་འགལ་བའི་འབྲེལ་བ་ཤེས་པའི་ཡོན་ཏན་དང་མ་ཤེས་པའི་སྐྱོན་རྟོགས་པར་བྱ་དགོས་ཏེ། རྒྱུ་མཚན་བཤད་མ་ཐག་པ་ དེའི་ཕྱིར། ཁ་ཅིག་འདུས་པ་སྔ་མ་དང། དུས་འཁོར་སོགས་ཕྱི་མར་འདོད་པ་མི་འཐད་དེ། དེ་དག་ལ་དུས་སྔ་ཕྱིའི་རིམ་པ་ཡོད་པ་བསྒྲུབ་མི་ནུས་པའི་ཕྱིར། བཤད་མ་ཐག་པའི་སྐྱོན་མ་རྟོགས་མཉེས་པ་ཤིན་ཏུ་ཆེ་སྟེ། དེ་ལྟར་ [110B] སྙིང་པོ་ཞེས་པ་དབང་འགྱུར་དུ་ཐུགས་སུ་བསྒྱུར་བ་ལེགས་པས། དེ་བཞིན་གཤེགས་པའི་ཐུགས་མཆོག་མི་འགྱུར་གྱི་བདེ་བ་ལས་ཕྱི་རོལ་ཏུ་ གྱུར་པ། བུད་མེད་སོགས་ཀྱི་འཛག་བདེ་ལ་ཆགས་ཤིང་གཡོ་སྒྱུས་བརྫུན་སྨྲ་བ་དེ་རྣམས་ཆོས་ལམ་མ་མཐོང་བའི་སྐྱོན་དང་བཅས་པའི་ཕྱིར། གཉིས་པ་སྟོན་པ་ལ། དེ་ལྟར་བརྗོད་པའི་རིམ་པ་ལུང་དང་རིགས་པ་དམ་པས་ ཞེས་སོགས་གསུངས། དོན་ནི། དང་པོའི་སངས་རྒྱས་ཀྱི་རྒྱུད་སྟོན་པས་བསྟན་པར་ཤེས་པར་བྱ་སྟེ། དེ་ལྟར་བརྗོད་པའི་རིམ་པ་ཨེ་ཝཾ་དང་གསང་བ་དང་ཐམས་ཅད་མཁྱེན་པ་སོགས་ཀྱི་ངེས་དོན་གཅིག་ཏུ་བསྒྲུབས་པ་ ཡིན་པའི་ཕྱིར། བཞི་པ་སྨོས་པའི་ཚིག་རྣམས་ལ་ཟློས་འགལ་གྱི་སྐྱོན་སྤངས་ནས་གནས་དང་སྟོན་པ་གཏན་ལ་དབབ་པ་ལ་གསུམ། སྟོན་པའི་མཚན་གྱི་ཁྱད་པར་ལྔ་སྟོན་པའི་གླེང་གཞིའི་ཚིག་ལ་ཟློས་སྐྱོན་གསུམ་ སྤང་བ། ཡེ་ཤེས་གཟུགས་ཅན་དུ་ཐལ་བའི་རྩོད་པ་སྤོང་བ། མཚན་གྱི་ཁྱད་པར་ལྔས་བསྟན་པའི་སྟོན་པ་གང་ལ་བཞུགས་པའི་གནས་གཉིས་སེང་གེའི་ཁྲིའི་ཚིག་གིས་བསྟན་པ་རྩ་རྒྱུད་དང་སྦྱར་བའོ། །དང་པོ་ལ་གསུམ། ཐམས་ཅད་ མཁྱེན་པ་དང་སངས་རྒྱས་ཞེས་པའི་ཚིག་གཉིས་ལ་ཟློས་པ་སྤང་བ། ཐམས་ཅད་མཁྱེན་པ་དང་ཡེ་ཤེས་ཀྱི་སྐུ་ཞེས་པའི་ཚིག་གཉིས་ལ་ཟློས་པ་སྤང་བ། ཡེ་ཤེས་ཀྱི་སྐུ་དང་ཉིན་བྱེད་ཀྱི་སྐུ་གཉིས་སྨོས་པ་ལ་ཟློས་པ་སྤང་བའོ། ། [111A]༄༅། །དང་པོ་ལ་གསུམ། དོགས་པ་དགོད། དེའི་སྐྱོན་སྤང། དེ་ཉིད་ལུང་དང་སྦྱར་བའོ། །དང་པོ་སྟོན་པ་ལ། འདིར་འགའ་ཞིག་ལས་ཐམས་ཅད་མཁྱེན་པ། ཞེས་སོགས་གསུངས། དོན་ནི། ཐམས་ཅད་མཁྱེན་པ་དང་ སངས་རྒྱས་ཞེས་ཚིག་གཉིས་སྨོས་པ་ལ་ཟློས་སྐྱོན་ཡོད་པར་ཐལ། མིང་དེ་གཉིས་ཀྱིས་དོན་གཅིག་གོ་བར་བྱེད་པའི་ཕྱིར། དེས་ན་ཅིའི་ཕྱིར་སྟོན་པས་ཟློས་ཚིག་གསུངས་ཞེས་པའོ། །གཉིས་པ་སྟོན་པ་ལ། དེའི་ཕྱིར་བརྗོད་པར་ བྱའོ༑ ཞེས་སོགས་གསུངས། དོན་ནི། ཐམས་ཅད་མཁྱེན་པ་དང་སངས་རྒྱས་དོན་གཅིག་པ་བདེན་ཡང། འདིར་དེ་གཉིས་ཀ་སྨོས་པ་ལ་དགོས་པ་ཡོད་དེ། ཁྱབ་འཇུག་དང་དྲག་པོ་སོགས་ལ་བྱིས་པ་བླུན་པོས་ཐམས་ཅད་མཁྱེན་ པར་གཏགས་པས་དེ་དག་ཐམས་ཅད་མཁྱེན་པ་ཡིན་པ་བསལ་བའི་ཆེད་ཡིན་པའི་ཕྱིར། འོ་ན་ཁྱབ་འཇུག་སོགས་མིན་ལ་སངས་རྒྱས་ཁོ་ན་ཐམས་ཅད་མཁྱེན་པ་ཡིན་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་ཡོད་དེ་ སངས་འཕགས་ཁོ་ན་སེམས་ཅན་ཐམས་ཅད་ཀྱི་སྐད་དང་མཐུན་པར་ཆོས་ཐམས་ཅད་སྟོན་པའི་ཐམས་ཅད་མཁྱེན་པ་ཡིན་གྱི། ཁམས་གསུམ་ན་ཁྱབ་འཇུག་སོགས་ལ་དེ་འདྲ་མེད་པའི་ཕྱིར་ཏེ། དེ་རྣམས་ནི་ལས་ཉོན་གྱིས་ འཕངས་པ་ཡིན་ལ། སངས་རྒྱས་འབའ་ཞིག་འཁོར་བའི་བག་ཆགས་མ་ལུས་པར་སྤངས་པ་ཡིན་པའི་ཕྱིར། གསུམ་པ་སྟོན་པ་ལ། འདིར་དེ་བཞིན་གཤེགས་པས་མཚན་ཡང་དག་པར་བརྗོད་པའི་ཆོས་ཀྱི་དབྱིངས་ [111B] །འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པ་སྐམ་སར་གནས། །ཤེས་པ་འབའ་ཞིག་ངེས་གསལ་བ། །ཤེས་རབ་ མཚོན་ཆས་རྣམ་འཇོམས་པ། ཞེས་སོ། དེའི་ཕྱིར་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་ཏེ་སངས་རྒྱས་ཞེས་པ་ཟློས་པའི་ཚིག་ཏུ་མི་འགྱུར་རོ། ཞེས་གསུངས་སོ། །དོན་ནི། ཐོག་མཐའ་རྣམས་སླ་ཞིང་ལུང་ དོན་དངོས་ནི། སངས་རྒྱས་འཕགས་པ་ཆོས་ཅན། ཐམས་ཅད་མཁྱེན་པ་ཡིན་ཏེ། འཁོར་བའི་སྐྱེ་བ་ལས་ཕ་རོལ་ཏུ་བརྒལ་བའི་མཐར་སོན་པ་ཕྱིན་ཆད་སློབ་པར་བྱ་བ་མེད་པའི་ཚུལ་གྱིས་ལས་ཀྱི་བྱ་བ་བྱས་པ་ཉོན་མོངས་པའི་ བག་ཆགས་ཀྱི་རླན་དང་བྲལ་བའི་སྐམ་སར་གནས་པ། ཤེས་པའི་སྐད་དོད་ཡེ་ཤེས་ལའང་འཇུག་པས་ཇི་ལྟ་བ་རྟོགས་པའི་མཉམ་གཞག་ཡེ་ཤེས་འབའ་ཞིག་ལ་གནས་བཞིན་དུ་ཆོས་ཐམས་ཅད་མངོན་སུམ་དུ་ངེས་པར་ གསལ་ཞིང་མཁྱེན་པ། ཤེས་རབ་ཀྱི་མཚོན་ཆས་གདུལ་བྱའི་སྒྲིབ་གཉིས་ཀྱི་བག་ཆགས་འཇོམས་པར་མཛད་པ་ཡིན་པའི་ཕྱིར། གཉིས་པ་ལའང་སྔར་ལྟར་གསུམ་ལས། དང་པོ་སྟོན་པ་ལ། ཐམས་ཅད་མཁྱེན་པ། ཞེས་ སོགས་གསུངས། དོན་ནི། ཐམས་ཅད་མཁྱེན་པ་དང་ཡེ་ཤེས་ཀྱི་སྐུ་ཞེས་ཟློས་ནས་གསུངས་པ་མི་འཐད་པར་ཐལ། ཐམས་ཅད་མཁྱེན་པ་དེ་ཡེ་ཤེས་ཀྱི་སྐུ་ཅན་ཡིན་པའི་ཕྱིར། གཉིས་པ་སྟོན་པ་ལ། དེ་ཉིད་བརྗོད་པར་བྱ་སྟེ་ [112A]༄༅། །འདིར་ཐམས་ཅད་མཁྱེན་པ། ཞེས་སོགས་གསུངས། དོན་ནི། གཞན་སྔར་བཞིན་ལ་ཐམས་ཅད་མཁྱེན་པ་ཡེ་ཤེས་ཀྱི་སྐུ་ཡིན་པ་བདེན་ཡང་འོན་ཀྱང་དེ་གཉིས་ཀ་སྨོས་པ་ལ་དགོས་པ་ཡོད་དེ། རྫོགས་ པའི་སངས་རྒྱས་ལས་གཞན་སངས་རྒྱས་ཀྱི་སྒྲས་བསྟན་པ་འཕགས་པ་དཔལ་འཕྲེང་གི་མདོ་ལས་གསུངས་པ་ལྟར་ཉན་རང་དགྲ་བཅོམ་པ་གཉིས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་ཡོད་པས་དེ་ཡེ་ཤེས་ཀྱི་སྐུ་ཡིན་པ་གསལ་བའི་ ཕྱིར་གསུངས་པ་ཡིན་པའི་ཕྱིར། ཉན་རང་དགྲ་བཅོམ་པ་དང་སངས་འཕགས་ལ་ཡེ་ཤེས་ཀྱི་སྐུ་ཡོད་མེད་ཀྱི་ཁྱད་པར་ཡོད་དེ། དེ་གཉིས་ལ་ཤེས་སྒྲིབ་ཀྱི་ལྷག་མ་དང་བཅས་པ་ཡོད། དེ་ལྷག་མ་ལས་གྲོལ་བ་ཡིན་པའི་ཕྱིར། གསུམ་ པ་སྟོན་པ་ལ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱི་མཚན་ཡང་དག་པར་བརྗོད་པའི་སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་པ་ཚིགས་སུ་བཅད་པ་བཅུ་གཅིག་པས་གསུངས་པ་འདི་ལྟ་སྟེ། ལྷག་མ་ཀུན་ལས་རྣམ་གྲོལ་ ཞིང༑ ༑ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང། །ཁྱབ་བདག་རིན་ཆེན་ཀུན་གྱི་བདག་ཅེས་སོ། །དེ་ཕྱིར་ཞེས་སོགས་གསུངས་སོ། །ཐམས་ཅད་མཁྱེན་པ་ཆོས་ཅན། ཡེ་ཤེས་ཀྱི་སྐུ་ ཅན་ཡིན་ཏེ། ཉོན་མོངས་པའི་བག་ཆགས་ཀྱི་ལྷག་མ་ཀུན་ལས་རྣམ་པར་གྲོལ་ཞིང། ནམ་མཁའི་ལམ་ལྟར་ཤེས་སྒྲིབ་ཀྱི་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་སྐུ་ལ་རབ་ཏུ་གནས་པ། ཤེས་སྒྲིབ་སྤངས་པས་མི་རྟོག་པ་ལ་ [112B] དེའི་ཕྱིར་རིགས་ཐམས་ཅད་ཀྱི་ཁྱབ་ བདག་དེ་ནི་རིན་ཆེན་ཀུན་གྱི་མཆོག་ཡིན་པའི་ཕྱིར། ཁ་ཅིག་ཉན་རང་གི་མྱང་འདས་ཡིན་ན་ཕུང་པོ་ལྷག་མ་དང་བཅས་པའི་མྱང་འདས་ཡིན་པས་ཁྱབ་པར་སྨྲ་བ་ནི་མི་འཐད་དེ། གྲུབ་མཐའ་སྨྲ་བ་བཞི་གའི་ལུགས་ ལས་བརྒལ་བའི་ཕྱིར། བྱ་བ་བདག་གི་དོན་བདེན་པར་གྲུབ་པའི་བདག་གི་བརྟན་གཡོ་ཀུན་ལ་ཁྱབ་པར་འདོད་པའང་མི་འཐད་དེ། དེ་ནི་མུ་སྟེགས་པའི་ལུགས་ངན་པ་ཡིན་པའི་ཕྱིར། གསུམ་པ་ལའང་གསུམ་ ལས༑ དང་པོ་དོགས་པ་འགོད་པ་ནི། གང་ཡེ་ཤེས་ཀྱི་སྐུ་ཡིན་པ་དེ་ཉིད། ཅེས་སོགས་གསུངས། དོན་ནི། ཡེ་ཤེས་ཀྱི་སྐུ་དང་ཉིན་མོར་བྱེད་པའི་སྐུ་ཞེས་ཟློས་ནས་གསུངས་པ་ལ་དགོས་པ་མེད་པར་ཐལ། ཡེ་ ཤེས་ཀྱི་སྐུ་དེ་མི་ཤེས་པའི་མུན་པ་འཇོམས་བྱེད་ཉིན་མོར་བྱེད་པའི་སྐུ་ཡིན་པའི་ཕྱིར། གཉིས་པ་སྟོན་པ་ལ། དེའི་ཕྱིར་བརྗོད་པར་བྱ་སྟེ། ཞེས་སོགས་གསུངས། དོན་ནི། གཞན་རྣམས་སྔར་ལྟར་ལ། འོན་ ཀྱང་དེ་གཉིས་ཟློས་ནས་གསུངས་པ་ལ་དགོས་པ་ཡོད་དེ། སངས་རྒྱས་པ་དབུ་མ་པ་ལས་གཞན་རྣམ་པར་ཤེས་པར་སྨྲ་བ་རྣམ་རིག་པ་འདོད་པ་ལྟར་ཤེས་སྒྲིབ་སྤོང་བ་ལ་གཟུང་འཛིན་རྫས་གཞན་དུ་འཛིན་པ་སྤངས་པ་ཙམ་ [113A]༄༅། །གྱི་ཆོག་སྙམ་དུ་འཛིན་པ་རྣམ་ཤེས་བདེན་འཛིན་གྱི་ཆོས་ཉིད་ལ་གནས་པའི་ལུགས་དེའི་ལོག་རྟོག་བསལ་བའི་ཆེད་ཡིན་པའི་ཕྱིར། རྣམ་རིག་པའི་ལུགས་ཀྱི་ཤེས་སྒྲིབ་སྤངས་པས་སངས་རྒྱས་ཀྱི་ཡེ་ ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་སྐུ་མི་ཐེབ་པའི་རྒྱུ་མཚན་ཡོད་དེ། རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱི་ནང་ན་སྟེ་ལྟ་བ་དེ་ལ་གནས་བཞིན་དུ་རྣམ་པར་ཤེས་པའི་ཆོས་ལ་བདེན་འཛིན་གྱིས་གནས་པའི་ཕྱིར་དང། སངས་འཕགས་ ཡིན་ན་རྣམ་ཤེས་ཀྱི་ཆོས་ལ་བདེན་འཛིན་ལས་འདས་པས་ཁྱབ་པའི་ཕྱིར། མཁས་པ་དག་རྣམ་པར་ཤེས་པའི་ཆོས་ལས་འདས་མ་འདས་ཀུན་གཞིའི་རྣམ་ཤེས་ལས་འདས་མ་འདས་ལ་བྱེད་ཅིང། རྣམ་པར་ཤེས་པའི་ ཆོས་ཉིད་འདས། ཞེས་པའང། དེ་ལྟར་འཆད་པ་མི་འཐད་དེ། འབྲས་དུས་སུ་ཀུན་གཞི་གནས་གྱུར་དགོས་པ་རྣམ་རིག་པ་འདོད་ཀྱི། དེ་ལྟར་འདོད་པའི་ཐལ་འགྱུར་བའི་གྲུབ་མཐའ་སྨྲ་བ་མེད་པའི་ཕྱིར། ཁ་ཅིག་ཀུན་གཞིའི་ རྣམ་ཤེས་དངོས་པོའི་ཆོས་ཉིད་ལས་འདས་ཤིང། ཀུན་གཞིའི་ཡེ་ཤེས་དངོས་མེད་ཀྱི་ཤེས་པ་ལ་གནས་པར་འདོད་པ་མི་རིགས་ཏེ། ཡེ་ཤེས་རྟག་པ་ཚད་མས་ཁེགས་པའི་ཕྱིར། གསུམ་པ་སྟོན་པ་ལ། དེ་ལྟར་ཡང་ ཞེས་པ་ནས། འདི་ལྟ་སྟེ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་སྐུ་འཆང་བ། ཞེས་སོ། །དེའི་ཕྱིར་ཡེ་ཤེས་ཀྱི་སྐུ་ [113B] ཞེས་བཅོམ་ལྡན་འདས་ཀྱིས་ཟློས་པ་གསུངས་སོ། ཞེས་གསུངས། དོན་ནི། སངས་འཕགས་ཆོས་ཅན། ཉིན་མོར་བྱེད་པའི་སྐུ་ཞེས་བྱ་སྟེ། རྣམ་པར་ཤེས་པའི་ ཆོས་ཉིད་ཙམ་ལ་བདེན་པར་འཛིན་པའི་བག་ཆགས་དང་བཅས་པ་ཉིད་ལས་འདས་པས་ཡུལ་ཅན་གྱི་ཡེ་ཤེས་ཡུལ་སྟོང་ཉིད་དང་གཉིས་སུ་མེད་པར་ཆུ་ལ་ཆུ་བཞག་པ་བཞིན་དུ་གྱུར་པ་ལ་རྟག་ཏུ་མཉམ་པར་བཞག་པའི་ ཚུལ་འཆང་བ་རྣམ་པར་རྟོག་པ་མེད་བཞིན་དུ་ལྷུན་གྱིས་གྲུབ་ཅིང། དུས་གསུམ་དུ་རྒྱུན་མི་འཆད་པར་སངས་རྒྱས་ཀྱི་འཕྲིན་ལས་བྱེད་པ་ཡིན་པའི་ཕྱིར། ཀཱ་ཡ་ཞེས་པ་སྐུ་དང་ལས་བྱེད་པ་གཉིས་ཀ་ལ་འཇུག་པ་ལས་ འདིར་ཕྱི་མའི་དབང་དུ་བྱས་སོ། །དོན་བསྡུ་ནི་རྟོགས་སླའོ། །གཉིས་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་གཟུགས་ཅན་དུ་ཐལ་བའི་རྩོད་སྤོང་ལའང་གསུམ་ལས། དང་པོ་དོགས་པ་དགོད་པ་ལ། འདིར་འགའ་ཞིག་ལ། ཞེས་སོགས་ གསུངས། དོན་ནི། དགོས་པ་ཅིའི་དོན་དུ་པདྨའི་འདབ་མ་རྒྱས་པའི་སྤྱན། ཞེས་སྟོན་པས་གསུངས་ཏེ་གསུང་བ་མི་འཐད་པར་ཐལ། རྒྱུད་ཀྱི་བརྗོད་བྱ་ཡེ་ཤེས་ཀྱི་སྐུ་དེ་གཟུགས་ཅན་མ་ཡིན་པའི་ཕྱིར། གཉིས་པ་དེའི་སྐྱོན་ སྤོང་བ་ལ། དེའི་ཕྱིར་བརྗོད་པར་བྱ་སྟེ། ཞེས་སོགས་གསུངས། དོན་ནི། ཡེ་ཤེས་ཀྱི་སྐུ་གཟུགས་ཅན་དུ་ཐལ་བའི་སྐྱོན་མེད་དེ། ཡེ་ཤེས་པད་འདབ་རྒྱས་པ་དང་དབྱིབས་མཚུངས་པས་དེ་ལྟར་བརྗོད་པ་མ་ཡིན་པའི་ཕྱིར། དེར་ [114A]༄༅། །ཐལ༑ འདིར་བརྗོད་པར་ངེས་པའི་དོན་དུ་པདྨའི་སྒྲས་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་རྟེན་ནམ་མཁའི་ཁམས་མཚོན། པདྨ་ལས་པད་འདབ་རྒྱས་པ་ལྟར་པདྨས་མཚོན་པའི་ནམ་མཁའ་ལ་པད་ འདབ་ཀྱིས་མཚོན་པའི་འཇིག་རྟེན་གྱི་ཁམས་ན་གདུལ་བྱ་སྦྱང་བཞི་རིགས་བརྒྱས་མཚོན་པ་ཚད་མེད་པ་རྒྱས་པ་མཚོན། མཐའ་ཡས་པའི་གདུལ་བྱ་དེ་སྙེད་ཀྱི་གྲངས་ཀྱི་ལྡོག་པས་ཕྱེ་བའི་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ ཀྱི་སྤྱན་རྒྱས་པས་པདྨའི་འདབ་མ་རྒྱས་པའི་སྤྱན། ཞེས་གསུངས་པ་ཡིན་པའི་ཕྱིར། དེ་ཡང་ཡེ་ཤེས་ཡིན་ན་པདྨའི་འདབ་མ་རྒྱས་འདྲའི་སྤྱན་མངའ་བར་འགལ་བ་བརྗོད་པ་མིན་གྱི་ཡེ་ཤེས་དེ་འདྲའི་སྤྱན་ཡིན་པར་བཤད་པ་ ལ་རྩོད་པ་སྤོང་བ་ཡིན་ནོ། །གསུམ་པ་ལུང་དང་སྦྱར་བ་ནི། འདིར་བཅོམ་ལྡན་འདས། ཞེས་པ་ནས། འདི་ལྟ་སྟེ། རྡོ་རྗེ་འབར་བ་མིག་མི་བཟང། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་དེ་ རྡོ་རྗེའི་མིག་ཅེས་སོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་པདྨའི་འདབ་མ་རྒྱས་པའི་སྤྱན་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནི་གཟུགས་དང་བྲལ་བ་ཡིན་ནོ། ཞེས་གསུངས། གཞན་རྣམས་ སླ༑ ལུང་དོན་ནི། སངས་འཕགས་ཀྱི་ཡེ་ཤེས་རྡོ་རྗེ་སྟེ་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་ཆོས་ཅན། ཁྱོད་ལ་པདྨའི་འདབ་མ་རྒྱས་པའི་སྤྱན་ཞེས་བྱ་སྟེ། ཁྱོད་ཀྱིས་གཟིགས་པ་འབར་བ་སྟེ་རྒྱས་པ་ནི་ཡུལ་གང་ལའང་ [114B] སྐྲ་ཡང་ཞེས་པའི་ཡང་སྒྲ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། མཚན་དཔེས་བརྒྱན་པའི་རྣམ་པ་ཅན་གྱི་སྐུའི་ཆ་ཤས་ཐམས་ ཅད་འཛིན་པ་ཡིན་པའི་ཕྱིར། བདེ་མཆོག་རྩ་རྒྱུད་ལས། ཀུན་ཏུ་ཕྱག་དང་ཞབས་ལྡན་ཞིང། །ཀུན་ཏུ་སྤྱན་དང་དབུ་དང་ཞལ། །ཀུན་ཏུ་གསན་ལྡན་འཇིག་རྟེན་ན། །ཐམས་ཅད་གཡོགས་ཏེ་རྣམ་པར་བཞུགས། ཞེས་སྐུའི་ཆ་ རེ་རེས་ཀྱང་ཕྱག་ཞབས་དང། དབང་ཤེས་ལྔའི་བྱ་བ་བྱེད་པར་གསུངས་པ་ལྟར། རྡོ་རྗེ་འབར་བ་གཉིས་སུ་མེད་པའི་ཡེ་ཤེས་དེ་དང་དེ་སྐྲ་རེ་རེའི་ཡང་རྣམ་པར་ཤར་བ་ཡིན་པས་བྱ་བ་དེ་འདྲ་བྱེད་ནུས་ན་ཡེ་ཤེས་ཉིད་ཀྱིས་སྨོས་ ཀྱང་ཅི་དགོས་པའི་ཕྱིར། དེ་བཞིན་དུ་རྣམ་རྟོག་གིས་མི་ཆོད་པའི་རྡོ་རྗེ་ཡེ་ཤེས་དེ་ཉིད་ཡུལ་དེ་ཁོ་ན་ཉིད་ལ་གཉིས་སྣང་གིས་མི་ཆོད་པར་རོ་མཉམ་པའི་ཚུལ་གྱིས་འབེབས་པ་དང། ཡེ་ཤེས་དེ་ཉིད་ཤེས་བྱའི་རྣམ་པ་མཐའ་ དག་ལ་སྤྱོད་པའི་བྱ་བ་ཅིག་ཅར་དུ་ཐོགས་མེད་དུ་འབེབས་པས་འབེབས་པ་ཆེ་དང། དེའི་ཕྱིར་རྡོ་རྗེའི་མིག་སྟེ་ཡེ་ཤེས་དེ་ནི་ཡུལ་ཐམས་ཅད་ཅིག་ཅར་དུ་གཟིགས་པས་མིག་བརྒྱ་པ་ཞེས་བརྗོད་པ་ཡིན་པའི་ཕྱིར། གསུམ་པ་ མཚན་གྱི་ཁྱད་པར་ལྔས་བསྟན་པའི་སྟོན་པ་གང་ལ་བཞུགས་པའི་གནས་གཉིས་སེང་གེའི་ཁྲིའི་ཚིག་གིས་བསྟན་པ་རྩ་རྒྱུད་ཀྱི་ལུང་དང་སྦྱར་བ་ནི། སངས་རྒྱས་དེ་སེང་གེའི་ཁྲི་ལ་བཞུགས་པ་སྟེ། སེང་གེའི་ཁྲི་ནི་ནམ་ [115A]༄༅། །མཁའི་ཁམས་ཡིན་ལ། གཞན་ཡང་སེང་གེའི་ཁྲི་ནི་ཟླ་བ་དང་ཉི་མ་དང་མེའི་དཀྱིལ་འཁོར་ཏེ། དེ་ལ་བཞུགས་པ་ནི་སེང་གེའི་ཁྲི་ལ་བཞུགས་པ་སྟེ། འདིར་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་ གསུངས་པ། ཨ་གསང་མཁའ་ཁམས་བྷ་གའམ། །ཆོས་འབྱུང་ཆུ་སྐྱེས་སེང་གེའི་ཁྲིར། །བཞུགས་པའི་རྡོ་རྗེ་ཅན་ཝཾ་དང། །རྡོ་རྗེ་ཅན་དང་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང། །ཧེ་རུ་ཀ་དང་དུས་འཁོར་ དང༑ ༑དང་པོའི་སངས་རྒྱས་ལ་སོགས་མཚན། །སྣ་ཚོགས་ཡུལ་གྱི་མིང་རྣམས་ཀྱིས། །རྒྱུད་གཞན་དག་ཏུ་བདག་གིས་བརྗོད། །སྣ་ཚོགས་སེམས་ཅན་བསམ་པས་ཀྱང། །རྟེན་གྱི་མཚན་ཉིད་གནས་དང་ནི། །བརྟེན་ པ་དག་ཀྱང་བདག་གིས་བརྗོད། །ཀུན་མཁྱེན་སྟོན་པ་རྡོ་རྗེ་འཛིན། །སངས་རྒྱས་སེང་གེའི་ཁྲི་ལ་བཞུགས། །ཟླ་བཟང་ཁྱོད་ཀྱིས་གསོལ་བཏབ་པ། །དུས་ཀྱི་འཁོར་ལོ་སྟོན་པ་པོ། ཞེས་སོ། །དོན་ནི། སངས་རྒྱས་སེང་ གེའི་ཁྲི་ལ་བཞུགས། ཞེས་པའི་འདིར་བསྟན་སེང་ཁྲི་དང། དེ་ལ་བཞུགས་ཚུལ་བཞག་ཏུ་ཡོད་དེ། ནམ་མཁའི་ཁམས་མཚོན་པའི་རྣམ་བཅས་དང་རྣམ་མེད་ཀྱི་སྟོང་ཉིད་དང། གཞན་དཀྱིལ་འཁོར་ལའང་འདིར་ བསྟན་སེང་ཁྲི་ནི་ཟླ་ཉི་མེ་དཀྱིལ་རྣམས་ཡིན་ལ། དེ་ལ་རྣམ་བཅས་རྣམ་མེད་ཀྱི་ཚུལ་དུ་བཞུགས་པ་ནི་སངས་རྒྱས་སེང་གེའི་ཁྲི་ལ་བཞུགས་པའི་དོན་ཡིན་པའི་ཕྱིར། དོན་འདི་རྩ་རྒྱུད་ལས་གསུངས་ཚུལ་ཡོད་དེ། འདུས་པ་ [115B] བདེ་མཆོག་ཏུ་གསང་བ་དང། གུར་དུ་ནམ་མཁའི་ཁམས་དང། ཀྱེ་རྡོར་དུ་བྷ་གའམ་ཆོས་འབྱུང་དང། རྣལ་འབྱོར་རྗེས་རིག་ཏུ་ཆུ་སྐྱེས་ཏེ་པདྨ་དང། དང་པོའི་སངས་རྒྱས་སུ་སེང་གེའི་ཁྲི་ཞེས་སོགས་ མིང་སྣ་ཚོགས་ཀྱིས་བསྟན་པའི་གནས་སམ་རྟེན་དེར་བཞུགས་པའི་བརྟེན་པ་རྡོ་རྗེ་ཅན་ཡང། འདུས་པ་སོགས་སུ་ཝཾ་ཡིག་དང། གུར་དུ་རྡོ་རྗེ་ཅན་དང། རྒྱུད་གཞན་དུ་རྡོ་རྗེ་སེམས་དཔའ་དང། རྣལ་འབྱོར་རྗེས་རིག་ཏུ་རྡོ་ རྗེ་འཇིགས་བྱེད་དང། རྒྱུད་ལ་ལར་དབང་ཕྱུག་ཆེན་པོ་དང། བདེ་མཆོག་ཏུ་ཧེ་རུ་ཀ་དང། འདིར་དུས་ཀྱི་འཁོར་ལོ་དང། དང་པོའི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་མཚན་གྱི་རྣམ་གྲངས་སྣ་ཚོགས་པ་ཡུལ་གྱི་མིང་སོ་ སོའི་སྐད་རྣམས་ཀྱིས་རྒྱུད་གཞན་དག་ཏུ་དེ་བཞིན་གཤེགས་པ་བདག་གིས་བརྗོད་པའི་ཕྱིར། རྟེན་གྱི་མཚན་ཉིད་བཞུགས་པའི་གནས་དང་ནི་དེ་ལ་བཞུགས་པ་པོའི་བརྟེན་པ་དག་ཀྱང་བདག་གིས་སྣ་ཚོགས་པའི་རྒྱུད་རྣམས་ སུ་བརྗོད་པའི་རྒྱུ་མཚན་ཡོད་དེ། གདུལ་བྱ་སྣ་ཚོགས་པའི་སེམས་ཅན་གྱི་བསམ་པས་ཀྱང་དེ་ལྟར་བརྗོད་པ་ཡིན་པའི་ཕྱིར། ཞུ་བ་པོ་ཟླ་བཟང་ཁྱོད་ཀྱིས་གསོལ་བ་བཏབ་པ་དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་བཞག་ཏུ་ཡོད་དེ། ཀུན་ མཁྱེན་སྟོན་པ་རྡོ་རྗེ་འཛིན་པའི་སངས་རྒྱས་སྔར་བཤད་པའི་སེང་གེའི་ཁྲི་དེ་ཉིད་ལ་བཞུགས་པ་དེ་ཡིན་པའི་ཕྱིར། ལྔ་པ་དེས་ན་སྟོན་པ་དང་ཞུ་བ་པོ་གཞན་ལས་ཁྱད་པར་འཕགས་པ་དོན་བསྡུ་དང་བཅས་པ་ལ་གསུམ་ [116A]༄༅། །ལས༑ དང་པོ་གཞན་གྱི་སྟོན་པ་དང་སྡུད་པ་པོའི་སྐྱོན་བསྟན་པ་ལ་དེའི་ཕྱིར། ཞེས་སོགས་གསུངས། དོན་ནི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། སྒྲིབ་གཉིས་ལས་གྲོལ་བ་སེམས་ཅན་ཐམས་ཅད་ ལ་རྒྱུ་མེད་པར་མཉེས་གཤིན་པ་ཡིན་ཏེ། ལྷ་མི་སོགས་ལ་རང་རང་གི་བསམ་པ་དང་མཐུན་པར་ཆོས་སྟོན་པའི་ཚུལ་རྒྱས་པར་བཤད་པ་དེའི་ཕྱིར། ཁྱབ་འཇུག་སོགས་ཀྱི་ཞབས་ལ་ཕྱག་བྱས་པའི་སྟོན་པ་སངས་རྒྱས་ཆོས་ ཅན༑ ཁྱོད་འབའ་ཞིག་ཐམས་ཅད་མཁྱེན་པ་ཡིན་ཏེ། ཁྱོད་སྟོང་གསུམ་ན་མཐའ་ཡས་པའི་སེམས་ཅན་རྣམས་ལ་རང་རང་གི་སྐད་ཀྱིས་དུས་ཅིག་ཅར་དུ་མཐའ་ཡས་པའི་ཆོས་སྟོན་པ་པོ་གང་ཞིག་ཁྱོད་ལས་གཞན་ཁྱབ་ འཇུག་སོགས་འགའ་ལ་ཡང་མེད་པའི་ཕྱིར། དེར་ཐལ། ཁྱབ་འཇུག་དང་དྲག་པོ་སོགས་ནི་ལས་དབང་གིས་ལྷའི་སྐྱེ་བ་ཉི་ཚེ་བར་སྐྱེས་ཤིང། སྐད་ཀྱང་ལེགས་སྦྱར་ཉི་ཚེ་བར་སྨྲ་བས་སེམས་ཅན་གྱི་བསམ་པ་དང་མཐུན་ པར་སྣ་ཚོགས་པའི་ཆོས་སྟོན་པར་བྱེད་པ་མ་ཡིན་པའི་ཕྱིར། དེ་ཉིད་རྒྱས་པར་འཆད་པ་ལ། མིའི་འཇིག་རྟེན་ཞེས་སོགས་གསུངས། །དོན་ནི་ཁྱབ་འཇུག་སོགས་ཐམས་ཅད་མཁྱེན་པ་མིན་ཏེ། དེའི་ཆོས་གླུ་དང་ཞི་བ་ པའི་གྲུབ་མཐའ་དང་ཁྱབ་འཇུག་གི་འཇུག་པ་བཅུའི་ལོ་རྒྱུས་སོགས་ཉི་ཚེ་བ་ཡིན་པའི་ཕྱིར། དེ་བཞིན་དུ་རིག་བྱེད་བཞི་པོ་དག་ཀྱང་ཉི་ཚེ་བ་ཡིན་ཏེ། རྗེའུ་རིགས་དང་དམངས་རིགས་ལ་སོགས་པས་བཀླག་ཏུ་མི་རུང་བར་ [116B] དེ་བཞིན་གླུ་དང་གྲུབ་པའི་མཐའ་སྔོན་ རབས་ཀྱི་ཆོས་རྣམས་ཚངས་པའི་ཁ་ལས་སྐྱེས་པའི་བྲམ་ཟེ་དང། དཔའ་ཞིང་ཡུལ་འཁོར་སྐྱོང་བའི་རྒྱལ་རིགས་དང། ཚོང་ལ་སོགས་པས་ནོར་ཕུན་སུམ་ཚོགས་པའི་ རྗེའུ་རིགས་དང། ཞིང་ལས་སོགས་དམན་པའི་ལས་བྱེད་པའི་དམངས་རིགས་རྣམས་ཀྱིས་མཉན་པར་བྱའི་ཉ་པ་སོགས་ཀྱིས་མིན་ནོ། །ཞེས་རིགས་རྒྱུ་མཚན་དུ་བྱས་ནས། ཆོས་སྟོན་པ་ལ་དགག་ཚིག་སྨྲ་བས་སེམས་ཅན་ ཐམས་ཅད་ལ་ཕན་པ་བྱེད་པ་མ་ཡིན་པའི་ཕྱིར། གཞན་ཡང། ཁྱབ་འཇུག་ཆོས་ཅན། ཐམས་ཅད་མཁྱེན་པ་མ་ཡིན་པར་ཐལ། ཁྱོད་ཀྱི་གྲུབ་མཐའ་ལ་བྲམ་ཟེ་དང་རྒྱལ་རིགས་ཀྱིས་ལེགས་སྦྱར་གཅིག་པུས་རིག་བྱེད་བཀླགས་ པས་མཐོ་རིས་སུ་སྐྱེས་ཏེ་འདོད་པ་འཇོ་བ་ཐོབ་ལ། རིགས་ངན་པ་རབ་ཏུ་འབྱུང་མི་རུང་ཞིང། ཁྱབ་འཇུག་གི་བརྟུལ་ཞུགས་ཤིང་གི་དབྱིག་པ་རྩེ་གསུམ་འཛིན་པ་སོགས་ཀྱང་མི་བྱའོ་ཞེས་ཉི་ཚེ་བའི་ཆོས་སྟོན་ཞིང་ལོག་པའི་ང་ རྒྱལ་གྱིས་ནོན་པ་ཡིན་པའི་ཕྱིར། སྡུད་པ་པོ་དྲང་སྲོང་རྣམས་ཀྱིས་ཀྱང་རིག་བྱེད་གླུ་དང་གྲུབ་མཐའ་དང་རྟོག་གེ་དང། རིག་པ་དགའ་བའི་བསྟན་བཅོས་དང། ཆོས་ཐར་པའི་ཐབས་སུ་རློམ་པ་རྣམས་དང། ཡེ་ཤེས་མོ་དང། སྐར་ རྩིས་ལ་སོགས་པ་རྣམས་རིགས་བཞི་ཐམས་ཅད་ལ་ཐུན་མོང་དུ་བསྟན་པར་བྱ་བ་མིན་ཏེ། ཐུན་མོང་དུ་བསྟན་ན་ཁྱིམ་པ་དང་བྲམ་ཟེ་ཡོན་ཏན་ཁྱད་མེད་དུ་འགྱུར་ཞིང། དེ་ལྟར་གྱུར་ན་བྲམ་ཟེ་རྣམས་ལ་རྙེད་བཀུར་ལྷག་པོ་མི་ [117A]༄༅། །འབྱུང་བའི་ཕྱིར་སྙམ་དུ་རྫས་ལ་ཆགས་པའི་དྲང་སྲོང་གདུག་པ་རྣམས་ཀྱིས་དཔེ་མཁྱུད་བྱས་པ་ཡིན་པའི་ཕྱིར། གླུ་དང་ཞེས་པ་ནས། ཁ་ལ་གནས་སོ། །དེ་ནས་ཞེས་པ་ནས། ཞེས་སོ། །གཉིས་པ་ནི། འདིར་ ཁྱབ་འཇུག་དང་དྲག་པོ་ལ་སོགས་པ། ཞེས་པ་ནས། ཡི་རང་བར་མི་བྱའོ། ཞེས་པ་སྟེ་གོ་སླའོ། །གཉིས་པ་རང་གི་སྟོན་པ་དང་སྡུད་པ་པོའི་ཡོན་ཏན་བསྟན་པ་ལ་གསུམ། དངོས་དང། དོན་བསྡུ་བ་དང། ཡོན་ཏན་མཐོང་བས་ གུས་ཀྱི་སྡང་ཤུགས་ཀྱིས་མ་ཡིན་པར་བསྟན་པའོ། །དང་པོ་སྟོན་པ་ལ། ཁམས་གསུམ་པོ་འདིར། ཞེས་སོགས་གསུངས། འདི་རྣམས་འགྲེལ་པ་བཀླགས་པ་ཙམ་གྱིས་རྟོགས་ནུས་ལ། སྡུད་པར་བྱེད་པ་པོ་དག་གིས་ཐེག་ པ་གསུམ་གླེགས་བམ་དུ་བྲིས་ཏེ་ཞེས་པ་བཀའ་བསྡུ་གསུམ་དང། རྒྱུད་སྡེ་རྣམས་ཕྱག་རྡོར་གྱིས་བསྡུས་ཞེས་པ་ལྟ་བུ་རྩ་བའི་བསྡུ་བ་མིན་གྱི། གནས་སྐབས་ཀྱི་བསྡུ་བ་སྤྱིའི་དབང་ཙམ་དུ་དགོངས་པ་ཡིན་ཏེ། ཡུལ་སྣ་ ཚོགས་པའི་སྐད་ཀྱིས་བྲིས། ཞེས་གསུངས་པའི་ཕྱིར། དེ་ཡང་ཡུལ་སྣ་ཚོགས་པ་ན་བསྟན་པ་མ་ཉམས་པར་འཛིན་པའི་སྐྱེས་ཆེན་ཇི་སྙེད་བཞུགས་པ་དག་ཀྱང་གནས་སྐབས་ཀྱི་སྡུད་བྱེད་ཙམ་ཡིན་ཏེ། བློའི་མཐུ་བྲི་བས་རིམ་གྱིས་ ནུབ་དོགས་ཏེ། གླེགས་བམ་ལ་བྲིས་ནས་མི་ཉམས་པར་བྱེད་པའང་གནས་སྐབས་ཀྱི་བསྡུས་ཚུལ་གཅིག་ཏུ་བཞེད་པ་ཡིན་པའི་ཕྱིར། དེས་ན་རྩ་བའི་བསྡུས་ཚུལ་ཀུན་དགའ་བོ། འོད་སྲུངས། ཉེ་བ་འཁོར་གསུམ་གྱིས་སྡེ་ [117B] རྗེ་བཙུན་རེད་མདའ་བས། སྡུད་པོ་རྣམས་ཀྱིས་སྡེ་སྣོད་རྣམ་པ་གསུམ། གླེགས་བམ་དག་ལ་བཀོད་ཅེས་སྨྲ་བའང་མིན། ཞེས་སོགས་རྣམ་པར་བརྟགས་པའི་ཉེས་པས་ཀྱང་ རེག་པའི་གནས་མེད་དོ། །ཡང་རང་སངས་རྒྱས་རྣམས་ཀྱི་ཐེག་པ་དང། ཞེས་པ་ལ། ཁ་ཅིག་སྡུད་པ་པོ་རང་སངས་རྒྱས་རྣམས་ཀྱིས་རང་སངས་རྒྱས་ཀྱི་སྡེ་སྣོད་གསུམ་བསྡུས་ཞེས་སྨྲ་བ་མི་འཐད་དེ། ཉན་ཐོས་ཀྱི་སྡེ་སྣོད་ལས་ གཞན་པའི་རང་རྒྱལ་གྱི་སྡེ་སྣོད་བསྡུ་རྒྱུ་མེད་པའི་ཕྱིར་དང། དེ་ལྟར་འདོད་པ་དེ་ལ། རྗེ་བཙུན་རེད་མདའ་བས། ཐེག་པ་གསུམ་གྱི་སྡེ་སྣོད་བསྡུས་ཞེས་པའང། ཉན་ཐོས་སྡེ་སྣོད་ལས་གཞན་རང་རྒྱལ་གྱི། །སྡེ་སྣོད་ལོགས་པ་མེད་ན་ རང་རྒྱལ་གྱི། །སྡུད་པོས་བསྡུ་རྒྱུའི་སྡེ་སྣོད་གང་ཡིན་སྨྲོས། །སངས་རྒྱས་བསྟན་ལ་རང་རྒྱལ་འབྱུང་བ་མེད། ཅེས་གསུངས་པའི་གནོད་པ་ཡང་དུས་ཀྱི་ཆར་པ་བཞིན་འབབ་པའི་ཕྱིར། རང་ལུགས་ནི་སྡུད་པོ་དག་གིས་ཐེག་ པ་གསུམ་སྟོན་བྱེད་ཀྱི་སྡེ་སྣོད་དག་གླེགས་བམ་ལ་བྲིས་ཏེ་བསྡུ། འོ་ན་ཐེག་པ་གསུམ་པོ་ཅི་ཞེ་ན། ཉན་ཐོས་རྣམས་ཀྱིས་བགྲོད་པར་བྱ་བ་ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་རྣམས་ཀྱིས་བགྲོད་པར་བྱ་བ་རང་སངས་རྒྱས་ ཀྱི་ཐེག་པ་དང། ཞེས་སོགས་ཚིག་འབྲུ་སྣོན་པའོ། །གཉིས་པ་སྟོན་པ་ལ། སྡུད་པར་བྱེད་པ་དང། ཞེས་པ་ནས། མ་ཡིན་ནོའི་བར་རོ། །གསུམ་པ་སྟོན་པ་ལ། ཅི་སྟེ་ཞེས་པ་ནས། བཀུར་བར་བྱ་བ་ཡིན་ནོའི་བར་གསུངས། དོན་དེ་ [118A]༄༅། །ཉིད་ཚིགས་བཅད་དུ་སྟོན་པ་ལ། མཁས་རྣམས་ཡོན་ཏན་ལ་གུས་ཏེ། །སངས་རྒྱས་དབང་ཕྱུག་ལ་སོགས་མིན། །ཡོན་ཏན་མེད་ལ་གུས་པ་གང། །དེ་ནི་མི་དགེའི་ལས་ལས་སྐྱེས། །སེམས་ཅན་རྣམས་ ལ་ཕན་པའི་ཆོས། །ཐ་མལ་རྣམས་ཀྱང་སྟོན་པར་བྱེད། །མཁས་པས་བདག་གི་དགའ་མི་དགས། །སེམས་ཅན་རྣམས་ལ་འཚེ་བ་སྟོན། །མ་ཡང་སྲིན་མོའི་འཇིག་རྟེན་ན། །རང་གི་བུ་ལ་བཟའ་བར་སེམས། །གང་ཞིག་བུ་ལ་ བརྩེ་མེད་པ། །དེ་ལ་སྐྱེ་བོ་གཞན་ལྟ་ཅི། །མཆོད་སྦྱིན་ལ་སོགས་ཆོས་ཀྱི་རྒྱུ། །གང་ལ་ཕ་མ་གསོད་པར་ནི། །རང་དོན་ལྷུར་ལེན་བྲམ་ཟེ་བརྗོད། །དེ་ལ་གཞན་ནི་ཅི་ཞིག་ཏམ། ཞེས་གསུངས་པའི་དོན་ནི། ཆོས་དང་ཆོས་ མིན་འབྱེད་པ་ལ་མཁས་པ་རྣམས་ཆོས་ཅན། ཡོན་ཏན་དང་མི་ལྡན་ན་སངས་རྒྱས་ལའང་དབང་ཕྱུག་ལ་སོགས་པ་ལ་མི་གུས་པ་ལྟར་གུས་པ་མ་ཡིན་ཏེ། ཆོས་དང་མཐུན་པའི་ཡོན་ཏན་ལ་གུས་པ་ཡིན་པའི་ཕྱིར། ཐར་ འདོད་རྣམས་ཀྱིས་བསྟེན་རིགས་པའི་ཡོན་ཏན་མེད་པ་ལ་གུས་པའི་བྲམ་ཟེ་གང་ཡིན་པ་དེ་དག་ནི་ཆོས་ཅན། མཁས་པར་རློམ་ཡང་ཤིན་ཏུ་བླུན་པ་མི་དགེ་བའི་ལས་ལས་སྐྱེས་པ་ཡིན་ཏེ། སངས་རྒྱས་པ་ནི་མཁས་པ་ མིན་པའི་ཐ་མལ་པ་རྣམས་ཀྱང་སེམས་ཅན་རྣམས་ལ་ཕན་པའི་ཆོས་སྟོན་པར་བྱེད་ཀྱི་འཚེ་བ་ཆོས་སུ་མི་སྨྲ་བ་གང་ཞིག་ཁྱོད་ནི་མཁས་པར་འདོད་པས་ཀྱང་བདག་གི་དགའ་མི་དགས་ཏེ་རང་འདོད་ཙམ་གྱིས་སེམས་ [118B] དཔེར་ན་སྲིན་མོ་གནས་པའི་འཇིག་རྟེན་གྱི་གླིང་ན་མ་ཡང་རང་གི་བུ་ལ་བཟའ་བར་སེམས་ན་གང་ཞིག་རང་གི་བུ་ལ་བརྩེ་བ་མེད་པ་དེ་ལ་སྐྱེ་བོ་གཞན་ལ་བརྩེ་བ་མེད་པ་ ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་ཏེ། དབང་ཕྱུག་སོགས་མཉེས་པར་བྱེད་པའི་མཆོད་སྦྱིན་ལ་སོགས་པའི་ཆོས་ཀྱི་རྒྱུ་གང་ལ་རང་གི་ཕ་མ་ཡང་གསོད་པར་ནི་རང་དོན་ལྷུར་ལེན་གྱི་བྲམ་ཟེས་བརྗོད་པར་བྱེད་ན། ཕ་མ་གསོད་པ་ ཆོས་སུ་སྟོན་པ་དེ་ལ་སྐྱེ་བོ་གཞན་ནི་གསོད་པ་ཅི་ཞིག་ཏམ་སྟེ་ལྟ་སྨོས་ཀྱང་ཅི་ཞིག་དགོས་པའི་ཕྱིར། གསུམ་པ་དོན་བསྡུ་བ་སྟོན་པ་ལ། དེའི་ཕྱིར་མཆོག་གི་དང་པོའི་སངས་རྒྱས་ལ། ཐམས་ཅད་མཁྱེན་པ་སངས་རྒྱས་ བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཅན་ཐམས་ཅད་མཁྱེན་པ་སྐད་ཐམས་ཅད་ཀྱིས་ཆོས་སྟོན་པ་པོ་ཡིན་ལ། དེ་བཞིན་དུ་ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེ་ཟླ་བ་བཟང་པོ་ནི་གསོལ་བ་འདེབས་པ་པོ་དང་ སྡུད་པ་པོ་ཡིན་པར་རབ་ཏུ་གྲགས་སོ། ཞེས་གསུངས་དོན་སླའོ། །གསུམ་པ་ནི། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ། ཞེས་སོགས་སོ།། སྨས་པ། དྲི་མེད་འོད་གཞུང་ལེགས་བཤད་ནུ་འབུར་ཟུང། །སྒེག་ལྡན་སྐལ་བཟང་ཚོགས་ ལ་ངོམ་པའི་ཚེ། །རིང་ནས་མཛའ་བས་བཅིངས་པའི་གཞོན་དུ་ཞིག་རྣམ་དཔྱོད་སེན་རྗེས་འགོད་པའི་རྩེད་འཇོ་བྱེད། །བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ལས་ཕྱུང་བ་བསྡུས་པའི་རྒྱུད་ཀྱི་རྒྱས་འགྲེལ་དྲི་ [119A]༄༅། །མ་མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བའི་སྙིང་པོ་བསྡུས་པ་ཡིད་བཞིན་གྱི་ནོར་བུ་ལས་མདོར་བསྡུས་བཞི་པའི་རྣམ་པར་བཤད་པའོ།། ༈ །།བདག་དང་ཟླ་བ་ བཟང་པོ་ལ། །གར་མཁན་ཚུལ་གྱིས་ཟབ་མོའི་གཏམ། །འདོམས་མཛད་རྒྱུད་ཀྱི་སྟོན་པ་དང། །དབྱེར་མེད་བླ་མའི་ཞབས་བཏུད་ནས། །རྒྱུད་རྒྱལ་དང་པོའི་སངས་རྒྱས་ཀྱི། །རྒྱ་མཚོ་སྲུབས་པ་ལས་བྱུང་བའི། །རྡོ་རྗེའི་རྣལ་ འབྱོར་ཨ་མྲྀ་ཏ། །བདུད་རྩི་གཞན་བཞིན་བདག་གིས་སྦྱིན། །གཉིས་པ་རྐང་པ་ཐ་མ་བཤད་ནས་བརྗོད་བྱའི་གཙོ་བོ་རྡོ་རྗེའི་རྣལ་འབྱོར་བསྡུ་བའི་མདོར་བསྡུས་ལ་གསུམ། མཚམས་སྦྱར་བ། མདོར་བསྡུས་ཀྱི་གཞུང་བཤད་ པ༑ མདོར་བསྡུས་ཀྱི་མཚན་བསྟན་པའོ། །དང་པོ་ནི། ད་ནི་རྡོ་རྗེའི་རྣལ་འབྱོར་བརྗོད་པ་རྣལ་འབྱོར་དཔལ་ལྡན་དུས་འཁོར་ཞེས་པ་ལ་སོགས་པ་སྟེ། ཞེས་གསུངས། གཉིས་པ་ལ་བཞི། རྡོ་རྗེའི་རྣལ་འབྱོར་གྱི་ངོ་བོ་བསྡུས་ནས་ བསྟན་པ། རྡོ་རྗེའི་རྣལ་འབྱོར་ལ་མཐའ་གཉིས་སུ་འཛིན་པ་དགག་པ། ལྷན་སྐྱེས་ཀྱི་སྐུ་ཉིད་ལ་ལྡོག་པའི་སྒོ་ནས་དུ་མར་འབྱེད་ཚུལ་བཤད་པ། རྒྱུད་གང་དུ་རྡོ་རྗེའི་རྣལ་འབྱོར་དེ་ཉིད་གང་གི་ཕྱིར་སྟོན་པར་གསོལ་བ་བཏབ་པའོ། ། དང་པོ་ལ་བཞི། བླ་མེད་ཀྱི་རྒྱུད་འདི་དང་གཞན་གྱི་ཡང་བརྗོད་བྱའི་གཙོ་བོ་རིམ་པ་གཉིས་སུ་བསྟན་པ། རིམ་གཉིས་དེའང་དགོས་པ་དངོས་གྲུབ་གཉིས་ཀྱི་ཕྱིར་དུ་གསུངས་པར་བསྟན་པ། མཆོག་གི་དངོས་གྲུབ་མཐར་ཐུག་པ་ [119B] ཕར་ཕྱིན་ཐེག་པར་ངོ་བོ་ཉིད་སྐུ་ཞེས་གསུངས་པའི་མིང་དེ་ཡང་ལྷན་སྐྱེས་ཀྱི་སྐུ་ལ་འཇུག་པར་བསྟན་པའོ། །དང་པོ་སྟོན་པ་ལ། སྔགས་ཀྱི་ཚུལ་འདི་ལ་ཞེས་སོགས་ གསུངས། དོན་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཅན། རྒྱུད་འདི་དང་བླ་མེད་ཀྱི་རྒྱུད་གཞན་དག་ཏུ་དོན་རྣམ་པ་གཉིས་ངེས་པར་བསྟན་པ་ཡིན་ཏེ། སྔགས་བླ་མེད་ཀྱི་ཚུལ་འདི་ལ་འཇིག་རྟེན་ཀུན་རྫོབ་བདེན་པ་དང་འཇིག་ རྟེན་ལས་འདས་པ་དོན་དམ་པའི་བདེན་པ་ལ་ཡང་དག་པར་བརྟེན་ནས་བསྟན་པ་ཡིན་པའི་ཕྱིར། འོ་ན་འདིར་བསྟན་བདེན་པ་གཉིས་པོ་དེ་གང་ཞེ་ན། གཞག་ཏུ་ཡོད་དེ། གཅིག་བསྐྱེད་རིམ་ནི་དྲང་དོན་ནམ་འཇིག་རྟེན་ཀུན་རྫོབ་ཀྱི་སྒྲས་ བསྟན་པ་ཡིན་ལ། གཉིས་པ་རྫོགས་རིམ་ནི་ངེས་དོན་དོན་དམ་པས་སོ་སྟེ་སྒྲས་བརྗོད་པ་ཡིན་པའི་ཕྱིར། འོ་ན་དེ་གཉིས་དྲང་ངེས་སུ་འཇོག་པའི་རྒྱུ་མཚན་གང་ཞེ་ན། དེ་ལ་ཀང་འཇིག་རྟེན་ཀུན་རྫོབ་ཀྱི་སྒྲས་བསྟན་པ་བསྐྱེད་རིམ་དེ་ ནི་ཆོས་ཅན། ཁྱོད་ལ་དྲང་བའི་དོན་ཞེས་བྱ་སྟེ། ཁྱོད་མཐར་ཕྱིན་ཀྱང་ཁྱོད་ལས་གོང་དུ་དྲངས་ནས་བསྟན་དགོས་པའི་རིམ་པ་གཞན་ཡོད་པས་དེ་ལྟར་བརྗོད་པའི་ཕྱིར། གང་དོན་དམ་པའི་སྒྲས་བསྟན་པ་རྫོགས་རིམ་དེ་ནི་ཆོས་ ཅན༑ ངེས་པའི་དོན་ཞེས་བྱ་སྟེ། གོང་དུ་དྲང་རྒྱུའི་ལམ་གཞན་མེད་པར་སྔགས་བླ་མེད་ཀྱི་ལམ་མཐར་ཐུག་པ་ཁྱོད་དུ་ངེས་པའི་དོན་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར། ཁ་ཅིག་འདིར་བསྟན་དྲང་ངེས་ཀྱི་དོན་སྒྲ་ཇི་བཞིན་པ་མ་ [120A]༄༅། །ཡིན་པ་དང་ཡིན་པ་ལ་བྱེད་པ་མི་འཐད་དེ། འགྲེལ་མཛད་ཕལ་ཆེ་བས་བསྐྱེད་རིམ་ཡན་ལག་དང་བཅས་པ་སྒྲ་ཇི་བཞིན་པ་ཡིན་པར་གསུངས་པ་དང་འགལ་བའི་ཕྱིར། ཡང་ཁ་ཅིག་ཀུན་རྫོབ་བདེན་པ་བརྗོད་ བྱའི་གཙོ་བོར་བྱེད་པ་དྲང་དོན་དང། དོན་དམ་བདེན་པ་བརྗོད་བྱའི་གཙོ་བོར་བྱེད་པ་ངེས་དོན་ཡིན་ཟེར། འོ་ན་རྫོགས་རིམ་གྱི་རྣལ་འབྱོར་ཐམས་ཅད་ཆོས་ཅན། དོན་དམ་བདེན་པར་ཐལ། དོན་དམ་པས་བསྟན་པ་ངེས་དོན་དུ་གསུངས་ པའི་དོན་དམ་བདེན་པའི་མཚན་གཞིར་ཁྱོད་གཟུང་རིགས་པའི་ཕྱིར། རྟགས་ཁས། མཁས་པ་ཁ་ཅིག་སྟོན་པ་བདེ་བར་གཤེགས་པས་བསྟན་པ་ལྟར། ཞེས་སོགས་གསུངས་པ་ལྟར་དྲང་ངེས་ཀྱི་དོན་དུ་འདོད་པའང་ བཤད་མ་ཐག་པའི་རིགས་པས་ཁེགས་སོ། །དེ་ལྟར་དྲང་ངེས་ཀྱི་སྒྲས་བསྟན་པའི་བསྐྱེད་རྫོགས་ཀྱི་དོན་རྣམ་པ་གཉིས་པོ་འདི་ཆོས་ཅན། སློབ་མ་རྣམས་ཀྱིས་བླ་མའི་མན་ངག་ལས་ཁོང་དུ་ཆུད་པར་བྱ་བ་ཡིན་ཏེ། ཁྱོད་ཀྱི་ གནད་རྫོགས་པར་ངེས་པ་དེ་ལ་རག་ལས་པའི་ཕྱིར། དེ་བཞིན་དུ་ཞེས་སོགས་གཞུང་སྔ་མ་དང་ཟློས་ཏེ་གསུངས་པ་ལ་དགོས་པ་ཡོད་དེ། སྔ་མས་རིམ་གཉིས་དྲང་ངེས་སུ་ཇི་ལྟར་བཤད་པ་དེ་བཞིན་དུ་རྒྱུད་འདི་དང་བླ་མེད་ཀྱི་ རྒྱུད་གཞན་ཐམས་ཅད་ལ་བརྗོད་པར་བྱ་བ་གཞན་ཡང་རྣམ་པ་གཉིས་ཡོད་དེ། བཅོས་མ་དང་མ་བཅོས་པའི་རྣལ་འབྱོར་གཉིས་ཡོད་པ་ཤེས་པའི་ཆེད་དུ་ཡིན་པའི་ཕྱིར། དེ་གཉིས་ཀྱང་བཞག་ཏུ་ཡོད་དེ། གཅིག་བསྐྱེད་རིམ་ནི་འཇིག་ [120B] གཉིས་པ་རྫོགས་རིམ་ནི་དོན་དམ་བདེན་པས་བསྟན་པ་མ་བཅོས་པའི་རྣལ་འབྱོར་ཡིན་པའི་ཕྱིར། འདིར་བསྟན་ཀུན་རྫོབ་དང་དོན་དམ་ཡང་བདེན་གཉིས་མཚན་ཉིད་པ་མིན་ གྱི་དངོས་པོ་ལ་མེད་བཞིན་དུ་རྟོག་པས་བཅོས་མ་བཅོས་ཀྱི་དོན་ཡིན་པའི་ཕྱིར། དེ་ལ་འཇིག་རྟེན་ཀུན་རྫོབ་ཀྱིས་བསྟན་པ་བཅོས་མའི་རྣལ་འབྱོར་གང་ཡིན་པ་དེ་ནི་ཆོས་ཅན། བཅོས་མའི་རྣལ་འབྱོར་ཞེས་བྱ་སྟེ། ཁ་དོག་དང་ཕྱག་མཚན་ དང་མཚན་མ་དང་དབྱིབས་ཀྱི་རྣམ་པ་དངོས་པོ་ལ་མེད་ཀྱང་རྟོག་པས་བཅོས་ཤིང་བཏགས་ནས་བསྒོམ་པའི་མཚན་ཉིད་ཅན་གྱི་རྣལ་འབྱོར་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། དོན་དམ་པའི་བདེན་པས་བསྟན་པ་མ་བཅོས་པའི་རྣལ་ འབྱོར་གང་ཡིན་པ་དེ་ནི་ཆོས་ཅན། མ་བཅོས་པའི་རྣལ་འབྱོར་ཞེས་བྱ་སྟེ། ཁ་དོག་དང་ཕྱགས་ཚན་དང་མཚན་མ་དང་དབྱེ་བས་སོགས་དངོས་པོ་ལ་མེད་བཞིན་དུ་རྟོག་པས་བཅོས་ནས་བསྒོམ་པ་དང་བྲལ་བའི་རྣལ་འབྱོར་ཡིན་པས་དེ་ ལྟར་བརྗོད་པའི་ཕྱིར། གཉིས་པ་ནི། འདི་དག་ལས་གང་འཇིག་རྟེན་པའི་ཞེས་སོགས་གསུངས། དོན་ནི། རིམ་གཉིས་འདི་དག་བསྒོམས་པ་ལས་འབྲས་བུ་གང་སྟེར་བ་བཞག་ཏུ་ཡོད་དེ། འཇིག་རྟེན་པའི་ཀུན་རྫོབ་ཀྱིས་བསྟན་པ་ངེས་ནི་ ཕྱི་ལ་ལུས་འདི་ཉིད་ཀྱིས་འགྲོ་བའི་མཁའ་སྤྱོད་དང། ས་འོག་གི་གཏེར་མཐོང་བ་དང། ནང་རང་གི་ལུས་ལ་བཅུད་ལེན་དང་ཚེའི་རིག་འཛིན་སོགས་གྲུབ་པས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་སླད་དུ་དངོས་པོ་ལ་མེད་བཞིན་ [121A]༄༅། །དུ་རང་གི་སེམས་ཀྱིས་ཡོངས་སུ་བཏགས་པའི་ཆོས་བསྒོམ་པ་བསྐྱེད་རིམ་ཙམ་གྱིས་འཇིག་རྟེན་པའི་དངོས་གྲུབ་ཀྱི་འབྲས་བུ་དག་སྟེར་བར་བྱེད་པའི་ཕྱིར་དང། དོན་དམ་པའི་བདེན་པས་བསྟན་པ་གང་ ཡིན་པ་དེས་ནི་འཇིག་རྟེན་ལས་འདས་པའི་དོན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་སླད་དུ་སྟེ་དེ་དོན་དུ་གཉེར་བ་རྣམས་ལ་དངོས་པོ་ལ་མེད་བཞིན་དུ་རང་གི་སེམས་ཀྱིས་ ཡོངས་སུ་བཏགས་ཤིང་བཅོས་ནས་བསྒོམས་པའི་དབང་གིས་སྣང་བ་ཙམ་གྱིས། ཆོས་དང་བྲལ་བ། གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་སོགས་པ་ཞེས་པའི་སོགས་ཁོངས་ནས། པྲ་འབེབས་ལ་འཇུག་པའི་རྒྱུད་ལས། མེ་ ལོང་མཐེ་བོ་སྒྲོན་མེ་ཟླ། །ཉི་མ་ཆུ་དང་རལ་གྲི་མིག་པྲ་འབེབས་འཇུག་པ་བརྒྱད་རྣམས་ནི། །རྒྱལ་བ་རྣམས་ཀྱི་པྲ་འབབས་གསུངས། ཞེས་པ་དེ་དག་ལ་པྲ་བབ་པ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་རང་གི་སེམས་ཀྱི་ འོད་གསལ་བ་མངོན་སུམ་དུ་ནམ་མཁའ་ལ་སྣང་བ་འདོད་པའི་དོན་གྱི་འབྲས་བུ་སྟེར་བ་ཡིན་པའི་ཕྱིར། འོ་ན་འབྲས་བུ་ནི་གང་ཞེ་ན། བཞག་ཏུ་ཡོད་དེ། སྒྲིབ་བྲལ་འགྱུར་བ་མེད་པའི་བདེ་བའི་ཡེ་ཤེས་ཀྱི་སེམས་ཡིན་པའི་ཕྱིར། ། གསུམ་པ་ནི། སེམས་འདི་གཉིས། ཞེས་སོགས་གསུངས། དོན་ནི། རང་གི་སེམས་ཀྱི་སྣང་བ་སྟོང་གཟུགས་ཀྱི་ཕྱག་རྒྱ་འདི་དང། རང་སེམས་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པ་འདི་གཉིས་ངོ་བོ་གཅིག་པ་ཉིད་ནི་ཆོས་ཅན། མཆོག་ [121B] ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་དང་པོའི་སངས་རྒྱས་རིས་མེད་པ་དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་ཏེ་རྒྱུད་གཞན་ཐམས་ཅད་དུ་ རྡོ་རྗེ་སེམས་དཔར་རབ་ཏུ་གྲགས་པ་དེ་ཡིན་པའི་ཕྱིར། བཞི་པ་ནི། བཅོམ་ལྡན་འདས་དེ་ཉིད་རྒྱུ་མཚན་ཉིད་ཅེས་སོགས་གསུངས། དོན་ནི། བཅོམ་ལྡན་འདས་ཐབས་ཤེས་དབྱེར་མི་ཕྱེད་པ་མཐར་ཐུག་གི་ཡེ་ཤེས་དེ་ཉིད་ཆོས་ཅན་ ཁྱོད་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི་གྲགས་པའི་མིང་འཇུག་པའི་ཚུལ་ཡོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ངོ་བོ་ཉིད་ཀྱི་སྐུ་ཞེས་གསུངས་པ་དེ་ཁྱོད་ཀྱི་མིང་དུ་འཇུག་པའི་ཕྱིར། དེ་བཞིན་དུ་ མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུ་བྱས་པ་ལས་ཀྱང་མཛད་པ་དང་བཞིར་ངེས་པར་བྱམས་པས་གསུངས་པའི་ཕྱིར་ཏེ། ངོ་བོ་ཉིད་ལོངས་རྫོགས་བཅས་དང། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་ བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། ཅེས་གསུངས་པའི་ཕྱིར། དེས་ན་སྐབས་འདིར་ངོ་བོ་ཉིད་སྐུ་མཚན་ཉིད་པ་གཉིས་སུ་ཡོད་དེ། དག་པ་གཉིས་ལྡན་གྱི་ཆོས་ཉིད་འདུས་མ་བྱས་ལ་ངོ་བོ་ཉིད་སྐུར་གསུངས་པའི་ཚུལ་ གཅིག་དང། འབྲས་དུས་ཀྱི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ལ་ངོ་བོ་ཉིད་སྐུར་གསུངས་པའི་ཚུལ་གཉིས་སུ་རྗེ་ཡབ་སྲས་བཞེད་པའི་ཕྱིར་དང། ལུགས་འདིར་མ་ཟད་བླ་མེད་གཞན་གྱི་སྐབས་སུ་ཡང་དེ་ལྟར་ [222A]༄༅། །བཞེད་པ་ཡིན་པའི་ཕྱིར། གྲུབ་ཆེན་དྲིལ་བུ་པས། འདི་ནི་ངོ་བོ་ཉིད་སྐུ་སྟེ། །སྟོང་ཉིད་སྙིང་རྗེ་གཉིས་མེད་པས། །མ་ནིང་ཞེས་བྱར་བརྗོད་པ་སྟེ། །ཁ་ཅིག་ཟུང་འཇུག་ཅེས་བྱར་བརྗོད། ཅེས་གསུངས་པའི་ཕྱིར་ དང༑ ཊཱིཀ་ཆེན་དུའང་སྟོང་པ་ཉིད་ཇི་ལྟ་བ་དེ་བཞིན་དུ་ཞུགས་པའི་སྙིང་རྗེ་བདེ་ཆེན་གྱི་ཡེ་ཤེས་ལ་ངོ་བོ་ཉིད་སྐུར་བཤད་པར་རྗེ་ཐམས་ཅད་མཁྱེན་པས་གསུངས་པ་ལྟར་ཡིན་པས། ལུགས་འདིར་མ་ཟད་ཕྱོགས་དེ་དག་ཏུའང་ འདུས་བྱས་ཀྱི་ངོ་བོ་ཉིད་སྐུ་ཁས་ལེན་དགོས་སོ། ཞེས་གསུངས་པའི་ཕྱིར། དེ་ལྟར་ཡིན་ཀྱང་ངོ་བོ་ཉིད་སྐུ་ལ་འགོག་བདེན་གྱིས་ཁྱབ་པ་ཁས་མི་ལེན་པས་འགོག་བདེན་དང་འདུས་བྱས་ཀྱི་གཞི་མཐུན་ཁས་མི་ལེན་པ་ཡིན་ནོ། ། ངེས་དོན་གྱི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཉིད་ཆོས་ཅན། འབྲས་བུའི་ཐེག་པའི་མཚན་ཉིད་ཅན་སྔགས་ཀྱི་ཚུལ་ལ་སྒྲིབ་བྲལ་གྱི་ལྷན་ཅིག་སྐྱེས་པའི་དགའ་བ་དང། མཐར་ཐུག་གི་ལྷན་ཅིག་སྐྱེས་པའི་སྐུ་ཞེས་གསུངས་ ཏེ༑ གཟུང་བ་ཤེས་བྱ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང་འཛིན་པ་ཤེས་པ་མཆོག་མི་འགྱུར་གྱི་བདེ་ཆེན་ངོ་བོ་ཐ་དད་པ་སྤངས་པ་དང། གཉིས་སྣང་གི་བག་ཆགས་ཀྱིས་བསླད་པའི་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའི་ སྲིད་ཞིའི་མཐའ་ལ་རབ་ཏུ་མི་གནས་པ། སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་གསང་བ་འདུས་པ་དང། ལྷ་མོ་སྟེ་མཁའ་འགྲོ་མ་རྣམས་ཀྱི་འཁོར་ལོ་སྒོམ་པའང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་འདི་དང་ལྷན་ཅིག་རོ་ [222B] ཞེས་པ་ངེས་པའི་དོན་ཏོ། ཞེས་བཞེད་པ་ཡིན་པའི་ཕྱིར། གཉིས་པ་རྡོ་རྗེའི་རྣལ་འབྱོར་ལ་མཐའ་གཉིས་ཀྱི་ཕྱོགས་སུ་འཛིན་པ་དགག་པ་ལ་གཉིས། སྤྱིའི་དོན་གྱིས་ལོག་རྟོག་དགག་པ་དང། ཡན་ལག་གི་དོན་གྱིས་ གཞུང་དོན་གཏན་ལ་དཔའ་པའོ། །དང་པོ་ལ་གཉིས། འདོད་པ་བརྗོད་པ་དང། དགག་པའོ། །དང་པོ་ནི། ཁ་ཅིག་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དང། ཆོས་ཉིད་དང། དེ་བཞིན་ཉིད་དང། བདེ་གཤེགས་སྙིང་པོ་ཞེས་བྱ་བ་ནི། རྒྱུད་འདིར་རྣམ་ ཀུན་མཆོག་ལྡན་གྱི་སྟོང་ཉིད་དང། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང། སོར་སྡུད་སོགས་ཀྱིས་མངོན་སུམ་དུ་མཐོང་བའི་དུ་སོགས་ཀྱི་མཚན་མ་དང། མཆོག་མི་འགྱུར་གྱི་བདེ་བ་དང། ལྷན་ཅིག་སྐྱེས་པའི་སྐུ་དང། དང་པོའི་སངས་ རྒྱས་དང། འོད་གསལ་གྱི་སེམས་སོགས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། དེ་དག་ལ་ངོ་བོ་ཉིད་སྐུ་དང། འགོག་བདེན་མཐར་ཐུག་ཅེས་བྱ་ཞིང། དེ་ཉིད་སེམས་ཅན་ཐམས་ཅད་ལ་གདོད་མ་ནས་རང་ཆས་སུ་གནས་པ། སྟོབས་ སོགས་འབྲས་དུས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པ། སྐྱེ་འཇིག་ཐམས་ཅད་དང་བྲལ་བའི་འདུས་མ་བྱས་རྟག་བརྟན་ཐེར་ཟུག་གཡུང་དྲུང་གི་སྐུ་བརྟན་གཡོ་ཐམས་ཅད་ལ་ཁྱབ་ཅིང། རང་བཞིན་ཆ་ཤས་ཐམས་ཅད་དང་བྲལ་བའི་ ཆ་མེད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རིག་པས་དཔྱད་བཟོད་ཀྱི་བདེན་གྲུབ་དེ་ཉིད་གཞན་འདུས་བྱས་ཀུན་རྫོབ་ཀྱི་ཆོས་རྣམས་ཀྱིས་སྟོང་གིས། རང་གི་ངོ་བོས་མི་སྟོང་བའི་གཞན་སྟོང་དོན་དམ་བདེན་པ། ཀུན་གཞིའི་རྣམ་ཤེས་དང་ [223A]༄༅། །ཀུན་གཞིའི་ཡེ་ཤེས་གཉིས་ཀྱི་ནང་ནས་ཀུན་གཞིའི་ཡེ་ཤེས་འདུས་མ་བྱས། འདུས་མ་བྱས་ཀྱི་སེམས་དང་རྟག་པའི་ཤེས་པ་མཚན་ཉིད་པ་ཡིན་ནོ། །དེ་རྣམས་དངོས་པོ་མིན་ཀྱང་ཁ་དོག་དང་དབྱིབས་དང་ ལྡན་པ་དང། ཤེས་པ་ཡིན་ཀྱང་དུ་སོགས་ཀྱི་གཟུགས་སུ་གྲུབ་པ་ནི་ཀུན་རྫོབ་འདུས་བྱས་ལ་འགལ་ཡང་དོན་དམ་འདུས་མ་བྱས་ལ་མི་འགལ་བས་ཀུན་རྫོབ་འགལ་འདུའི་སྐྱོན་ཅན་དང་དོན་དམ་འགལ་འདུའི་སྐྱོན་མེད་ ཅེས་བྱའོ། །སྟོང་གཟུགས་ཀུན་རྫོབ་བདེན་པར་གསུངས་པ་ནི་ཀུན་རྫོབ་བདེན་པར་སྣང་བས་དེ་ལྟར་གསུངས་ཀྱི། ཀུན་རྫོབ་བདེན་པ་ཡིན་པས་དེ་ལྟར་གསུངས་པ་མ་ཡིན་པའི་ཕྱིར། རྒྱུད་ལས། ས་ནི་ཆུ་ལ་རབ་ཏུ་འཇུག་ ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་བར་བྱེད་པ་རླུང་ལའོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་འགྱུར། ཞེས་གསུངས་པའང་རྣལ་འབྱོར་པས་མཐོང་བ་དང་ཉམས་སུ་མྱོང་བའི་རིམ་པ་ཡིན་གྱི་མཚན་ མ་རང་གི་ངོ་བོ་གསར་དུ་བྱུང་བ། འགྱུར་བ་དང་བཅས་པར་སྟོན་པ་མ་ཡིན་ཏེ། ནམ་མཁའ་ལས་བྱུང་རང་བྱུང་བ་ཡིན་པའི་ཕྱིར། དབུ་མའི་གཞུང་ལུགས་རྣམས་སུ་གྲགས་པའི་བདེན་གྲུབ་བཀག་པའི་སྟོང་ཉིད་དེ། ཆད་སྟོང་ དང་ཉི་ཚེ་བར་སྟོང་ཉིད་ཡིན་ཏེ། འཕགས་པ་འཇམ་དཔལ་གྱིས། ཕུང་པོ་རྣམ་དཔྱང་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། ཞེས་པ་དང། སམྦྷུ་ཊ་ [223B] སྟོང་པ་བསྒོམ་པར་མི་བྱ་སྟེ། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤོང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤོང་ངོ། །སྟོང་དང་སྟོང་མིན་གཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། ཞེས་གསུངས་ པའི་ཕྱིར། སངས་རྒྱས་ཀྱང་སྔར་མིང་གསར་དུ་ཐོབ་པར་བྱེད་པ་མིན་གྱི་སྔར་ཡོད་མངོན་སུམ་དུ་གྱུར་པ་ལ་དེ་ཐོབ་པའི་ཐ་སྙད་བྱས་པ་ཡིན་ནོ། །དོན་འདི་ནི་རྒྱུད་བླ། འཁོར་ལོ་ཐ་མ་དང། སྙིང་པོའི་མདོ་དོན་ཡང་ཡིན་ཞེས་སྨྲའོ། ། གཉིས་པ་ནི། སྟོང་གཟུགས་ཀྱི་མཚན་མ་རྣམས་ཆོས་ཅན། ཁ་དོག་རང་དབྱིབས་འདི་ལྟ་བུ་ཞེས་ཀུན་མཁྱེན་གྱིས་ཀྱང་གཞག་མི་ནུས་པར་ཐལ། ཁྱོད་ཚེས་ཉིད་གང་ཞིག་ཆོས་ཉིད་གཟུགས་ཅན་མ་ཡིན་པའི་ཕྱིར། གཞན་ཡང་ དེ་ཆོས་ཅན། ཁྱོད་དངོས་པོ་ཡིན་པར་ཐལ། ཁྱོད་རྒྱུ་རྐྱེན་ཚོགས་པ་ལ་བརྟེན་ནས་བྱུང་བ་ཡིན་པའི་ཕྱིར། རང་རྒྱུ་ལུས་ཀྱི་བྱེད་བཅིངས། ལྟ་སྟངས། མུན་ཁུང་བསྟེན་པ། སེམས་རྩེ་གཅིག་ཏུ་གཏོད་པ་སོགས་ཚོགས་པ་ལས་ བྱུང་བའི་ཕྱིར། རྟགས་རང་གཞན་གཉིས་ཀས་ཁས་བླངས། ཡོང་དུ་མ་ཁྱབ་ན། སྟོང་གཟུགས་ཀྱི་དཔེར་བཀོད་པའི་མེ་ལོང་ནང་གི་སྣང་བ་སོགས་ཀྱང་དངོས་པོ་མ་ཡིན་པར་ཐལ། སྟོང་གཟུགས་དང་དེ་དག་ཁྱད་པར་མེད་པར་ གཟུངས་པ་གང་ཞིག་སྟོང་གཟུགས་དངོས་པོ་མ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྒྱུ་རྐྱེན་ཚོགས་པ་ལས་བྱུང་ཡང་དངོས་པོ་མ་ཡིན་ནོ་ཞེ་ན། འོ་ན། དངོས་པོ་ཤེས་བྱ་ལ་མི་སྲིད་པར་ཐལ། རང་གི་རྒྱུ་རྐྱེན་ཚོགས་པ་ [224A]༄༅། །ལས་གསར་དུ་མེད་ན་མི་འབྱུང་བའི་འབྲེལ་པ་གྲུབ་ཀྱང་དངོས་པོར་མི་འགྲུབ་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྒྱུ་རྐྱེན་ཚོགས་པ་ལས་གསར་དུ་འབྱུང་མིན་གྱི། དེ་སྔར་ཡོད་གསལ་བར་བྱས་པ་ཙམ་ཡིན་ ནོ་ཞེ་ན། འོ་ན་རྫ་བུམ་དང་མྱུ་གུ་སོགས་ཀྱང་རྫ་མཁན་དང་ཆུ་ལུད་སོགས་ཀྱིས་སྔར་ཡོད་གསལ་བར་བྱས་པ་ཙམ་ཡིན་གྱི་སྔར་མེད་གསར་དུ་བསྐྱེད་པ་མ་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར་བསྐལ་པའི་བར་དུ་མཚུངས་ སོ༑ ༑གཞན་ཡང། དུ་སོགས་ཀྱི་མཚན་མ་ནམ་མངོན་དུ་གྱུར་པ་ན་མཆོག་ཏུ་མི་འགྱུར་བའི་བདེ་བ་མངོན་དུ་གྱུར་པས་ཁྱབ་པར་ཐལ། དེ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཙམ་ཡིན་པའི་ཕྱིར། གཞན་ཡང། མཚན་ མ་དེ་རྣམས་ཆོས་ཅན། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་ཆོས་ཡིན་པར་ཐལ། དུ་སོགས་སུ་སྣང་ཡང་དེ་དག་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བརྫུན་པར་ཐལ་ལོ། །ཁྱབ་སྟེ། བཅོམ་ལྡན་འདས་ཀྱིས་ ཆོས་གང་ཞིག་སླུ་བ་དེ་ནི་བརྫུན་ཞེས་གསུངས། ཞེས་གསུངས་པའི་ཕྱིར། གཞན་ཡང། ཕྱོགས་སྔ་སྨྲ་བ་པོ་ཆོས་ཅན། ཤིན་ཏུ་བླུན་པའི་སེམས་རྣལ་དུ་མི་གནས་པར་ཐལ། རྒྱུད་དང་འགྲེལ་པ་གཉིས་ཀར་མཆོག་ མི་འགྱུར་གྱི་བདེ་བ་སྐད་ཅིག་མ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རིམ་པ་གསུངས་ཤིང་རླུང་ལྟར་གྲགས་ལ། ཁྱེར་རང་ཡང་དེ་ལྟར་འདོད་བཞིན་དུ་དེ་སྐྱེ་འཇིག་དང་བྲལ་བའི་རྟག་པ་དང། སྐད་ཅིག་སྔ་ཕྱིའི་ཆ་བཅས་ཆ་མེད་ [224B] གཞན་ཡང། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ཆོས་ཅན། འཕགས་པ་ཡིན་ན་ཁྱོད་མངོན་སུམ་དུ་རྟོགས་མྱོང་བས་ཁྱབ་པར་ཐལ། ཁྱོད་ཆོས་ཉིད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྤྲོས་ པས་ཆོག་གོ་ཁོ་ན་རེ། ལམ་གྱི་བདེ་བ་རྟག་པར་ཁས་མི་ལེན་གྱི་འབྲས་དུས་ཀྱི་བདེ་བ་སོགས་རྟག་པ་ཡིན་པས་སྐྱོན་མེད་དོ་ཞེ་ན། ཕྱོགས་སྔ་སྨྲ་བ་པོ་ཆོས་ཅན། ས་སྟེང་ན་ཁྱོད་ལས་ཤེས་རྒྱ་ཆེ་བ་གཞན་མེད་པར་ཐལ། ཁྱོད་ ཀྱིས་ལམ་གྱི་བདེ་བ་མ་རིག་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་སྐད་ཅིག་ཐ་མ་ལས་འབྲས་བུའི་ལྷན་སྐྱེས་ཀྱི་སྐུ་རྟག་པ་སྐྱེ་བའི་ཁྱད་པར་ཤེས་པ་ཡིན་པའི་ཕྱིར། གཞན་ཡང། དབུ་མ་པ་རྣམས་འདོད་པ་ལྟར་རིགས་པས་དཔྱད་ པའི་སྟོང་ཉིད་ཉི་ཚེ་བ་ཆད་སྟོང་དུ་འདོད་པ་མི་འཐད་པར་ཐལ། རྒྱུད་འགྲེལ་པ་དང་བཅས་པ་འདིར་བདག་མེད་གཉིས་གཏན་ལ་འབེབས་ཚུལ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་དང་དཔལ་ལྡན་ཟླ་པའི་བཞེད་པ་དང་མཐུན་པར་ མཛད་པའི་ཕྱིར་ཏེ། ལེའུ་གཉིས་པར་སྒྱུ་མས་རྨོངས་པར་བྱས་པའི་མཐའ་དག་འགྲོ་བ་འདི་ནི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད། ཅེས་པའི་འགྲེལ་བར་འདིར་འཁོར་བའི་སྒྱུ་མ་ངར་འཛིན་པ་དང་ང་ཡིར་ འཛིན་པའི་བདག་ཉིད་ཅན་གྱིས་རྨོངས་པར་བྱས་པ་ནི་དམྱལ་བ་དང་ཡི་དྭགས་དང་དུད་འགྲོའི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛི་པར་བྱེད་པའོ། ཞེས་བདག་དང་བདག་གིར་འཛིན་པའི་མ་རིག་པ་འཁོར་བའི་རྩ་བར་ [225A]༄༅། །གསུངས་པས་བདག་མེད་རྟོགས་པའི་ཤེས་རབ་འཁྲོ་བའི་རྩ་བ་གཅོད་བྱེད་དུ་བཞེད་པ་ཡིན་པའི་ཕྱིར། མཆོག་མི་འགྱུར་གྱི་བདེ་ཆེན་བསྒོམ་པ་ནའང་དབུ་མ་པའི་བདག་མེད་གཉིས་གཅིག་དུ་བྲལ་དང་ མཐའ་བཞི་སྐྱེ་འགོག་སོགས་ཀྱི་རིགས་པ་ལ་བརྟེན་ནས་བསྒོམ་དགོས་ཏེ། ལེའུ་ལྔ་པའི་འགྲེལ་ཆེན་ལས། དབུ་མ་པ་རྣམས་ལ་རྨི་ལམ་ལྟ་བུར་འགྱུར་བ་མེད་ཅིང་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་སྟེ། དེ་ལྟར་ གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པའོ། ཞེས་པ་དང། རིགས་པས་གཏན་ལ་འབེབས་ཚུལ་ནང་ལེའི་མདོར་བསྡུས་བདུན་པ་ལས་གསུངས་ཤིང། དེའི་འགྲེལ་ཆེན་ལས་ཀྱང། རྣམ་པར་ཤེས་པ་དོན་དམ་ ཡོད༑ ༑དེ་ཡང་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང། །བྲལ་བ་ནམ་མཁའི་པདྨོ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་ གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡི་རིགས། ཞེས་དང། ཡང་འགྲེལ་ཆེན་ལས། དེ་ཕྱིར་འབྲས་བུ་ནི་རང་ལས་མ་ཡིན། གཞན་ལས་མ་ཡིན། །གཉིས་ཀ་ལས་མ་ཡིན། རྒྱུ་མེད་པ་ཅན་ཡང་མ་ཡིན་ནོ། ཞེས་གཅིག་དུ་བྲལ་ དང་མཐའ་བཞི་སྐྱེ་འགོག་སོགས་དབུ་མའི་རིགས་པ་ཇི་ལྟ་བ་བཞིན་དུ་གསུངས་པའི་ཕྱིར། གཞན་ཡང་དེ་ཁོ་ན་ཉིད་རིགས་པ་ཡང་དག་གིས་དཔྱད་དགོས་པར་མང་དུ་གསུངས་ཏེ། རྡོ་རྗེ་སྙིང་འགྲེལ་ལས། སྟོང་ཉིད་ལ་ [225B] །སླར་ཡང་འདི་ལྟར་རྣམ་དཔྱད་བྱ། ཞེས་སོགས་གསུངས་ཤིང། ལེའུ་གཉིས་པའི་མདོར་བསྡུས་བདུན་པ་ལས་ཀྱང། བདག་མེད་གཉིས་གཏན་ལ་ཕབ་ཟིན་པའི་མཇུག་ཏུ། དེ་ཕྱིར་སེམས་ཅན་དོན་ནི་གཅིག་ པུ་དག་དང་མི་བདག་ཡིད་ཀྱིས་རང་བཞིན་མེད་པ་བསྒོམ་པར་བགྱིས། ཞེས་གསུངས་པའི་ཕྱིར། འོ་ན༑ ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། ཅེས་སོགས་ཀྱི་དོན་གང་ཞེ་ན། དེ་ཡང་ཡོད་དེ། ཕུང་སོགས་རིགས་པས་དཔྱད་པ་ན་རྙེད་ རྒྱུ་མེད་པའི་ཕྱིར་ཕུང་སོགས་གཏན་ནས་མེད་པ་ཡིན་སྙམ་དུ་འཛིན་པ་ཆད་སྟོང་ཡིན་ནོ། །འོ་ན་སྟོང་ཉིད་རྣམ་དག་དེ་གང་ཡིན་ཞེ་ན། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེ་བ་མེད་ན་ འགག་མེད་པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོ་སྟོང་པ་ཉིད། །ཕུང་པོ་རྣམ་པར་དཔྱད་པ་མིན། ཞེས་གསུངས། དོན་ནི། ཤེས་བྱ་ཡུལ་གང་ཞིག་འདིར་མཐོང་བའི་སྟོང་པའི་དངོས་པོ་རྣམ་པ་ཀུན་ ལྡན་གྱི་སྟོང་གཟུགས་འདི་ཉིད་ཆོས་ཅན། །བཤད་མ་ཐག་པའི་ཆད་སྟོང་མ་ཡིན་ཏེ། སྐྱེ་བ་མེད་ཅིང་འགག་པ་མེད་པའི་སྟོང་པ་ཉིད་ཡིན་ལ། ཐ་སྙད་དུ་ཕུང་སོགས་ཡོད་ཙམ་རྣམ་པར་དཔྱད་པ་མ་ཡིན་པའི་ཕྱིར། ཞེས་བྱའོ། ། འདི་དག་གི་རྣམ་གཞག་རྒྱས་པར་ནི་ཊཱིཀ་ཆེན་ལས་ཤེས་པར་བྱའོ། །གཉིས་པ་ལ་བཞི། མཐའ་གཉིས་འགོག་པའི་གཞི་ངོས་བཟུང་བ། གཞི་དེ་རྟག་ཆད་ཀྱི་མཐའ་དང་བྲལ་བའི་ཚུལ་དཔེས་བསྟན་པ། གཞི་དེ་ལ་རྟག་ཆད་ [126A]༄༅། །ཀྱི་མཐའ་འགོག་པའི་རིགས་པ་རྒྱས་པར་བཤད་པ། དགག་བྱའི་མཐའ་ངེས་བཟུང་བ་རྒྱུ་མཚན་དང་བཅས་པའོ། །དང་པོ་སྟོན་པ་ལ། འདིར་རྣལ་འབྱོར་པ་རྣམས་ཀྱིས་ཕྱོགས་སུ་འཛིན་པ། ཞེས་སོགས་ གསུངས། དོན་ནི། རྡོ་རྗེའི་རྣལ་འབྱོར་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང། མཆོག་ཏུ་མི་འགྱུར་པའི་བདེ་བ་ཕྱོགས་སུ་འཛིན་པ་དགག་པའི་གཞི་ཡིན་ཏེ། འདིར་རྡོ་རྗེའི་རྣལ་འབྱོར་ཉམས་སུ་ལེན་པ་ལ་ཞུགས་པ་རྣམས་ཀྱིས་ རྡོ་རྗེའི་རྣལ་འབྱོར་ཡུལ་དང་བཅས་པ་ལ་རྟག་ཆད་ཀྱི་ཕྱོགས་སུ་འཛིན་པ་ཐམས་ཅད་ཉམས་པར་བྱ་བའི་སླད་དུ་རྡོ་རྗེའི་རྣལ་འབྱོར་གང་ཞིག་རིས་མེད་པ་ནས། ལྷན་ཅིག་སྐྱེས་པའི་དགའ་བའི་བར་གྱི་ཁྱད་པར་དུ་བྱས་པ་ཅན་ འདི་ཉིད་རྟག་ཆད་དུ་འཛིན་པ་འགོག་པའི་གཞི་བྱེད་པ་ཡིན་པའི་ཕྱིར། གཞན་རྣམས་སྔར་བཤད་ཟིན་ལ། དབང་པོ་ཐམས་ཅད་པ་ནི་སྟོང་གཟུགས་མཐོང་བའི་ཡིད་ཀྱི་ཤེས་པ་ལ་གཟུགས་སྒྲ་སོགས་དབང་ཤེས་ལྔའི་ཡུལ་ ལྔ་མངོན་སུམ་དུ་སྣང་བས་དེ་ལྟར་གསུངས་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པ་ཞེས་པ་ནི་རྡོ་རྗེའི་རྣལ་འབྱོར་དེ་ཉིད་བརྟན་གཡོ་ཐམས་ཅད་ལ་ཁྱབ་ཅེས་གཞན་རྣམས་འདོད་པ་ལྟར་མིན་གྱི། དེ་ ཉིད་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འབྱུང་རུང་དུ་ཁྱབ་པར་སྟོན་པ་ཡིན་ཏེ། ཇི་ལྟར་ཏིལ་སོན་ཏིལ་མར་དང། །ཇི་ལྟར་ཤིང་ལ་སོན་པའི་མེ། ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ནི། གཏན་ཚིགས་དང་དཔེ་སྤངས་ [126B] འདི་དག་གི་དོན་དུ་བསམས་ནས་དུས་འཁོར་བ་ཕལ་ཆེར། རྡོ་རྗེའི་རྣལ་འབྱོར་སྒྲུབ་བྱེད་ཀྱི་གཏན་ཚིགས་དང་མཚོན་བྱེད་ཀྱི་དཔེ་ཅུང་ཟད་ཀྱང་མེད་དེ། དེ་ཉིད་སྒྲ་དང་རྟོག་པའི་ཡུལ་ལས་ འདས་ཤིང་དཔེས་མཚོན་དུ་མེད་པའི་ཕྱིར། དེའི་རྟག་པ་མཐའ་གཟུང་གི་དབང་དུ་མཛད་ནས། བུམ་པ་དང་ནམ་མཁའི་མེ་ཏོག་གཅིག་པ་སྲིད་ན་དཔེར་སྟོན་རིགས་སོ་ཟེར་བ་མི་འཐད་དེ། ཕྲ་ཕབ་པ་སོགས་འདིའི་དཔེར་ཡང་ ཡང་གསུངས་པའི་ཕྱིར་དང། ཡེ་ཤེས་དེ་སྒྲུབ་བྱེད་ཀྱི་གཏན་ཚིགས་མི་སྲིད་ན། དེ་རྟོགས་པའི་རྗེས་དཔག་མི་སྲིད་པར་འགྱུར། དེ་ལྟར་ན་ཡེ་ཤེས་དེ་རྒྱུད་ལ་མ་སྐྱེས་པའི་གོང་དུ་དེ་རྟོགས་པའི་མངོན་སུམ་མི་སྲིད་ལ་རྗེས་ དཔག་ཀྱང་མེད་པའི་ཕྱིར། དེ་རྒྱུད་ལ་མ་སྐྱེས་གོང་དུ་དེ་རྟོགས་མི་སྲིད་པར་འགྱུར་རོ། །གཞན་ཡང། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་ངག་ཏུ་བརྗོད་མ་ཐག་དེ་ཉིད་སྒྲས་བརྗོད་མི་ནུས་ཞེས་སྨྲ་བ་ནི་རང་ཚིག་དངོས་སུ་ འགལ་བ་ཡིན་ཏེ། ངའི་མ་མོ་གཤམ་མོ་ཞེས་སྨྲ་བ་དང་འདྲ་བའི་ཕྱིར། དཔེ་ལས་འདས་ཞེས་པས་འཇིག་རྟེན་པའི་དཔེར་བྱ་བ་ལས་འདས་པར་སྟོན་གྱི་སྤྱིར་དཔེ་ལས་འདས་པར་སྟོན་པ་མ་ཡིན་པའི་ཕྱིར། ཆོས་མི་མཐུན་པ་ གཅིག་པའི་དཔེ་འཇིག་རྟེན་ལས་འདས་པ་ལ་རུང་བར་གསུངས་པའི་ཕྱིར། རང་ལུགས་ནི། རྡོ་རྗེའི་རྣལ་འབྱོར་རྟག་ཆད་ཀྱི་མཐའ་དང་བྲལ་ཚུལ་མཚོན་པ་ལ། ལྟ་བ་མཐར་ཐུག་མ་རྙེད་པའི་འཇིག་རྟེན་པའི་ཤེས་ངོ་ལ་ལྟོས་པའི་ [127A]༄༅། །གཏན་ཚིགས་དང་དཔེ་སྤངས་པ་ཡིན་ཏེ། །བློ་དེའི་དོར་བྱ་བྱེད་ཐམས་ཅད་འཐད་པ་དང་རང་བཞིན་གྱིས་གྲུབ་པས་སྟོང་པ་འཐད་ལྡན་དུ་བཞག་ཆོག་པའི་གཞི་མཐུན་གྱི་དཔེ་མི་རྙེད་པ་གང་ཞིག་ལྟ་བ་མཐར་ ཐུག་རྙེད་པ་འཇིག་རྟེན་ལས་འདས་པའི་ཤེས་ངོ་ལ་ལྟོས་པའི་རྟེན་འབྲེལ་དང་སྟོང་པའི་གཞི་མཐུན་འདིའི་དཔེར། བུམ་པ་སོགས་དངོས་པོ་རྣམས་དངོས་པོའི་བྱ་བ་བྱེད་ནུས་སུ་ཡོད་པ་དང། རང་གི་ངོ་བོས་མེད་པའི་ཚུལ་དངོས་ པོ་མེད་པ་ནམ་མཁའི་མེ་ཏོག་ལྟ་བུ་རང་བཞིན་མེད་པ་གཉིས་གཞི་གཅིག་ཉིད་དུ་འདུ་བར་འགྱུར་བའི་ཕྱིར་ཏེ། འཇིག་རྟེན་པ་དེ་འདྲའི་ངོ་བོར་ཆོས་མི་མཐུན་པ་དེ་གཉིས། འཇིག་རྟེན་ལས་འདས་པ་ལྟ་བ་མཐར་ཐུག་རྙེད་པ་ དེའི་ཤེས་ངོར་གཞི་གཅིག་ལ་ཆོས་མི་མཐུན་པ་འདུ་བ་མི་འགལ་བའི་ཕྱིར་རོ། །འཇིག་རྟེན་པ་དེ་ལྟ་བུའི་ཤེས་པའི་ངོར་དེ་གཉིས་གཞི་གཅིག་ལ་འདུ་བ་མི་སྲིད་དེ། དེ་འདྲའི་ཤེས་ངོ་ལ་ལྟོས་ནས་དཔེ་བུམ་པ་ལྟ་བུའི་ ཡོད་ཚུལ་དང། ནམ་མཁའི་མེ་ཏོག་ལྟ་བུའི་མེད་ཚུལ་འདི་གཉིས་ཕན་ཚུན་སྤངས་ནས་ཆོས་མི་མཐུན་པའི་ཕྱིར། ཆོས་མི་མཐུན་པའི་རྒྱུ་མཚན་ཡོད་དེ། ནམ་མཁའི་མེ་ཏོག་ནི་ཆ་འགའ་ཞིག་གིས་ཡོད་ལ་འགའ་ཞིག་ གིས་མེད་པའི་ཁྱད་པར་མེད་པར་ཆ་ཐམས་ཅད་ཀྱིས་མེད་པ་ཡིན་ལ། བུམ་པ་ནི་རང་གི་དངོས་པོའི་ཆ་འགའ་ཞིག་དོན་བྱེད་ནུས་སུ་ཡོད་ལ་འགའ་ཞིག་དོན་བྱེད་ནུས་སུ་མེད་པའི་ཁྱད་པར་མེད་པར་རང་གི་དངོས་པོའི་ཆ་ [127B]ནམ་མཁའི་མེ་ཏོག་ནི་བུམ་པ་དང་ཆོས་མི་མཐུན་ཞིང། དེ་བཞིན་དུ་བུམ་པ་ཡང་ནམ་མཁའི་མེ་ཏོག་དང་ཆོས་མི་མཐུན་པའི་ཕྱིར་རོ། །ངག་དོན་ནི་དཔེ་འདི་གཉིས་བཀོད་པ་ལ་ ཆོས་ཅན། དགོས་པ་ཡོད་དེ། རྡོ་རྗེའི་རྣལ་འབྱོར་བུམ་པ་ལྟར་ཡོད་པ་དང། ནམ་མཁའི་མེ་ཏོག་ལྟར་བདག་མེད་དུ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དབང་མདོར་བསྟན་ལས། འཕེལ་བ་ལ་ནི་འཕེལ་བ་ཉིད། །ཟད་པ་ལ་ནི་ ཟད་པ་མེད། ཅེས་སོགས་གསུངས་པའི་ཕྱིར། དེ་ལྟར་ཆོས་མི་མཐུན་པ་དཔེར་བཟུང་བ་གཉིས་འཇིག་རྟེན་པ་དེ་ལྟ་བུའི་ཤེས་པའི་ངོར་གཞི་གཅིག་གི་སྟེང་དུ་འདུ་བར་མི་འགྱུར་ཀྱང། ལྟ་བ་མཐར་ཐུག་རྙེད་པའི་དོར་འདུ་བ་མི་ འགལ་བ་དེ་བཞིན་དུ། ཐེག་པ་དམན་པ་མན་ཆད་ཆད་པ་མྱང་འདས་དང་ཆོས་མི་མཐུན་པའི་ཕྱིར། སྲིད་པ་ནི་ཉོན་མོངས་པའི་དངོས་པོ་ཡོད་པ་ཐམས་ཅད་ཀྱིས་ཡོད་དོ། །ཡང་ན་སྲིད་པ་དང་ཆོས་མི་མཐུན་པའི་ཕྱིར་ཆད་པ་མྱང་ འདས་ནི་ཉོན་མོངས་པའི་དངོས་པོ་མེད་པ་ཐམས་ཅད་ཀྱིས་མེད་དོ། །འདིར་ཆད་པའི་སྒྲས་ནི་མྱ་ངན་ལས་འདས་པ་ཉོན་མོངས་པ་ཟག་བཅས་ཀྱི་དངོས་པོ་མེད་པའི་མཚན་ཉིད་གཟུང་ངོ་ཞེས་མཐའ་གང་རུང་ལས་མ་ འདས་ཀྱང། ཐེག་ཆེན་གྱི་ལམ་གྱིས་ནི་དེ་གཉིས་ཀ་ལ་མི་གནས་པར་བྱེད་པ་ཡིན་ཏེ། དེ་མཐའ་གཉིས་ཐབས་མཁས་པས་ཟིལ་གྱིས་གནོན་པ་ཡིན་པའི་ཕྱིར། གཞི་གཅིག་ཏུ་རྟག་ཆད་དང་བྲལ་བ་སྔར་མདོར་བསྟན་པ་ [128A]༄༅། །རྒྱས་པར་འཆད་པ་ལ། དེ་བཞིན་དུ་ཞེས་སོགས་གསུངས། དོན་ནི། སྔར་བཤད་པ་དེ་བཞིན་དུ་འཇིག་རྟེན་ལས་འདས་པ་ལྟ་བ་མཐར་ཐུག་རྙེད་པའི་ཤེས་ངོ་ལ་ལྟོས་ནས་རྡོ་རྗེའི་རྣལ་འབྱོར་རྟག་ཆད་དང་ བྲལ་པའི་དཔེར་བུམ་པ་ལྟར་བྱ་བ་བྱེད་ནུས་སུ་ཡོད་པ་དང། ནམ་མཁའི་མེ་ཏོག་ལྟར་རང་བཞིན་གྱིས་མེད་པ་འདི་གཉིས་གཅིག་པ་ཉིད་དུ་འགྱུར་ཏེ། འཇིག་རྟེན་པའི་དོན་ཆོས་མི་མཐུན་པ་དེ་གཉིས་ལྟ་བ་རྙེད་པའི་ངོར་རོ་ གཅིག་ཏུ་འདུ་བ་མི་འགལ་བའི་ཕྱིར། བུམ་པ་ལྟར་བྱ་བ་བྱེད་ནུས་སུ་ཡོད་པ་དང། ནམ་མཁའི་མེ་ཏོག་ལྟར་རང་བཞིན་མེད་པ་འདི་དག་ལྟ་བ་མཐར་ཐུག་མ་རྙེད་པ་འཇིག་རྟེན་པའི་ཀུན་རྫོབ་པའི་ངོར་གཞི་མཐུན་དུ་ འདུ་བའི་གཅིག་པ་ཉིད་མེད་དེ། དེའི་ངོར་དེ་གཉིས་ཕན་ཚུན་ཆོས་མི་མཐུན་པས་འགལ་བའི་ཕྱིར་རོ། །ལྟ་བ་རྙེད་པའི་བློ་ལ་ལྟོས་ནས་ཀུན་རྫོབ་ཏུ་དོན་བྱེད་པའི་རྒྱུ་མཚན་གང་གིས་དངོས་པོ་གང་ཡོད་པ་དེ་ནི་ཆོས་ ཅན༑ ཀུན་རྫོབ་ཏུ་ཆ་གང་གིས་ཀྱང་མེད་པར་མི་འགྱུར་ཏེ། ཁྱོད་གྲུབ་ཙམ་ནས་བྱ་བ་བྱེད་པའི་དངོས་པོར་ཡོད་པའི་ཕྱིར། གང་དོན་དམ་པར་མེད་པ་དེ་ནི་ཆོས་ཅན། རང་བཞིན་གྱིས་ཡོད་པར་མི་འགྱུར་ཏེ། བདེན་པའི་ དངོས་པོ་མེད་པའི་རང་བཞིན་ལས་མ་འདས་པའི་ཕྱིར། འདི་ནི་འཇིག་རྟེན་ལས་འདས་པ་ལ་མི་འགལ་བའི་དོན་བསྡུའོ། །ལྟ་བ་མ་རྙེད་པའི་གང་ཟག་གང་གིས་བྱ་བྱེད་གང་གིས་ཡོད་པའི་མཚན་ཉིད་དུ་འཛིན་པའི་སེམས་ [128B] རྒྱུ་མཚན་གང་གིས་བདེན་པར་མེད་པའི་མཚན་ཉིད་དུ་འཛིན་པའི་སེམས་སུ་འགྱུར་བ་དེ། བྱ་བ་བྱེད་ནུས་སུ་བདེན་པར་ཡོད་པའི་ མཚན་ཉིད་ཀྱི་སེམས་སུ་མི་འགྱུར་ཏེ། དེའི་ངོར་བྱ་བ་བྱེད་ནུས་དང་རང་བཞིན་གྱིས་མ་གྲུབ་པ་འགལ་བའི་ཕྱིར། འཇིག་རྟེན་ལ་ལྟོས་པའི་འགལ་བའི་དོན་བསྡུ་བའོ། །གསུམ་པ་གཞི་དེ་ལ་རྟག་ཆད་ཀྱི་མཐའ་འགོག་པའི་རིགས་པ་རྒྱས་ པར་བཤད་པ་ལ་བཞི། གནས་ཚུལ་དང་སྣང་ཚུལ་མི་མཐུན་པའི་རྟགས་ཀྱིས་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང་མི་འགྱུར་བའི་བདེ་ཆེན་བདེན་པར་གྲུབ་པ་དགག་པ། དེ་ཁོ་ན་ཉིད་དཔྱོད་པའི་རིགས་པས་དཔྱད་ན་རྡོ་རྗེའི་ རྣལ་འབྱོར་འཁོར་འདས་དང་ཕྱི་ནང་གཞན་གསུམ་གང་ལའང་མི་གནས་པར་བསྟན་པ། སྐྱེ་འགག་སོགས་བདེན་གྲུབ་ཅུང་ཟད་གཅིག་ཡོད་ན་སངས་རྒྱས་ནས་དེ་ཁོ་ན་ཉིད་ལ་རྟག་ཏུ་མཉམ་པར་གཞག་པའི་རིག་ངོ་ན་སྣང་ དགོས་པ་ལས་མི་སྣང་བའི་རྟགས་ཀྱིས་རྡོ་རྗེའི་རྣལ་འབྱོར་བདེན་པར་གྲུབ་པ་དགག་པ། དེས་ན་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་མེད་པའི་ཕྱོགས་མཐར་ལྷུང་ཐམས་ཅད་དང་བྲལ་བར་བསྟན་པས་དོན་བསྡུ་བའོ། །དང་པོ་ ལ་གཉིས། རིགས་པ་དངོས་བཤད་པ་དང། དེ་ཉིད་རྩ་རྒྱུད་དང་སྦྱར་ཞིང་རྒྱུད་གཞན་ཐམས་ཅད་ལས་ཀྱང་གསུངས་པར་བསྟན་པའོ། །དང་པོ་ནི། འདིར་ཡང་སྟོང་པ་ཉིད་དང་སྙིང་རྗེའི་ཞེས་སོགས་གསུངས། དོན་ནི། སྐབས་ [129A]༄༅། །འདིར་ཡང་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཀྱི་གཟུགས་རོ་རྐྱང་གི་རྒྱུ་བ་དྷཱུ་ཏཱིའི་ནང་དུ་འགགས་སྟོབས་ཀྱིས་རྣམ་པར་དག་པར་བྱས་པའི་སེམས་ཀྱི་སྣང་བ་གཞོན་ནུ་མའི་པྲ་ཕབ་པ་ལྟ་བུའི་སྟོང་གཟུགས་ ཆོས་ཅན། བདེན་པར་གྲུབ་པའི་གཟུགས་ཀྱི་མཚན་ཉིད་མ་ཡིན་ཏེ། སྣང་བ་ལྟར་གྱི་གཟུགས་སུ་མ་གྲུབ་པའི་ཕྱིར། དེར་ཐལ། ཕྱི་རོལ་གྱི་གཟུགས་ལྟར་སྣང་ཡང་རྡུལ་ཕྲ་རབ་བསགས་པའི་གཟུགས་སུ་མེད་པའི་ཕྱིར་ ཡང་དེ་ཆོས་ཅན། གཏན་ནས་གཟུགས་མེད་པའི་མཚན་ཉིད་ཅན་མ་ཡིན་ཏེ། རྣལ་འབྱོར་པའི་སེམས་ལ་སྟོང་པ་ནམ་མཁར་སྣང་བའི་ཕྱོགས་ལ་མངོན་སུམ་དུ་མཐོང་བྱའི་གཟུགས་སུ་ཡོད་པའི་ཕྱིར་རོ། །ཀུན་རྫོབ་སྟོང་ གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་དེ་རང་གི་ངོ་བོས་སྟོང་པ་ཉིད་ཀྱི་གཟུགས་ཅན་ཏེ་ངོ་བོ་ཅན་དང། སྟོང་པ་ཉིད་དེ་ཡང་ཀུན་རྫོབ་སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་གཟུགས་ཅན་ཏེ་ངོ་བོ་ཅན་ཡིན་ཏེ། འཇིག་རྟེན་པའི་དཔེ་ལས་འདས་ པ་ཉིད་ཀྱིས་ཆོས་མི་མཐུན་པ་མི་འགལ་བའི་རིགས་པ་སྔར་བཤད་པ་དེའི་ཕྱིར། སེམས་ཀྱི་བདག་ཉིད་གང་མི་འགྱུར་བའི་བདེ་ཆེན་འདྲེན་པའི་བྱ་བ་བྱེད་ནུས་སུ་ཡོད་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་རྣལ་འབྱོར་པ་རང་གི་ སེམས་ཀྱི་བདག་ཉིད་དེ་ཆོས་ཅན། རང་གི་ངོ་བོས་སེམས་ཀྱི་བདག་ཉིད་དུ་མེད་པ། རྟག་པ་དང་ཆད་པའི་མཐའ་གཉིས་ཀྱི་ཆོས་ཀྱི་མཚན་ཉིད་དང་བྲལ་བ་ཡིན་ཏེ། ཆོས་ཅན་སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་སྟེང་དུ་དགག་བྱ་བཅད་ [129B] དེས་ན་རྡོ་རྗེའི་རྣལ་འབྱོར་ཆོས་ཅན། ཐབས་ཤེས་གཉིས་སུ་མེད་པ་ཡིན་ཏེ་ དོན་དམ་པའི་བདེན་པ་རྟོགས་པས་འཇིག་རྟེན་ལས་འདས་པའི་བློ་ལ་ལྟོས་ནས་བདེ་བ་ཆེན་པོ་དང་རྣམ་པ་ཐམས་ཅད་པའི་གཟུགས་གཉིས་ཀའི་སེམས་དག་བྱ་བ་བྱེད་པ་དང། རང་བཞིན་གྱིས་སྟོང་པའི་ཆོས་མི་མཐུན་པ་ མི་འགལ་བའི་ཕྱིར་ཏེ། བདེན་པར་ཡོད་པ་དང་མེད་པའི་མཐའ་ལས་འདས་པ། དངོས་པོ་འཁོར་བ་དང་དངོས་པོ་མེད་པ་མྱ་ངན་ལས་འདས་པའི་མཐའ་ཟད་པ་ཡིན་པའི་ཕྱིར། དེར་ཐལ། དོན་དེ་བརྗོད་བྱར་བྱེད་པའི་དེ་བཞིན་ གཤེགས་པའི་གསུང་ཐབས་ཤེས་ཕྱོགས་རེ་བ་དང་མཐའ་གཉིས་ཀྱི་རིས་སུ་ཆད་པ་མེད་པ་བརྗོད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ནི། འདིར་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཡོད་དང་མེད་ལས་ རྣམ་པར་འདས། །གཉིས་མེད་དངོས་དང་དངོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེ་རྣལ་འབྱོར་བདེ་བ་ཆེ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ལས་རྣམ་པར་གྲོལ། ། རྡོ་རྗེའི་རྣལ་འབྱོར་རིས་མེད་པ། ཞེས་སོ། །འདིའི་དོན་ནི། རྡོ་རྗེའི་རྣལ་འབྱོར་ཆོས་ཅན། རྟག་པ་དང་ཆ་པའི་མཐའ་ལས་རྣམ་པར་གྲོལ་ཞིང་རིས་སུ་ཆད་པ་མེད་པ་ཡིན་ཏེ། རང་བཞིན་གྱིས་ཡོད་པ་དང་གཏན་མེད་པ་ལས་ [130A]༄༅། །རྣམ་པར་འདས་པས་མཐའ་གཉིས་མེད་ཅིང། དངོས་པོ་འཁོར་བའི་མཐའ་དང་དངོས་མེད་མྱང་འདས་ཀྱི་མཐའ་གཉིས་ཟད་པ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེན་པོའི་བདག་ཉིད་ ཀྱི་གཟུགས་ཕྱི་རོལ་ལྟ་བུར་སྣང་ཡང་ཕྲ་རབ་རྡུལ་གྱི་ཆོས་ཉིད་ལས་འདས་པས་བདེན་པར་མ་གྲུབ་ཅིང། ཐ་སྙད་དུ་སེམས་སྣང་ཙམ་གྱི་གཟུགས་སུ་ཡོད་པས་སྟོང་པའི་ཆོས་ནི་རྣམ་པར་སྤངས་པ་ཡིན་པའི་ཕྱིར། དེ་ བཞིན་དུ་རྒྱུད་གཞན་དུའང་དེ་བཞིན་གཤེགས་པས་ཐབས་ཤེས་དབྱེར་མེད་ཀྱི་རྡོ་རྗེའི་རྣལ་འབྱོར་རྟག་ཆད་ཀྱི་མཐའ་སྤངས་པའི་སྒོ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པ་པོ་གསུངས་སོ། །གཉིས་པ་ནི་ རྡོ་རྗེའི་རྣལ་འབྱོར་རྣམ་པར་དག་པ། ཞེས་སོགས་གསུངས། དོན་ནི། རྡོ་རྗེའི་རྣལ་འབྱོར་འཕོ་བའི་བག་ཆགས་རྣམ་པར་དག་པ་མི་འགྱུར་བའི་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་པ། སངས་རྒྱས་ ཀྱི་ཡོན་ཏན་ཀུན་སྟེར་བས་དམ་པའི་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་ལྷན་ཅིག་སྐྱེས་པའི་དགའ་བ་འདི་ནི་ཆོས་ཅན། དོན་དམ་པར་འདོད་པའི་སྲིད་པ་ལ་མི་གནས། གྮྒྶ་ཀྱི་སྲིད་པ་ལ་མི་གནས། གཟུགས་མེད་ པའི་སྲིད་པ་ལ་མི་གནས། དོན་དམ་པར་འདོད་པའི་ཁམས་སྤངས་པའི་མྱ་ངན་ལས་འདས་པ་ལས་མི་གནས། གཟུགས་ཀྱི་ཁམས་སྤངས་པའི་མྱང་ངན་ལས་འདས་པ་ལ་མི་གནས། གཟུགས་མེད་པའི་ཁམས་སྤངས་པའི་ [030B] དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དཔྱད་ན་སྲིད་པ་དང་མྱ་ངན་ལས་འདས་པ་གང་ལའང་མི་གནས་པའི་ཕྱིར་རོ། །དེ་ཆོས་ཅན། འཁོར་འདས་གཉིས་གང་ལའང་མི་གནས་ཏེ། དེ་གཉིས་ ཕན་ཚུན་སྤངས་ནས་འགལ་བའི་ཕྱིར་རོ། །སྲིད་པ་དང་མྱ་ངན་ལས་འདས་པ་ནི་གཅིག་པ་ཉིད་སྲིད་པ་མ་ཡིན་ཏེ། དེ་གཉིས་ཕན་ཚུན་སྤངས་ནས་འགལ་བ་ཡིན་པ་དེའི་ཕྱིར་ཏེ། གྲིབ་མ་དང་ཉི་མ་བཞིན་ཡིན་པའི་ཕྱིར། དཔེར་ན་མེ་ནི་ དོན་དམ་པར་གཙུབ་ཤིང་ལ་མི་གནས། གཙུབ་སྟན་ལ་མི་གནས། སྐྱེས་བུའི་ལག་པའི་རྩོལ་བ་ལ་མི་གནས་པ་ཡིན་ཀྱང་ཐ་སྙད་ཙམ་དུ་དེ་དག་ཚོགས་པ་ལ་བརྟེན་ནས་སྐྱེ་བ་དེ་བཞིན་དུ། རྡོ་རྗེའི་རྣལ་འབྱོར་མཆོག་ཏུ་མི་ འགྱུར་བའི་དགའ་བའང་དོན་དམ་པར་ཕྱི་འཇིག་རྟེན་དང། ནང་ལུས་དང། གཞན་ལམ་དང་འབྲས་བུའི་ཆོས་ཐམས་ཅད་ལ་མི་གནས་ཤིང། ཐ་སྙད་ཙམ་དུ་རང་གི་རྒྱུ་རྐྱེན་ཚོགས་པ་ལས་རྣལ་འབྱོར་པས་རྟོགས་པར་བྱ་བ་ ཡིན་པའི་ཕྱིར། གསུམ་པ་ནི། སྐད་ཅིག་གཅིག་གིས་ཞེས་སོགས་བྱུང། དོན་ནི། འདིར་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་ གཅིག་སྟེ་དེའང་གང་ཞེ་ན། བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པའི་སྐད་ཅིག་མ་ཡིན་པའི་ཕྱིར། སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་པ་འདི་ནི། སྔོན་དུས་བཅུ་གཉིས་གནས་སྐབས་ [131A]༄༅། །སུ་དབུགས་ཀྱི་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རིམ་པ་བཞིན་འགགས་པའི་མཐའ་ཇི་སྲིད་པར་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་སྐད་ཅིག་ཐམས་ཅད་རིམ་གྱིས་རྣམ་པར་སྒོམ་པ་པོ་ ཡིན་ནོ། །དེ་ནས་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པའི་སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཏེ། ས་བཅུ་གཉིས་ཀྱི་བདེ་བའི་གྲངས་ཡང་དག་པར་རྫོགས་ཏེ་རྫོགས་པའི་ སངས་རྒྱས་སུ་འགྱུར་བ་ཡིན་པའི་ཕྱིར། འདིར་བདེ་བའི་གྲངས་རྫོགས་པའི་སྐད་ཅིག་གང་ལ་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་སྐད་ཅིག་དེ་ནས་ཏེ་དེ་ཕྱིན་ཆད་བདེ་བ་ཆེན་ པོའི་ཡེ་ཤེས་ཆོས་ཅན། ཁྱོད་དེ་ཁོ་ན་ཉིད་ལ་འཇལ་བྱེད་དུ་སོང་བ་དེའི་ངོར་ཆོས་ཐམས་ཅད་སྐྱེ་བ་མེད་པ་གནས་པ་མེད་པ་འཇིག་པ་མེད་པ་ཡིན་ཏེ། ཁྱོད་དེ་ཁོ་ན་ཉིད་ལ་འཇལ་བྱེད་དུ་སོང་བའི་ངོར་སྤྲོས་པའི་རིས་གང་ གིའང་གཉིས་སྣང་མེད་པའི་ཕྱིར་ཏེ། སྐྱེ་འགག་སོགས་དོན་དམ་པར་མ་གྲུབ་པའི་ཕྱིར། མ་གྲུབ་ན། དེ་འགོག་པ་ལ། འདིར་སྐད་ཅིག་གང་ལ། ཞེས་སོགས་གསུངས། དོན་ནི། འདུས་བྱས་རྣམས་ལ་དོན་དམ་པར་སྐྱེ་ གནས་འཇིག་གསུམ་ཡོད་ན་རིམ་ཅན་དུ་ཡོད་དམ་ཅིག་ཅར་དུ་ཡོད། དང་པོ་ལྟར་ན། འདིར་སྐད་ཅིག་གང་ལ་འདུས་བྱས་ཀྱི་ཆོས་རྣམས་སྐྱེ་བར་འགྱུར་བའི་སྐད་ཅིག་དེ་ཆོས་ཅན། དུས་ཐམས་ཅད་དུ་སྐྱེ་བའི་གནས་སྐབས་ [131B] ཁྱོད་རང་བཞིན་གྱིས་གྲུབ་པའི་སྐྱེ་བ་གང་ཞིག་རང་བཞིན་གཞན་དུ་འགྱུར་བ་མི་སྲིད་པའི་ཕྱིར། འདོད་ན། ཁྱོད་ཀྱི་རྗེས་སུ་གནས་པ་དང་འཇིག་པའི་གནས་སྐབས་མེད་པར་ཐལ་ལོ། །འདིར་ དངོས་པོ་དེ་སྐད་ཅིག་གང་ལ་གནས་པར་འགྱུར་བའི་སྐད་ཅིག་དེ་ཆོས་ཅན། དུས་ཐམས་ཅད་དུ་གནས་པར་ཐལ། གནས་པ་རང་བཞིན་གྱིས་གྲུབ་པའི་ཕྱིར། འདོད་ན། ཁྱོད་ཀྱི་མཇུག་ཏུ་འཇིག་པ་དང་སྔོན་དུ་སྐྱེ་བའི་ གནས་སྐབས་མེད་པར་ཐལ་ལོ། །དེ་བཞིན་དུ་འདིར་སྐད་ཅིག་གང་ལ་འདུས་བྱས་ཀྱི་ཆོས་ཐམས་ཅད་འཇིག་པར་འགྱུར་བའི་སྐད་ཅིག་དེ་ཆོས་ཅན། དུས་ཐམས་ཅད་དུ་འཇིག་པའི་བྱ་བ་འབའ་ཞིག་ཏུ་འགྱུར་བར་ཐལ་ འཇིག་པ་རང་བཞིན་གྱིས་གྲུབ་པའི་ཕྱིར། འདོད་ན། ཁྱོད་ཀྱི་མངོན་དུ་སྐྱེ་བ་དང་གནས་པའི་སྐབས་མེད་པར་ཐལ་ལོ། །དེ་ལྟར་ན་འདུས་བྱས་ཀྱི་ཆོས་ཐམས་ཅད་ཆོས་ཅན། དོན་དམ་པར་རིམ་པ་ཇི་ལྟ་བ་བཞིན་སྐད་ ཅིག་གཅིག་ཉིད་དང་པོར་སྐྱེ་བ་དང་དེའི་རྗེས་སུ་སྐད་ཅིག་གནས་པ་དང། དེའི་རྗེས་སུ་སྐད་ཅིག་འཇིག་པར་མི་འགྱུར་རོ་སྟེ་མི་འགྱུར་བར་ཐལ། རྒྱུ་མཚན་བཤད་མ་ཐག་པ་དེའི་ཕྱིར། འདི་དག་ལ་དོན་དམ་གྱི་ཁྱད་པར་ སྦྱར་དགོས་ཏེ། འགྲེལ་ཆེན་ལས། འདི་ཉིད་དོན་དམ་པའི་རིགས་པས་མི་འཐད་དེ། ཞེས་གསུངས་པའི་ཕྱིར། ཕྱོགས་གཉིས་པ་ལྟར་ན། དེ་འགོག་པ་ལ། ཅིག་ཅར་ཡང་མི་སྲིད་དེ། ཞེས་སོགས་གསུངས། དོན་ནི་ [132A]༄༅། །དངོས་པོ་རྣམས་ཆོས་ཅན། ཁྱོད་ཀྱི་སྐད་ཅིག་ལའང་སྐྱེ་འཇིག་གནས་པ་གསུམ་རང་བཞིན་གྱིས་ཅིག་ཅར་མི་སྲིད་དེ། ཁྱོད་ཀྱི་སྐད་ཅིག་ལ་སྐྱེ་གནས་འཇིག་པའི་ཆོས་ཐམས་ཅད་གཅིག་ཏུ་ ཡོད་པར་འདོད་པ་ལ་ནི། སྐྱེས་བུ་གཅིག་གི་སྐྱེ་རྒ་ཤི་བ་གསུམ་ཅིག་ཅར་འདོད་དགོས་པ་གང་ཞིག་སྐྱེས་བུ་གཅིག་གི་ཚེ་གཅིག་གི་སྐྱེ་བ་དང་གནས་པ་སྟེ་རྒ་བ་དང་འཇིག་པ་ཤི་བའི་སྐད་ཅིག་རྣམས་དུས་གཅིག་ པ་ཉིད་སྲིད་པ་མ་ཡིན་པའི་ཕྱིར་ཏེ། ནང་ལེ་ལས། གལ་ཏེ་དུས་གཅིག་ལ་ཡིན་ན་སྐྱེ་བ་དང་རྒ་བ་དང་ཤི་བ་ཡང་གཅིག་པ་ཉིད་དོ་ཞེས་པ་ལས་གཞན་པ་ཅི། ཞེས་གསུངས། དེ་ལྟར་བྱས་པ་ལ་ཁོ་ན་རེ། སྐྱོན་མེད་དེ་ ཅི་སྟེ་སྔ་ཕྱིའི་རིམ་པ་ཇི་ལྟ་བར་དངོས་པོ་དེ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་སྐད་ཅིག་ལས་དངོས་པོ་དེ་རང་དུས་ཀྱི་གནས་པའི་སྐད་ཅིག་དང། དངོས་པོ་དེ་རང་དུས་ཀྱི་གནས་པའི་སྐད་ཅིག་ལས་དེ་དུས་གཉིས་པར་མ་བསྡད་ པའི་འཇིག་པའི་དུས་ཀྱི་སྐད་ཅིག་དང། དེ་འཇིག་པ་ལ་མངོན་དུ་ཕྱོགས་པའི་སྐད་ཅིག་ལས་དེའི་དུས་གཉིས་པར་རང་འབྲས་ཕྱི་མ་སྐྱེ་བའི་སྐད་ཅིག་མ་བྱུང་བ་ཡིན་པའི་ཕྱིར་ཞེ་ན། འདི་ཉིད་ཀུན་རྫོབ་ཙམ་དུ་མི་རིགས་པ་ མེད་ཀྱང་དོན་དམ་དཔྱོད་པའི་རིགས་པས་དཔྱད་པ་ལས་ན་དེ་ལྟར་གྲུབ་པ་མི་འཐད་དེ། འདིར་དོན་དམ་པར་སྐད་ཅིག་སྔ་མ་མ་འགགས་པ་ལས་སྐད་ཅིག་ཕྱི་མ་གཞན་མི་འབྱུང་ཞིང། དེ་བཞིན་དུ་སྔ་མ་འགགས་པ་ལས་ཀྱང་ [132B] དཔེར་ན་དོན་དམ་པར་ས་བོན་མཉམས་པ་ལས་མྱུ་གུ་མི་འབྱུང་ཞིང་ཉམས་པ་ལས་ཀྱང་མི་འབྱུང་བ་བཞིན་ཡིན་པའི་ཕྱིར། དེ་ལྟར་བརྟགས་པའི་གྲུབ་དོན་ནི། དེ་ལྟར་ན་ཞེས་སོགས་ཀྱིས་ འཆད་ཤོང་འགྱུར་འདིར་རྟགས་དང་བསྒྲུབ་བྱ་གོ་ལོག་པའི་ཕྱིར་འགྱུར་འཁྲུགས་པས་འདི་ལྟར་བྱ་སྟེ། ཇི་སྐད་བཤད་པའི་ཚུལ་དེ་ལྟར་ན་དོན་དམ་པར་ཡོད་པའི་དངོས་པོ་མེད་དེ། དོན་དམ་པར་གྲུབ་པའི་སྐད་ཅིག་གཅིག་ དང་དུ་མ་གང་ཡང་མེད་པའི་ཕྱིར། ཁྱབ་སྟེ། གཅིག་དང་དུ་མ་དངོས་སུ་ཕན་ཚུན་སྤངས་ནས་འགལ་བའི་ཕྱིར་རོ། །སྔར་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་སྐྱེ་འཇིག་སོགས་མེད་པར་བསྟན་པ་དེ་ཉིད་སླར་ཡང་འཆད་ པ་ལ༑ འདིར་སྐད་ཅིག་ཅེས་སོགས་བྱུང། དོན་ནི། འདིར་ཞེས་པ་ནས་སངས་རྒྱས་ཏེ་ཞེས་པའི་བར་ནི་སངས་རྒྱས་པའི་དུས་སྟོན་པ་སྟེ་སྔར་ལྟར་རོ། །སངས་རྒྱས་པ་དེའི་རྗེས་ལ་སངས་རྒྱས་རྣམས་ཀྱི་ཇི་ལྟ་བ་མཁྱེན་པའི་ རྣམ་མཁྱེན་ཆོས་ཅན། ཁྱོད་ཀྱིས་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་སྐྱེ་འཇིག་གནས་པའི་སྐད་ཅིག་ཐམས་ཅད་མེད་པ་གཅིག་དང་དུ་མ་དང་བྲལ་བ་གཉིས་སུ་སྣང་བ་མེད་པའི་མཆོག་ཡིན་ཏེ། ཁྱོད་ཀྱིས་ཇི་ལྟ་བ་ གཟིགས་པའི་གཟིགས་ངོར་ཡོད་པ་དང་མེད་པ་གང་ཡང་དོན་དམ་པར་གྲུབ་པ་དང་བྲལ་བའི་ཕྱིར་རོ། །འོ་ན་གཅིག་དང་དུ་མ་དེ་དག་ཡེ་ཤེས་གང་ལ་སྣང་ཞེ་ན། ཇི་སྲིད་དུ་འཇིག་རྟེན་པའི་སེམས་ཇི་སྙེད་པ་མཁྱེན་ [133A]༄༅། །པའི་ཡེ་ཤེས་ཆོས་ཅན། ཁྱོད་འཇལ་བྱེད་དུ་ཡོད་པ་དེ་སྲིད་དུ། ཁྱོད་ཀྱིས་ཆོས་རྣམས་ཇི་ལྟར་གནས་པ་ལྟར་གཅིག་དང་དུ་མས་མ་འདྲེས་པར་རྣམ་པར་དཔྱོད་པ་ཡིན་ཏེ། ཁྱོད་སྐད་ཅིག་མའི་ སེམས་སྔ་ཕྱི་ཐམས་ཅད་ཅིག་ཅར་སྣང་བའི་རྣམ་མཁྱེན་ཡིན་པའི་ཕྱིར་རོ། །གང་གི་ཚེ་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆོས་ཅན། ཇི་ལྟ་བ་གཟིགས་པའི་གཟིགས་ངོ་ལ་ལྟོས་ནས་སྐད་ཅིག་གི་ཆོས་ ཐམས་ཅད་སྣང་བ་དང་བྲལ་བ་དེའི་ཚེ། ཁྱོད་ཀྱིས་རང་བཞིན་མེད་པར་རྟོགས་པ་ཞེས་བརྗོད་དེ། ཁྱོད་དེ་ཁོ་ན་ཉིད་ལ་གཉིས་སྣང་ནུབ་པའི་སེམས་ཡིན་པའི་ཕྱིར་རོ། །བཞི་པ་སྟོན་པ་ལ། དེའི་ཕྱིར་ཞེས་སོགས་གསུངས་ དོན་ནི། གང་རང་བཞིན་མེད་པའི་ཕྱོགས་ནི་བཅོམ་ལྡན་འདས་ཀྱིས་ཕྱོགས་ཀྱི་མཐའ་ཐམས་ཅད་མེད་པར་གསུངས་པ་ཡིན་ཏེ། སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཐམས་ཅད་རང་བཞིན་མེད་པར་རྟོགས་ པའི་ཕྱིར། བཞི་པ་དགག་བྱའི་མཐའ་ངོས་བཟུང་བ་རྒྱུ་མཚན་དང་བཅས་པ་ནི། ཕྱོགས་ཞེས་བྱ་བ་ནི། ཞེས་སོགས་གསུངས། དོན་ནི། འདིར་བསྟན་ཕྱོགས་ཞེས་བྱ་བ་བཞག་ཏུ་ཡོད་དེ། གང་དུ་བཟུང་ན་མཐར་ལྷུང་བར་ འགྱུར་བའི་ཕྱོགས་ཡིན་པའི་ཕྱིར། དེའང་དངོས་པོར་བདེན་པ་དང། དངོས་པོ་མེད་པར་བདེན་པ་དང། ཡོད་པར་བདེན་པ་དང། མེད་པར་བདེན་པ་དང། ཞེས་པ་ནས། གཏི་མུག་མ་ཡིན་པར་བདེན་པ་ཞེས་པ་ལྟ་བུ་ལ་ [133B] དངོས་པོ་དང་དངོས་པོ་མེད་པ་ནས་གཏི་མུག་མིན་པའི་བར་གྱི་ཆོས་དེ་དག་ཐམས་ཅད་ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་ཀྱིས་རྟེན་ འབྱུང་ཡིན་པའི་ཕྱིར། འདིས་ནི་རྟེན་འབྲེལ་གྱི་རིགས་པ་བསྟན་པ་ཡིན་ནོ། །དེས་ན་ཡེ་ཤེས་གང་གི་ངོ་ན་ཇི་སྐད་བཤད་པའི་ཕྱོགས་འདི་དག་དང་བྲལ་བར་ངེས་པ་ནི་ཆོས་ཅན། སངས་རྒྱས་རྣམས་ཀྱི་མི་གནས་པའི་མྱ་ ངན་ལས་འདས་པ་རང་བཞིན་མེད་པའི་སྟོང་ཉིད་དང་རོ་གཅིག་ཏུ་གྱུར་པའི་སྒོ་ནས་རྟོགས་པ་ཡིན་ཏེ། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་ངོ་ལ་ལྟོས་ནས་སྐད་ཅིག་གཅིག་དང་དུ་མའི་སྣང་བ་དང་བྲལ་བའི་ཡེ་ཤེས་ རྣམ་པར་མི་རྟོག་པ་དེ་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་གཟིགས་པའི་ཡེ་ཤེས་ཞེས་གསུངས་པའི་ཕྱིར། གསུམ་པ་ལྷན་སྐྱེས་ཀྱི་སྐུ་ཉིད་ལ་ལྡོག་པའི་སྒོ་ནས་དུ་མར་འབྱེད་ཚུལ་བཤད་པ་ལ་གཉིས། དགའ་བ་ བཅུ་དྲུག་ཏུ་འབྱེད་ཚུལ་དང། སྐུ་བཅུ་དྲུག་ཏུ་འབྱེད་ཚུལ་ལོ། །དང་པོ་ནི། དེ་ཉིད་སེམས་ཅན་རྣམས་ཀྱི། ཞེས་སོགས་གསུངས། དོན་ནི། རྡོ་རྗེའི་རྣལ་འབྱོར་དེ་ཉིད་གདུལ་བྱའི་སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་བསམ་ པའི་དབང་གིས་ལྡོག་པས་ཕྱེ་བ་རྣམ་པ་བཞི་དང། བཞི་པོ་རེ་རེ་ལའང་བཞི་བཞིར་ལྡོག་པས་ཕྱེ་བ་རྣམ་པ་བཅུ་དྲུག་ཏུའང་སོ་སོར་སྣང་བ་ཡིན་ཏེ། ཞེས་དགའ་བ་བཞི་དང་སྐུ་བཞི་མ་ཕྱེ་བའི་སྤྱིར་བཤད་ནས། བཞི་དང་བཅུ་དྲུག་ [134A]༄༅། །ཏུ་ཇི་ལྟར་འབྱེད་ཅེ་ན། དགའ་བ་བཞི་དང་བཅུ་དྲུག་ཏུ་འབྱེད་པ་ལ། དགའ་བ་དང་ཞེས་སོགས་ཏེ་གཞན་རྣམས་གོ་སླ། གཞི་དུས་ཀྱི་ཐིག་ལེ་བཞི་འཛག་པའི་བག་ཆགས་ཀྱི་སྒྲིབ་པ་སྤངས་པའི་ལྡོག་པ་ ནས་དགའ་བ་བཞི་དང། གཞི་དུས་ཀྱི་འཛག་པའི་དགའ་བ་བཞི་པོ་རེ་རེ་ལའང་ལུས་ངག་ཡིད་ཡེ་ཤེས་ཀྱི་དབྱེ་བས་བཞི་བཞིར་ཕྱེ་བའི་འཇིག་པའི་དགའ་བ་བཅུ་དྲུག་སྒྲིབ་བྲལ་དུ་གྱུར་པའི་ལྡོག་པ་ནས་འབྲས་དུས་ཀྱི་ དགའ་བ་བཅུ་དྲུག་ཏུ་འཇོག་པའི་དབྱེ་བ་ཙམ་སྨོས་ཤིང། དེ་ལྟ་བུའི་དེ་ཉིད་རྣམ་པ་བཅུ་དྲུག་རླུང་འཕོ་བ་བཅུ་གཉིས་འགགས་ཤིང་ས་བཅུ་གཉིས་རྫོགས་པའི་དུས་གང་གི་ཚེ་རྣལ་འབྱོར་པས་མངོན་དུ་བྱས་པའི་ཚུལ་ གྱིས་རིག་པ་དེའི་ཚེ། དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གཉིས་པ་ནི། དེ་ཉིད་དེ་ཁོ་ན་ཉིད་ལ་ཞེས་སོགས་གསུངས། དོན་ནི་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་རྣམ་པ་བཞི་དང་བཅུ་ དྲུག་ཏུ་སྣང་ཚུལ་གཞན་ཡང། དང་པོར་སྐུ་བཞིར་དབྱེ་བ་དང། དེ་ནས་དེ་རེ་རེ་ལའང་བཞི་བཞིར་ཕྱེ་བས་སྐུ་བཅུ་དྲུག་ཏུ་ཕྱེ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་མཐར་ཐུག་པ་དེ་ཉིད་གདུལ་བྱའི་བསམ་ངོ་ལ་མ་ལྟོས་པའི་ དེ་ཁོ་ན་སྟེ་དངོས་པོའི་གནས་ཚོད་ལ། ཞེས་སོགས་ཀྱིས་སྐུ་བཞི་དང། དེ་བཞིན་དུ་ཞེས་སོགས་ཀྱིས་རེ་རེ་ལའང་བཞི་བཞིར་ཕྱེ་བས་བཅུ་དྲུག་ཏུ་འབྱེད་ཚུལ་སྟོན། དེ་ལའང་རང་རང་གི་སྐུ་སྤྲུལ་སྐུ་དང་བཅས་པའི་གསུང་ [134B] ཐུགས་ཆོས་སྐུ་དང། ཡེ་ཤེས་ལྷན་སྐྱེས་བཞི་བཞིར་ཕྱེ་བས་བཅུ་དྲུག་ཏུ་སྟོན་ཏེ། དེ་ལྟར་སྐུའི་དབྱེ་བས་དེ་ཉིད་རྣམ་པ་བཅུ་དྲུག་ཏུ་གདུལ་བྱའི་སེམས་ཅན་ཐམས་ཅད་ཀྱི་ལྷག་པར་མོས་པའི་དབང་གིས་རབ་ཏུ་ སྣང་སྟེའོ། །ཞིབ་པར་སྔར་བཤད་ཟིན་ཏོ། །བཞི་པ་རྒྱུད་གང་དུ་རྡོ་རྗེའི་རྣལ་འབྱོར་དེ་ཉིད་གང་གི་ཕྱིར་གསོལ་བ་བཏབ་པ་ལ་བཞི། རྡོ་རྗེའི་རྣལ་འབྱོར་གང་ཞུས་པ། རྒྱུད་གང་དུ་ཞུས་པ། དགོས་པ་སོགས་གང་གི་དོན་དུ་ཞུས་པ་ དགོས་སོགས་དེ་ལྟ་བུ་ཡོད་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པར་བསྟན་པའོ། །དང་པོ་ལ་དྲུག་གླེང་གཞིའི་ཚིག་བཞི་སོགས་དང་རྣམ་པར་དག་པའི་རྣལ་འབྱོར་སོགས་བཞི་རིམ་བཞིན་སྦྱར་བས་རྡོ་རྗེའི་ རྣལ་འབྱོར་བཞིར་དབྱེ་བ། གླེང་གཞིའི་ཚིག་བཞི་སོགས་དང་མཁྱེན་པ་བཞི་རིམ་བཞིན་སྦྱར་བས་རྡོ་རྗེའི་རྣལ་འབྱོར་བཞིར་དབྱེ་བ། གླེང་བཞིའི་ཚིག་བཞི་དང་མངོན་པར་བྱང་ཆུབ་པ་བཞི་རིམ་བཞིན་སྦྱར་བས་རྡོ་རྗེའི་ རྣལ་འབྱོར་བཞིར་དབྱེ་བ་གླེང་གཞིའི་ཚིག་བཞི་དང་སྒྲིབ་པ་བཞི་སྤངས་པའི་སྐུ་བཞི་རིམ་བཞིན་སྦྱར་བས་རྡོ་རྗེའི་རྣལ་འབྱོར་བཞིར་དབྱེ་བ། རྡོ་རྗེའི་རྣལ་འབྱོར་དེ་ཉིད་རྒྱས་པར་ལེའུ་གཞན་དུ་ཁ་འཕང་བ། དེ་ལྟར་རིགས་བཞིའི་ དབྱེ་བས་བཞི་བཞིར་ཕྱེ་བའི་རྡོ་རྗེའི་རྣལ་འབྱོར་དེ་ཉིད་ཞུས་པར་བསྟན་པའོ། །དང་པོ་ནི། དེ་ཉིད་ལྷན་ཅིག་སྐྱེས་པའི་སྐུ། ཞེས་སོགས་གསུངས། དོན་ནི། རྡོ་རྗེའི་རྣལ་འབྱོར་དེ་ཉིད་བཞིར་འབྱེད་ཚུལ་ཡོད་དེ། རྡོ་རྗེའི་རྣལ་ [135A]༄༅། །འབྱོར་དེ་ཉིད་འབྲས་བུ་སྐུ་བཞི་ལས་ལྷན་ཅིག་སྐྱེས་པའི་སྐུ། ལམ་རྣམ་ཐར་བཞི་ལས་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་རྣམ་པར་དག་པ། རྡོ་རྗེ་བཞི་ལས་ཡེ་ཤེས་རྡོ་རྗེ། གླེང་གཞིའི་ཚིག་བཞི་ལས་ ཐམས་ཅད་མཁྱེན་པ་ངོ་བོ་ཤེས་རབ་དང་ཐབས་དབྱེར་མི་ཕྱེད་པའི་བདག་ཉིད། རྣལ་འབྱོར་བཞི་ལས་རྣམ་པར་དག་པའི་རྣལ་འབྱོར་ཞེས་བརྗོད་ཅིང་འོག་མ་གསུམ་ཤེས་སླ་བས་དེ་ལྟར་སྦྱར་བ་ཡིན་པའི་ཕྱིར། དེ་ལྟ་བུའི་ རྡོ་རྗེའི་རྣལ་འབྱོར་རྣམ་པ་བཞི་པོ་འདི་ཆོས་ཅན། རྒྱུད་ཀྱི་སྟོན་པ་སངས་རྒྱས་ལ་གང་གིས་ཞུས་པའི་ཚུལ་ཡོད་དེ། ཕྱག་ན་རྡོ་རྗེ་ཟླ་བ་བཟང་པོས་ཞུས་པ་ཡིན་པའི་ཕྱིར། གཉིས་པ། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས་ རྣམ་པར་དག་པ། ཞེས་སོགས་གསུངས། དོན་ནི། དེ་ཡང་སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་ལ་ལྡོག་པའི་སྒོ་ནས་བཞིར་ཕྱེ་ཚུལ་ཡོད་དེ། ཤེས་བྱ་ཐམས་ཅད་གཟིགས་པའི་ལྡོག་པ་ནས་ཐམས་ཅད་མཁྱེན་པ། མི་ འགྱུར་བའི་བདེ་བའི་ངོ་བོར་གནས་པའི་ལྡོག་པ་ནས་ལམ་གྱི་རྣམ་པ་མཁྱེན་པ། མཐའ་ཡས་པའི་སེམས་ཅན་ལའང་རང་གི་སྐད་དང་མཐུན་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་ཇི་ལྟར་འཚམ་པ་བཞིན་ ཅིག་ཅར་སྟོན་པའི་ལྡོག་པ་ནས་ལམ་མཁྱེན་པ། གདུལ་བྱ་འདུལ་བའི་དོན་དུ་སྐུའི་རྣམ་པ་མཐའ་ཡས་པ་ཅིག་ཅར་སྟོན་པ་མཁྱེན་པའི་ལྡོག་པ་ནས་རྣམ་པ་ཐམས་ཅད་མཁྱེན་པར་བཞག་པ་སྟེ། དེ་ལྟ་བུའི་མཁྱེན་ [135B] རྣམ་ཐར་བཞི། རྡོ་རྗེ་བཞི། སྐུ་བཞི་རྣམས་རིམ་བཞིན་གླེང་གཞིའི་ཚིག་གཞི་དང་སྦྱར་ནས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་ལ་བཞིར་དབྱེ་བ་ཡིན་པའི་ཕྱིར། ཚིག་དོན་སླའོ། །གསུམ་པ་ ནི༑ དེ་བཞིན་དུ་སྐད་ཅིག་གཅིག་གི་ཞེས་སོགས་གསུངས། སྔར་བཞི་ཚན་དེ་དག་རིམ་བཞིན་སྦྱར་ནས་རྡོ་རྗེའི་རྣལ་འབྱོར་བཞིར་དབྱེ་བ་དེ་བཞིན་དུ། མངོན་པར་བྱང་ཆུབ་པ་བཞིའི་སྒོ་ནས་རྡོ་རྗེའི་རྣལ་འབྱོར་བཞིར་དབྱེ་ཚུལ་ ཡོད་དེ། ཤེས་སྒྲིབ་མ་ལུས་པ་སྤངས་པའི་སྐད་ཅིག་གཅིག་གིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ་ཁོང་དུ་ཆུད་པ་ནི་རྡོ་རྗེ་བཞིའི་ནང་ནས་ཡེ་ཤེས་རྡོ་རྗེ་སྟེ་གླེང་གཞིའི་ཚིག་བཞིའི་ནང་ནས་ཐམས་ ཅད་གཟིགས་པ་དང། ཁམས་ལྔའམ་ཕུང་པོ་ལྔ་སྒྲིབ་བྲལ་དུ་གྱུར་ཅིང་དཀྱིལ་འཁོར་ལྔའི་རླུང་འགོག་པས་ཡེ་ཤེས་ལྔ་ཐུགས་སུ་ཆུད་པའི་ཚུལ་གྱིས་རྣམ་པ་ལྔས་མངོན་པར་རྫོགས་པར་སནས་རྒྱས་པ་ནི་རྡོ་རྗེ་བཞིའི་ནང་ ནས་ཐུགས་རྡོ་རྗེ་སྟེ་གླེང་གཞིའི་ཚིག་བཞིའི་ནང་ནས་ཡེ་ཤེས་སྐུ་མཆོག་ཏུ་མི་འགྱུར་བའི་བདེ་བ་དང། དབང་པོ་ལྔ་ཡུལ་ལྔ། ལས་དབང་ལྔ། ལས་དབང་གི་བྱ་བ་ལྔ་སྟེ་ཉི་ཤུ་པ་དེ་ཉིད་སྒྲིབ་བྲལ་དུ་གྱུར་པའི་ལྡོག་པས་ ཕྱེ་བའི་རྣམ་པ་ཉི་ཤུ་མངོན་པར་རྫོགས་པར་སངས་རྒྱས་པ་ནི་རྡོ་རྗེ་བཞིའི་ནང་ནས་གསུང་རྡོ་རྗེ་སྟེ་གླེང་གཞིའི་ཚིག་བཞིའི་ནང་ནས་འབྲས་བུའི་བདེན་པའི་དོན་བཅུ་གཉིས་པ་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་སྟོན་པ་ [136A]༄༅། །པོ་ཉིན་མོར་བྱེད་པའི་སྐུ་དང། དགའ་བ་བཅུ་དྲུག་སྒྲིབ་བྲལ་དུ་གྱུར་པའི་སྒྱུ་མ་ལྟ་བུའི་སྤྲུལ་པའི་དྲ་བས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་རྡོ་རྗེ་བཞིའི་ནང་ནས་སྐུ་རྡོ་རྗེ་སྟེ་གླེང་གཞིའི་ཚིག་བཞིའི་ ནང་ནས་དེ་ཉིད་རྣམ་པ་བཅུ་དྲུག་རིག་པ་མཐའ་ཡས་པའི་སྒྱུ་འཕྲུལ་དྲ་བདག་གིས་སྤྲས་པའི་སྐུ་པདྨའི་འདབ་མ་རྒྱས་པའི་སྤྱན་མངའ་བ་ཡིན་པའི་ཕྱིར། བཞི་པ་ནི། འདིར་སེམས་ཀྱིས་ཞེས་སོགས་གསུངས། དོན་ ནི༑ གནས་སྐབས་བཞིའི་སེམས་ཀྱིས་གཞིག་པར་དཀའ་བས་རྡོ་རྗེ་དང་འདྲ་བའི་སྒྲིབ་པ་བཞི་རྣམ་པར་དག་པ་ནི་སྐུ་བཞིའི་མཚན་ཉིད་ཅན་དུ་འགྱུར་ཏེ། གཉེན་པོས་ཤིན་ཏུ་བཟློག་པར་དཀའ་བའི་འདོད་ཆགས་ཀྱི་ དྲི་མས་ཀུན་ནས་བསྒོས་པ་བྷ་ག་དང་སྐྱེས་པའི་དབང་པོ་མཉམ་པར་སྦྱར་བའི་བདག་ཉིད་བཞི་པའི་སེམས་ཀྱི་གནས་སྐབས་བསྐྱེད་པའི་ཐིག་ལེ་ལམ་གྱི་སྒྲིབ་བྲལ་དུ་བྱས་ནས་བག་ཆགས་ཀྱི་དྲི་མའི་དངོས་པོ་མེད་པར་ གྱུར་པའི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ་གླེང་གཞིའི་ཚིག་བཞིའི་ནང་ནས་ཐམས་ཅད་མཁྱེན་པ་ཞེས་པ་དང། མུན་པས་ཟིལ་གྱིས་མནན་པ་ཤིན་ཏུ་གཉིད་ལོག་པའི་སེམས་ཀྱི་གནས་ སྐབས་བསྐྱེད་པའི་ཐིག་ལེ་ལམ་གྱི་སྒྲིབ་བྲལ་དྲི་མའི་དངོས་པོ་མེད་པར་བྱས་པའི་སེམས། སངས་རྒྱས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཆོས་ཀྱི་སྐུ་སྟེ་གླེང་གཞིའི་ཚིག་བཞིའི་ནང་ནས་ཡེ་ཤེས་ཀྱི་སྐུ་ཞེས་པ་དང་ [136B] གསུང་རྣམ་པ་ཐམས་ཅད་པ་ལོངས་སྤྱོད་རྫོགས་པའི་སྐུ་གླེང་གཞིའི་ཚིག་བཞིའི་ནང་ནས་ཉིན་མོར་བྱེད་པའི་སྐུ་དང། རྣམ་པར་རྟོག་པ་དུ་མའི་དངོས་པོའི་འདུ་ཤེས་སད་པའི་སེམས་ཀྱི་གནས་སྐབས་བསྐྱེད་པའི་ཐིག་ལེ་དྲི་ མའི་དངོས་པོ་མེད་པར་བྱས་པའི་སེམས་ཀྱི་བདག་ཉིད་དུ་གྱུར་པ་གདུལ་བྱའི་བསམ་པ་དང་མཐུན་པར་སྐུའི་སྣང་བ་སྣ་ཚོགས་སྟོན་པ་ནི་སྤྲུལ་པའི་སྐུ་སྟེ་གླེང་གཞིའི་ཚིག་བཞིའི་ནང་ནས་པདྨའི་འདབ་མ་རྒྱས་པའི་སྤྱན་ཞེས་ པ་ཡིན་པའི་ཕྱིར། ལྔ་པ་ནི། རྡོ་རྗེའི་རྣལ་འབྱོར་འདི་ཡེ་ཤེས་ཀྱི་ལེའུ་རྒྱ་ཆེར་བརྗོད་པར་བྱ་སྟེ། འཇིག་རྟེན་གྱི་ཁམས་ཀྱི་ལེའུ་འདིར་ནི་མདོ་ཙམ་ཞིག་བསྟན་ཏོ། །དྲུག་པ་ནི། དེ་ལྟར་ཡེ་ཤེས་དང་ཐུགས་དང་གསུང་དང་སྐུའི་ བདག་ཉིད་རྣལ་འབྱོར་ཞུས་ཏེ། ཞེས་གསུངས། ངག་དོན་ནི། རིགས་བཞིའི་དབྱེ་བས་ཡེ་ཤེས་ཐུགས་གསུང་སྐུའི་བདག་ཉིད་ཀྱི་རྣལ་འབྱོར་བཞི་ཞུས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། རྒྱུད་འདིའི་བརྗོད་བྱའི་གཙོ་བོ་གླེང་ གཞིའི་དོན་དུ་ཇི་ལྟར་ཡོད་པ་རྟོགས་པའི་ཆེད་དུ་རྡོ་རྗེའི་རྣལ་འབྱོར་ལ་བཞི་བཞིར་ཕྱེ་བའི་བཞི་ཚན་རེ་རེ་གླེང་གཞིའི་ཚིག་བཞི་དང་སྦྱར་ནས་གསུངས་པའི་ཕྱིར། འགྲེལ་པའི་ཚིག་འདི་དག་གིས་རྣལ་འབྱོར་དཔལ་ལྡན་དུས་ [137A]༄༅། །འཁོར་ཞེས་པའི་རྣལ་འབྱོར་གྱི་དོན་འགྲེལ་གྱི་ཐམས་ཅད་མཁྱེན་པ་ཞེས་སོགས་ཀྱི་རྐང་པ་དང་པོའི་དོན་འགྲེལ་བ་མ་ཡིན་ནོ།། སྨྲས་པ་ལྷ་མིའི་རིན་ཆེན་མ་ལུས་བསྡོམས་པས་ཀྱང། །བསྒྲུན་པར་ མི་ནུས་འཇིག་རྟེན་རིན་ཆེན་གཅིག་རྗོད་བྱེད་གཞུང་ཉུང་བརྗོད་བྱའི་དོན་མང་བ། །ཟབ་མོའི་གཏམ་གྱིས་འགྲོ་འདི་སྐལ་བཟང་བྱས། །སྐབས་ཀྱི་ཚིགས་བཅད་དོ། །གཉིས་པ་རྒྱུད་གང་དུ་ཞུས་པ་ནི་རྟོགས་སླ་ཞིང་ཚིག་ མངས་པས་འཇིགས་པའི་ཕྱིར་རྩ་བ་ཁོ་ན་དང་སྦྱར་ཏེ་བཤད་པར་བྱའོ། །འོ་ན་བརྗོད་བྱ་རྡོ་རྗེའི་རྣལ་འབྱོར་དེ་ཉིད་རྗོད་བྱེད་ཇི་ལྟ་བུ་ཞིག་ཞུས་ཞེ་ན། དཔལ་ལྡན་དུས་འཁོར་ཀ་ཕྲེང་ལྡན་པའི་ཨ་འདུས་ལ་སྟེ། ཞེས་གསུངས་ རྡོ་རྗེའི་རྣལ་འབྱོར་འདི་ཆོས་ཅན། ཁྱོད་རྗོད་བྱེད་ཡོད་དེ། དཔལ་ལྡན་དུས་འཁོར་རྒྱུད་ཀྱི་རྒྱལ་པོ་འདི་ཡིན་པའི་ཕྱིར། རྒྱུད་ཀྱི་རྒྱལ་པོ་འདི་ཆོས་ཅན། ཁྱོད་ལ་ཀ་ཕྲེང་ལྡན་པའི་ཨ་འདུས་ཞེས་བྱ་སྟེ། ཀ་ཁ་ག་གྷ་ང། ཙ་ཚ་ ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཕ་ཕ་བ་བྷ་མ། ཏ་ཐ་ད་དྷ་ན། ས་ཉྥ་ཥ་ཤ་ཐྐ། ཞེས་ཀ་ཕྲེང་སྟེ་ཀ་དང་པོར་བྱས་པའི་གསལ་བྱེད་ཀྱི་ཕྲེང་བ་དང་ལྡན་པ་དང་ཨའི་འདུས་པ་ནི། ཨ་ཨཱ། ཨི་ཨཱི། རྀ་རླྀ། ཨུ་ཨཱུ། ལིལཱི། ཨཾ་ཨཿ་ཨེ་ ཨཻ༑ ཨར་ཨཱར། ཨོ་ཨཽ། ཨ་ལ་ཨཱ་ལ། ཧ་ཧཱ༑ ཡ་ཡཱ། ར་རཱ། ཝ་ཝཱ། ལ་ལཱ། ཞེས་པ་ནི་ཨའི་འདུས་པ་སྟེ་དབྱངས་ཡིན་པས། མདོར་ན་རྒྱུད་ཀྱི་རྗོད་བྱེད་ཐམས་ཅད་དབྱངས་གསལ་གཉིས་སུ་འདུས་སོ། ཞེས་ཤེས་ [137B] ཀ་དང་ཨ་གཉིས་དང་པོར་སྨོས་པའི་རྒྱུ་མཚན་ཡོད་དེ། ཀ་གསལ་བྱེད་ཀྱི་དང་པོ་དང། ཨ་དབྱངས་ཀྱི་དང་པོ་ཡིན་པས་དེ་ལྟར་སྨོས་པའི་ཕྱིར། དེ་ཡང་ཀ་ཡིག་དང་པོར་སྨོས་པ་ལ་དགོས་ པ་ཡོད་དེ། ཀས་མཚོན་པའི་གསལ་བྱེད་ཀྱིས་ནང་གི་རྡུལ་མཚོན་ཞིང་མངལ་འཛིན་པ་ན་དང་པོར་རྡུལ་གྲུབ་ནས་རྡུལ་ལ་ཁུ་བ་འཇུག་ལ། དེ་ལྟ་བུའི་རྡུལ་དེ་སྐྱེས་བུའི་རྡུལ་གྱི་ཐོག་མར་གྱུར་པའི་གཙོ་བོར་ཤེས་པའི་ཆེད་ ཡིན་པའི་ཕྱིར། ཨ་གསལ་བྱེད་ཀྱི་རྗེས་སུ་སྨོས་པའི་དགོས་པའང་དབྱངས་ཀྱིས་ཁུ་བ་མཚོན་པ་སོགས་རིགས་པས་ཤེས་པར་བྱའོ། །འདི་ནི་རྡོ་རྗེའི་རྣལ་འབྱོར་གྱི་ངོ་བོ་ཉིད་ཀྱི་གནས་པའོ། །གསུམ་པ་དགོས་སོགས་གང་ གི་དོན་དུ་ཞུས་པ་ནི། མི་རྣམས་དགྲོལ་བའི་དོན་དུའོ། ཞེས་པས་བསྟན། །དགོས་པ་གང་གི་ཕྱིར་ཞུས་པའང་བཞག་ཏུ་ཡོད་དེ། རྒྱུད་འདིའི་ཆེད་དུ་བྱ་བའི་གདུལ་བྱའི་གཙོ་བོ་ཁམས་དྲུག་ལྡན་གྱི་མི་རྣམས་དགྲོལ་བའི་ དོན་དུ་ཡིན་པའི་ཕྱིར། རྩ་བས་དགོས་པ་དང་ཉིད་དགོས་བསྡུས་ནས་བསྟན་ཀྱང་འགྲེལ་པས་སོ་སོར་བསྟན་པ་ལྟར་འབྲས་དུས་ཀྱི་རྡོ་རྗེའི་རྣལ་འབྱོར་ཉིད་དགོས་མཐར་ཐུག་དང། ལམ་གྱི་རྡོ་རྗེའི་རྣལ་འབྱོར་གནས་སྐབས་ གྱི་ཉིད་དགོས་དང། ཐུན་མོང་གི་གྲུབ་པ་བརྒྱད་སོགས་དང། ཞི་སོགས་ཀྱི་ལས་དང། དབང་བསྐུར་བ་སོགས་ཀྱིས་གདུལ་བྱའི་དོན་བྱེད་པའང་གནས་སྐབས་ཀྱི་དགོས་པ་ཡིན་ནོ། །འདི་ནི་དགོས་པ་དང་དགོས་པའི་ [138A]༄༅། །དགོས་པ་བསྡུས་པའི་གནས་པའོ། །བཞི་པ་དགོས་སོགས་དེ་ལྟ་བུ་ཡོད་པའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པར་བསྟན་པ་ནི། མཆོག་གི་ཞེས་སོགས་གསུངས། དོན་ནི། མཆོག་གི་ དང་པོའི་སངས་རྒྱས་ཀྱི་རྣལ་འབྱོར་འདི་ནི་ཆོས་ཅན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཡིན་ཏེ། དུས་གསུམ་དུ་ཞིང་མཐའ་ཡས་པར་གདུལ་བྱ་མཐའ་ཡས་པ་ལ་བཀོད་པ་མཐའ་ཡས་པའི་ སྒོ་ནས་གསུངས་པ་ཡིན་པའི་ཕྱིར། གསུམ་པ་མདོར་བསྡུས་ཀྱི་མཚན་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་སོགས་སོ། །སྨྲས་པ། ཉིན་མོར་བྱེད་པས་མུན་པའི་སྐབས་བསྐྱེད་ཅིང། །འཆི་མེད་བདུད་རྩིས་འཚོ་བའི་སྲོག་ འཕྲོག་ལྟར། །པད་དཀར་གསུང་གིས་རྟག་ཆད་གདོན་སྤེལ་བའི། །སྐྱེ་བོ་འདི་དག་ཡ་སོ་ཅན་གྱི་ཕྱུགས། །བཅོམ་ལྡན་འདས་དཔལ་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྩ་བའི་རྒྱུད་ལས་ཕྱུང་བ་བསྡུས་པའི་རྒྱུད་ཀྱི་རྒྱས་ འགྲེལ་དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་སྙིང་པོ་བསྡུས་པ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་མདོར་བསྡུས་ལྔ་པའི་རྣམ་པར་བཤད་པའོ།། ༈ །།སྟོང་ཆེན་ཡིག་ ལྔ་རྣམ་ལྡན་ཡི་གེ་དྲུག་དབྱེར་མེད་དང་པོའི་སངས་རྒྱས་ཞབས་མཆོད་ནས། །གསང་འཛིན་གྱིས་གསོལ་རྡོ་རྗེའི་ཚིག་གི་མཚོ། །བསྲུབས་པའི་བདུད་རྩིའི་སྙིང་པོ་སྦྱིན་པར་བྱ། །གཉིས་པ་ཟླ་བ་བཟང་པོས་ཇི་ལྟར་ཞུས་ [138B] འབྲེལ་བཀོད་པས་མཚམས་སྦྱར་བ་དང། བཤད་བྱའི་རྩ་བ་བཀོད་པ། དེ་ཉིད་འགྲེལ་པས་རྒྱས་པར་བཤད་པ། མདོར་བསྡུས་ཀྱི་མཚན་བསྟན་པའོ། །དང་པོ་ནི། དེ་ལྟར་རྒྱུད་ སྟོན་པ་པོ་དང། གསོལ་བ་འདེབས་པ་སྒྲུབ་པ་ལ་སོགས་པ་དང། གནས་པ་ལྔ་པ་རྡོ་རྗེའི་རྣལ་འབྱོར་བསྡུས་པའི་ངོ་བོ་ཉིད་ཀྱིས་གནས་པ་བཤད་ཟིན་ནས། ད་ནི་ཞུ་བ་པོ་ཉི་མའི་ཤིང་རྟས་གསོལ་བ་བཏབ་པར་གྱུར་པ། བཅོམ་ ལྡན་འདས་འཇམ་དཔལ་གྱི་སྤྲུལ་པའི་སྐུ་མིའི་དབང་པོ་གྲགས་པས། བསྡུ་བའི་གཞི་མཆོག་གི་དང་པོའི་སངས་རྒྱས་ལས་བསྡུ་ཚུལ་དེ་བཞིན་གཤེགས་པས་ལུང་བསྟན་པ་ལྟར། ཟླ་བ་བཟང་པོས་གསོལ་བ་འདེབས་པའི་ གནས་པ་དྲུག་པ་དེ་ཉིད་ཚིགས་སུ་བཅད་པ་གཉིས་པས་གསུངས་སོ། །གཉིས་པ་ནི། སྟོང་པ་ཡེ་ཤེས་ཀྱང་སྟེ་ཐིག་ལེ་མཆོག་མཆོག་རྡོ་རྗེ་འཛིན་པ་སངས་རྒྱས་ལྷ་དང་ལྷ་མིན་ཡང། །ཕྱི་དང་ལུས་དང་གཞན་ལ་ཡང་སྟེ་ རང་བཞིན་རྣམས་ལ་སྐྱེས་བུ་ཉི་ཤུ་ལྔ་པའི་བདག་ཉིད་དང། །ལུས་ལ་སྣ་ཚོགས་ཚད་དང་སྲིད་པ་གསུམ་གྱི་བཀོད་པ་ལྷ་དང་ལྷ་མིན་རྣམས་ཀྱི་ལོངས་སྤྱོད་དང། །དཀྱིལ་འཁོར་དང་ནི་དབང་སྟེ་སྐབས་གསུམ་པ་དང་མི་ཡི་བླ་མས་འདི་དང་ ཡང་དག་བཤད་དུ་གསོལ། ཞེས་གསུངས། གསུམ་པ་ལ་དྲུག་བཤད་པར་དམ་བཅའ་བ་རྒྱུ་མཚན་དང་བཅས་པ། གྲགས་པ་དང་མ་གྲགས་པའི་བརྡའི་དབང་གིས་དོན་གཅིག་ཀྱང་མིང་སྣ་ཚོགས་པས་གོ་བར་བྱ་བར་བསྟན་ [139A]༄༅། །པ༑ གསོལ་བ་བཏབ་པའི་ཚིག་དོན་རྒྱས་པར་བཤད་པ། དེ་ལྟར་གསོལ་བ་འདེབས་པའི་རྒྱུ་མཚན་འཕྲོས་དང་བཅས་པ། རྒྱུད་འདིར་མཚན་བརྗོད་དང་མཐུན་པར་འཆད་པའི་རྒྱུ་མཚན་བསྟན་པ་ མཚན་བརྗོད་དང་རྒྱུད་འདིའི་ཚབ་བསྟན་ནས་ཉན་པར་གདམས་པའོ། །དང་པོ་ནི། འདིར་གསོལ་བ་འདེབས་པའི་ཞེས་སོགས་བྱུང། དོན་ནི། ལེའུ་ལྔ་པོ་སོ་སོའི་གསོལ་བ་འདེབས་པའི་ཚིགས་བཅད་སྟོང་པ་ཞེས་ སོགས་ཀྱི་ཚིག་དང་དོན་པད་དཀར་གྱིས་འགྲེལ་ཚུལ་ཡོད་དེ། འཇིག་རྟེན་དང་བསྟན་བཅོས་ལ་མ་གྲགས་པ་མུ་སྟེགས་ལ་གྲགས་པའི་ཐ་སྙད་ལ་སོགས་པས་བསྟན་པའི་རྒྱུད་ཀྱི་སྦས་དོན་གསལ་བར་བྱས་ནས་ བྱིས་པའི་བློ་ཅན་རྣམས་རྟོགས་སླ་བས་སྟོན་པས་གསུངས་པ་རྣམས་འགྲེལ་པའི་དང་པོར་ཞུས་པའི་དོན་རྣམས་རྒྱས་འགྲེལ་ལས་མདོར་བསྡུས་ནས་འགྲེལ་པ་ཡིན་པའི་ཕྱིར། གཉིས་པ་ནི། འདིར་སྟོང་པ་ཞེས་ སོགས་གསུངས། ཚིག་དོན་བྱས་ན་མང་བར་འགྱུར་བས་དོན་དྲིལ་ན་འདི་ལྟར། གསོལ་འདེབས་ཀྱི་ཚིག་སྟོང་པ་ཞེས་པ་ལ་སོགས་པའི་མིང་རྣམས་ཀྱིས་མ་མཐོང་བའི་དངོས་པོ་ཉི་ཚེ་བའི་ཡུལ་ལ་འཇུག་པའི་དབང་ པོའི་སྤྱོད་ཡུལ་མ་ཡིན་པ་དང། མཐོང་བའི་དངོས་པོ་ཉི་ཚེ་བའི་དབང་པོའི་ཡུལ་ཡིན་པ་རྣམས་སྟོན་པ་ཡིན་ལ། དེ་རྣམས་ལ་སྟོང་པ་ཞེས་པ་ལ་སོགས་པའི་མིང་གིས་བསྟན་པ་ལ་དགོས་པ་ཡོད་དེ། གྲུབ་མཐའ་ལ་ཞུགས་ [139B] ཡང་དུ་མ་ལ་འཇུག་པ་མ་ཡིན་པར་བླ་མ་དམ་པས་བསྟན་པ་བསྲེགས་བཅད་བརྡར་བའི་གསེར་བཞིན་དོན་ལ་གཙོ་བོར་སྟོན་དགོས་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། གསུམ་པ་ལ་དྲུག་སྟོང་ཆེན་ཡིག་ལྔ་ཡིག་ དྲུག་ཞུས་པ་བཤད་པ། རིགས་དང་རིགས་ཅན་ཞུས་པ་བཤད་པ། རང་བཞིན་དང་སྐྱེས་བུ་སོགས་ཞུས་པ་བཤད་པ། ལུས་ལ་སྣ་ཚོགས་ཚད་དང་འཇིག་རྟེན་གྱི་བཀོད་པ་ཞུས་པ་བཤད་པ། ལྷ་དང་ལྷ་མིན་རྣམས་ ཀྱི་ལོངས་སྤྱོད་ཞུས་པ་བཤད་པ། དཀྱིལ་འཁོར་དང་དབང་བསྐུར་བ་ཞུས་པ་བཤད་པའོ། །དང་པོ་ལ་གསུམ། རྩ་བའི་ཡི་གེ་བཅུ་བཞི་སྟོང་ཆེན་ཡི་གེ་ལྔ་ལ་སྦྱར་ནས་བཤད་པ། དེ་ཉིད་སྟོང་ཆེན་ཡི་གེ་དྲུག་ལ་ སྦྱར་ནས་བཤད་པ། དེ་གཉིས་ཐབས་ཤེས་དབྱེར་མེད་རྡོ་རྗེ་སེམས་དཔའི་དོན་དུ་བཤད་པའོ། །དང་པོ་ལ་ལྔ། སྟོང་ཆེན་ཡི་གེ་ལྔ་རང་རང་གི་མཚོན་བྱེད་ཀྱི་མཚན་མ་དང་བཅས་པ་སོ་སོར་བཤད་པ། དེ་ཐམས་ ཅད་གཅིག་ཏུ་འདྲེས་པའི་ཝཾ་ཡིག་གི་ངེས་དོན་རྡོ་རྗེའི་དོན་དུ་བསྟན་པ། ཁམས་སོ་དྲུག་སྡུད་བྱེད་དང་བསྡུ་བྱ་སོ་སོ་ལ་དེ་བཞིན་གཤེགས་པས་བརྡ་མཛད་པའི་མིང་ཡིག་བཤད་པ། ཞར་ལ་རིགས་བདུན་ཅུ་ [140A]༄༅། །རྩ་གཉིས་སུ་འབྱེད་ཚུལ་དང་དེའི་མིང་ཡིག་གི་ཁྱད་པར་བཤད་པ། ཝཾ་ཡིག་གི་མཚོན་དོན་ངེས་དོན་གྱི་རྡོ་རྗེ་དེ་འཛིན་པ་ཉིད་རྡོ་རྗེ་འཛིན་པའི་དོན་དུ་བཤད་པའོ། །དང་པོ་ནི། འགྲེལ་པར་སྟོང་ཆེན་ཡིག་ ལྔ་ཡིག་དྲུག་གཉིས་ཀ་བཤད་པ་བཞིན་དུ་སྟོང་པ་ཡེ་ཤེས་ཀྱང་སྟེ་ཞེས་སོགས་རྩ་བས་གཉིས་ཀ་དངོས་སུ་བསྟན་ནམ་ཞེ་ན། བསྟན་ཏེ། སྟོང་ཆེན་ཡི་གེ་ལྔ་ལ་སྦྱར་བ་དང། སྟོང་ཆེན་ཡི་གེ་དྲུག་ལ་སྦྱར་བ་གཉིས་ཀ་ ཡང་ཚིག་དེའི་དངོས་བསྟན་དུ་མཚུངས་པའི་ཕྱིར། འོ་ན་གོང་དུ་སྒྲ་བསྒྲུབ་དང་འདིར་གཟུགས་བསྒྲུབ་གཉིས་ཀའི་སྐབས་སུ་སྔོན་དུ་ཝཾ་བསྒྲུབས། ཕྱིས་ཨེ་བསྒྲུབས་པ་ལ་དགོས་པ་གང་ཞེ་ན། མཁས་པ་དག་ལམ་ དུས་ཀྱི་ལྷན་ཅིག་སྐྱེས་པའི་བདེ་བ་ལས་འབྲས་དུས་ཀྱི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་འབྱུང་བའི་རྒྱུ་མཚན་གྱིས་ཡིན་ནོ། ཞེས་གསུངས་པ་མི་འཐད་དོ། འོ་ན་སྔོན་དུ་ཨེ་བསྒྲུབ་རིགས་པར་ཐལ། ལམ་དུས་ཀྱི་སྟོང་ གཟུགས་ཕྱག་རྒྱ་ཆེན་མོ་ལས་འབྲས་དུས་ཀྱི་ལྷན་ཅིག་སྐྱེས་པའི་བདེ་བ་འབྱུང་བའི་ཕྱིར། འཁོར་གསུམ། རང་ལུགས་དེའི་རྒྱུ་མཚན་ཡོད་དེ། ཁམས་དང་ཕུང་པོའི་དྲུག་ཚན་སྒྲིབ་བྲལ་དུ་གྱུར་པའི་ལྡོག་པ་ནས་གསུང་ སྟོང་ཆེན་ཡི་གེ་ལྔ་དང་ཡི་གེ་དྲུག་ཏུ་བཞག་ནས། དེ་འདྲའི་ཡི་གེ་ལྔ་བསྡུས་པས་ཝཾ་ཡིག་དང། ཡི་གེ་དྲུག་བསྡུས་པས་ཨེ་ཡིག་བསྒྲུབ་པ་ཡིན་པ་གང་ཞིག་ཕུང་ཁམས་སོགས་སྒྲིབ་བྲལ་དུ་བྱེད་པའི་གཉེན་པོའི་གཙོ་ [140B] ཐུན་མོང་མ་ཡིན་པའི་བདེ་ཆེན་དེའང་ལམ་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལས་བྱུང་ཞེས་བསྟན་པ་དང། བདེ་ཆེན་དེས་ ཕུང་སོགས་སྒྲིབ་བྲལ་དུ་བྱེད་པའང་བདེ་ཆེན་དེས་ཨེ་ཡིག་གི་མཚོན་དོན་དེ་ཁོ་ན་ཉིད་རྟོགས་པས་ཡིན་པར་བསྟན་པའི་ཕྱིར་དུ་ཨེ་ཡིག་རྗེས་སུ་བསྒྲུབ་པ་ཡིན་པའི་ཕྱིར། དེའང་རྩ་བར། སྟོང་པ་ཡེ་ཤེས་ཀྱང་སྟེ་ཐིག་ལེ་ མཆོག་མཆོག་རྡོ་རྗེ་འཛིན་པ། ཞེས་པའི་ཡི་གེ་བཅུ་བཞི་པོ་འདིར་སྟོང་ཆེན་ཡི་གེ་ལྔ་བརྗོད་བྱར་བྱས་པ་ཡིན་ཏེ། འདིས་ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཀྱི་ཁམས་དྲུག་རྫོགས་པའི་བསྒྲུབ་པ་པོ་རང་རྒྱུད་ཀྱིས་བསྡུས་ པའི་ཁམས་སོ་དྲུག་སྡེ་ཚན་ལྔར་བསྡུས་པ་སྒྲིབ་བྲལ་དུ་གྱུར་པའི་སྟོང་ཆེན་ཡི་གེ་ལྔ་བརྗོད་བྱར་བྱས་པ་ཡིན་པའི་ཕྱིར། དེ་ཡང་གཞི་དུས་ཀྱི་སྒྲུབ་པ་པོ་ཁམས་དྲུག་ལྡན་གྱི་ཁམས་སོ་དྲུག་པོ་རྣམས་དྲུག་ཚན་དྲུག་ཏུ་བྱས་པའི་དྲུག་ ཚན་རེ་ཁམས་རེའི་སྡེ་ཚན་དུ་བྱས་པས་ནམ་མཁའ་རླུང་མེ་ཆུ་ས་ཡེ་ཤེས་ཀྱི་ཁམས་ཀྱི་སྡེ་ཚན་དྲུག་ཡོད་པ་ལས། ནམ་མཁའ་དང་ཡེ་ཤེས་ཀྱི་དྲུག་ཚན་གཉིས་སྡེ་ཚན་གཅིག་ཏུ་བསྡུས་ནས་སྒྲིབ་བྲལ་དུ་གྱུར་པ་སྟོང་པ་ དང་པོ་དང། གཞན་དྲུག་ཚན་རེ་རེ་སྒྲིབ་བྲལ་དུ་གྱུར་པ་སྟོང་པ་རེ་རེར་སྟོན་པ་ཡིན་ནོ། །འོ་ན་དྲུག་ཚན་དེ་དག་ཇི་ལྟ་བུ་ཞེ་ན། ཡེ་ཤེས་ཀྱི་ཁམས་དྲུག་ཚན་བཞག་ཏུ་ཡོད་དེ། འཕོ་བའི་བདེ་བ་ཡེ་ཤེས་ཀྱི་ཁམས་ལས་གྲུབ་ [141A]༄༅། །པའི་སྲོག་རླུང་ཡེ་ཤེས་ཀྱི་ཕུང་པོ་དང་ཐིག་ལེ་འཕོ་བ་ཡེ་ཤེས་ཀྱི་ཁམས་དང། ཡེ་ཤེས་ཀྱི་ཁམས་ལས་བྱུང་བའི་ཡིད་དབང་དང། སྒྲ་དང་ཁུ་བ་འདོར་བའི་བྱ་བ་བྱེད་པའི་གནས་སྐབས་ལས་བྱུང་བའི་ཡེ་ ཤེས་ཀྱི་ཁམས་ལས་གྱུར་པ་མཆོག་གི་དབང་པོ་དུང་ཅན་མ་དང། གཅི་བའི་དབང་པོའི་བྱ་བའི་ཆར་གྱུར་པ་ཡེ་ཤེས་ཀྱི་ཁམས་ལས་བྱུང་བའི་དྲི་ཆུ་འཛག་པ་རྣམས་སུ་ཡོད་པའི་ཕྱིར། རྣམ་ཤེས་ཀྱི་ཁམས་ཀྱི་དྲུག་ ཚན་ཡང་ཡོད་དེ། རྣམ་ཤེས་ཀྱི་ཕུང་པོ་དང། ལུས་ནང་གི་ནམ་མཁའི་ཁམས་དང། རྣ་བ་དང། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གནས་པའི་ཁམས་སམ་རིགས་དང། ནམ་མཁའི་ཁམས་ལས་བྱུང་བ་དྲི་ཆུ་འཛག་པའི་ བྱ་བ་བྱེད་པའི་སྐྱེས་པའི་རྡོ་རྗེ་འམ། བུད་མེད་ཀྱི་བྷ་གའི་དབང་པོ་དང། ནམ་མཁའི་ཁམས་ལས་བྱུང་བ་མཆོག་གི་དབང་པོའི་བྱ་བའི་ཆར་གྱུར་པའི་ཁུ་བ་འཕོ་བའི་བྱ་བ་རྣམས་སུ་ཡོད་པའི་ཕྱིར། འདིར་བསྟན་སྟོང་པ་དང་པོ་ བཞག་ཏུ་ཡོད་དེ། དྲུག་ཚན་གཉིས་པོ་ལམ་གྱི་སྒྲིབ་བྲལ་དུ་རོ་མཉམ་དུ་གཅིག་ཏུ་འདྲེས་པ་ལ་སྟོང་པ་ཞེས་མིང་གིས་བརྗོད་པ་ཡིན་པའི་ཕྱིར། རོ་མཉམ་པ་དང་དུས་གཅིག་ཏུ་འདྲེས་ཚུལ་ཡོད་དེ། གཞི་ལ་སྒྲ་དང་ཡིད་ལ་ སོགས་པ་དོན་གཞན་དུ་ཡོད་ཀྱང་སངས་རྒྱས་པའི་ཚེ་དེ་དག་ཐམས་ཅད་ཀྱང་ངོ་བོ་གཅིག་ཏུ་གྱུར་པས་རོ་མཉམ་པ་དང། བདེ་ཆེན་གྱི་རང་བཞིན་དུ་དབྱེར་མེད་པས་གཅིག་ཏུ་འདྲེས་པ་ཞེས་གསུངས་པའི་ཕྱིར། ཚུལ་ [141B] །དྲུག་ཚན་དྲུག་པོ་འདི་དག་སྒྲིབ་བྲལ་དུ་བྱེད་པ་ན། གཤང་གཅི་འཛག་པ་ལྟ་བུ་འགའ་ཞིག་ནི་རིགས་འདྲ་རྒྱུན་བཅད་པའི་སྒོ་ནས་སྒྲིབ་བྲལ་ཏུ་བྱེད་དགོས་ཏེ། འདི་དག་གི་རིགས་ འདྲ་སངས་རྒྱས་ཀྱི་སར་མི་སྲིད་པའི་ཕྱིར། དམིགས་བསལ་དེ་ལྟ་བུ་མ་གཏོགས་གཞན་དག་ནི་དྲི་མ་སྦྱངས་ནས་རིགས་འདྲ་སངས་རྒྱས་ཀྱི་སར་བགྲོད་དོ། །དེས་ན་སྟོང་པ་དེ་ཉིད་རྒྱལ་བ་རྣམས་ཀྱིས་གཞོམ་པའམ་གཞིག་ ཏུ་མེད་པར་གསུངས་ཏེ། ཝཾ་ཡིག་གི་གཟུགས་བསྒྲུབ་པའི་ཕྱིར་དུ་གཞོམ་མེད་འདིའི་མིང་གི་མཚན་མ་ནི། འོག་ནས་འཆད་པའི་ལྷོ་དང་བྱང་དང་ཤར་དང་ནུབ་ཀྱི་མཚན་མ་འབྲི་འགྱུར་གྱི་དབུས་སུ་གྲི་གུག་གི་རྣམ་པ་བྲིས་པ་རི་མོ་ ཙམ་བརྗོད་བྱར་མེད་པ་སྟེ་དེའི་མཚོན་དོན་ནི་སྟོང་ཆེན་ཡི་གེ་དང་པོའོ། །འདིར་མིང་གི་མཚན་མ་ཞེས་ལྔ་ཀ་ལ་གསུངས་པ་ལ། དགོས་པ་ཡོད་དེ། མཚན་དོན་ནི། སྟོང་ཆེན་ཡི་གེ་ལྔ་པོ་དེ་ཡིན་ལ་ལྔ་པོ་དེ་མཚོན་བྱེད་ཀྱི་མིང་ ཡིག་ཨ་སོགས་དབྱངས་ལྔ་མིང་ཡིན་པ་གང་ཞིག་མིང་དབྱངས་ལྔ་དབུས་དང། ཕྱོགས་བཞིར་བྲིས་ཀྱང་དེ་དག་གཅིག་ཏུ་བསྒྲིགས་པ་ལས། ཝཾ་གྱི་གཟུགས་མི་ཐུབ་པས་མིང་ཡིག་ལྔ་པོ་མཚོན་པའི་བརྡ་འམ་མཚན་མ་ གྲི་གུག་ལ་སོགས་པའི་གཟུགས་ཕྱོགས་བཞི་དང་དབུས་སུ་བྲིས་པ་ཡིན་པས་མིང་གི་མཚན་མར་གསུངས་པའི་ཕྱིར། ཁ་ཅིག་ཨཱ་ལི་སོགས་བྲིས་ན་བརྗོད་བཅས་སུ་འགྱུར་བའི་ཕྱིར་བརྗོད་མེད་དུ་མཚོན་པའི་ [142A]༄༅། །བརྡར་གྲི་གུག་གི་མཚན་མ་སོགས་བྲིས་གསུང་བ་མི་འཐད་དེ། འོ་ན་ཝཾ་ཡིག་གི་གཟུགས་བསྒྲུབས་ནས་འབྲི་བའང་མི་འཐད་པར་ཐལ། ཨ་དང་ཝཾ་ལ་བརྗོད་བཅས་ཡིན་མིན་ཁྱད་པར་མི་འཐད་པའི་ ཕྱིར༑ རང་ལུགས། བརྗོད་དུ་མེད་པ་ཞེས་གསུངས་པའི་རྒྱུ་མཚན་ཡོད་དེ། རྣམ་ཤེས་དང་ཡེ་ཤེས་ཀྱི་དྲུག་ཚན་གཉིས་པོ་མཚོན་བྱེད་ཀྱི་མིང་གི་དབྱངས་སུ་ཨ་ཡིག་དེ་ཉིད་སྟོན་པས་བརྡ་མཛད་པ་ཙམ་མ་གཏོགས་ བུམ་པ་ཞེས་པས་ལྟོ་ལྡིར་བ་གོ་བ་ལྟར་ཨ་ཡིག་དྲུག་ཚན་དེ་ཉིད་གོ་བྱེད་དུ་བརྗོད་དུ་མེད་པས་དེ་ལྟར་གསུངས་པ་ཡིན་པའི་ཕྱིར། འོག་མ་རྣམས་ལའང་འདི་ལྟར་ཤེས་པར་བྱའོ། །ཕུང་པོ་ལྔ་ལས་ཚོར་བ་དང་ ཁམས་ལྔ་ལས་མེའི་དྲུག་ཚན་བཞག་ཏུ་ཡོད་དེ། ཁམས་ལས་མེའི་ཁམས་དང། དབང་པོ་ལྔའི་ནང་ནས་མིག་དང། ཡུལ་ལྔའི་ནང་ནས་རོ་དང། ལས་དབང་ལྔའི་ནང་ནས་ལག་པ་དང། ལས་དབང་གི་བྱ་བ་ལྔའི་ ནང་ནས་འགྲོ་བ་རྣམས་སུ་འཇོག་པ་ཡིན་པའི་ཕྱིར། དེ་རྣམས་སྒྲིབ་བྲལ་དུ་བྱས་པ་སྟོང་པ་གསུམ་པ་སྟེ། མིང་གི་མཚན་མ་གྲི་གུག་གི་རྣམ་པ་དེའི་ལྷོ་སྟེ་གཡས་སུ་ཐིག་ལེ་གཉིས་བྲི་བར་བྱའོ། །ཕུང་པོ་འདུ་ ཤེས་དང། ཁམས་ཆུའི་དྲུག་ཚན་ཡང་བཞག་ཏུ་ཡོད་དེ། ཆུ་ཁམས་དང་ལྕེ་དང་གཟུགས་དང་རྐང་པ་དང་ལེན་པ་རྣམས་སུ་འཇོག་པའི་ཕྱིར། དེ་རྣམས་སྒྲིབ་བྲལ་དུ་བྱས་པ་སྟོང་ཆེན་ཡི་གེ་བཞི་པ་སྟེ། གཟུགས་ [142B] །རྩ་རྒྱུད་དུ། ཐིག་ལེ་མཆོག་དང་རྡོ་རྗེ་འཛིན་པ། ཞེས་མཆོག་ལས་མེད་པ་ལ་འགྲེལ་པར་མཆོག་མཆོག་ཅེས་ མཆོག་གཉིས་སྨོས་པ་འགལ་ལོ་ཞེ་ན། མི་འགལ་ཏེ། རྩ་རྒྱུད་ཀྱི་མཆོག་དང་ཞེས་པ་དེ་ཉིད། བཟླས་དབྱེའི་བསྡུ་བ་ཡིན་པས་དེས་མཆོག་ཅེས་པ་ཕྱི་མ་བསྡུས་པ་ཡིན་པའི་ཕྱིར། བཟླས་དབྱེའི་བསྡུ་བའི་དོན་ཡོད་དེ་ མིང་ཐ་དད་ཀྱིས་དོན་ཐ་དད་བསྡུས་པ་བཟླས་དབྱེའི་བསྡུ་བ་ཡིན་པའི་ཕྱིར། འདུ་བྱེད་ཀྱི་ཕུང་པོ་དང། རླུང་ཁམས་ཀྱི་དྲུག་ཚན་ཡང་བཞག་ཏུ་ཡོད་དེ། དེ་གཉིས་དང། སྣ་དང། རེག་བྱ་དང། ངག་གི་དབང་པོ་དང། བཤང་བ་ འཛག་པ་རྣམས་སུ་འཇོག་པའི་ཕྱིར། འདི་རྣམས་སྒྲིབ་བྲལ་དུ་བྱས་པ་སྟོང་ཆེན་ཡི་གེ་གཉིས་པ་ཡིན་ཏེ། གཟུགས་བསྒྲུབས་པའི་ཚེ་མིང་གི་མཚན་མ་ནི། དབུས་ཀྱི་མཚན་མའི་ཤར་ཏེ་མདུན་དུ་དབྱིག་པའི་རྣམ་པ་ ཅན་ནར་ཙམ་བྲིའོ། །གཟུགས་ཕུང་དང་ས་ཁམས་ཀྱི་དྲུག་ཚན་ལྔ་བཞག་ཏུ་ཡོད་དེ། དེ་གཉིས་དང། ལུས་ཀྱི་དབང་པོ་དང། དྲི་དང། བཤང་ལམ་དང། བརྗོད་པ་རྣམས་སུ་འཇོག་པའི་ཕྱིར། འདི་རྣམས་སྒྲིབ་བྲལ་དུ་བྱས་ པ་མཆོག་གཉིས་པ་སྟོང་ཆེན་ཡི་གེ་ལྔ་པའོ། །གཟུགས་བསྒྲུབ་པའི་ཚེ་མིང་གི་མཚན་མ་ནི། དབུས་ཀྱི་མཚན་མའི་ནུབ་སྟེ་རྒྱབ་ཏུ་ཐོད་པའི་རྣམ་པ་བྲིའོ། །གཉིས་པ། དེ་ཐམས་ཅད་གཅིག་ཏུ་འདྲེས་པའི་ཝཾ་ཡིག་གི་ངེས་དོན་ [143A]༄༅། །རྡོ་རྗེའི་དོན་དུ་བསྟན་པ་ནི། དེ་ལྟར་ཁམས་ཀྱི་སྡེ་ཚན་རྣམས་སྒྲིབ་བྲལ་དུ་བྱས་པ་དབྱེར་མེད་འདྲེས་པ་ནི། སྟོང་པ་ཆེན་པོ་ཡི་གེ་ལྔ་པ་མིང་གི་མཚན་མ་ལྔ་ཚོགས་པ་ལས། བསྒྲུབས་པའི་ཝཾ་ཡིག་གི་ གཟུགས་ཀྱིས་མཚོན་པའི་ངེས་དོན་གྱི་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་དེ། རྡོ་རྗེ་འཛིན་པ་ཞེས་པའི་རྡོ་རྗེའི་ཚིག་གི་ངེས་དོན་གྱི་རྡོ་རྗེ་ཡིན་པའི་ཕྱིར། མཚན་མ་ལྔ་པོ་དེ་ལས་ཝཾ་ཡིག་གི་གཟུགས་བསྒྲུབ་ཚུལ་ཡོད་དེ་ དབུས་ཀྱི་གྲི་གུག་གི་རྣམ་པ་ལུས། དབྱུག་པའི་རྣམ་པ་རྐང་པ། ཐོད་ཁུག་གི་རྣམ་པ་མགོ་ཐིག་ལེ་གཉིས་བརྐྱང་སྟེ་སྟེང་གི་ཟླ་ཚེས་བྱང་གི་ཐིག་ལེ་གཅིག་པོ་དེ་ཟླ་ཚེས་ཀྱི་སྟེང་དུ་བཞག་པས་རྒྱ་ཡིག་གི་ཝཾ་གྱི་གཟུགས་ གྲུབ་པའི་ཕྱིར། གསུམ་པ་ནི། འོ་ན་གང་དུ་དེ་དག་རེ་རེ་ལ་མིང་གི་མཚན་མ་བརྗོད་དུ་མེད་པ་ཞེས་སྨོས་ན་མིང་གི་ཡི་གེ་དེ་དག་གང་ཞེ་ན། སྟོང་པ་ལྔ་ལ་དེ་བཞིན་གཤེགས་པས་བརྡའ་མཛད་པའི་དབྱངས་ཡིག་ལྔ་ནི་ འདི་ལྟར་ཡིན་ཏེ། སྟོང་པ་དང་པོའི་མིང་ཡིག་ཨ། སྟོང་པ་གསུམ་པའི་ནི་རྀ། བཞི་པའི་ནི་ཨུ། གཉིས་པའི་ནི་ཨི། ལྔ་པ་ནི་ལྀ་ཝཾ་ཡིག་ནི་འབྲས་དུས་ཀྱི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ་བརྟེན་པ་དམིགས་པ་མེད་ པའི་སྙིང་རྗེ་བདེ་བ་ཆེན་པོའི་ཡེ་ཤེས་མཚོན་པའི་མིང་ཡིག་ཡིན་པའི་ཕྱིར། ཁམས་ལྔ་པོ་དེས་བསྡུ་བྱར་གྱུར་པའི་དྲུག་ཚན་དྲུག་སོ་སོའི་མིང་ཡིག་གང་ཡིན་ཞེ་ན། དེ་ཡང་ཡོད་དེ། ཡེ་ཤེས་ཀྱི་ཕུང་པོ་ལ། ཞེས་ [143B] འདིའི་ལྷག་མ་ནི་བཀླགས་པ་ཙམ་གྱིས་ཤེས་ནུས་པས་རྟོགས་པར་འདོད་ན་འགྲེལ་པར་བལྟའོ། །བཞི་པ་ཞར་ལ་རིགས་བདུན་ཅུ་རྩ་གཉིས་སུ་འབྱེད་ཚུལ་དང་དེའི་མིང་ཡིག་གི་ཁྱད་པར་བཤད་པ་ནི་ འོ་ན། ཕུང་པོ་དྲུག་ལ་སོགས་པའི་རོ་དྲུག་ཏུ་འབྱེད་ཚུལ་དེ་ལྟར་ཡིན་ན། བདུན་ཅུ་རྩ་གཉིས་སུ་འབྱེད་ཚུལ་ཇི་ལྟར་ཡིན་ཞེ་ན། ཕུང་པོ་དྲུག་པོ་རེ་རེ་ལ་དྲུག་དྲུག་ཏུ་ཕྱེ་བས་སོ་དྲུག་དང་ཁམས་ཀྱང་སོ་དྲུག་ཏུ་འབྱེད་པ་ཡིན་ལ་ དེའི་ཚེ་ཕུང་པོ་དྲུག་གི་གནས་སུ་རོ་དྲུག་གཟུང་སྟེ་དོན་གཉིས་སུ་བྱེད་པ་ཡིན་པའི་ཕྱིར། སྐྱུར་བ་ཡེ་ཤེས་དང། བསྐ་བ་ནམ་མཁའ་དང། ཁ་བ་རླུང། ཚ་བ་མེ། མངར་བ་ཆུ། ལན་ཚྭ་བ་ས་ཁམས་རྣམས་ཏེ་རེ་དྲུག་པོའི་མིང་ཡིག་ ཀྱང་རིམ་བཞིན། ཨཾ་ཨ་ཨི་རྀ་ཨུ་ལྀ་རྣམས་ཡིན་ལ། ལྷག་མ་སུམ་ཅུའི་མིང་ཡིག་ནི་སྔར་ལྟར་རོ། །ལྔ་པ་ཝཾ་ཡིག་གི་མཚོན་དོན་ངེས་དོན་གྱི་རྡོ་རྗེ་འཛིན་པ་ཉིད་རྡོ་རྗེ་འཛིན་པའི་དོན་བཤད་པ་ནི། ཨ་སོགས་མིང་ཡིག་ལྔས་མཚོན་པའི་ སྒྲིབ་བྲལ་དག་པའི་ཁམས་ལྔ་ནི་སྟོང་ཆེན་ཡི་གེ་ལྔ་ཡིན་ལ། དེ་ལ་ནང་གསེས་ཀྱིས་ཕྱེ་ན་དབྱངས་སོ་དྲུག་གི་མིང་གི་ཡི་གེས་མཚོན་པའི་ཁམས་སོ་དྲུག་སྒྲིབ་བྲལ་དུ་གྱུར་པ་དག་པའི་ཁམས་བདེ་ཆེན་གྱི་ལྡོག་པས་ ཕྱེ་བ་སོ་དྲུག་ཡོད་པ་དེ་རྣམས་ཆོས་ཅན། ངེས་དོན་གྱི་རྡོ་རྗེ་ཡིན་ཏེ། ཁྱོད་རང་གི་ངོ་བོར་འཛིན་པ་དེ་རྡོ་རྗེ་འཛིན་པར་གསུངས་པའི་ཕྱིར། གཉིས་པ་དེ་ཉིད་སྟོང་ཆེན་ཡི་གེ་དྲུག་ལ་སྦྱར་ནས་བཤད་པ་ལ་བཞི། ངེས་དོན་གྱི་སྟོང་ [144A]༄༅། །ཆེན་ཡི་གེ་དྲུག་ངོས་བཟུང་ནས་མིང་ཡིག་མཚན་མ་དང་བཅས་པ་བཤད་པ། མཚན་མ་དེ་དག་འདུས་པ་ལས་བསྒྲུབས་པའི་ཨེ་ཡིག་གི་མཚོན་དོན་རྡོ་རྗེ་འཛིན་པའི་རྟེན་དུ་བསྟན་པ། ཕུང་པོ་དྲུག་ གི་སྡེ་ཚན་དུ་བསྡུས་པ་སོ་དྲུག་པོ་སོ་སོའི་མིང་ཡིག་བསྟན་པ། ཁམས་སོ་དྲུག་དང་ཕུང་པོ་སོ་དྲུག་ཇི་ལྟར་འབྱེད་ཚུལ་བསྟན་པའོ། །དང་པོ་ནི། ཐིག་ལེ་སྟོང་པ་ཡི་གེ་དྲུག་འདུས་པ་ལས་ཝཾ་ཡིག་གི་རྟེན་ཨེ་ཡིག་ཆོས་ཀྱི་འབྱུང་གནས་བསྒྲུབ་ པ་ཡིན་ལ་ཇི་ལྟར་བསྒྲུབ་པའི་ཚུལ་ནི། ཐོག་མར་རྣམ་ཤེས་ཀྱི་ཕུང་པོའི་དྲུག་ཚན་སྒྲིབ་བྲལ་དུ་བྱས་པ་ནི་སྟོང་པ་དང་པོ་ཡིན་ལ། དེའི་མིང་གི་ཡི་གེ་ནི་ཀ་སྡེའི་ཡི་གེ་རྣམས་འདུས་པའི་དང་པོ་ཀ་ཡིན་པས་དེ་ཉིད་ མཚོན་པའི་ཐིག་ལེ་ནི་གྲི་གུག་གི་རྣམ་པའི་སྟེང་དུ་བྲིའོ། །དེ་བཞིན་དུ་འདུ་བྱེད་ཀྱི་ཕུང་པོའི་དྲུག་ཆེན་སྒྲིབ་བྲལ་དུ་བྱས་པ་མཚོན་པ་སྟོང་པ་གཉིས་པའི་མིང་ཡིག་ཙ་ཡིག་མཚོན་པའི་ཐིག་ལེ་ཤར་དང། ཚོར་ཕུང་གི་ དྲུག་ཚན་སྒྲིབ་བྲལ་དུ་བྱས་པ་སྟོང་པ་གསུམ་པའི་མིང་ཡིག་ཏྲ་ཡིག་མཚོན་པའི་ཐིག་ལེ་ལྷོ་དང། འདུ་ཤེས་ཀྱི་ཕུང་པོའི་དྲུག་ཚན་སྒྲིབ་བྲལ་དུ་བྱས་པ་སྟོང་པ་བཞི་པའི་མིང་ཡིག་པ་ཡིག་མཚོན་པའི་ཐིག་ལེ་བྱང་དང་ གཟུགས་ཕུང་གི་དྲུག་ཚན་སྒྲིབ་བྲལ་དུ་བྱས་པ་སྟོང་པ་ལྔ་པའི་མིང་ཡིག་ཏ་ཡིག་མཚོན་པའི་ཐིག་ལེ་ནུབ་དང། ཡེ་ཤེས་ཀྱི་ཕུང་པོའི་དྲུག་ཚན་སྒྲིབ་བྲལ་དུ་བྱས་པ་སྟོང་པ་དྲུག་པའི་མིང་ཡིག་ས་ཡིག་མཚོན་པའི་ཐིག་ལེ་ [144B] །གཉིས་པ་ནི། དེ་ནས་ཝཾ་ཡིག་གི་མཚན་མ་རྣམས་ཀྱི་ཕྱི་རོལ་གྱི་ཐིག་ལེ་དེ་དག་བརྒྱངས་ནས་སྦྲེལ་བ་ན་རྒྱ་ཡིག་གི་ཨེ་གྲུ་གསུམ་ཆོས་འབྱུང་གི་རྣམ་པར་འགྱུར་ལ། དེས་མཚོན་པའི་དོན་ཐིག་ལེ་སྟོང་པ་ ཡི་གེ་དྲུག་ཆོས་ཅན། ཆོས་འབྱུང་གི་སྒྲས་བསྟན་པ་རྡོ་རྗེ་འཛིན་པའི་རྟེན་ཏེ་ངེས་དོན་གྱི་ཨེ་ཡིག་ཡིན་ཏེ། རྣམ་བཅས་ཀྱི་སྟོང་ཉིད་པྲ་ཕབ་པའི་རང་བཞིན་ཅན་ཡིན་པའི་ཕྱིར། ངག་དོན་ནི། ཨེ་ཡིག་གི་ནང་དུ་ཝཾ་ཡིག་ཚུད་ པར་བསྒྲུབས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ཤེས་རབ་དམིགས་བཅས་ཀྱི་ཕྱག་རྒྱ་ཆེན་པོ་ལ་ཐབས་བདེ་བ་ཆེན་པོ་བརྟེན་པ་མཚོན་པའི་ཕྱིར། ཁམས་དང་དེའི་མིང་ཡིག་དབྱངས་རྣམས་ལས་གསལ་བྱེད་ཀྱི་ཝཾ་ ཡིག་དང། ཕུང་པོ་དང་དེའི་མིང་ཡིག་གསལ་བྱེད་ལས་དབྱངས་ཀྱི་ཨེ་ཡིག་བསྒྲུབས་པ་ལ་དགོས་པ་ཡོད་དེ། ཐབས་ཤེས་ཀྱི་བདེ་སྟོང་ངོ་བོ་དབྱེར་མེད་མཚོན་པའི་ཆེད་ཡིན་པའི་ཕྱིར། གསུམ་པ་ནི། འདིར་བསྟན་གསལ་ བྱེད་སྡེ་ཚན་དྲུག་ལ་ཧ་ཡ་ར་ཝ་ལ་ཀྵ་རིམ་བཞིན་སྦྱར་བའི་ཐུང་ངུ་རྣམས་ཕུང་པོའི་སྡེ་ཚན་སོ་དྲུག་གི་མིང་དང། རིང་པོ་རྣམས་ཁམས་ཀྱི་སྡེ་ཚན་སོ་དྲུག་གི་མིང་དུ་འཇོག་པ་ཡིན་ཏེ། ཕུང་པོ་དང་དབང་པོ་རྣམས་ཐབས་ཀྱི་ཆ་ དང༑ ཁམས་དང་ཡུལ་རྣམས་ཤེས་རབ་ཀྱི་ཆ་ཡིན་པས་དེ་ལྟར་བཞག་པའི་ཕྱིར། བཞི་པ་ནི། ཁམས་སོ་དྲུག་དང་ཕུང་པོ་སོ་དྲུག་ཏུ་འབྱེད་ཚུལ་ཡོད་དེ། རོ་དྲུག་ཁམས་དྲུག་དབང་པོ་དྲུག་ཡུལ་དྲུག་ལས་དབང་དྲུག་ལས་ [145A]༄༅། །དབང་གི་ཡུལ་དྲུག་རྣམས་ཁམས་ཀྱི་རྣམ་པར་འགྱུར་བའི་ཆ་ནས་ཁམས་སོ་དྲུག་དང། རྣ་བའི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་དྲུག་དང། རྣ་བའི་དབང་པོའི་སྒོ་ནས་སྒྲ་འཛིན་པའི་འདུ་བྱེད་པ་ ནས་ཡིད་དབང་གི་སྒོ་ནས་ཆོས་འཛིན་པའི་འདུ་བྱེད་པའི་བར་གྱི་འདུ་བྱེད་དྲུག་དང་ཡུལ་དྲུག་སྤྱད་པ་ལས་བྱུང་བའི་ཚོར་བ་དྲུག་དང། མགྲིན། རྐན། སྤྱི་བོ། མཆུ། སོ། སྣ་སྟེ་འདིར་བསྟན་འདུ་ཤེས་དྲུག་དང། རང་རྒྱུད་ཀྱི་ ས་ཆུ་མེ་རླུང་ཁུ་བ་ཁྲག་སྟེ་གཟུགས་ཕུང་དྲུག་དང། སྟེང་གི་རྩ་གསུམ་ནས་འབབ་པའི་ཁུ་ཁྲག་རླུང་གསུམ་དང། འོག་གི་རྩ་གསུམ་ནས་འབབ་པའི་བཤང་གཅི་ཁུ་བ་གསུམ་སྟེ་ཡེ་ཤེས་ཀྱི་ཕུང་པོ་དྲུག་ནི་ཕུང་པོའི་རྣམ་པར་ འགྱུར་བའི་སྒོ་ནས་ཕུང་པོ་སོ་དྲུག་ཏུ་འཇོག་པའི་ཕྱིར། དབྱེ་བ་འདི་དག་ནི་གཙོ་བོར་གཞི་དུས་ལ་གསུངས་ཀྱང་ལམ་དང་འབྲས་བུའི་རིགས་སོ་སོར་འབྱེད་ཚུལ་ཡང་ཤེས་པར་བྱའོ། །གསུམ་པ་དེ་གཉིས་ཐབས་ཤེས་དབྱེར་མེད་ རྡོ་རྗེ་སེམས་དཔའི་དོན་དུ་བཤད་པ་ནི། འདིར་སྟོང་ཆེན་ཡི་གེ་ལྔ་ནི་དབྱངས་དང་ཁུ་བ་དང་ཟླ་བའི་སྒྲས་བསྟན་ཅིང། ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི་ཤེས་རབ་གསལ་བྱེད་རྡུལ་དང་ཉི་མའི་སྒྲས་བསྟན་པ་ལས། དང་པོ་ལྔ་ བསྡུས་པ་ནི་ཝཾ་ཡིག་བདེ་བ་ཆེན་པོ་ངེས་དོན་གྱི་རྡོ་རྗེ་དང། ཕྱི་མ་དྲུག་བསྡུས་པ་ནི། ཨེ་ཡིག་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་པདྨ་སྟེ་འདི་གཉིས་དབྱེར་མི་ཕྱེད་པ་ནི་ངེས་དོན་གྱི་རྡོ་རྗེ་སེམས་དཔའ་སྟེ། དེ་བཞིན་ལག་གི་ [145B] །བཅོམ་ལྡན་འདས་ཀྱི་ཞལ་བཞིར་བསྟན་པ་ལ་དགོས་པ་ཡོད་དེ། ཡེ་ཤེས་ཀྱི་ཁམས་རྣམ་པར་དག་པས་ནུབ་ཀྱི་ཡེ་ཤེས་ཀྱི་ཞལ་སེར་པོ། རྣམ་ ཤེས་རྣམ་པར་དག་པས་ཤར་ཕྱོགས་ཀྱི་ཞལ་ནག་པོ། ཟླ་བ་ཁུ་བ་རྣམ་པར་དག་པས་སྐུ་རྡོ་རྗེ་བྱང་གི་ཞལ་དཀར་པོ། །ཉི་མ་རྡུལ་རྣམ་པར་དག་པས་གསུང་རྡོ་རྗེ་ལྷོའི་ཞལ་དམར་པོའི་རྣམ་པར་བསྟན་པའི་ཕྱིར་རོ། །གཉིས་པ་ རིགས་དང་རིགས་ཅན་ཞུས་པ་བཤད་པ་ལ་གཉིས་ལས། རྟོགས་སླ་བའི་དོན་དུ་གཞི་དུས་ཀྱི་རིགས་དང་རིགས་ཅན་སྔོན་དུ་བཤད་པ་དང། འབྲས་དུས་ཀྱི་རིགས་དང་རིགས་ཅན་བཤད་པ་དངོས་སོ། །དང་པོ་ནི། སྔར་ཨེ་ཝཾ་བསྒྲུབས་ པའི་དྲུག་ཚན་དེ་དག་ཐམས་ཅད་ཟླ་བ་དང་ཉི་མའི་ཆོས་སུ་བཤད་པ་ན། འོ་ན་ཟླ་ཉིའི་ཆོས་སུ་བཤད་པ་དེ་རྣམས་བསྡུ་ན་རིགས་དུར་འདུ། རྒྱས་པར་ཕྱེ་ན་རིགས་དུར་འགྱུར་ཞེ་ན། ཐོག་མར་སྦྱང་གཞི་དང་སྦྱར་ན། མངལ་ སྐྱེས་ཁམས་དྲུག་ལྡན་གྱིས་བསྡུས་པ་ཟླ་ཉིའི་ཆོས་གཙོ་བོ་ལུས་དང། ཕལ་པ་བསམ་པའི་དབྱེ་བས་ཁམས་དྲུག་དྲུག་ཏུ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ཏེ། ས་དང་ཆུ་དང་མེ་དང་རླུང་དང་རོ་སྟེ་ནམ་མཁའི་ཁམས་དང་ རོ་ཆེན་པོ་སྟེ་ཡེ་ཤེས་ཀྱི་ཁམས་དྲུག་ཏུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར། དྲུག་པོ་འདི་རྣམས་ལ་གཙོ་བོར་ཕའི་ཁུ་བ་ལས་བྱུང་བ་གསུམ་དང་བྱུང་བ་མ་ཡིན་པ་གསུམ། དེ་བཞིན་དུ་གཙོ་བོར་མའི་རྡུལ་ལས་བྱུང་བ་གསུམ་ [146A]༄༅། །དང་བྱུང་བ་མ་ཡིན་པ་གསུམ་ལས། ཆུ་ཁམས་དང་རླུང་ཁམས་དང་རོའི་ཁམས་གསུམ་ནི་དང་པོ་དང། ས་ཁམས་དང། མེའི་ཁམས་དང། རོ་ཆེན་པོའི་ཁམས་གསུམ་ནི་ཕྱི་མ་རྡུལ་ལས་བྱུང་བའོ། ། དེས་ན་ཁམས་ལྷག་མ་རྣམས་ནི་ཁུ་བ་ལས་གཙོ་བོར་བྱུང་བ་དང། རྡུལ་ལས་གཙོ་བོར་བྱུང་བ་གཉིས་སུ་འདུ་སྟེ། སྡུད་བྱེད་དྲུག་པོ་དེ་དེ་ལྟར་འདུས་པའི་ཕྱིར། ཟླ་ཉི་སོ་སོ་ལས་བྱུང་བའི་ཁམས་གསུམ་པོ་ཆོས་ཅན་ མངལ་སྐྱེས་རྣམས་ཀྱི་ལུས་ངག་ཡིད་སེམས་ཀྱི་ཁྱབ་བྱེད་དུ་འགྱུར་ཏེ། ཟླ་བའི་ཁམས་གསུམ་པོ་དེ་མངལ་སྐྱེས་ཐབས་ཕོའི་ཆུ་ལུས་དང་རླུང་ཁམས་ངག་དང་ནམ་མཁའ་ཡིད་དང། རྡུལ་གྱི་ཁམས་གསུམ་པོ་དེ་ མངལ་སྐྱེས་ཤེས་རབ་མོའི་ས་ལུས་མེ་ངག་ཡེ་ཤེས་ཡིད་དུ་འགྱུར་བའི་ཕྱིར། ཚུལ་འདིས་གཞན་གྱི་སྐབས་སུ་འང་ཆུ་རླུང་ནམ་མཁའ་ཡབ་ཀྱི་སྐུ་གསུང་ཐུགས་དང། ས་མེ་ཡེ་ཤེས་ཡུམ་གྱི་སྐུ་གསུང་ཐུགས་ ཞེས་ཐ་སྙད་བྱེད་པ་ཡིན་ནོ། །ཁམས་དྲུག་པོ་འདི་ཆོས་ཅན། ཁམས་སོ་དྲུག་པོའི་ཁྱབ་བྱེད་ཡིན་ཏེ། ཁམས་སོ་དྲུག་པོ་ཁྱོད་ཀྱི་ཁྱབ་བྱ་ཡིན་པའི་ཕྱིར། སྐྱེས་པ་དང་བུད་མེད་ཀྱི་ལུས་ངག་ཡིད་ཀྱི་ཁམས་དེ་ དག་གཞིའི་སྐུ་གསུང་ཐུགས་ཀྱི་རིགས་གསུམ་དུ་འཇོག་ཅིང། སྐྱེས་པ་དང་བུད་མེད་གཉིས་ཀ་ལའང་རང་རང་གི་ངོ་བོ་ཉིད་ཀྱི་རིགས་ཡེ་ཤེས་ཀྱི་ཁམས་རྫོགས་པ་དང་རིགས་བཞིར་འགྱུར་རོ། །བཞི་པོ་དེ་དག་ལ་ [146B] སད་རྨི་སོགས་བཞིའི་དབྱེ་བས་ཀྱང་དེ་ལྟར་འཇོག་པའི་ཕྱིར། དེ་བཞིན་དུ་རིགས་དྲུག་ཏུ་འཇོག་ཚུལ་ཡང་ཡོད་དེ། མངལ་སྐྱེས་ཀྱིས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་ཁམས་ རྫོགས་པ་ནས་རིགས་དྲུག་དང། དེ་བཞིན་དུ་ཕུང་པོ་ལྔ་དང་ཡེ་ཤེས་ཀྱི་ཕུང་པོ་རྫོགས་པ་ནས་རིགས་དྲུག་ཏུ་འགྱུར་བ་ཡིན་པའི་ཕྱིར། ཇི་ཙམ་བར་དུ་རིགས་གསུམ་དང་སྔར་གནས་པ་དང། ཇི་ཙམ་ནས་རིགས་བཞི་དང་དྲུག་ཏུ་ འགྱུར་བའི་ཚུལ་ཡོད་དེ། བུད་མེད་ལོ་བཅུ་གཉིས་རྡུལ་ཕྱིར་འབབ་པ་དང། སྐྱེས་པ་ལོ་བཅུ་དྲུག་ཁུ་བ་ཕྱིར་འབབ་པའི་དུས་སུ་རིགས་བཞི་དང་རིགས་དྲུག་ཏུ་འགྱུར་ལ། དེ་གཉིས་མི་འབབ་པའི་དུས་སུ་རིགས་གསུམ་དང་ བཞིར་འཇོག་པའི་ཕྱིར་ཏེ། རྩ་རྒྱུད་ལས། རིགས་གསུམ་དང་ནི་རིགས་བཞི་ཉིད། །རིགས་གཅིག་དང་ནི་རིགས་བརྒྱའོ། ཞེས་གསུངས་པའི་ཕྱིར། རིགས་བརྒྱར་འབྱེད་ཚུལ་ཡོད་དེ། ཕུང་ཁམས་སོ་དྲུག་སོ་སུམ་ཅུ་སོ་གཉིས་ སོར་མོ་ཉི་ཤུ། ཐོད་པ་དུམ་བུ་བཅུ་གཉིས་རྣམས་སུ་འབྱེད་པ་ཡིན་པའི་ཕྱིར། གཉིས་པ་ནི། གཞི་དུས་ཀྱི་ཁམས་དྲུག་རིགས་དང་ཡུལ་དབང་སོགས་རིགས་ཅན་ཡིན་པ་བཞིན་དུ་གཞན་ལམ་དང་འབྲས་བུ་ལའང་གཞིའི་ཆོས་ རྣམ་པར་དག་པའི་རིགས་དང་རིགས་ཅན་བཞག་ཏུ་ཡོད་དེ། སངས་རྒྱས་དྲུག་ནི་རིགས་ཡིན་ལ། ལྷ་ཆེན་བཅུ་གཉིས་དང། ལྷ་མིན་ཀླུའི་མིང་ཅན་རྣམས་དང། ཡང་སྒྲས་ཡིད་དབང་སོགས་དག་པའི་བྱང་སེམས་ཀུན་བཟང་ [147A]༄༅། །སོགས་དཀྱིལ་འཁོར་གྱི་ལྷ་གཞན་རྣམས་ལམ་དང་འབྲས་བུ་གཉིས་ཀའི་སྐབས་སུ་རིགས་ཅན་ཁྱབ་བྱ་ཡིན་པའི་ཕྱིར། གསུམ་པ་རང་བཞིན་དང་སྐྱེས་བུ་སོགས་ཞུས་པ་བཤད་པ་ལ་གཉིས། མཚམས་ སྦྱར་ནས་མུ་སྟེགས་ལ་གྲགས་པའི་ཐ་སྙད་ཀྱིས་བསྟན་པའི་དགོས་པ་བཤད་པ་དང། རྩ་བའི་ཚིག་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་རིགས་ཅན་དང་རིགས་ཞུས་ནས་ད་ནི་རང་བཞིན་སོགས་ཉེར་བཞི་དང་སྐྱེས་ བུ་ཉི་ཤུ་རྩ་ལྔའི་ཐ་སྙད་ཀྱིས་ཞུས་པ་ཡིན་ལ། དེ་ལྟར་ཞུས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། གྲངས་ཅན་སོགས་མུ་སྟེགས་འགའ་ཞིག་ཐ་སྙད་དེ་ལ་བརྟེན་ནས་ཡང་དག་པའི་ལམ་ལ་འཇུག་པའི་ཆེད་ཡིན་པའི་ ཕྱིར༑ དགོས་པ་དེའི་ཕྱིར་མུ་སྟེགས་ལ་གྲགས་པའི་ཐ་སྙད་ཀྱིས་བསྟན་པ་ལ་འགལ་བ་མེད་དེ། མཧཱ་མ་ཡར། སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་མོ། །འབྱུང་དང་སྡུད་པར་བྱེད་པ་མོ། །རང་ཉིད་བྱེད་པོ་རང་འཕྲོག་པོ། །རང་ཉིད་རྒྱལ་ པོ་རང་གཙོ་བོ། ཞེས་གསུངས་ཤིང། དཔལ་ལྡན་འདུས་པའི་ལེའུ་བཅུ་བདུན་པར་ཡང། སྐུ་ཡི་རྡོ་རྗེ་ཚངས་པར་འགྱུར། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ཐུགས་ཀྱི་རྒྱལ་པོ་རྡོ་རྗེ་འཛིན། །དེ་ཉིད་ཁྱབ་འཇུག་རྫུ་འཕྲུལ་ཆེ་ ཞེས་ཚངས་པ། དྲག་པོ། ཁྱབ་འཇུག་གི་དམ་ཚིག་གསུངས་པའི་ཕྱིར། གཉིས་པ་ནི། གྲངས་ཅན་གྱི་ལུགས་ལ་སྤྱི་གཙོ་བོ་ནི་རྣམ་འགྱུར་མ་ཡིན་པ་རང་བཞིན་ཁོ་ནར་འདོད་པ་ཡིན་ཏེ། དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ [147B] བློའམ་ཆེན་པོ་དང་ང་རྒྱལ་དང། གཟུགས་སོགས་དེ་ཙམ་ལྔ་སྟེ་བདུན་རང་བཞིན་དང་རྣམ་འགྱུར་གཉིས་ཀར་འདོད། དབང་པོ་ལྔ་དང། ངག་རྐང་ལག་བཤང་ལམ་འདོམས་ཏེ་ལས་ དབང་ལྔ། འབྱུང་བ་ལྔ། ཡིད་དང་བཅུ་དྲུག་ནི་རྣམ་འགྱུར་ཁོ་ན་དང། ཉེར་ལྔ་པ་བདག་ཤེས་རིག་གི་སྐྱེས་བུ་ནི་རང་བཞིན་དང་རྣམ་འགྱུར་གཉིས་ཀ་མིན་པའི་རྟག་དངོས་དང། རང་བཞིན་རྒྱུ་དང་རྣམ་འགྱུར་འབྲས་བུའི་དོན་དུ་ འདོད་དེ་དབང་ཕྱུག་ནག་པོའི་གཞུང་ལས། རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་ མིན༑ ཞེས་འབྱུང་བའི་ཕྱིར། དེས་ན་རྩ་བའི་རང་བཞིན་ནི་སྤྱི་གཙོ་བོ་ཡིན་ཞིང། དེ་དང་ཆེན་པོ་སོགས་བདུན་ལ་རང་བཞིན་བརྒྱད་ཅེས་ཟེར་བ་ལྟར་འདིར་ཡང་རང་བཞིན་བརྒྱད་ཅེས་སོ། །དེའང་འདིར་རྩ་བའི་རང་བཞིན་ནི་ ཡེ་ཤེས་ཀྱི་ཁམས་ལ་བྱེད་པ་ཡིན་ཏེ། མི་མངལ་སྐྱེས་ཕོ་མོ་སྙོམས་པར་ཞུགས་པའི་ཡེ་ཤེས་ཀྱི་ཁམས་ཁུ་ཁྲག་གི་དབུས་སུ་བར་དོ་ཞུགས་པ་འཕེལ་བས་མངལ་གྱི་འབྱུང་བ་བཞི་དང། དེ་ལ་བརྟེན་ནས་ཡིད་ཀྱི་རྣམ་ཤེས་ དང༑ དེའི་འཁོར་གྱི་སེམས་བྱུང་རྣམས་དང། ང་རྒྱལ་དང་ངར་འཛིན་ལྷན་སྐྱེས་རྣམས་འཕེལ་བར་འགྱུར་བས། བདུན་པོ་དེ་ནི་རྩ་བའི་རང་བཞིན་ཁུ་ཁྲག་རྣམ་ཤེས་གསུམ་གྱི་རྣམ་འགྱུར་ཡིན་ཞིང། དབང་པོ་ལྷག་མ་ལྔ་ [148A]༄༅། །སོགས་བཅུ་དྲུག་ནི་ཡེ་ཤེས་ཀྱི་ཁམས་དང་བདུན་པོ་དེ་འཕེལ་བ་ལ་བརྟེན་ནས་སྐྱེས་པའི་རྣམ་འགྱུར་ཡིན་ལ། དེའི་ཕྱིར་བདུན་པོ་དེ་རང་བཞིན་ཡང་ཡིན་ནོ། །ངག་དོན་ནི། བཞི་པའི་གནས་སྐབས་ བསྐྱེད་པའི་ཡེ་ཤེས་ཀྱི་ཁམས་རྩ་བའི་རང་བཞིན་དུ་གསུངས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། སྒྲུབ་པ་པོ་མངལ་སྐྱེས་ཁམས་དྲུག་ལྡན་གྱི་རང་རྒྱུད་ཀྱིས་བསྡུས་པའི་ཁམས་དང། དབང་པོ་དང། ཡུལ་སོགས་ཕལ་ ཆེར་བཞི་པའི་གནས་སྐབས་ཀྱི་དངོས་དང་བརྒྱུད་ནས་བསྐྱེད་པའི་རྣམ་འགྱུར་དུ་ཤེས་པའི་ཆེད་ཡིན་པའི་ཕྱིར། དེ་ལྟར་ཤེས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེའི་སྟེང་ན་ ཡོད་པའི་འཛག་པའི་བག་ཆགས་སྤང་བྱའི་གཙོ་བོར་ཤེས་པའི་ཆེད་ཡིན་པའི་ཕྱིར། ཚུལ་འདི་གཞན་ལམ་དང་འབྲས་བུ་ལ་སྦྱར་བའི་ཚེ་ནའང་རྣམ་དཔྱོད་ཅན་དགའ་བ་རྒྱས་པར་བྱེད་དེ། སྟོང་ཆེན་ཡི་གེ་ལྔའི་བདག་ ཉིད་ཀྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྩ་བའི་རང་བཞིན་དུ་བྱས་ནས་ལམ་དང་འབྲས་བུའི་རང་བཞིན་གཞན་བདུན་དང་རྣམ་པ་བཅུ་དྲུག་པོ་སྒྲིབ་བྲལ་དུ་འགྱུར་བ་དང། གྱུར་པའི་ཆོས་རྣམས་རྩ་བའི་རང་བཞིན་ལྷན་སྐྱེས་ཀྱི་ རྣམ་འགྱུར་དུ་གསུངས་པ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ལྟར་ན་འདིར་བསྟན་རང་བཞིན་དང་རྣམ་འགྱུར་ཉི་ཤུ་རྩ་བཞི་ཡིན་ཞིང། རྩ་ལྔ་པ་ནི་ཁམས་དྲུག་ལྡན་གྱི་སྐྱེས་བུ་ཡིན་ལ། དེ་ནི་རང་བཞིན་བརྒྱད་ [148B] སྐྱེས་བུ་དེ་ནི་རྣམ་ཤེས་ལ་བརྟེན་ནས་བཏགས་པ་ཙམ་ཡིན་པའི་ཕྱིར། ཁ་ཅིག་སྔ་ཕྱི་གཉིས་ཀ་གྲངས་ཅན་གྱི་ལུགས་ཡིན་ཏེ། སྔ་མ་དེ་འཕགས་ཡུལ་གྱི་ གྲངས་ཅན་གྱི་ལུགས་དང། ཕྱི་མ་ཤམྦྷ་ལའི་གྲངས་ཅན་གྱི་ལུགས་སམ་སྔོན་གྱི་གྲངས་ཅན་གྱི་ལུགས་ཡིན་པའི་ཕྱིར་ཞེས་སྨྲ་བ་ཆེས་མི་འཐད་དེ། རྒྱལ་བའི་དགོངས་དོན་འཆད་བྱེད་རྡོ་རྗེའི་ཚིག་གི་དོན་མ་རྟོགས་པ་ཡིན་པའི་ ཕྱིར༑ དེས་ན་ཕྱི་དང་ལུས་དང་གཞན་གསུམ་ག་ལའང་ཉེར་ལྔ་པོ་དེའི་ཐ་སྙད་སྦྱོར་བ་ཡིན་ཏེ། ནང་དང་གཞན་ལ་སྦྱོར་བ་བཤད་ཟིན་ཅིང། ཕྱི་ནི་ས་སོགས་ཁམས་ལྔ་དང་སྒྲ་གཅན་ཟླ་ཉི་བརྒྱད་རང་བཞིན་བརྒྱད་དང། བཀྲ་ཤིས་སོགས་ གཟའ་ལྔ། སྒྲ་གཅན་སོགས་ཡུལ་ལྔ། ཁ་བ་སོགས་རོ་དྲུག་རྣམས་རྣམ་འགྱུར་བཅུ་དྲུག་ཏུ་འཇོག་པ་ཡིན་པའི་ཕྱིར། ཉེར་ལྔ་པ་སྐྱེས་བུ་ནི་དེ་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཡིན་ལ། དེ་ནི་རང་བཞིན་བརྒྱད་དང། རྣམ་འགྱུར་བཅུ་ དྲུག་པོ་གང་ཡང་མ་ཡིན་ནོ། །དེས་ན། རྒྱུད་ཀྱི་རྒྱལ་པོར་ཟླ་བ་བཟང་པོ་ཡིས། །སྐྱེས་བུ་ཉི་ཤུ་རྩ་ལྔའི་བདག་ཉིད་དྲིས། །འདི་ནི་ལུང་མ་བསྟན་གྱི་དྲི་བ་ཡིན། །འཇིག་རྟེན་མཐའ་ལྡན་སོགས་དང་མཚུངས་ཕྱིར་རོ། ཞེས་པའི་ སྐྱོན་ཡང་ལེགས་པར་བསལ་བ་ཡིན་ནོ། །བཞི་པ་ལུས་ལ་སྣ་ཚོགས་ཚད་དང་འཇིག་རྟེན་གསུམ་གྱི་བཀོད་པ་ཞུས་པ་བཤད་པ་ནི། བཤད་གཞི་ཆུང་བས་རྩ་བ་ཇི་ལྟ་བ་བཞིན་ནོ། །ལྔ་པ་ལྷ་དང་ལྷ་མིན་རྣམས་ཀྱི་ལོངས་ [149A]༄༅། །སྤྱོད་ཞུས་པ་བཤད་པ་ནི། ལྷ་དང་ལྷ་མིན་རྣམས་ཀྱི་ལོངས་སྤྱོད་དང། ཞེས་གསུངས། དོན་ནི། ཟླ་བ་བཟང་པོས་ཆོས་ཅན། སྟོན་པ་ལ་ལྷ་དང་ལྷ་མིན་རྣམས་ཀྱི་ལོངས་སྤྱོད་ཞུས་ཚུལ་ཡོད་དེ། ལྷ་ རྣམས་ལོངས་སྤྱོད་པ་ཉིན་མོ་དང། ཉིན་མོ་འཕེལ་བ་ཉི་མ་བྱང་བགྲོད་ལྷའི་དུས་དང། ལྷ་མིན་རྣམས་ལོངས་སྤྱོད་པའི་དུས་མཚན་མོ་དང། མཚན་མོ་འཕེལ་བ་ཉི་མ་ལྷོར་བགྲོད་པའི་དུས་སུ་ལོངས་སྤྱོད་པའི་གཟའ་རྣམས་ ཀྱིས་ལོངས་སྤྱོད་ལ་སོགས་པ་རྣམས་བཤད་དུ་གསོལ། ཞེས་ཞུས་པ་ཡིན་པའི་ཕྱིར། དྲུག་པ་དཀྱིལ་འཁོར་དང་དབང་བསྐུར་བ་ཞུས་པ་བཤད་པ་ནི། དཀྱིལ་འཁོར་དང་ནི་དབང་སྟེ་སྐབས་གསུམ་པ་དང་མི་ཡི་བླ་མས་འདི་ དག་ཡང་དག་བཤད་དུ་གསོལ། ཞེས་གསུངས། དོན་ནི། ཟླ་བ་བཟང་པོས་ཆོས་ཅན། དཀྱིལ་འཁོར་དང་དབང་བསྐུར་བ་ཞུས་ཚུལ་ཡོད་དེ། ཀུན་རྫོབ་དྲང་དོན་བསྐྱེད་རིམ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དང། དོན་དམ་ ངེས་དོན་སྟོང་གཟུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་དང། དབང་བཅུ་གཅིག་སྐབས་གསུམ་པ་ལྷ་དང་མིའི་བླ་མས་བཤད་དུ་གསོལ། ཞེས་ཞུས་པ་ཡིན་པའི་ཕྱིར། བཞི་པ་དེ་ལྟར་གསོལ་བ་འདེབས་པའི་རྒྱུ་མཚན་འཕྲོས་ དང་བཅས་པ་ནི། སྙིང་པོར་དྲིལ་ན་ཟླ་བཟང་གིས་དེ་ལྟར་གསོལ་བ་འདེབས་པའི་རྒྱུ་མཚན་ཡོད་དེ། བླ་མེད་ཀྱི་སྦས་རྒྱུད་གཞན་རྣམས་སུ་སྦས་ནས་མི་གསལ་བར་བསྟན་པའི་དབང་བཞི་པའི་ལམ་གསལ་བར་སྟོན་པའི་ [149B] ལྔ་པ་རྒྱུད་འདིར་མཚན་བརྗོད་དང་མཐུན་པར་འཆད་པའི་རྒྱུ་མཚན་འཆད་པའི། དོན་ནི། བཅོམ་ལྡན་འདས་ཀྱིས་ཆོས་ཅན། རྒྱུད་འདིར་སྔགས་ཀྱི་ཚུལ་ཐམས་ཅད་ཀྱི་ངེས་དོན་ ཟབ་མོ་མཚན་བརྗོད་ལས་བསྟན་པ་ལྟར་ཡང་དག་པར་སྟོན་པའི་རྒྱུ་མཚན་ཡོད་དེ། མཚན་བརྗོད་ལས་རྒྱུད་འདིར་བསྟན་པ་བཞིན་དུ་བཞི་པའི་ལམ་བསྟན་པ་དབང་པོ་ཚད་མར་བྱས་པ་ལས་འཕགས་ཡུལ་སོགས་ཀྱི་ གདུལ་བྱ་རྣམས་རྒྱུད་འདིའི་དོན་ལ་ཐེ་ཚོམ་མེད་པར་འཇུག་པའི་ཆེད་ཡིན་པའི་ཕྱིར། དྲུག་པ་མཚན་བརྗོད་དང་རྒྱུད་འདིའི་ཆེ་བ་བསྟན་ནས་ཉན་པར་གདམས་པ་ནི། དེའི་ཕྱིར་གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ ཤེས་པ་དེ་ཡིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་ སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་དག་ཐམས་ཅད་ནི་འཁོར་བ་པོ་སྟེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་བྲལ་བའོ། །དེ་ལྟ་བས་ན་མཆོག་གི་དང་པོའི་སངས་རྒྱས་ནི་བླ་མ་དམ་པ་རྣམས་ ཀྱིས་བསྟན་པར་བྱ་ཞིང། ཐར་པ་དོན་དུ་གཉེར་བའི་སློབ་མ་དམ་པ་རྣམས་ཀྱིས་མཉན་པར་བྱའོ། ཞེས་གསུངས། དོན་ནི། གང་གིས་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱུད་དོན་མི་ཤེས་པ་དེས་མཚན་བརྗོད་ཀྱི་དོན་ཡང་དག་པར་མི་ཤེས་ [150A]༄༅། །པས་ཁྱབ། ཅེས་དངོས་སུ་བསྟན་ནས། ཤུགས་ལ་མཚན་བརྗོད་ཀྱི་དོན་རྫོགས་པར་ཤེས་པ་ལ་དང་པོའི་སངས་རྒྱས་ཀྱི་རྒྱུད་དོན་ཤེས་དགོས་ཞེས་སྦྱར་བར་བྱ་ལ། གང་གིས་སྔགས་ཀྱི་ཐེག་པ་མི་ ཤེས་པ་དེ་དག་ཐམས་ཅད་ནི་འཁོར་བ་པ་སྟེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། ཞེས་པའང་འཁོར་བའི་བག་ཆགས་མ་ལུས་པར་སྤོང་བ་སྔགས་ཀྱི་ཐེག་པ་ལ་རག་ལས་པར་སྟོན་པ་ཡིན་གྱི་ཐར་པ་ཙམ་ ཐོབ་པ་སྔགས་ལ་རག་ལས་པར་སྟོན་པ་མ་ཡིན་ཏེ། ཉན་རང་དགྲ་བཅོམ་གཞི་གྲུབ་པའི་ཕྱིར། མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱུད་འདི་ཆོས་ཅན། མཚན་ཉིད་དང་ལྡན་པའི་བླ་མ་རྣམས་ཀྱིས་བསྟན་པར་བྱ་ཞིང། འཁོར་ བའི་བག་ཆགས་མ་ལུས་པར་སྤངས་པའི་ཐར་པ་དོན་གཉེར་གྱི་སློབ་མ་རྣམས་ཀྱིས་མཉན་པར་བྱ་བ་ཡིན་ཏེ། རྒྱུ་མཚན་བཤད་མ་ཐག་པ་དེའི་ཕྱིར། བཞི་པ་མདོར་བསྡུས་ཀྱི་མཚན་བསྟན་པ་ནི་བསྡུས་པའི་རྒྱུད་ཀྱི་རྒྱལ་ པོ་ཞེས་སོགས་སོ།། །།སྨྲས་པ། གྲོགས་དག་འབྲས་མེད་སྦུན་པ་འཆར་བ་ལ། །བརྩོན་པས་ཅི་བྱེད་ཟབ་མོའི་གཏམ་གྱི་ཕུལ། །སྟོང་ཆེན་ཡི་གེ་ལྔ་དང་ཡིག་དྲུག་གི་ངོ་མཚར་ལྟད་མོ་བལྟས་ན་མི་ལེགས་སམ། ། བཅོམ་ལྡན་འདས་དཔལ་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྩ་བའི་རྒྱུད་ལས་ཕྱུང་བ་བསྡུས་པའི་རྒྱུད་ཀྱི་རྒྱས་འགྲེལ་དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་སྙིང་པོ་བསྡུས་པ་ཡིད་བཞིན་གྱི་ནོར་བུ་ཞེས་ [150B]། ༈ །།གང་ཞིག་ས་བཅུའི་མཐར་སོན་དྲང་སྲོང་གིས། །མ་དག་རྣམ་བཅུའི་རླུང་ཐུབ་གྲོགས་དང་བཅས། །ཞུ་མཛད་སྒྲིབ་བྲལ་རྣམ་བཅུའི་བདག་ཉིད་ཅན།། ཐུབ་དབང་སྟོབས་བཅུ་མངའ་བའི་ཞབས་བཏུད་ནས། །རྣམ་བཅུ་དབང་ལྡན་ཆེ་བ་ཡིས། །མཚོན་དོན་ཕྱི་ནང་རིམ་གཉིས་ལམ། །འབྲས་བུར་བཅས་པའི་དབྱེ་བ་དག་གྲགས་པ་ཇི་བཞིན་གཏམ་དུ་བརྗོད། །གསུམ་པ་ཞུས་པའི་ དོན་ལེའུ་ལྔ་སོ་སོས་རྒྱས་པར་བཤད་པ་ལ་ལྔ། རྡུལ་ཕྲན་འདུས་པ་སྔོན་དུ་འགྲོ་བ་འཇིག་རྟེན་ཁམས་བཤད་པའི་ལེའུ། འཇིག་རྟེན་ཁམས་སྔོན་དུ་འགྲོ་བ་སེམས་ཅན་བཤད་པའི་ལེའུ། སེམས་ཅན་སྔོན་དུ་འགྲོ་བ་དབང་ བསྐུར་བཤད་པའི་ལེའུ། དབང་བསྐུར་བ་སྔོན་དུ་འགྲོ་བ་སྒྲུབ་ཐབས་བཤད་པའི་ལེའུ། སྒྲུབ་ཐབས་སྔོན་དུ་འགྲོ་བ་ཡེ་ཤེས་བཤད་པའི་ལེའུ་འོ། །དང་པོ་ལ་ལྔ། འཇིག་རྟེན་གྱི་ཁམས་ཕྱི་ནང་གཞན་གསུམ་དབྱེར་མེད་ དུ་སྦྱོར་བ་སྟོན་པའི་འཇིག་རྟེན་ཁམས་བསྡུས་པའི་མདོར་བསྡུས། གདུལ་བྱའི་བསམ་པ་བཞིན་དུ་འཇིག་རྟེན་གྱི་ཁམས་ཀྱི་ཚད་བསྟན་པའི་མདོར་བསྡུས། དྲང་ངེས་ཀྱི་སྒོ་ནས་ཕྱི་ནང་གཞན་གསུམ་གྱི་དུས་འཁོར་ གཏན་ལ་དབབ་པའི་ཡན་ལག་སྐར་རྩིས་ཀྱི་མདོར་བསྡུས། གདུག་པ་ཅན་གཞོམ་པ་དང་རང་གནས་བསྲུང་བའི་དོན་དུ་དབྱངས་འཆར་དང་འཁྲུལ་འཁོར་གྱི་མདོར་བསྡུས། འཁོར་ལོས་བསྒྱུར་བ་ཆེན་པོས་ཀླ་ཀློའི་ཆོས་ [151A]༄༅། །འཇོམས་པ་དང་སངས་རྒྱས་ཀྱི་ཆོས་འཇོག་པ་གོ་སླར་བསྟན་པའོ། །དང་པོ་ལ་བདུན། ཞུས་པ་ལ་དགྱེས་ནས་ཞལ་གྱིས་བཞེས་ཤིང་ཉན་པར་བསྐུལ་བའི་ལན་བསྡུས་པའི་ཚིགས་བཅད་གསུམ་པ་ བཤད་པ། རྩ་རྒྱུད་ལས་འཇིག་རྟེན་གྱི་ཁམས་བསྟན་པ་བསྡུས་པའི་ཚིགས་བཅད་བཞི་པ་བཤད་པ། རྩ་རྒྱུད་ལས་རྡོ་རྗེའི་ལུས་བསྟན་པ་བསྡུས་པའི་ཚིགས་བཅད་ལྔ་པ་བཤད་པ། རྩ་རྒྱུད་ལས་སྒྲ་གཅན་སོགས་ འབྱུང་བ་བསྟན་པ་བསྡུས་པའི་ཚིགས་བཅད་དྲུག་པ་དང་བདུན་པ་བཤད་པ། རྩ་རྒྱུད་ལས་ཟླ་བའི་ཆ་འཕེལ་འགྲིབ་དང་ཉི་མའི་བགྲོད་པས་ཉིན་མཚན་འཕེལ་འགྲིབ་ཏུ་འགྱུར་བ་སོགས་བསྟན་པ་བསྡུས་པའི་ཚིགས་ བཅད་བརྒྱད་པ་བཤད་པ། རྩ་རྒྱུད་ལས་དབྱངས་རྣམས་ཀྱི་སྐྱེ་བའི་གནས་སོགས་གསུངས་པ་བསྡུས་པའི་ཚིགས་བཅད་དགུ་པ་བཤད་པ། མདོར་བསྡུས་ཀྱི་མཚན་བསྟན་པའོ། །དང་པོ་ནི། ཟླ་བ་བཟང་པོ་ཁྱོད་ལ་བདག་མགུ་ གང་ཞིག་ཁྱོད་ཀྱིས་དྲིས་པ་འདི་ནི་རབ་མཆོག་ལྷ་རྣམས་དང། །མི་དང་སྲིན་པོ་ལྷ་མིན་ཀླུ་དང་ཆགས་བྲལ་ཐུབ་མཆོག་རིགས་རྣམས་དག་གིས་ཤེས་པ་མིན་པས་སོ། །མྱ་ངན་འདས་པ་ལ་སོགས་འཛིན་མའི་མཐར་ ཐུག་ཚིག་གི་བགྲོད་པ་དང་བཅས་སྦྱོར་བ་མཐའ་དག་ནི། །ལུས་དབུས་སུ་སྟེ་དཀྱིལ་འཁོར་དག་དང་དབང་ནི་བཤད་པར་བྱ་ཡིས་མི་ཡི་བདག་པོ་བཟང་པོ་ཉོན། ཞེས་གསུངས། འདིའི་དོན་ནི། ཟླ་བ་བཟང་པོ་ཁྱོད་ལ་ [151B] རྒྱུ་མཚན་གང་གི་ཕྱིར་ན། གང་ཞིག་ཁྱོད་ཀྱིས་དྲིས་པ་དུས་ཀྱི་འཁོར་ལོའི་རྡོ་རྗེའི་རྣལ་འབྱོར་འདི་ནི་འཇིག་རྟེན་ན་རབ་མཆོག་ཏུ་གྱུར་པ་རྒྱལ་ཆེན་རིས་བཞི་པ་ནས་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ མཐར་སོན་པའི་ལྷ་རྣམས་དང། འཁོར་ལོས་བསྒྱུར་བ་སོགས་ཀྱི་མི་དང། བདེན་བྲལ་སོགས་སྲིན་པོ་དང། གཞན་གྱིས་མི་ཐུབ་པ་སོགས་ལྷ་མིན་དང། ཀླུ་དང། ཀུན་དགའ་བོ་ལ་སོགས་པའི་ཆགས་བྲལ་དང། ཐུབ་མཆོག་དྲང་ སྲོང་མེ་སྦྱིན་ལ་སོགས་པ་དེ་དག་གི་རིགས་རྣམས་དག་གིས་ཤེས་པ་མིན་པས་སོ་སྟེ་ཇི་བཞིན་དུ་མི་ཤེས་པའི་ཟབ་དོན་ཡིན་པའི་ཕྱིར། འོ་ན་ཀུན་དགའ་བོ་འདིར་ཟབ་དོན་མི་ཤེས་པའི་ཆགས་བྲལ་གྱི་མཚན་གཞིར་བཟུང་བ་མི་འཐད་ པར་ཐལ། དེ་སྒྲོན་གསལ་དུ་ཕྱག་རྡོར་དང་རྒྱུད་གཅིག་ཏུ་བཤད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྒྲོན་གསལ་དུ་ཐུན་མོང་མ་ཡིན་པའི་དབང་དུ་མཛད་ལ། འདིར་ཐུན་མོང་བའི་དབང་ཙམ་དུ་མཛད་པ་ཡིན་པའི་ཕྱིར། བཤད་པར་བྱ་ ཡིས་མི་ཡི་བདག་པོ་ཟླ་བ་བཟང་པོ་ཉོན་ཅིག་ཅེས་བཤད་པར་དམ་བཅས་པའི་བཤད་བྱའི་དོན་བཞག་ཏུ་ཡོད་དེ། མྱ་ངན་འདས་པ་ཡེ་ཤེས་ཀྱི་ཁམས་དང། འཛིན་མའི་མཐར་ཐུག་པ་སྟེ་ས་ཁམས་དང། དེ་གཉིས་ཀྱི་བར་ལ་ སོགས་པ་ནམ་མཁའ་རླུང་མེ་ཆུའི་ཁམས་ཏེ་དྲུག་པོ་འདིས་ཕྱི་ནང་གཉིས་ཀ་བསྡུས་པ་ལ། སྒྲིབ་བྲལ་དུ་མ་གྱུར་པའི་ཚེ་དཀའ་ཡང་སྒྲིབ་བྲལ་དུ་གྱུར་པའི་ཚེ་ཡེ་ཤེས་ཀྱི་ཁམས་བདེ་བ་ཆེན་པོ་ཁྱབ་བྱེད་དང། ཁམས་གཞན་ [152A]༄༅། །ལྔ་ཁྱབ་བྱར་བདག་ཉིད་གཅིག་ཏུ་སྦྱོར་བ་མཐའ་དག་དང། ཚིག་ཨ་ལི་ཀཱ་ལི་ལས་བྱུང་བ་གདངས་ཀྱི་རྣམ་པ་ཅན་རྣམས་ཨོཾ་ཨཱ་ཧཱུཾ་ལ་སོགས་པ་སྔགས་ཀྱི་བརྡའ་བྱས་པ་དྲང་དོན་གྱི་སྔགས་དང། གཙོ་བོར་ འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། ཞེས་པ་ནས། ཚིག་ཀུན་རབ་ཏུ་གསལ་བར་བྱེད། ཅེས་པའི་བར་དང། ཨ་ཡིག་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། གདོད་མ་ནས་མ་སྐྱེས་པའི་ཕྱིར། ཞེས་གསུངས་པ་ལྟར། སྟོང་ཉིད་སྙིང་ རྗེ་དབྱེར་མི་ཕྱེད་པའི་རྫོགས་རིམ་གྱི་རྣལ་འབྱོར་ལ་ངེས་དོན་གྱི་སྔགས་ཀྱི་བརྡའ་བྱས་པ་དེ་ཁོ་ན་ཉིད་ཀྱི་སྔགས་གཉིས་གསུངས། སྔགས་གཉིས་གསུངས་པའི་ཨཱ་ལི་ཀཱ་ལིའི་བདག་ཉིད་ཅན་དེ་དག་མགྲིན། རྐན། སྤྱི་བོ་ མཆུ། སོའི་ལམ་གང་ནས་བགྲོད་པ་དང་བཅས་པའི་སྔགས་ཀྱི་སྦྱོར་བ་མཐའ་དག་ནི་ལུས་དབུས་ཏེ་སྒྲུབ་པ་པོའི་ལུས་ལ་གནས་ཤིང་འབྱུང་བ་དང། དེ་བཞིན་དུ་བསྐྱེད་རྫོགས་ཀྱི་དཀྱིལ་འཁོར་དག་དང། འཇིག་རྟེན་དང་ འཇིག་རྟེན་ལས་འདས་པའི་དབང་ནི་བཤད་པར་བྱ་བ་ཡིན་པའི་ཕྱིར། །གཉིས་པ་ཚིགས་བཅད་བཞི་པ་བཤད་པ་ནི། དུས་ཀྱི་སྟོང་པ་རྣམས་ལས་རླུང་དང་འབར་བྱེད་ཆུ་དང་འཛིན་མ་གླིང་དང་རི་བོ་རྒྱ་མཚོ་དང། །རྒྱུ་སྐར་དང་ ནི་ཉི་ཟླ་སྐར་མ་གཟའ་ཡི་ཚོགས་དང་དྲང་སྲོང་ལྷ་དང་འབྱུང་པོ་ཀླུ་རྣམས་དང། །དུད་འགྲོ་སྐྱེ་གནས་རྣམ་པ་བཞི་དང་སྣ་ཚོགས་ས་དང་འོག་ཏུ་མི་རྣམས་དང་ནི་དམྱལ་བ་ཡང། །སྟོང་པའི་དབུས་སུ་ཡང་དག་འབྱུང་སྟེ་ཆུ་ལ་ [152B] ཞེས་གསུངས། འཇིག་རྟེན་ཇི་ལྟར་འབྱུང་བའི་ཚུལ་ཡོད་དེ། སེམས་ཅན་རྣམས་ཀྱི་ལས་ལས་འཇིག་རྟེན་འབྱུང་བའི་དུས་ཀྱི་བར་སྣང་སྟོང་པར་གནས་པའི་ཚེ། ས་ཁམས་ཡོན་ ཏན་ལྔ་ལྡན་དང། ཆུ་ཁམས་དྲི་མ་གཏོགས་ཡོན་ཏན་བཞི་ལྡན་དང། མེ་ཁམས་དྲི་གཟུགས་མ་གཏོགས་ཡོན་ཏན་གསུམ་ལྡན་དང། རླུང་ཁམས་དྲི་གཟུགས་རོ་མ་གཏོགས་ཡོན་ཏན་གཉིས་ལྡན་དང། ནམ་མཁའ་སྒྲ་གཅིག་ པུ་དང་ལྡན་པ་སྟེ། དེ་ལྟ་བུའི་ཁམས་ལྔའི་རྡུལ་ཕྲ་རབ་སིལ་བུར་གནས་པ་ལས། དང་པོ་ནི། རླུང་རྡུལ་རྣམས་འདབ་འབྱར་བ་ལས་ཡང་ཞིང་གཡོ་བའི་རླུང་དུ་འགྱུར་ཞིང། དེ་བཞིན་དུ་མེ་རྡུལ་རྣམས་ཕན་ཚུན་འདབ་འབྱར་ བ་ལས་གློག་ལྟ་བུའི་མེ་དང། ཆུ་རྡུལ་རྣམས་ལས་རླུང་དང་མེ་དང་ལྡན་པའི་ཆར་གྱི་རྣམ་པ་ལྟ་བུའི་ཆུ་དང། ས་རྡུལ་རྣམས་ལས་རླུང་མེ་ཆུ་དང་ལྡན་པའི་དབང་པོའི་གཞུ་ལྟ་བུར་སྣང་བའི་ས་དང། རོ་འམ་ནམ་མཁའི་རྡུལ་ནི་ འབྱུང་བ་གཞན་ཐམས་ཅད་ཀྱི་གོ་སར་ཁྱབ་བྱེད་དུ་གནས་ཤིང། ཁམས་དྲུག་པ་རོ་ཆེན་པོ་ཡེ་ཤེས་ཀྱི་ཁམས་ཆོས་དབྱིངས་བདེན་པས་སྟོང་པའི་སྟོང་ཉིད་ནི་དེ་ཐམས་ཅད་ཀྱི་ངོ་བོར་གནས་པའི་ཚུལ་གྱིས་ཁྱབ་པ་ཡིན་ནོ། །ཁོ་ ན་རེ༑ ནམ་མཁའི་རྡུལ་བཤད་པ་མི་འཐད་པར་ཐལ། ནམ་མཁའ་རྟག་པ་གང་ཞིག་རྟག་པའི་རྡུལ་མི་སྲིད་པའི་ཕྱིར། གལ་ཏེ་རྟག་རྡུལ་གྱིས་འཇིག་རྟེན་རྩོམ་ན། །སྟོང་པ་ཞེས་བྱའི་རྡུལ་གྱིས་འཇིག་རྟེན་རྩོམ། །འདི་ནི་བྱེ་ [153A]༄༅། །བྲག་པ་ཡི་གཞུང་མཆོག་ཡིན། །ཅེས་པའི་ཉེས་པའང་ཐོག་ལྟར་འབབ་པའི་ཕྱིར། ཞེ་ན་སྐྱོན་མེད་དེ། འདུས་མ་བྱས་མ་ཡིན་པས་གཟུགས་ཅན་གཞན་གོ་འབྱེད་པའི་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ རྣམ་པ་ལྔའི་ནང་ནས་མངོན་པར་སྐབས་ཡོད་པ་ཞེས་བཤད་པ་བར་སྣང་གི་སྐྱ་བོ་སེང་སེང་པོར་སྣང་བ་དེ་ཉིད་ལ་བྱེད་པའི་ཕྱིར། དེ་ལྟར་ན་ཐ་མལ་པའི་དབང་ཤེས་ཀྱི་ཡུལ་མ་ཡིན་པས་སྟོང་པའི་མིང་ཅན་དུ་བཤད་པའི་ འདིར་བསྟན་འབྱུང་བ་ལྔའི་རྡུལ་རྣམས་ཀྱིས་འཇིག་རྟེན་རྩོམ་པ་ཡིན་ཏེ། དེ་རྣམས་ཕན་ཚུན་འབྱར་བ་ལ་བརྟེན་ནས་བཤད་མ་ཐག་པའི་འབྱུང་བ་རྣམས་བསྐྱེད། དེ་རྣམས་ལས་རིམ་གྱིས་འཕེལ་ནས་རླུང་དང། འབར་ བྱེད་མེ་དང། ཆུའི་དཀྱིལ་འཁོར་དང། སྟེང་གི་འཛིན་མའི་དཀྱིལ་འཁོར་རྣམས་སུ་འགྱུར་བའི་ཕྱིར། གླིང་དང་རི་བོ་རྒྱ་མཚོ་སོགས་འོག་ཏུ་རྒྱས་པར་འཆད་ཅིང། དྲང་སྲོང་ནི་སྐར་མ་བདུན་ནོ། ཞེས་པ་ལ། བླ་མ་སྔ་མ་དག་ སྐར་མ་སྨིན་བདུན་ལ་འདོད་ཀྱང། རྭ་འགྱུར་དུ་དྲང་སྲོང་བདུན་ཡང་སྐར་མའོ། །ཞེས་བྱུང་བ་ལེགས་པས་དེ་ལྟར་ན་དྲང་སྲོང་བདུན་ནི་རྟོག་གེ་འབར་བ་ལས། དབང་པོ་དང། གསལ་བ་དང། སྡེ་ཅན་དང། བདེན་ལྡན་དང་ གསེར་ཅན་དང། ཕྱོགས་ཅན་དང། ཤ་ཀུ་ན་སྟེ་སྐར་མའི་རྣམ་པའོ། །དེ་བཞིན་དུ་བཅུད་ཀྱི་འཇིག་རྟེན་སྐྱེ་གནས་བཞི་དང་ལྡན་པའི་ཆགས་ཚུལ་ཡང་ཡོད་དེ། དུད་འགྲོའི་སྐྱེ་གནས་རྣམ་པ་བཞི་པོ་སྒོ་ང་ལས་སྐྱེས་པ་ནི་ནམ་ [153B] ངང་པ་ལ་སོགས་པ་སྟེ་རླུང་གི་སྐྱེ་གནས་དང། མངལ་སྐྱེས་ནི་གླང་ཆེན་སོགས་མེ་དང། དྲོད་ཤེར་སྐྱེས་ནི་སྲིན་བུ་དང་ཕྱེ་ལེབ་སོགས་ཆུ་དང། རྫུས་སྐྱེས་ནི་ཤིག་ལ་སོགས་པའི་སྐྱེ་གནས་རྣམ་པ་བཞི་ དང༑ དེ་བཞིན་དུ་སྣ་ཚོགས་པ་དེ་ལ་མི་རྣམས་དང། ས་འོག་ཏུ་ཀླུའི་སྲིད་པའང་སྣ་ཚོགས་པ་དང། དམྱལ་བ་བདུན་རྣམས་ཆགས་པའི་ཕྱིར། འདོད་ཁམས་ཀྱི་རི་གླིང་སོགས་རྟེན་རྣམས་དང། མི་རྣམས་འབྱུང་བའི་ཚུལ་ ཡོད་དེ། བཤད་མ་ཐག་པའི་སྟོང་པའི་དབུས་སུ་བརྟེན་པ་རྣམས་ཆུ་ལ་ལན་ཚྭ་ཆགས་པ་དང། མི་རྣམས་སྒོ་ངའི་དབུས་སུ་སྒོང་སྐྱེས་བྱིའུ་ཕྲུག་བཞིན་དུ་འབྱུང་བའི་ཕྱིར། དེས་ན་མཁས་པ་དག་འགྲོ་བ་འབྱུང་བའི་སྐྱེ་གནས་ ཅན་དུ་བསྡུས། །འདི་ནི་ཚུར་རོལ་མཛེས་པའི་གཞུང་ལུགས་ཡིན། ཞེས་གསུངས་པའི་ཉེས་པ་མི་འཇུག་སྟེ། འདིར་ནི་ཕྱི་ནང་གཞན་གསུམ་གྱི་ཆོས་ཐམས་ཅད་སྔར་ཡང་ཡང་བཤད་པ་ལྟར་དགོས་པ་ཁྱད་པར་ཅན་གཟིགས་ ནས་ཁམས་དྲུག་ཏུ་བསྡུ་བར་མཛད་ལ། དེའི་ཚེ་སྐྱེ་གནས་བཞི་ཡང་ཁམས་དེ་དང་དེའི་རིགས་སུ་བསྡུ་བ་ཤེས་པའི་ཆེད་ཡིན་པའི་ཕྱིར། དེ་བཞིན་དུ་འདིར་རྫུས་ཏེ་སྐྱེས་པ་ནི་ལྗོན་པ་ལ་སོགས་པ་སྟེ། ཞེས་གསུངས་པའང་ ལྗོན་ཤིང་ལ་སོགས་དུད་འགྲོའི་སྐྱེ་བར་བསྡུས། །འདི་ནི་གཅེར་བུ་པ་ཡི་ལུགས་བཟང་ཡིན། ཞེས་གསུངས་པའི་སྐྱོན་ཡང་མེད་དེ། ལྗོན་པར་བསྒྱུར་བ་འགྱུར་མི་ལེགས་པས། རྩ་མིས་ཤིག་ཏུ་བསྒྱུར་བ་ལྟར་ཡིན་པའི་ [154A]༄༅། །ཕྱིར༑ ཁ་ཅིག་རྫུས་སྐྱེས་ལ་ཆེ་ཆུང་གཉིས་སུ་བྱས་ཏེ། ལྗོན་ཤིང་སོགས་རྫུས་སྐྱེས་ཆེན་པོ་བརྟན་པའི་རྫུས་སྐྱེས་ཡིན་ཟེར་བ་མི་འཐད་དེ། འདིར་དུད་འགྲོའི་སྐྱེ་གནས་བཞི་ངོས་འཛིན་པའི་ སྐབས་སུ་རི་གླིང་ལྗོན་ཤིང་སོགས་རྫུས་སྐྱེས་སུ་བསྟན་པ་ལ་འབྲེལ་མེད་པའི་ཕྱིར་དང། གང་གི་སྐྱོན་བརྗོད་མཛད་པའི་ཉེས་པའང་སོར་གནས་པའི་ཕྱིར་དང། ཁྱད་པར་ལྗོན་ཤིང་ནི་རྫུས་སྐྱེས་དང་སྐྱེ་ཚུལ་རྣམ་པ་ཙམ་ ཡང་མི་འདྲ་ཡི། དྲོད་གཤེར་ལས་སྐྱེ་བ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །གསུམ་པ་ནི། ལུས་དང་ཡེ་ཤེས་ནམ་མཁའ་དང་ནི་རླུང་དང་མེ་དང་ཆུ་དང་ས་དང་བརྟན་དང་གཡོ་བ་དང། །ལྷ་ནི་མཐོང་བ་སྐྱེད་མིན་དག་དང་ སྲིད་པ་རྣམ་བཅུར་གསུངས་པ་རྡོ་རྗེ་ཡི་ནི་ལུས་ངག་ལས། །སྔགས་ཀྱི་སྐྱེ་གནས་དག་ནི་འབྱུང་བར་འགྱུར་ཞིང་མི་ཡི་བདག་པོ་སླར་ཡང་འདི་ཉིད་དུ་གྲོལ་ཏེ། །དེ་ལྟར་གང་གིས་ཡང་དག་རིག་པ་དེ་ནི་ཕྱུགས་མིན་ སེམས་ཀྱི་ཀུན་ཏུ་རྟོག་པ་དག་ལས་གྲོལ། ཞེས་གསུངས། འདིའི་དོན་འཆད་པ་ལ་བཞི། ཕྱི་ནང་གི་སྲིད་པ་བཅུ་སྒྲིབ་བྲལ་རྡོ་རྗེ་ཡེ་ཤེས་ཀྱི་རྟེན་རྡོ་རྗེའི་ལུས་ལས་སྔགས་ཀྱི་སྐྱེ་གནས་འབྱུང་ཚུལ། སྔགས་ཀྱི་སྐྱེ་ གནས་ལས་རྣམ་བཅུ་དབང་ལྡན་གྱི་སྔགས་འབྱུང་སྡུད་ཀྱི་ཚུལ་མཚོན་དོན་དང་བཅས་པ། དེ་ལྟ་བུའི་སྔགས་ཀྱི་ངེས་དོན་རིག་པའི་ཕན་ཡོན། རྣམ་བཅུ་དབང་ལྡན་གྱི་ངེས་དོན་མཚན་བརྗོད་ཀྱི་ལུང་དང་སྦྱར་བའོ། །དང་པོ་ [154B] ཕྱི་ནང་གི་སྲིད་པ་བཅུ་སྒྲིབ་བྲལ་དུ་བྱས་པ་ཆོས་བཅུའི་རང་བཞིན་རྡོ་རྗེ་ཡེ་ཤེས་ནི་རྣམ་བཅུ་དབང་ལྡན་གྱི་མཚོན་དོན་གྱི་གཙོ་བོ་ཡིན་ལ། དེ་ཤེས་པར་བྱ་བའི་ཕྱིར་དུ་ཕྱི་ནང་གི་སྲིད་པ་བཅུའི་རྣམ་གཞག་ཤེས་དགོས་སོ། །འོ་ ན༑ དེ་ལྟར་དགོས་ན་ཐོག་མར་ཕྱིའི་སྲིད་པ་བཅུའི་རྣམ་གཞག་ཅི་ཞེ་ན། བཞག་ཏུ་ཡོད་དེ། ལུས་དང་ཞེས་པ་ཟླ་བ་དང། ཡེ་ཤེས་ཞེས་པ་ཉི་མ་དང། དེ་བཞིན་དུ་ནམ་མཁའ་དང་ནི་རླུང་དང་མེ་དང་ཆུ་དང་སའི་ཁམས་རྣམས་ དང༑ བརྟན་པ་རི་རབ་དང། གཡོ་བ་འདོད་གཟུགས་ཀྱི་གནས་དང། ལྷ་ནི་མཐོང་བ་སྐྱེད་མིན་དག་དང་ཞེས་པས་གཟུགས་མེད་ཁམས་རྣམས་ཕྱིའི་སྲིད་པ་བཅུར་བཞོག་པའི་ཕྱིར། དེ་བཞིན་དུ་ནང་གི་སྲིད་པ་བཅུ་དང་སྦྱར་ བས་སྒྲུབ་པ་པོའི་རྡོ་རྗེའི་ལུས་བསྟན་པ་ཡིན་ཏེ། ལུས་དང་ཡེ་ཤེས་ཞེས་པ་ནང་གི་ཟླ་ཉི་གཉིས་དང། ནམ་མཁའ་དང་ནི་ཞེས་སོགས་ཀྱིས་ནང་གི་འབྱུང་བ་ལྔ་དང། བརྟན་པས་སྒལ་ཚིགས་དང། གཡོ་བས་དཔྲལ་བ་དང་ ལྷ་ནི་མཐོང་བ་སྐྱེད་མིན་ཞེས་པས་གཙུག་ཏོར་རྣམས་དང་སྦྱོར་བ་ཡིན་པའི་ཕྱིར། དེས་ན་རྡོ་རྗེའི་སྐུ་དག་གམ་ནང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལས། རྣམ་བཅུ་དབང་ལྡན་གྱི་སྔགས་ཀྱི་སྐྱེ་གནས་དག་གམ་བསྒྲུབ་གཞི་ ཧྲཀྵྱ་མྲ་ལྀ་ཨུ་རྀ་ཨི་ཨཿ་ཐིག་ལེ་དང་བཅས་པ་འབྱུང་བ་ཡིན་ཏེ། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལས་ཕྱི་ནང་གི་སྲིད་པ་བཅུ་སྒྲིབ་བྲལ་དུ་བྱས་པའི་རྡོ་རྗེ་ཡེ་ཤེས་མཚོན་བྱེད་དུ་ཧྲཀྲ་མ་ལྀ་ཨུ་རྀ་ཨི་ཨཿ་ཐིག་ལེ་དང་བཅས་ [155A]༄༅། །པ་འབྱུང་བ་ཡིན་པའི་ཕྱིར། རྡོ་རྗེའི་ལུས་ལ་སྔགས་ཀྱི་སྐྱེ་གནས་ཐིག་ལེ་ལ་སོགས་པ་འབྱུང་བར་བཤད་པའང་བསྐྱེད་བྱ་སྐྱེད་བྱེད་ཀྱི་དབང་དུ་བྱས་པ་མིན་གྱི་རྡོ་རྗེའི་ལུས་སྒྲིབ་བྲལ་དུ་བྱས་པའི་ཡེ་ཤེས་ མཚོན་བྱེད་དུ་སྔགས་ཀྱི་སྐྱེ་གནས་འབྱུང་ཞེས་པའི་དོན་ནོ། །གཉིས་པ་ནི། སྔགས་ཀྱི་སྐྱེ་གནས་ཐིག་ལེ་སོགས་བཅུ་རྡོ་རྗེའི་ལུས་ལ་འབྱུང་ཚུལ་ཡོད་དེ། ཕྱི་ནང་གི་ཟླ་བ་སྒྲིབ་བྲལ་དུ་བྱས་པ་ལས་ཐིག་ལེའི་ངེས་དོན་དང་ དེ་མཚོན་བྱེད་དྲང་དོན་གྱི་ཐིག་ལེ། དེ་བཞིན་དུ་ཉི་མ་ལས་རྣམ་དཔྱད་དང། ནམ་མཁའ་ལས་ཨ། རླུང་ལས་ཨི། མེ་ལས་རྀ། ཆུ་ལས་ཨུ། ས་ལས་ལྀ། རི་རབ་ལས་མ། གཡོ་བ་འདོད་གཟུགས་ཀྱི་ཁམས་ལས་ཀྵ་ གཟུགས་མེད་ཀྱི་ཁམས་སྒྲིབ་བྲལ་དུ་བྱས་པ་ལས་ངེས་དོན་གྱི་ཧ་དང། དེ་མཚོན་བྱེད་ཧ་ཡིག་འབྱུང་བ་ཡིན་པའི་ཕྱིར། ཡང་ན་ཕྱི་ནང་གི་ཟླ་བ་དང་དེ་སྒྲིབ་བྲལ་དུ་གྱུར་པའི་ཆ་གསུམ་མཚོན་དོན་དུ་བྱས་པ་ལས། དེ་མཚོན་ བྱེད་དུ་དྲང་དོན་གྱི་ཡི་གེ་ཐིག་ལེ་འབྱུང་ཞེས་སོགས་ཀྱང་སྦྱར་རོ། །འོ་ན་ཐིག་ལེ་སོགས་བཅུ་པོ་རྣམ་བཅུ་དབང་ལྡན་གྱི་སྐྱེ་གནས་སུ་འགྱུར་བ་དང། དེ་ལས་རྣམ་བཅུ་དབང་ལྡན་བསྒྲུབ་ཚུལ་གང་ཞེ་ན། སྐྱེ་གནས་ཀྱི་སྔགས་ཐིག་ ལེ་དང་བཅས་པ་གཡོན་དུ་མས་རིམ་བཞིན་དགོད་དེ། ཧྲ་ཀྵྲ་མྲ་ལྀ་ཨུ་རྀ་ཨི་ཨཿ་ཞེས་པས་སོ། །སྒྲ་མདོར་ཨ་ཙ་དང་བྲལ་བའི་ཡི་གེ་ཕ་རོལ་གྱི་ཡི་གེར་དྲང་ངོ། ཞེས་དང། འདིར་ཡང། གསལ་བྱེད་སྔ་མ་ཕྱི་མའི་སྟེང་དུ་འགྲོའོ་ [155B] ཧ་ཀྵའི་སྟེང་དང། ཧྐྵ་མའི་སྟེང་དུ་འགྲོ་ཞིང། ལྀ་ལ་དང། ཨུ་ཝ་དང། རྀ་ར་དང། ཨི་ཡ་རུ་བསྒྱུར་ཞིང་སྔ་མ་ཕྱི་མའི་སྟེང་དུ་བརྩེགས་པ་ལ། སྒྲ་མདོར། དབྱངས་མེད་དབྱངས་དང་སྦྱར་རོ། ཞེས་ བཤད་པས། མཐའི་ཨ་ཡ་ལ་སྲོག་ཏུ་བཅུག་སྟེ་ཐམས་ཅད་སྲོག་ལྡན་དུ་བྱས་པའི་སྟེང་དུ་རྣམ་བཅད་ཟླ་ཕྱེད་ཀྱི་རྣམ་པ་དང། ཐིག་ལེ་ཟླུམ་པོའོ། །སྟེང་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཚོན་བྱེད་ནཱ་ད་རྩེ་མོ་གཅིག་པ་བྲིས་པས་ཧཾཀྵྨླླྲྱ་ཞེས་པ་གྲུབ་ པོ༑ ༑དེ་ལྟ་བུའི་རྣམ་བཅུ་དབང་ལྡན་གྱི་ཡི་གེ་བཅུ་པོ་ལ་ཕྱི་ནང་གཞན་གསུམ་དང་སྦྱར་བའི་མཚོན་དོན་ཁྱད་པར་ཅན་དུ་མ་ཡོད་དེ། ཕྱི་སྲིད་པ་བཅུ་དང་སྦྱར་ན་སྲོག་ཏུ་བཅུག་པའི་ཨ་ཡིག་གིས་ནམ་མཁའི་ཁམས་དང། ཡི་གེ་ འོག་མ་ལྔས་འབྱུང་བཞིའི་དཀྱིལ་འཁོར་རི་རབ་དང་བཅས་པ་དང། ཀྵ་ཡིག་གིས་འདོད་གཟུགས་ཀྱི་ལྷ་གནས་དང། ཧ་ཡིག་གིས་གཟུགས་མེད་ཀྱི་གནས་དང། རྣམ་བཅད་དང་ཐིག་ལེ་གཉིས་ཀྱིས་ཟླ་ཉི་དང། ནཱ་དས་ཐམས་ཅད་ ལ་ཁྱབ་པའི་བདེན་སྟོང་དེ་ཁོ་ན་ཉིད་མཚོན་པའི་ཕྱིར། ནང་ལ་སྦྱར་ན། ཡ་ར་ལ་ཝ་བཞིས་རིམ་བཞིན་སྒྲུབ་པ་པོའི་དཔྲལ་མགྲིན་སྙིང་ཁ་ལྟེ་བའི་རྩ་འཁོར་དང། མས་སྒལ་ཚིགས་དང། ཧ་རྣམ་བཅད་ཐིག་ལེ་གསུམ་གྱིས་རྩ་ གསུམ་དང། ཀྵས་གསང་བའི་པདྨ་དང། གཞན་བསྐྱེད་རིམ་ལ་ཨ་ཡིག་གིས་ཆོས་འབྱུང་དང། ཡ་ར་ལ་ཝ་མ་ལྔས་འབྱུང་བཞིའི་དཀྱིལ་འཁོར་རི་རབ་དང་བཅས་པ་དང། ཧ་རྣམ་བཅད་ཐིག་ལེ་གསུམ་གྱིས་ཟླ་ཉི་སྒྲ་གཅན་ [156A]༄༅། །གྱི་གདན་གསུམ་དངོས་སུ་མཚོན་པའི་ཤུགས་ལ་གཞལ་ཡས་ཁང་དང། ནཱ་དས་གཙོ་བོ་དངོས་སུ་མཚོན་པའི་ཤུགས་ལ་ལྷ་གཞན་ཐམས་ཅད་མཚོན་པའི་ཕྱིར་དང། གཞན་རྫོགས་རིམ་ལའང་སྔར་ བཤད་པའི་ཡི་གེ་བཞིས་རྩ་འཁོར་བཞི་དང། ཀཥ་ཡིག་གིས་མཚན་དོན་གསང་བར་གནད་དུ་བསྣུན་པས་གཏུམ་མོ་འབར་བ་རྣམ་བཅད་ཀྱིས་དང། དེ་ལ་བརྟེན་ནས་བྱང་སེམས་དཀར་པོ་འབབ་པ་ཐིག་ལེས་དང། དེ་ལ་བརྟེན་ནས་སེམས་བདེ་ ཆེན་གྱི་ངོ་བོར་སྐྱེས་པ་ནཱ་ངས་མཚོན་པའི་ཕྱིར། འདི་ནི་བླ་མེད་སྤྱིའི་ལུགས་སོ། །ཐུན་མོང་མ་ཡིན་པའི་མཚོན་ཚུལ་ཡོད་དེ། རྣམ་བཅད་འོག་ཏུ་བྱས་པས་ཁམས་དམར་པོ་སྤྱི་བོ་ནས་འཐུར་དུ་བརྟན་པ་དང། ཐིག་ལེ་སྟེང་དུ་བྱས་པས་ ཁམས་དཀར་པོ་ནོར་བུའི་རྩེ་ནས་སྟེང་དུ་བརྩེགས་པ་དང། ནཱ་དས་དེ་ལ་བརྟེན་ནས་སེམས་མཆོག་མི་འགྱུར་གྱི་བདེ་བའི་ངོ་བོར་གྱུར་པ་དང། ཀཥ་ཡིག་གིས་གནད་དུ་བསྣུན་པའི་སྒྲུབ་པ་པོའི་གསང་བའི་པདྨ་དང་བདེ་ཆེན་གྱི་རྟེན་ཕྱག་ རྒྱ་གསུམ་གྱི་པདྨ་དང། སྲོག་གི་ཨ་ཡིག་གིས་མཆོག་མི་འགྱུར་གྱི་བདེ་ཆེན་དེ་ཉིད་ལ་སྦྱོར་བའི་ཡུལ་སྟོང་པ་ཉིད་མཚོན་པ་ཡིན་པའི་ཕྱིར་འབྲས་བུ་དང་སྦྱོར་ཚུལ་ཡང་ཡོད་དེ། ཧཾ་ཡིག་གིས་འབྲས་དུས་ཀྱི་མཆོག་མི་འགྱུར་གྱི་ཡེ་ཤེས་མཚོན་ ཀཥ་ཡིག་གིས་རྣམ་བཅས་རྣམ་མེད་ཀྱི་ཕྱག་རྒྱ་མཚོན། དེ་གཉིས་དབྱེར་མེད་དུ་སྦྱར་བའི་སྟོབས་ཀྱིས་ཁམས་དྲུག་པོ་ཐམས་ཅད་སྒྲིབ་བྲལ་དུ་བྱས་པའི་སྟོང་ཆེན་ཡི་གེ་ལྔ་དང་ཡི་གེ་དྲུག་མཚོན་པའི་ཕྱིར། ངག་དོན་ནི། རྣམ་བཅུ་དབང་ལྡན་ཆོས་ [156B] མཚོན་བྱེད་རྨད་དུ་བྱུང་བའི་ཁྱད་པར་དང་ལྡན་ཏེ། ཕྱི་ནང་གཞན་གསུམ། གཞི་ལམ་འབྲས་གསུམ་གྱི་ཆོས་རྫོགས་པར་མཚོན་པ་ཡིན་པའི་ཕྱིར། སྡུད་ཚུལ་ནི། སྔགས་ཀྱི་སྐྱེ་གནས་ཧ་ནས་ཐིག་ལེའི་བར་རྣམས་ལ་བསྒྲུབས་པ་ རྣམ་བཅུ་དབང་ལྡན་འབྱུང་བར་འགྱུར་ཞིང། སླར་ཡང་དེ་ཉིད་དུ་གྲོལ་ཏེ་སྡུད་པའི་དུས་ཕར་བསྒྱུར་ན་སྔར་གང་ལས་བསྒྲུབས་པའི་ཧ་ཀྵ་མ་ལྀ་ཨུ་རྀ་ཨི་ཨཿ་འདི་ཉིད་དུ་གྲོལ་བ་སྟེ་ཐིམ་ནས་ཡི་གེ་དེ་དག་ཏུ་འགྱུར་བའི་ཕྱིར་ མིའི་བདག་པོ་ཞེས་པ་ཟླ་བཟང་ལ་བོད་པའོ། །མཚོན་བྱེད་ཡི་གེ་དེ་སྡུད་པའི་མཚོན་དོན་ཡོད་དེ། འཇིག་རྟེན་འཇིག་པ་ན་ཕྱིའི་སྲིད་པ་རྣམ་པ་བཅུ་ནམ་མཁའི་ཁམས་ཉིད་ལ་ཐིམ་པ་མཚོན་པའི་ཕྱིར། གསུམ་པ་ནི། དེ་ལྟར་ སྒྲུབ་པ་པོ་གང་གིས་རྣམ་བཅུ་དབང་ལྡན་བསྒྲུབས་པའི་མཚོན་དོན་ཡང་དག་པར་རིག་པ་དེ་ནི་ཆོས་ཅན། ཕྱུགས་ཏེ་མི་ཤེས་རྨོངས་པའི་དབང་དུ་སོང་བ་མ་ཡིན་ཏེ། རིམ་གྱིས་སེམས་ཀྱི་ཀུན་ཏུ་རྟོག་པས་བཏགས་པ་ཙམ་གྱི་ གནས་སྐབས་ལས་མྱུར་དུ་གྲོལ་བར་འགྱུར་བའི་ཕྱིར་རོ། །བཞི་པ་ནི། རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག་ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཐོག་མ་མེད་པ་སྤྲོས་ མེད་བདག་དེ་བཞིན་ཉིད་བདག་དག་པའི་བདག་བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །གཉིས་མེད་གཉིས་སུ་མེད་པར་གསུང། །ཡང་དག་མཐའ་ལ་རྣམ་པར་གནས། །བདག་མེད་སེང་གེའི་ [157A]༄༅། །སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། ཅེས་གསུངས། དོན་ནི། ཕྱི་ནང་གི་སྲིད་པ་རྣམ་པ་བཅུ་སྒྲིབ་བྲལ་དུ་གྱུར་པའི་དོན་བཅུ་ཐིག་ལེ་ལ་སོགས་པ་སྔགས་ཀྱི་ཡི་གེ་བཅུའི་ངེས་དོན་མཐར་ ཐུག་གི་ཡེ་ཤེས་ནི་ཆོས་ཅན། ཐུབ་དབང་སྟོབས་བཅུ་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་རིགས་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་དུ་གྱུར་པ་ཡིན་ཏེ། ཁྱོད་ནི་སེམས་ཅན་ཀུན་གྱི་དོན་མ་ལུས་པ་བྱེད་པ་དང། སྒྲིབ་བྲལ་གྱི་ཆོས་རྣམ་པ་ བཅུ་ལ་དབང་བྱེད་པ་དང་ལྡན་པས་ཆེ་བ་པོ་སྟེ་གཙོ་བོར་གྱུར་པ་ཡིན་པའི་ཕྱིར། དེ་ཆོས་ཅན། ཡང་དག་པའི་མཐའ་མངོན་དུ་བྱས་པ་ལ་རྣམ་པར་གནས་པ་ཡིན་ཏེ། ཁྱོད་ཀྱི་ཐོག་མ་མེད་པ་སྟེ། གདོད་མ་ནས་རྟག་ཆད་ཀྱི་ སྤྲོས་པ་མེད་པའི་བདག་ཉིད་དུ་གནས་པའི་དེ་བཞིན་ཉིད་དང་དབྱེར་མེད་པའི་བདག་ཉིད་གཉིས་སྣང་གི་བག་ཆགས་དག་པའི་བདག་ཉིད་དུ་གནས་པའི་ཕྱིར། ཡེ་ཤེས་དེ་དང་ལྡན་པའི་ཐུབ་དབང་ཆོས་ཅན། ཡང་དག་མཐའ་ མངོན་དུ་མཛད་ཀྱང་ཆོས་སྟོན་པའི་མཛད་པ་རྒྱུན་མི་འཆད་པ་ཡིན་ཏེ། ཇི་ལྟར་བསྟན་པ་ལྟར་མི་སླུ་བ་བདེན་པར་སྨྲ་བའི་སྒོ་ནས་ཆོས་འཁོར་བསྐོར་བའི་ཕྱིར། མི་སླུ་བའི་རྒྱུ་མཚན་ཡོད་དེ། ཚིག་དེའི་དོན་ཇི་སྐད་སྨྲས་པ་ལས་ གཞན་དུ་མི་འགྱུར་བའི་ཕྱིར་ཏེ། ཁྱོད་ཀྱིས་གདུལ་བྱ་ལ་ཇི་སྐད་སྨྲས་པ་དེ་བཞིན་དུ་ཚད་མས་དཔྱད་ཀྱང་བྱེད་ཀྱི་དེ་ལས་གཞན་དུ་ཚད་མས་ཀྱང་བྱེད་མི་ནུས་པའི་ཕྱིར་ཏེ། ཆོས་ཐམས་ཅད་གང་ཟག་དང་ཆོས་ཀྱི་བདག་གཉིས་ [157B] དེའི་ཕྱིར་བདག་མེད་པ་སྟོན་པའི་སེང་གེའི་སྒྲས་བདག་ཏུ་ལྟ་བའི་མུ་སྟེགས་ཀྱི་རི་དྭགས་ངན་པ་རྣམས་འཇིགས་པར་བྱེད་པ་ཡིན་ པའི་ཕྱིར། བཞི་པ་ནི། གཡོན་གྱི་ཡན་ལག་ཏུ་ནི་དཀར་པོ་འབར་བ་འགྲོ་བའི་བདུད་རྩིའི་ཆ་དང་གཡས་སུ་དམར་པོའི་མདོག་སྒྲ་གཅན་དུས་མེ་ཟླ་བ་ཉི་མ་རི་བོང་ཅན་གྱི་བུ་དང་ས་སྐྱེས་དཀར་པོ་བླ་མ་དང། །མཇུག་རིང་དམན་པ་ཆར་ དང་གློག་དང་ཆུ་དང་རྩེ་མོ་ཅན་ཏེ་འབར་བ་རྣམས་ནི་ཟུང་བདུན་པོ། །འཇིག་རྟེན་ལ་ནི་གནས་པ་ཉིད་དེ་མུན་པ་མེད་པ་ཟུང་གཅིག་དག་ནི་མུན་པའི་མཐའ་ལའོ། །རྒྱབ་ཏུ་སེར་པོ་ཡང་ནི་སྐར་མ་ལྷ་གཞུ་ས་སྟེ་དེ་ནི་རྣམ་བཞི་ གཉིས་ཀྱི་དབྱེ་བས་སོ། །སྲོག་ཅེས་བྱ་བ་གཅིག་པུའི་རླུང་ནི་རྣམ་བཅུར་འགྱུར་ཏེ་སྤྱི་བོ་རྩ་བ་དག་དང་མདུན་དུའོ། །དབུས་ཀྱི་རྡོ་རྗེའི་སྟེང་དུ་ས་བོན་རང་གི་ནུས་པ་ཡོན་ཏན་ཚོགས་དང་བཅས་པ་འོག་ཏུ་གནས། །ཀུན་ཏུ་ཡེ་ཤེས་ དང་ནི་སྟོང་པའོ་ཞི་བ་གནས་དང་བཅས་པ་དངོས་པོ་ཀུན་གྱིས་རྣམ་པར་གྲོལ། ཞེས་གསུངས། འདི་ལ་བཞི། བདུན་ཟུར་ས་བོན་དང་བཅས་པ་བཤད་པ། བསྒྲུབ་ཚུལ་གཉིས་ཀྱི་དབང་གིས་ཨེ་ཝཾ་ཧ་ཀྵར་འགྱུར་ཚུལ། སྔགས་ ཀྱི་ཚིག་ཐམས་ཅད་ལ་སྟོང་ཆེན་ཡི་གེ་ལྔ་ཁྱབ་བྱེད་དུ་བསྟན་པ། དེ་ཉིད་ཀྱི་ངེས་དོན་མཚན་བརྗོད་ཀྱི་ལུང་དང་སྦྱར་བའོ། །འདི་དག་གི་དགག་སྒྲུབ་རྒྱས་པ་ཊཱིག་ཆེན་ལས་ཤེས་པར་བྱ་སྟེ་འདིར་ནི་རང་ལུགས་ཙམ་ཞིག་བརྗོད་ [158A]༄༅། །པར་བྱའོ། །དེའང་སྔར་བཞིན་དབུས་སུ་གཞོམ་མེད་ལྷན་སྐྱེས་མཚོན་པའི་མཚན་མ་གྲི་གུག་གི་རྣམ་པ་དང། དེའི་གཡོན་དུ་ཐིག་ལེ་དཀར་པོ། གཡས་སུ་རྣམ་བཅད་དམར་པོ། ནུབ་རྒྱབ་ཏུ་ཐོད་པ་སེར་པོ། ཤར་ དུ་དབྱུག་པ་ནག་པོ། དེ་རྣམས་ནི་གཞི་དུས་ཀྱི་ཆུ་མེ་ས་རླུང་གི་ཁམས་བཞི་སྒྲིབ་བྲལ་དུ་གྱུར་པའི་སོར་རྟོག་མཉམ་ཉིད་མེ་ལོང། བྱ་གྲུབ་ཡེ་ཤེས་བཞི་མཚོན་པའི་མཚན་མ་སྟེ་མ་རིག་བག་ཆགས་ཀྱི་མུན་པ་སྤངས་པའི་ཡེ་ ཤེས་ཀྱི་འོད་ཟེར་བཞི་པོ་དེ་མཚོན་པའི་ཕྱིར་རོ། །རིམ་པ་བཞིན་གྱི་དཀར་པོ་འབར་བ། དམར་པོ་འབར་བ། སེར་པོ་འབར་བ། ནག་པོ་འབར་བ་ཞེས་བྱའོ། །དབུས་གཞོམ་མེད་ཀྱི་སྟེང་འོག་ཏུ་མཚན་མ་གཉིས་བཀོད་པ་ནི་སྲོག་ཐུར་ སྒྲིབ་བྲལ་དུ་གྱུར་པའི་ཡེ་ཤེས་ཆོས་ཉིད་སྒྲིབ་བྲལ་གྱི་ནམ་མཁའི་ཁམས་ཀྱི་ལྡོག་པ་དང། ཆོས་ཅན་ཡེ་ཤེས་སྒྲིབ་བྲལ་གྱི་ཡེ་ཤེས་ཀྱི་ཁམས་ཀྱི་ལྡོག་པ་གཉིས་སུ་དབྱེ་བའི་དང་པོ་སྟེང་དང། གཉིས་པ་འོག་གི་མཚན་མ་ལ་རིམ་ བཞིན་འོད་ཟེར་ལྗང་ཁུ་དང་སྔོན་པོ་ཞེས་བྱའོ། །དབུས་ཀྱི་གཞོམ་མེད་ཀྱི་ཕྱི་རོལ་གཡོན་དུ་སྒྲ་གཅན། གཡས་སུ་དུས་མེ། དེ་བཞིན་དུ། གཡོན་དུ་ཟླ་བ། གཡས་སུ་ཉི་མ། ཡང་གཡོན་དུ་གཟའ་ལྷག་གཡས་སུ་བཀྲ་ཤིས་ ཡང་གཡོན་དུ་པ་ཝ་སངས། གཡས་སུ་ཕུར་བུ། ཡང་གཡོན་དུ་མཇུག་རིང། གཡས་སུ་སྤེན་པ། དེའི་ཕྱིར་གཡས་སུ་ཆར། གཡོན་དུ་གློག་དེའི་ཕྱིར་གཡོན་དུ་ཆུ། གཡས་སུ་མེ་སྟེ་ཟུང་བདུན་ནོ། །གཡོན་གཡས་ཀྱི་ [158B] བདུན་ཟུང་པོ་ཐབས་ཤེས་སུ་སྦྱོར་བ་ཤེས་པའི་ཆེད་ཡིན་པའི་ཕྱིར། ཤར་ནུབ་ཀྱི་བདུན་ཟུང་ལ་སྲོག་ཐུར་ནི་སྟེང་འོག་ཏུ་འགོད་ཅིང། ནོར་རྒྱལ་བདུན་ཟུང་ལ་མི་རྟོགས་པས་ རླུང་ལྷག་མ་མཉམ་གནས་སོགས་བདུན་གྱི་མཚན་མ་དབྱུག་པའི་རྣམ་པའི་ཕྱི་རོལ་ཤར་དུ་འགོད་ལ། སེར་པོ་འབར་བ་ཐོད་པའི་རྣམ་པ་རྒྱབ་ཏུ་རིམ་བཞིན་སྐར་མ་ཕྲ་སྒོམ་གཉིས་ལྷའི་གཞུ་ས་ཕྲ་སྦོམ་གཉིས། རྡོ་ཕྲ་སྦོམ་ གཉིས་འགོད་དེ་ཤར་ནུབ་ཀྱི་ཟུང་བདུན་ནོ། །ནོར་རྒྱལ་ཟུང་བདུན་ལ་མི་འདྲེན་པའི་རྒྱུ་མཚན་ཡོད་དེ། ལུས་རླུང་ཐབས་ཤེས་སུ་འཇོག་པའི་ཚེ་ལུས་ཀྱི་ས་ཕྲ་རགས་སོགས་གང་ལ་ལྟོས་པའི་ཐབས་དང་ཤེས་རབ་གང་ཡང་ མ་ཡིན་པའི་ཕྱིར། མཚན་མ་རྣམས་འཕྲེད་ལ་བསྒྲིགས་པ་དང། ནང་ནས་རིམ་པ་བཞིན་ཕྱི་ནང་བསྒྲིགས་པ་གཉིས་ལས། རང་ལུགས་ཕྱི་མ་ལྟར་ལེགས་ཤིང། མཚན་མ་ཡང་ཤར་དུ་ཐིག་ལེ་ནག་པོ་བདུན་སོགས་ འགོད་པ་ཡོད་མོད་ཀྱང། ས་བན་ལཉྪའི་རྣམ་པར་འགོད་པ་གཞུང་གི་དགོངས་པ་ཡིན་པས་ཐམས་ཅད་ཀྱི་མགོ་བོ་ཐོད་པའི་རྣམ་པ་སེར་པོ། རྐང་པ་དབྱུག་པའི་རྣམ་པ་ནག་པོ། རྣམ་བཅད་དམར་པོ་ཐིག་ལེ་དམར་པོས་ བརྒྱན་པ། གཡོན་དཀར། གཡས་དམར། མདུན་ནག་རྒྱབ་སེར་བ་འགོད་ཅིང། ནོར་རྒྱལ་མཚན་མ་ཤར་གྱི་བདུན་རྫོགས་པའི་མཐར་འགོད་དོ། །མཚན་མའི་ས་བོན་ཡང་བཞག་ཏུ་ཡོད་དེ། སྟེང་དུ་སྲོག་གི་ས་བོན་ [159A]༄༅། །གཞོམ་མེད་ཀྱི་ཕྱི་རོལ་ནུབ་ཏུ་ཧ། འོག་ཏུ་ཐུར་སེལ་ས་བོན་གཞོམ་མེད་ཀྱི་ཕྱི་རོལ་ཤར་དུ་ཧཱ། གཡོན་དུ་ནང་ནས་རིམ་བཞིན། ཨཾ། ཨུ་ཨཱུ། ཨོ་ཨཽ། ཝ་ཝཱ་དང། དེ་བཞིན་དུ་གཡས་སུ། ཨཱ། རི་རཱི་ ཨ་ར་ཨཱར། ར་རཱ་རྣམས་དང། དེ་བཞིན་དུ་ཤར་དུ། ཨི་ཨཱི། ཨེ་ཨཻ། ཡ་ཡཱ་དང། དེ་བཞིན་དུ་ནུབ་ཏུ་ཨཱ། ལ་ལཱ་དང། ཨལ་ཨཱལ། ལ་ལ་དང། ནོར་རྒྱལ་གྱི་ས་བོན་ཀཥ་རྣམས་འགོད་པ་ཡིན་པའི་ཕྱིར། ཚུལ་འདི་ ནང་ལ་སྦྱོར་བའི་ཚུལ་ཡོད་དེ། རླུང་བཅུ་ནི་ནང་གི་རླུང་བཅུ་དང། གཟའ་བཅུ་ནང་ལ་སྦྱོར་བའི་ཆ་ལུས་ཀྱི་བུག་པ་དང། དབང་པོ་དང། རྩ་ལ་སྦྱོར་ཚུལ་དུ་མ་ཡོད་ཀྱང་འདིར་ནང་ལེའི་ཚིགས་བཅད་བཞི་བཅུ་པ་རྩ་འགྲེལ་ གྱིས་བསྟན་པ་ལྟར། གཡོན་ནས་ནམ་མཁའ་རླུང་མེ་ཆུ་སའི་རིམ་པས་རྒྱུ་བའི་དཀྱིལ་འཁོར་ལྔ་ལ་དབང་བྱེད་པའི་ཕུང་པོ་ལྔ་ལ་རིམ་བཞིན་སྒྲ་གཅན། ཟླ་བ། གཟའ་ལྷག་པ་ཝ་སངས། མཇུག་རིང་དང། གཡས་ན་ས་ཆུ་ མེ་རླུང་ནམ་མཁའི་རིམ་པས་རྒྱུ་བའི་དཀྱིལ་འཁོར་ལ་རིམ་བཞིན་དབང་བྱེད་པའི་ཁམས་ལྔ་རྣམས་ལ་ནང་གི་གཟའ་དུས་མེ། ཉི་མ། བཀྲ་ཤིས། ཕུར་བུ། སྤེན་པ་ཞེས་གསུངས་ཤིང། ཆུ་ནི་ལུས་ཀྱི་ཆུ་སེར་སོགས་གཤེར་ བའི་ཆ་དང། མེ་ནི་ལུས་ཀྱི་དྲོད་དང་ཆར་ནི་དྷཱུ་ཏཱིའི་ལམ་ནས་བརྒྱུད་དེ་ལྕེ་དང་ལྕེ་ཆུང་གི་རྩ་ནས་འབབ་པའི་དཀར་ཆ་དང། གློག་ནི་དབང་ལེར་མེ་གསུམ་གྱི་ངེས་པའི་སྐབས་སུ་གསུངས་པ་ལྟར་དབུ་མའི་ནང་གི་གཏུམ་མོའི་ [159B] སྐར་མ་ནི་ནང་དུ་སོའི་འཕྲེང་བ་དང། དེ་ཉིད་ལ་ན་ཚོད་ཀྱི་པྲ་སྦོམ་གཉིས་དང། ས་ཕྲ་རགས་ནི་ནང་དུ་ཤ་ཕྲ་རགས། རྡོ་ཕྲ་རགས་ནི་ནང་དུ་རུས་པ་ཕྲ་རགས། ལྷ་གཞུ་ནི་ཕྱིར་འཇའ་ཚོན་དང། ནང་དུ་བཤད་པ་རྣམས་སུ་སྦྱོར་ བ་ཡིན་པའི་ཕྱིར། གཞན་ལ་སྦྱར་བ་ནི་འགྲེལ་པར། དེ་ལྟར་ན་སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་རྡོ་རྗེ་སེམས་དཔའི་ཡུལ་ཝཾ་ཡིག་སྟེ་རྡོ་རྗེ་ཡན་ལག་མེད་པའི་བསྒྲུབ་པ་ལ་ཧཾ་ཡིག་སྟེ། དེའི་ཕྱི་རོལ་དུ་ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི་ཝཾ་ཡིག་ གི་ཕྱོགས་ལ་རྟེན་ཨེ་ཡིག་ཅེས་བརྗོད་ཅིང། ཧཾ་ཡིག་གི་ཕྱོགས་ལ་སྐྱེ་གནས་ཀཥ་ཡིག་སྟེ་རྡོ་རྗེ་དང་པདྨ་ཡང་ངོ། ཞེས་གསུངས་པའི་དོན་བཤད་པར་བྱ་སྟེ། ཨེ་ཝཾ་གྱི་མཚོན་དོན་སྟོང་གཟུགས་དུས་ཀྱི་འཁོར་ལོ་ཡབ་ཡུམ་དངོས་ གནས་ལ་གྲུབ་པའི་ཡབ་ཀྱི་གསང་གནས་ཀྱི་རྡོ་རྗེ་ལ་རྡོ་རྗེ་ཡན་ལག་མེད་པ་ཞེས་བྱ་ལ། དེ་ཉིད་ཧཾ་ཡིག་གིས་མཚོན་ཞིང་སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་པདྨ་ནི་ཀཥ་ཡིག་གིས་མཚོན་པ། ཧྐྵཾ་བརྩེགས་པ་ནི་དེ་གཉིས་མཉམ་པར་སྦྱོར་ བ་མཚོན། དེ་ཉིད་གཙོ་བོར་བྱས་ནས་བསྒྲུབ་པའི་རྣམ་བཅུ་དབང་ལྡན་གྱི་ཡི་གེ་བསྒྲུབ་པ་ལ་རྡོ་རྗེ་ཡན་ལག་མེད་པའི་བསྒྲུབ་པ་ཞེས་གསུངས་སོ། །དེ་ནས་བདུན་ཟུང་གི་དབུས་སུ་ཝཾ་ཡིག་དང་ཧཱུཾ་གང་རུང་བཀོད་པས་ཆོག་སྟེ་ མཚན་མའི་ཡི་གེ་གསུངས་པ་ན། ཨེ་ཝཾ་ཀྵ་ཧ་བཞི་ག་གསུངས་པའི་ཕྱིར། དེ་ལྟར་གསུངས་པ་ལ་དགོས་པ་ཁྱད་པར་ཅན་ཡོད་དེ། ཧྐྵཾས་མཚོན་པ་སྟོང་གཟུགས་དུས་ཀྱི་འཁོར་ལོ་ཡབ་ཡུམ་དངོས་སུ་གྲུབ་པའི་རྡོ་རྗེ་དང་པདྨ་ [160A]༄༅། ། གཉིས་སྦྱར་བའི་སྟོབས་ཀྱིས་ཡི་གེ་རྣམས་ཀྱི་རྣམ་བཅད་དང། ཐིག་ལེ་སྟོང་འོག་ཏུ་གནས་པའི་མཚོན་དོན་དཀར་པོ་སྟེང་དུ་བརྟན་ཅིང་དམར་པོ་འོག་ཏུ་བརྟན་པ་ལས་བྱུང་བའི་མཆོག་མི་འགྱུར་གྱི་བདེ་བའི་ སྟོབས་ཀྱིས་སྟེང་འོག་དང་ཤར་གྱི་མཚན་མ་རྣམས་ཀྱི་མཚོན་དོན། རླུང་བཅུའི་རྒྱུ་བ་འགག་པར་འགྱུར་བ་ཡིན་པའི་ཕྱིར། དེ་ལྟར་འགག་པར་འགྱུར་ཚུལ་ཡོད་དེ། དཀྱིལ་འཁོར་བཅུའི་རླུང་གི་རྒྱུ་བ་ལ་དབང་བྱེད་པའི་གཟའ་ བཅུའི་མིང་ཅན་ཕུང་པོ་ལྔ་དང་ཁམས་ལྔ་སྒྲིབ་བྲལ་དུ་བྱས་ཤིང། གཡོན་གཡས་ཀྱི་ཆར་དང་གློག་དང་ཆུ་མེ་དང། ནུབ་ཀྱི་ས་བདུན་གྱིས་མཚོན་པ་རླུང་མ་གཏོགས་ལུས་ཀྱི་བེམ་པོའི་ཁམས་ཟད་པར་བྱས་པའི་སྒོ་ནས་འགག་ པར་འགྱུར་བའི་ཕྱིར། ཡི་གེ་ཐམས་ཅད་སྟོང་ཆེན་ཡི་གེ་ལྔ་མཚོན་པའི་མགོ་བོ་སེར་པོ། །རྐང་པ་ནག་པོ། །རྣམ་བཅད་དམར་པོ། །ཐིག་ལེ་དཀར་པོ་སྟེ་ཆོས་ལྔ་ལྡན་བྱས་པ་ལ་དགོས་པ་ཡོད་དེ། གཞིའི་ཆོས་ཐམས་ཅད་སྒྲིབ་བྲལ་ དུ་གྱུར་པ་ན་དབུས་ཀྱི་མཚན་མས་མཚོན་པ་སྟོང་ཆེན་ཡི་གེ་ལྔའི་བདག་ཉིད་དུ་འགྱུར་བ་ཤེས་པའི་ཆེད་ཡིན་པའི་ཕྱིར། ད་ནི་ཚིག་དོན་བཤད་པར་བྱ་སྟེ། དབུས་མ་གཞོམ་མེད་ཀྱི་གཡོན་གཡས་ཀྱི་ཡན་ལག་ཉིད་དུ་ནི་ཇི་ ལྟར་བྱ་བ་ཡོད་དེ། ཐིག་ལེ་གཅིག་འགོད་པ་དེ་ནི་དཀར་པོ་འབར་བ་ཞེས་བྱ་བ་གཞན་འབྲས་བུ་ལ་སོར་རྟོག་ཡེ་ཤེས་དང། ནང་ལ་འགྲོ་བ་ཁམས་དྲུག་ལྡན་གྱི་རྐྱང་མ་ལ་འབབ་པའི་བདུད་རྩི་དཀར་པོའི་ཆ་ཤས་དང། དེ་བཞིན་ [160B] ནང་ལ་རོ་མའི་དམར་ཆ་མཚོན་བྱེད་འགོད་པ་ཡིན་པའི་ཕྱིར། དེའི་ཕྱིར་རོལ་གཡོན་གཡས་སུ་ཟུང་བདུན་པོ་འགོད་ཚུལ་ ཡོད་དེ། སྔར་གྱི་གྲངས་བཞིན་གཡོན་དུ་སྒྲ་གཅན་གྱི་ཨཾ། གཡས་སུ་དུས་མེའི་ཨཿ་ཞེས་སོགས་རིགས་སྒྲེས་ལ། ཟླ་བ་ཉི་མ་གཉིས་རི་བོང་ཅན་གྱི་བུ་གཟའ་ལྷག་དང། ས་སྐྱེས་མིག་དམར་ཉིས། དཀར་པོ་ལ་ཝ་སངས། བླ་ མ་ཕུར་བུ་གཉིས། མཇུག་རིང་དང་དམན་པ་སྤེན་པ་གཉིས་ཆར་དང་གློག་གཉིས་དང། གཡོན་དུ་ཆུའི་ཝཱ། གཡས་སུ་རྩེ་མོ་ཅན་མེར་འོད་ཟེར་འབར་བ་རྣམས་ཀྱི་མཚོན་དོན་ནི། ཕྱི་རོལ་འཇིག་རྟེན་ལ་གནས་ཤིང་དེར་མ་ཟད་ནང་ དུ་སྒྲུབ་པ་པོའི་ལུས་ལ་གནས་པ་ཉིད་ཤེས་པའི་ཕྱིར་དུ་འགོད་པ་ཡིན་པའི་ཕྱིར། ཨཾ་ལ་སོགས་པ་སྔགས་བདུན་པོ་དེ་ལ་གཟའ་བདུན་གྱི་ལྷག་པའི་ལྷ་ཞེས་གསུངས་པའི་རྒྱུ་མཚན་ཡོད་དེ། ལྷག་པའི་ལྷས་རིགས་བདག་གང་ གི་རིགས་ཅན་ཤེས་པ་བཞིན་དུ་སྔགས་ཀྱི་ཡི་གེ་བདུན་པོ་དེ་ཡང་གཟའ་བདུན་གྱི་ས་བོན་ཡིན་པས། དེ་ལ་བརྟེན་ནས་གཟའ་བདུན་གྱི་ཁམས་དང་རིགས་སོགས་ཤེས་པར་བྱ་བ་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། མུན་པ་ མེད་པའི་སྒྲས་བསྟན་པ་རྣམ་བཅད་དང་ཐིག་ལེ་ཟུང་གཅིག་དག་ནི། གཞན་ཟུར་དུ་དགོད་བྱ་མིན་ཏེ། མུན་པའི་སྒྲས་བསྟན་པ་དབུ་མ་གཞོམ་དུ་མེད་པའི་མཐའ་ལའོ་སྟེ། ཝཾ་ཡིག་བསྒྲུབ་པའི་ཚེ་སྟེང་དུ་འགོད་པ་ཡིན་པའི་ཕྱིར་ [161A]༄༅། །རྒྱབ་ཏུ་འགོད་ཚུལ་ཡོད་དེ། སེར་པོ་འབར་བའི་རྒྱབ་ཏུ་ཡང་ནི་སྐར་མ་ཕྲ་སྦོམ་ལྷ་གཞུ་ས་དང་ས་དེ་ནི། ནང་གསེས་ཀྱི་དབྱེ་བས་ས་རྡོ་གཉིས་དང། གཉིས་པོ་དེ་དང་ཕྲ་སྦོམ་རྣམ་པ་བཞི་བྱས་ཏེ་འགོད་པ་ཡིན་ པའི་ཕྱིར། ནང་གི་རླུང་ཁམས་དང་བྱེད་ལས་སོགས་ཀྱི་དབྱེ་བས་རྣམ་བཅུར་འགྱུར་པ་སྟེ་བཅུར་ཕྱེ་བ་བདུན་ཟུང་ལ་ཇི་ལྟར་འགོད་པའི་ཚུལ་ཡོད་དེ། སྲོག་ཅེས་བདག་ཉིད་གཅིག་པུའི་རླུང་ནི་དབུས་ཀྱི་སྤྱི་བོ་སྟེང་དང། ཐུར་སེལ་ རྩ་བ་སྟེ་འོག་དག་ཏུ་དང། ནོར་རྒྱལ་མ་གཏོགས་བདུན་མདུན་དུའོ་སྟེ་འགོད་པ་ཡིན་པའི་ཕྱིར། གཡོན་གྱི་བདུན་དཀར་པོ་འབར་བའི་ཡན་ལག་ཡིན་པས་གཞན་གསུམ་ལའང་ཤེས་པར་བྱའོ། །གཉིས་པ་ནི། སྒྲུབ་ཚུལ་ གཉིས་ཀྱི་དབང་གིས་ཝཾ་ཡིག་སོགས་སུ་འགྱུར་ཚུལ་ཡོད་དེ། དབུས་ཀྱི་གཞོམ་མེད་རྡོ་རྗེ་མཚོན་པའི་གྲི་གུག་གི་རྣམ་པའི་སྟེང་དུ། རང་གི་ནུས་པ་ཁམས་དཀར་པོ་གྱེན་དུ་བརྟན་པའི་ནུས་པ་ལས་དམར་པོ་འོག་ཏུ་གནས་པ་ བརྟན་པའི་ཡོན་ཏན་གྱི་ཚོགས་དང་བཅས་པ་མཚོན་པའི་གཡོན་གཡས་ཀྱི་ཐིག་ལེ་ཚེག་དྲག་སྟེང་དུ་ཟླ་ཚེས་ཐིག་ལེར་བྱེད་པ་དངོས་སུ་བསྟན་པའི་ཤུགས་ལ། ཐོད་པ་གྲི་གུག་གི་རྣམ་པའི་མགོ་དང། དབྱུག་པ་རྐང་པར་བྱེད་ པ་བརྟན་པའི་ཕྱིར། གསུམ་པ་ནི། དྲང་དོན་གཞོམ་མེད་ཡི་གེས་གཞན་རྣམས་ལ་ཁྱབ་སྟེ། ཡེ་ཤེས་རྣམ་བཅད་ཟླ་ཚེས་དང། སྟོང་པ་ཐིག་ལེ་ནི་འབར་བ་དང་བཅས་པའི་བདུན་ཟུང་རྣམས་ཀྱི་ཡི་གེ་ཀུན་ཏུ་མགོ་བོར་འགོད་ [161B] དབུས་ཀྱི་ཝཾ་ཡིག་གི་མཚོན་དོན་འབྲས་དུས་ཀྱི་མཆོག་མི་འགྱུར་གྱི་ཡེ་ཤེས་ཆོས་ཅན། དངོས་པོ་ཀུན་གྱི་སྒྲིབ་པའི་ཆ་ལས་རྣམ་པར་གྲོལ་ཏེ། སྒྲིབ་བྲལ་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང་བཅས་པ་སྟེ་ ཟུང་དུ་འཇུག་པའི་ཞི་བ་ལ་གནས་པ་ཡིན་པའི་ཕྱིར། བཞི་པ་ནི། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང། །ཆེ་བ་སངས་རྒྱས་རིག་སྔགས་འཛིན། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག་ཅེས་དང། དེ་བཞིན་དུ་ ཆ་མེད་ཀུན་གྲོལ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། ཞེས་གསུངས། དང་པོའི་དོན་ནི་སྔར་བཤད་ལ། གཉིས་པའི་དོན་ནི། མཆོག་མི་འགྱུར་གྱི་ཡེ་ ཤེས་མཐར་ཐུག་དེ་ཆོས་ཅན། ཡོན་ཏན་ཁྱད་པར་ཅན་དང་ལྡན་ཏེ། རྟག་ཏུ་གང་བ་བཅུ་དྲུག་པ་ཁོ་ནར་གནས་པས་འཕེལ་འགྲིབ་ཀྱི་ཆ་མེད་པ་ཕྱི་ནང་གི་བདུན་ཟུང་རྣམས་སྒྲིབ་བྲལ་གྱི་ཆོས་ཀུན་ལ་རྗེས་སུ་འགྲོ་ཞིང་ཁྱབ་པ་ཡིན་ པའི་ཕྱིར། དེ་ཆོས་ཅན། ཕྲ་ཞིང་ཟག་པ་མེད་པ་ཞེས་བྱ་སྟེ། རྟོགས་དཀའ་ཞིང་སྒྲིབ་པ་དང་བྲལ་བའི་ཕྱིར། དེ་ཆོས་ཅན། ཉེས་པ་མ་ལུས་པ་སྤངས་པས་སྐྱོན་མེད་པ་ལ་གནས་པ་ཡིན་ཏེ། ཉོན་མོངས་པའི་རྡུལ་མེད་ཅིང་ཤེས་ སྒྲིབ་ཀྱི་རྡུལ་དང་བྲལ་བ། མདོར་ན་རང་བཞིན་དང་བློ་བུར་གྱི་དྲི་མ་མེད་པ་ཡིན་པའི་ཕྱིར། ལྔ་པ་ཚིགས་བཅད་བརྒྱད་པ་ནི། ཨ་སོགས་སུམ་ཅུའི་དབྱངས་གང་ཧ་ཡ་ར་ཝ་ལར་ལྡན་དེ་དག་ཟླ་བའི་ཆ་དང་ཉིན་བྱེད་ཀྱང། །ཀ་ལ་སོགས་ [162A]༄༅། །པའི་སྡེ་རྣམས་དབྱངས་དང་བཅས་པ་ཉིན་ཞག་སྟོང་དྲུག་མེ་ཡི་ཚད་ཀྱིས་སྤྱོད་པར་བྱེད། །ཧ་སོགས་དབྱངས་རྣམས་དག་ཀྱང་ཆུ་ཚོད་ལྷ་མི་གདེངས་ཅན་འབྱུང་པོའི་སྐྱེ་གནས་དག་ཀྱང་སྔགས་ཤེས་པ། ། ཨ་སོགས་ཀ་སོགས་ལྡན་པ་དག་ལས་དེ་ལྟར་ཁམས་གསུམ་དག་ནི་ངེས་པར་སྐྱེད་འགྱུར་མི་ཡི་བདག་ཅེས་གསུངས། ཨ་སྟེ་ཨི་རྀ་ཨུ་ལྀ་ལ་སོགས་པ་སུམ་ཅུའི་དབྱངས་གང་ཧ་ཡ་ར་ཝ་ལར་ལྡན་ཏེ། ཨ་ཨི་རྀ་ཨུ་ལྀ་ ཧ་སོགས་ཡ་ཎའི་ཡི་གེ་བསྒྱུར་བ་སྡོམས་པའི་སུམ་ཅུའི་ཡི་གེ་དེ་ལྟ་བུས་མཚོན་པའི་ཟླ་བ་ཆོས་ཅན། ཁྱོད་ཀྱི་དཀར་ཆ་ཡར་ངོ་ལ་འཕེལ་བ་དང། དམར་ཆ་མར་ངོ་ལ་འགྲིབ་པའི་རྒྱུར་གྱུར་པ་དཀར་ནག་གི་ཕྱོགས་ཀྱི་ཚེས་དེ་ དག་ཀྱང་ལྔ་ཚན་གསུམ་དུ་འགྱུར་ཏེ། ཚེས་ལྔ་ཚ་ན་གསུམ་གྱི་དང་པོ་གསུམ་ནི་དགའ་བ། གཉིས་པ་གསུམ་ནི་བཟང་པོ། གསུམ་པ་གསུམ་ནི་རྒྱལ་བ། བཞི་པ་གསུམ་ནི་སྟོང་པ། ལྔ་པ་གསུམ་ནི་རྫོགས་པ་རྣམ་པ་གསུམ་དུ་ འཇོག་པ་ཡིན་པའི་ཕྱིར། ཟླ་བར་མ་ཟད་ཉིན་བྱེད་ཀྱིས་ཀྱང་ཆོས་ཅན། ལོངས་སྤྱོད་ཚུལ་ཡོད་དེ། ཀ་ལ་སོགས་པའི་སྡེ་པ་རྣམས་སྲོག་གི་དབྱངས་དང་བཅས་པ་ཉིན་ཞག་སྟོང་པ་དྲུག་མེ་སྟེ། སུམ་བརྒྱ་དྲུག་ཅུའི་ཚད་ཀྱིས་ ལོངས་སྤྱོད་པར་བྱེད་པ་ཡིན་པའི་ཕྱིར། ཉིན་མཚན་འཕེལ་འགྲིབ་ཀྱི་ཆུ་ཚོད་ཀྱི་ས་བོན་བཞག་ཏུ་ཡོད་དེ། ཧ་ཡིག་རང་གི་ངོ་བོ་གསལ་བྱེད་ཡིན་ཀྱང། ཧ་སོགས་ལྔ་དབྱངས་ཀྱི་རྣམ་པར་འགྱུར་བ་ཡིན་པའི་ཆ་ནས་དབྱངས་སུ་ [162B] མཚན་མོ་འཕེལ་བ་ལ་དབྱངས་ཐུང་དུ་སུམ་ཅུ་ཉིན་ཕྱེད་ནས་མཚན་ཕྱེད་དང། ཉིན་མོ་འཕེལ་བ་ལ་རིང་པོ་སུམ་ཅུ། མཚན་ཕྱེད་ནས་ཉིན་ཕྱེད་བར་ས་བོན་དུ་འགྱུར་བ་ ཡིན་པའི་ཕྱིར། འོ་ན༑ བརྟན་གཡོ་ཐམས་ཅད་ལ་འབྱུང་བའི་སྔགས་ཡོད་དམ་ཞེ་ན། ཡོད་དེ། ལྷ་མི་གདེངས་ཅན་འབྱུང་པོའི་སྐྱེ་གནས་རྣམས་ཀྱང་སོ་སོའི་མིང་དང་ཨོཾ་སོགས་སྦྱར་ཏེ་སྔགས་ཞེས་པའི་མིང་གི་ཆོས་དེ་དང་དེའི་ མིང་ཅན་དུ་བྱས་པའི་སྔགས་སུ་འགྱུར་བའི་ཕྱིར། མིང་དེ་དག་ཀྱང་ཨཱ་ལི་ཀཱ་ལི་ལས་མ་འདས་ཏེ། མིང་ཡིག་གི་ཨ་སོགས་ནི་དབྱངས་དང། ཀ་སོགས་ལྡན་པ་ནི་གསལ་བྱེད་དུ་འདུས་པའི་ཕྱིར། མི་ཡི་བདག་པོ་ཟླ་བ་བཟང་པོ་ཞེས་ བོས་ནས། ཁམས་གསུམ་པ་དག་ནི་རང་རང་གི་མིང་ཡིག་དང་པོ་ས་བོན་དུ་བྱས་པ་ལས་ངེས་པར་བསྐྱེད་པར་འགྱུར་ཏོ། དེ་ལྟར་མིང་ཡིག་དང་པོ་སེམས་ཅན་སྔགས་སུ་འགྱུར་བར་བཤད་པའི་རིམ་པས་གྲུབ་པའི་ཕྱིར། དྲུག་པ་ ཚིགས་བཅད་དགུ་པ་བཤད་པ་ནི། དབྱངས་ནི་ཀ་ཙ་ཊ་པ་ཏར་ལྡན་ཋྐ་ལ་སོགས་པ་ཡང་དག་སྦྱར་བ་རྣམས་ཀྱིས་སྐྱེ་བའི་གནས། །མགྲིན་རྐན་སྟེང་གི་ཆ་ནི་མཁའ་རླུང་བསྲེག་བྱ་ལས་སྐྱེས་མཆུ་དང་སོ་ནི་ཆུ་དང་ས་དག་གོ་ཨ་ སོགས་རྣམས་ནི་གཙུག་ཏོར་འཁོར་ལོ་སྙིང་མགྲིན་མགོ་བོ་ལྟེ་བའི་འཁོར་ལོ་དག་ལ་རིམ་པ་སྟེ། །སྣ་ཚོགས་གནག་དམར་རི་བོང་ཅན་དང་གསེར་འདྲ་ཕུང་པོ་ཁམས་ཀྱི་ལྷག་པའི་ལྷ་དང་ལྡན་པ་ལའོ། །ཞེས་གསུངས། དབྱངས་ [163A]༄༅། །ནི་ཀ་ཙ་ཊ་པ་ཏར་ལྡན་ཋྐ་ལ་སོགས་པ་ཡང་དག་སྦྱར་བ་རྣམས་ཀྱིས་ཆོས་ཅན། སྐྱེ་བའི་གནས་བཞག་ཏུ་ཡོད་དེ། ཨ་ཀུ་ཧ་རྣམ་པར་བཅད་པ་ནི་མགྲིན་པ་དང། ཨི་ཙུ་ཡ་ཤ་རྐན་དང། རྀ་ཊུ་ར་ཥ་ནི་སྟེང་གི་སྤྱི་བོ་ སོགས་ལས་སྐྱེ་བ་ཡིན་པའི་ཕྱིར། འོ་ན་སྐྱེ་གནས་དེ་རྣམས་ཡི་གེ་ཁམས་གང་ལས་གྱུར་པའི་སྐྱེ་གནས་ཡིན་ཞེ་ན། བཞག་ཏུ་ཡོད་དེ། རིམ་བཞིན་མཁའ་རླུང་བསྲེག་བྱ་མེ་ཁམས་ལས་སྐྱེས་པའི་ཡི་གེའི་གནས་ཡིན་པའི་ ཕྱིར་དང། མཆུ་དང་སོ་ནི་རིམ་བཞིན་ཆུ་དང་ས་དག་གི་ཁམས་ཀྱི་ཡི་གེའི་སྐྱེ་གནས་ཡིན་པའི་ཕྱིར། དེ་ལྟར་སྔགས་ཀྱི་སྐྱེ་གནས་ཤེས་པ་ལ་དགོས་པ་ཡོད་དེ། ཨ་ཀུ་ཧ་རྣམ་པར་བཅད་པའི་ཡི་གེ་གང་རུང་རྣམས་ནམ་མཁའི་ ཁམས་མི་བསྐྱོད་པའི་རིགས་ཀྱི་ལྷ་བསྐྱེད་པའི་དོན་དུ་གཙུག་ཏོར་ནམ་མཁའི་ཁམས་ཀྱི་འཁོར་ལོ་ལ་སྒོམ་པ་དང། ལྷག་མ་བཞི་ལའང་དེ་ལྟར་ཤེས་པའི་ཆེད་ཡིན་པའི་ཕྱིར། དེ་བཞིན་དུ་རྩའི་འཁོར་ལོའི་ཁ་དོག་ཀྱང་ ཁམས་ལྔའི་དབྱེ་བས་བསྒོམ་པར་བྱ་སྟེ་གཙུག་ཏོར་འཁོར་ལོ་ནི་ཁ་དོག་སྣ་ཚོགས་ཏེ་ལྗང་ཁུ་དང། སྙིང་ཁ་ནི་ནག་པོ་དང། མགྲིན་པ་དམར་པོ། དཔྲལ་བ་ནི་རི་བོང་ཅན་གྱི་མདོག་དང་ལྟེ་བར་འཁོར་ལོ་གསེར་འདྲ་བར་བསྒོམ་ ཞིང༑ དེ་བཞིན་དུ་ཕུང་པོ་དང་ཁམས་ཀྱི་དབྱེ་བས་ནམ་མཁའི་ཁམས་ཀྱི་ལྷག་པའི་ལྷ་མི་བསྐྱོད་པ་ལ་སོགས་པ་གཙུག་ཏོར་གྱི་འཁོར་ལོ་ལ་སྒོམ་པ་སོགས་སྦྱར་བར་བྱ་བ་ཡིན་པའི་ཕྱིར། བདུན་པ་ནི། དཔལ་མཆོག་གི་ [163B] ཞེས་སོགས་སོ། །སྨྲས་པ། རྒྱུད་འགྲེལ་ལི་ཤིའི་རྐང་འཐུང་དབང། །ལེགས་བཤད་གསར་པའི་མེ་ཏོག་ཅན། །རིགས་ཚུལ་བསིར་བུས་བསྐྱོད་པ་ལས། །རྨད་བྱུང་དྲི་ཡིས་ཕྱོགས་ཀུན་ འགེངས། བཅོམ་ལྡན་འདས་དཔལ་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྩ་བའི་རྒྱུད་ལས་ཕྱུང་བ་བསྡུས་པའི་རྒྱུད་ཀྱི་རྒྱས་འགྲེལ་དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་སྙིང་པོ་བསྡུས་པ་ཡིད་ བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་མདོར་བསྡུས་བདུན་པའི་རྣམ་པར་བཤད་པའོ།། ༈ །།ཟླ་མེད་སྟོན་པ་བློ་བཟང་གྲགས་པའི་དཔལ། །པད་དཀར་བློ་བཟང་རྒྱལ་བ་གཉིས་པའི་ཞབས། །དབྱེར་མེད་མཆོད་ ནས་ལས་ཀྱི་ཚོན་རིས་བརྒྱས། །ཕྱེ་བའི་རང་བཞིན་བརྗོད་པའི་གཏམ་འདི་གླེང། །གཉིས་པ་གདུལ་བྱའི་བསམ་པ་དང་མཐུན་པར་འཇིག་རྟེན་གྱི་ཚད་བསྟན་པའི་མདོར་བསྡུས་ལ་གཉིས། བཤད་པ་དངོས་དང། མདོར་བསྡུས་ཀྱི་ མཚན་བསྟན་པའོ། །དང་པོ་ལ་བཞི། རྟེན་སྣོད་ཀྱི་འཇིག་རྟེན་གྱི་ཚད་ལ་སོགས་པའི་ངོ་བོ་ཉིད་ཀྱིས་གནས་པ་དགུ་པ་བཤད་པ། བརྟེན་པ་བཅུད་ཀྱི་སེམས་ཅན་སྲིད་པ་སུམ་ཅུ་རྩ་གཅིག་གི་ངོ་བོ་ཉིད་ཀྱིས་གནས་པ་བཅུ་པ་བཤད་པ་ ཁྱད་པར་འཛམ་བུ་གླིང་དུ་འཁོར་ལོས་བསྒྱུར་བ་ཆེན་པོ་འབྱུང་བའི་ངོ་བོ་ཉིད་ཀྱིས་གནས་པ་བཅུ་གཅིག་པ་བཤད་པ། དེ་རྣམས་ཀྱི་དུས་ངེས་བྱེད་ཕྲ་བའི་དབུགས་ལ་སོགས་པས་ཉིན་མོའི་ཚད་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ [164A]༄༅། །གནས་པ་བཅུ་གཉིས་པ་བཤད་པའོ། །དང་པོ་ནི། འགྲེལ་ཆེན་དུ། ཀུན་རྫོབ་ཏུ་མོས་པ་སྣ་ཚོགས་པའི་སེམས་ཅན་གྱི་བསམ་པའི་དབང་གིས་འཇིག་རྟེན་གྱི་ཁམས་ཀྱི་ཚད་སེམས་ཅན་རྣམས་ལ་གསུངས་ ཤིང་རབ་ཏུ་གནང་ངོ། །དོན་དམ་པར་ནི་འཇིག་རྟེན་གྱི་ཁམས་ལ་ཚད་དང་དཔངས་མེད་དེ། སེམས་ཅན་རྣམས་ཀྱི་བསོད་ནམས་དང་སྡིག་པའི་དབང་གིས་སོ། ཞེས་སོགས་དོགས་གཅོད་མཛད་ལ། དགོས་པའང་མངོན་པའི་ མདོ་དང། རྒྱུད་འདིར་སྣོད་བཅུད་ཀྱི་རྣམ་གཞག་ཆེས་མི་མཐུན་པར་བསྟན་པ་ལ། ཁ་ཅིག་སྟོན་པས་རྫུན་ནམ་རང་ཚིག་འགལ་བ་གསུང་བ་ཇི་སྙམ་དུ་དོགས་པ་འབྱུང་བ་སེལ་ཕྱིར་གསུངས་ཀྱང། རྒྱ་བོད་གཉིས་ཀར་རྒོལ་ བ་མང་དུ་བྱུང་སྟེ། མན་སྙེར། འོ་ན་དུས་ཀྱི་འཁོར་ལོ་དང་དེའི་རྗེས་སུ་འབྲངས་པའི་གཞུང་རྣམས་སུ་ཐེག་པ་གསུམ་དང་འགལ་བའི་རྣམ་པར་གཞག་པ་མང་པོ་རྣམས་བྱས་ཏེ། དེའི་གཞུང་བྱེད་པ་གྲགས་པ་དང། པདྨ་དཀར་པོ་ དང༑ རྡོ་རྗེ་སྙིང་པོ་དང། ཕྱག་ན་རྡོ་རྗེའི་མིང་ཅན་དེ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་མ་ཡིན་པ་ཁོ་ནའོ། ཞེས་མང་དུ་མཁྱེན་པ་རྣམས་སྨྲའོ། ཞེས་གསུངས་པའི་མང་དུ་མཁྱེན་པ་སློབ་དཔོན་ཤནྟི་པ་དང། སྡོག་དང་ བཅོམ་ལྡན་རིག་རལ་སོགས་སྔ་ཕྱི་མང་པོས་བརྒལ་ཞིང་དཔྱད་དོ། ཁ་ཅིག་འགྲེལ་པར་གསུངས་པའི་མཛོད་མཐོང་ནས། ཞེས་པ་ལ་བརྟེན་ནས་མངོན་པ་མཛོད་དང་འགལ་བ་སྤོང་བར་འདོད་པ་མི་འཐད་དེ། འགྲེལ་པ་ [164B] རང་ལུགས་ནི་བྱེ་བྲག་བཤད་མཛོད་ལ་བཞེད་དོ། །ཡང་ཁ་ཅིག་སྣོད་བཅུད་ཀྱི་རྣམ་གཞག་སྣ་ཚོགས་གསུངས་པ་དེ་རྣམས་འགལ་བའི་སྐྱོན་མེད་དེ། སེམས་ ཅན་སོ་སོའི་བསམ་ངོའི་སྣང་བ་དང་བསྟུན་ནས་གསུངས་ཀྱི། སངས་རྒྱས་ཀྱིས་སོ་སོར་མཁྱེན་ནས་གཟིགས་པ་ལྟར་གསུངས་པ་མ་ཡིན་ཟེར། འོ་ན། མངོན་པ་དང་དུས་འཁོར་ནས་བཤད་པའི་འཇིག་རྟེན་གྱི་ཁམས་གཉིས་ཆོས་ཅན་ གཞི་མ་གྲུབ་པར་ཐལ། ཀུན་མཁྱེན་གྱིས་མ་གཟིགས་པའི་ཕྱིར། རང་ལུགས་ནི། རི་རབ་ཀྱི་རྣམ་པ་གྲུ་བཞིར་སྟོན་པའི་ཆོས་མངོན་པའི་མདོ་དང། དེའི་དབྱིབས་ཟླུམ་པོར་སྟོན་པའི་དུས་འཁོར་རྒྱུད་ཚིག་ཆོས་ཅན། རང་གི་བསྟན་བྱའི་ དོན་ལ་མི་སླུ་སྟེ། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། དེའི་ཕྱིར། མངོན་པའི་ཆེད་དུ་བྱ་བའི་གདུལ་བྱའི་ངོར་ལྷུན་པོ་གྲུ་བཞི་པ་དང། དུས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱའི་ངོར་དེ་ཟླུམ་པོ་ཡིན་ནོ། །དེས་ན་འདི་ལ་ བཞི༑ དཔངས་ཀྱི་ཚད། ཞེང་གི་ཚད། ཁོར་ཡུག་གི་ཚད། འཇལ་བྱེད་དཔག་ཚད་ཀྱི་ཚད་བཤད་པའོ། །དང་པོ་ནི། རླུང་གི་མཐའ་ནས་ལྷུན་པོའི་མཚམས་སུ་དམྱལ་བ་གདེངས་ཅན་གྲོང་ཁྱེར་ལ་ནི་དཔག་ཚད་འབུམ་ཕྲག་ གཉིས། །ལྷུན་པོའི་ཚད་ནི་འབུམ་ཕྲག་གཅིག་སྟེ་གཟའ་ཡི་ཚོགས་ཀྱི་གནས་ནས་སྟོང་ཕྲག་དག་ནི་ཉི་ཤུ་ལ། །མགྲིན་པའོ་གདོང་ལ་ལྔ་བཅུ་བསྟན་པའི་གནས་ནི་གཡོ་མེད་དག་ལ་དེ་བཞིན་ཉིད་དུ་ཉི་ཤུ་ལྔ། །དེ་ཡི་ཕྱི་རོལ་སྟོང་ [165A]༄༅། །པ་གཅིག་པུ་སྲིད་པ་གསུམ་བྲལ་ཡོན་ཏན་མེད་ཅིང་དེ་ཉིད་ཀྱིས་དམན་པའོ། ཞེས་གསུངས། སྣོད་ཀྱི་དཔངས་ཚད་བཞག་ཏུ་ཡོད་དེ། འོག་གི་རླུང་དཀྱིལ་གྱི་མས་ཀྱི་ཟད་མཐའ་ནས་ལྷུན་པོའི་མས་མཚམས་ སུ་དམྱལ་བ་དང་ནི་གདེངས་ཅན་གྱིས་སྒྲས་བསྟན་པ་ཀླུ་དང་ལྷ་མིན་གྱི་གནས་ལ་དཔག་ཚད་འབུམ་ཕྲག་གཉིས་ཡོད་དེ། རླུང་དཀྱིལ་ལ་དཔག་ཚད་སྟོང་ཕྲག་ལྔ་བཅུ་ཡོད་པའི་ཕྱེད་འོག་མ་ལ་རྡོ་རྗེའི་མེ་ལྕེ་དང་བཅས་པའི་ དམྱལ་བ་དང། དུ་འབོད་ཆེན་པོའི་དམྱལ་བའི་གནས་གཉིས། ཕྱེད་སྟེང་མ་ལ་མུན་པ་ཆེན་པོའི་དམྱལ་བ་སྟེ་དམྱལ་བ་གསུམ་གནས། དེ་བཞིན་དུ་མེ་དཀྱིལ་དཔག་ཚད་སྟོང་ཕྲག་ལྔ་བཅུ་པའི་ཕྱེད་འོག་མ་ལ་མེའི་དམྱལ་བ་དང་ ཕྱེད་སྟེང་མ་ལ་དུ་བ་མི་བཟད་པའི་དམྱལ་བ་སྟེ་ཚ་དམྱལ་དང། དེ་བཞིན་དུ་ཆུ་དཀྱིལ་དཔག་ཚད་ལྔ་བཅུ་པའི་ཕྱེད་འོག་མ་ལ་འདམ་གྱི་ཆུའི་དམྱལ་བ་དང། ཕྱེད་སྟེང་མ་ལ་བྱེ་མའི་ཆུའི་དམྱལ་བ་སྟེ་གྲང་དམྱལ་གཉིས། དེ་བཞིན་དུ་ སའི་དཀྱིལ་འཁོར་དཔག་ཚད་ལྔ་བཅུ་པའི་ཕྱེད་འོག་མ་ལ་གསེག་མའི་ཆུའི་དམྱལ་བ་དང། ཕྱེད་སྟེང་མ་ལ་ལྷ་མིན་དང་ཀླུའི་གནས་རྣམས་སུ་ཡོད་པའི་ཕྱིར། དེ་རྣམས་ཀྱི་རྒྱ་ཁྱོན་ནི་ས་དཀྱིལ་དང་མཉམ་མོ། །ལྷུན་པོའི་ཚད་ནི་ འབུམ་ཕྲག་གཅིག་དང། གཟའི་ཚོགས་ཀྱི་ཡས་མཐའི་གནས་རི་རབ་ཀྱི་རྩེ་མོའི་ཐད་ནས་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་མགྲིན་པའོ་སྟེ་རི་རབ་དེའི་མགྲིན་པའི་སྒྲས་བསྟན་པ་དང། གདོང་ལ་དཔག་ཚད་ལྔ་བཅུ་བརྟན་པའི་ [165B] ལྷུན་པོའི་མགྲིན་པའི་གསུམ་ཆ་མན་ཆད་ལ་འདོད་ལྷ་རིགས་དྲུག་གི་གནས་དང། གསུམ་ཆ་མར་བཞག་པའི་མཚམས་ནས་ ཡས་མཐའི་བར་ཆ་བཞིར་བགོས་པ་ལ་རིམ་བཞིན་དཀར་པོའི་བསྐལ་པའི་མིང་ཅན་ཚངས་རིས། ཚངས་པ་མདུན་ན་འདོན། ཚངས་ཆེན། འོད་ཆུང་གི་གནས་དང་ལྷུན་པོའི་གདོང་དཔག་ཚད་ལྔ་བཅུ་པོ་ཆ་གསུམ་དུ་བྱས་པ་ལ། ལྷུན་པོའི་ ཀོ་ཀོ༑ སྣ་དང་དཔྲལ་བར་ཐ་སྙད་བྱས་པ་རེ་རེའང་ཆ་བཞི་བཞིར་ཕྱེ་བའི་ཀོ་ཀོ་ལ་རིམ་བཞིན་དཔལ་གྱི་རྐང་པའི་མིང་ཅན་ཚད་མེད་འོད། འོད་གསལ། དགེ་ཆུང། ཚད་མེད་དགེའི་གནས་དང། དེ་བཞིན་དུ་སྣ་ལ་ཚངས་པའི་འཇིག་རྟེན་ ལས་འདས་པ་ཞེས་པའི་མིང་ཅན་དགེ་རྒྱས། སྤྲིན་མེད། བསོད་ནམས་སྐྱེས། འབྲས་བུ་ཆེ་བའི་གནས་དང། དེ་བཞིན་དུ་དཔྲལ་བ་ལ་ཚངས་པའི་བསྐལ་པའི་མིང་ཅན་མི་ཆེ་བ་དང་མི་གདུང་བ། ཤིན་ཏུ་མཐོང་དང། འོག་མིན་ པའི་གནས་དང། གཙུག་ཏོར་ཆ་བཞིར་ཕྱེ་བ་ལ་ཆོས་བཟང་བསྐལ་པ་ཞེས་པའི་མིང་ཅན་ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། འདུ་ཤེས་མེད་པའི་གནས་རྣམས་སུ་ཡོད་པའི་ཕྱིར། རླུང་གི་མཐའ་ དང་གཙུག་ཏོར་གྱི་མཐའ་དེའི་ཕྱི་རོལ་ཆོས་ཅན། རང་ལ་བརྟེན་པའི་དྲི་སོགས་ཡོན་ཏན་མེད་ཅིང་སའི་དེ་ཉིད་སྲ་བ། ཆུའི་དེ་ཉིད་གཤེར་བ་སོགས་ཀྱིས་དམན་པ་ཡིན་ཏེ། སྲིད་པ་གསུམ་གྱི་ནང་དུ་གཏོགས་པ་དང་བྲལ་བའི་སྟོང་པ་ [166A]༄༅། །གཅིག་པུ་སྟེ་ནམ་མཁའ་ཐམས་ཅད་དུ་ཁྱབ་པ་ཡིན་པའི་ཕྱིར། འདི་ལ་བཅོམ་རལ་པས་སྟོང་གསུམ་ཆད་པར་ཐལ་བ་འཕེན་པ་ནི་གཞུང་ཙམ་ཡང་མ་ཀླགས་པའི་སྐྱོན་ཡིན་ཏེ། འགྲེལ་ཆེན་ལས། སྟོང་ གཅིག་ཅེས་བྱ་བ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་དབུས་ནས་སྟེང་འོག་ཏུ་སྟོང་ཕྲག་རེ་རེ་སྟེ་ཤར་དང་ནུབ་དང་བྱང་དང། བདེན་བྲལ་དང་དབང་ལྡན་དང་མེར་རོ། །དེ་བཞིན་དུ་སྟོང་ཕྲག་གཉིས་དང་གསུམ་མོ་ཞེས་གསུངས་ པའི་ཕྱིར། གཉིས་པ་ནི། རླུང་གི་མཐའ་ནས་རླུང་གི་མཚམས་དང་བརྟན་པ་འཛིན་མའི་གཞི་ལ་གླིང་དང་རི་དང་རྒྱ་མཚོ་རྣམས། །གཞི་ཕྱེད་འབུམ་ཕྲག་གཉིས་ཏེ་རྩེ་མོ་ཅན་དང་གཡོ་བའི་དཀྱིལ་འཁོར་དཔག་ཚད་དག་ནི་འབུམ་ ཕྲག་གཉིས། །དབུས་ན་ལྷུན་པོ་གང་གི་སྟེང་དུ་ཁྱིམ་གྱི་འཁོར་ལོ་སྐར་བཅས་ཉིན་དང་མཚན་མོར་འཁོར་བ་སྟེ། །ཆ་དྲུག་ལ་ནི་འབུམ་ཕྲག་གཉིས་གཉིས་སྲིད་གསུམ་མཐའ་དག་དུས་ཀྱི་སྦྱོར་བ་དག་ལས་རབ་ཏུ་སྐྱེས། ཤེས་ གསུངས། འདི་དག་ཤིན་ཏུ་གསལ་བ་དང་ཚིག་འབྲུ་གཉེར་ན་ཧ་ཅང་མངས་པས་ཀྱང་འཇིགས་པའི་ཕྱིར་དོན་གྱི་རིམ་པ་བརྗོད་པར་བྱའོ། །འོག་གཞིའི་དཀྱིལ་འཁོར་འདི་དག་གི་ཞིང་ཚད་ཀྱང་ཡོད་དེ། རླུང་དཀྱིལ་ཞེང་དུ་ དཔག་ཚད་འབུམ་ཕྲག་བཞི་པ། དེའི་ནང་དུ་མེ་དཀྱིལ་ཞེང་དུ་དཔག་ཚད་འབུམ་ཕྲག་གསུམ་པ། དེའི་ནང་དུ་ཆུ་དཀྱིལ་དཔག་ཚད་འབུམ་ཕྲག་གཉིས་པ། དེའི་ནང་དུ་ས་དཀྱིལ་དཔག་ཚད་འབུམ་ཕྲག་གཅིག་ཡོད་ཀྱང། སྔར་ [166B] བྲེ་ནང་དུ་བྲེ་བཅུག་པ་ལྟ་བུ་ལ་ཆུ་དཀྱིལ་སྐོར་བའི་མེ་ཅུང་ཟད་མཐོ་བས་དེ་ལ་ནི་རྟ་གདོང་གི་མེའམ་རི་བདུན་པ་རྡོ་རྗེའི་རི་ཞེས་བྱ་བ་ཡིན་ལ་ དེ་དང་རླུང་གི་ཁོར་ཡུག་ཀྱང་མཐོ་དམའ་མཉམ་མོ། །རི་རབ་ཀྱི་ཁ་དོག་ནི་ཤར་སྔོ། ལྷོ་དམར། ནུབ་སེར། བྱང་དཀར་བ་ཡིན་ཏེ། ཡེ་ཤེས་ལེའུ་ལས། མཐའ་དག་རི་ཡི་བདག་པོའི་ཤར་ནི་དག་པའི་ཨིནྟྲ་ནཱི་ལ་ལྷོ་ན་པདྨ་ར་ག་སྟེ་ ནུབ་ནི་ཀརྐེ་ཏ་ནི་སེར་པོ་བྱང་ནི་རི་བོང་འཛིན་པ་ལྟར་དཀར་ཟླ་བ་ཆུ་ཤེལ་ལོ། །དབུས་ནི་ལྗང་ཁུ་ཞེས་གསུངས་པའི་ཕྱིར། དབྱིབས་ནི་ཟླུམ་པོ་ཡིན་ཏེ། རི་རབ་ལྷུན་པོ་སྟོང་པའི་རྣམ་པ་རྡོ་རྗེ་མཆོག་གི་རང་བཞིན་དཀྱིལ་འཁོར་རྣམས་ ཀྱི་དབུས་སུ་སྟེ། ཞེས་གསུངས་པའི་ཕྱིར། ལྷུན་པོའི་སྟེང་གི་རྒྱར་དཔག་ཚད་སྟོང་ཕྲག་ལྔ་བཅུ་དང། འོག་གི་རྒྱར་དཔག་ཚད་སྟོང་ཕྲག་བཅུ་དྲུག་དེའི་མཐར་ཁོར་ཡུག་དཔག་ཚད་སྟོང་ཕྲག་གཅིག་རྣམས་ཡོད་དེ། ལྷུན་པོ་ཡི་ནི་སྟེང་ གི་རྒྱ་དང་ས་གཞི་དག་གི་གནས་ལ་དཔག་ཚད་རྣམས་ཀྱི་སྟོང་ཕྲག་ནི། །ལྔ་བཅུ་བཅུ་དྲུག་དག་གོ་གཅིག་ནི་རབ་མཆོག་ས་ཡི་གཞི་ལ་ཁོར་ཡུག་ངག་གི་ཡང་དག་སྟེ། ཞེས་གསུངས་པའི་ཕྱིར། ལྷུན་པོའི་རྭ་ལྔ་ལ་འདོད་ ཚུལ་མི་འདྲ་བ་དུ་མ་ཡོད་ཀྱང། རང་ལུགས་ནི། རྭ་འོག་མ་རྒྱར་ཁོར་ཡུག་ཁེབས་པ་སྡེར་འགག་ཁ་སྦུབ་པ་ལྟ་བུར་གནས་ཤིང། དེའི་སྟེང་ནས་ལྷུན་པོའི་ཁ་མཚམས་ཀྱི་བར་ཆ་བཞིར་བགོས་པའི་མཚམས་སོ་སོ་ནས་རྭ་གོང་མ་གོང་ [167A]༄༅། །མ་རྒྱ་ཇེ་ཆེར་འཐོན་པའི་ར་སྟེང་མ་ལྷུན་པོའི་ཁ་མཚམས་ནས་འཐོན་པ་སྡེར་འགག་ཁ་སྦུབ་པ་ལྟ་བུ་བསིལ་རིའི་སྟེང་དུ་རེག་པར་གནས་པ་ཡིན་ཏེ། སྟེང་གི་རྩེ་མོ་ལྔ་པོ་རྣམས་ནི་ས་གཞི་གནས་པ་རྣམས་ལ་ ཕྱོགས་རྣམས་ཀུན་ཏུ་ཁོར་ཡུག་གོ་ཞེས་གསུངས་པའི་ཕྱིར། ལྷུན་པོའི་ཁོར་ཡུག་གི་མཐའ་ནས་བསིལ་རིའི་མཐའི་བར་ལྷུན་པོའི་ཁ་ཁྱེར་གྱིས་ཁྱབ་པའི་ཁོངས་ཀྱི་རྒྱར་དཔག་ཚད་སྟོང་ཕྲག་བཅུ་དྲུག་ཡོད་པའི་ས་གཞི་ཆ་ བཅོ་བརྒྱད་དུ་བགོས་པའི་ཆ་རེ་ལ་གླིང་དྲུག་མཚོ་དྲུག་རི་དྲུག་སྤེལ་ཏེ་གནས་པའི་གླིང་དྲུག་ནི་ནང་ནས་རིམ་པ་བཞིན། ཟླ་བ་དང། འོད་དཀར་དང། རབ་མཆོག་ཀུ་ཤ་དང། མིའམ་ཅི་དང། ཁྲུང་ཁྲུང་དང། དྲག་པོ་ཞེས་པ་དྲུག་ དང༑ མཚོ་ཡང་ནང་ནས་རིམ་པ་བཞིན་སྦྲང་རྩི་དང། མར་དང། ཞོ་དང། འོ་མ་དང། ཆུ་དང། ཆང་གི་རྒྱ་མཚོ་དྲུག་དང། རིའང་ནང་ནས་རིམ་པ་བཞིན་འོད་སྔོན་དང། མན་ད་ར་དང། ཎི་ཥ་ཊ་དང། ནོར་བུའི་འོད་དང། དྲོ་ཎ་དང། བསིལ་ རི་དང་དྲུག་སྟེ། དེའང་ལྷུན་པོའི་ཁོར་ཡུག་དང། ཉེ་བར་ཟླ་བའི་གླིང། དེ་དང་ཉེ་བར་སྦྲང་རྩིའི་མཚོ། དེ་དང་ཉེ་བར་འོད་སྔོན་ཅན་གྱི་རི་སྟེ། དེ་བཞིན་དུ་གཞན་རྣམས་ཀྱང་སྤེལ་ནས་གནས་སོ། །རྒྱུད་དུ་མཚོ་མས་རིམ་དང། རི་ གླིང་ཡས་རིམ་གྱིས་གསུངས་ཏེ། ལན་ཚ་ཆང་དང་ཆུ་དང་འོ་མ་ཞོ་དང་མར་དང་སྦྲང་རྩིའི་རྒྱ་མཚོ་བདུན་ཏེ་རི་བོ་ནི། འོད་སྔོན་མན་ད་ར་རི་ནི་ཥ་ཊ་དང་ནོར་བུའི་འོད་དང་དྲོ་ཎ་བསིལ་རི་རྡོ་རྗེའོ། །གླིང་ནི་ཟླ་བ་འོད་དཀར་དག་དང་རབ་ [167B] །དྲག་པོ་ཡང་ནི་ལོངས་སྤྱོད་ས་སྟེ་བདུན་པ་འཛམ་བུའི་མི་རྣམས་གནས་པ་དག་ནི་ལས་ཀྱིས། ཞེས་གསུངས་པའི་ཕྱིར། རི་གླིང་མཚོ་རྣམས་ཞེང་ཚད་མཉམ་སྟེ། དཔག་ཚད་སྟོང་ ཕྲག་བཅུ་དྲུག་ཡོད་པ་བཅོ་བརྒྱད་ཀྱིས་བགོས་པས་རེ་རེའི་ཞིང་དཔག་ཚད་བརྒྱད་བརྒྱ་དང་བརྒྱད་ཅུ་རྩ་བརྒྱད་རྒྱང་གྲགས་གསུམ། གཞུ་འདོམ་སྟོང་དང་བརྒྱ་བཅུ་གཅིག་སོར་བཅུ་ལྷག་ཙམ་རེ་འབྱུང་བའི་ཕྱིར། བསིལ་རིའི་ཕྱི་ མཐའ་ནས་ཆུ་དཀྱིལ་གྱི་ནང་མཐའི་བར་ལ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་ཡོད་པའི་སའི་ཆ་ནི་གླིང་བདུན་པ་འཛམ་གླིང་ཆེན་པོ་ལས་ཀྱི་ས་པ་ཞེས་བྱ་བ་ནི་ལྷུན་པོའི་ཕྱོགས་མཚམས་ཀྱིས་ཕྱེ་བས་ས་དུམ་བུ་བཅུ་གཉིས་ སམ་གླིང་བདུན་པོ་གླིང་བཅུ་གཉིས་སོ། །དེའི་ཕྱི་རོལ་རྒྱ་མཚོ་ཆེན་པོ་ནི་མཚོ་བདུན་པ་ལན་ཚྭའི་མཚོའོ། །ལྷུན་པོའི་མགྲིན་པའི་གསུམ་གཅིག་མན་ཆད་ནས་རླུང་དཀྱིལ་གྱི་འོག་མཐའ་ཡན་ཆོད་ལ་འདོད་པའི་སྲིད་པ་ བཅུ་གཅིག་གནས་ཤིང། ལྷུན་པོ་དབུས་སུ་བྱས་པའི་ས་གཞིའི་སྟེང་གི་ནམ་མཁའ་ལ་ཁྱིམ་གྱི་འཁོར་ལོ་རྩིབས་བཅུ་གཉིས་པ་སྐར་ཚོགས་དང་བཅས་པ་ཉིན་མཚན་དུ་འཁོར་རོ། །ཆ་དྲུག་ལ་ནི་ཞེས་པ་ས་དཀྱིལ་གྱི་ དབུས་ལྷུན་པོ་དང་འབྱར་མཚམས་ནས་ཕྱོགས་བཞི་སྟེང་འོག་ཆ་དྲུག་གི་འཇིག་རྟེན་གྱི་ཕྱི་མའི་མཐའི་བར་ལ་དཔག་ཚད་འབུམ་ཕྲག་གཉིས་གཉིས་ཡོད་ཅེས་པ་ཡིན་ལ། དེ་ལྟ་བུའི་མཐོ་རིས་མི་ཡུལ་ས་འོག་སྟེ་སྲིད་པ་ [168A]༄༅། །གསུམ་པོ་མཐའ་དག་འཇིག་རྟེན་ཆགས་དུས་ཀྱི་འཛིན་པའི་རླུང་དང། དེ་བཞིན་བསྲུབས་པ་དང། དབྱིབས་འགོད་བྱེད་ཀྱི་རླུང་གི་སྦྱོར་བ་ལས་སྐྱེས་པ་ཡིན་ནོ། །གསུམ་པ་ནི། ལྷུན་པོ་རི་གླིང་མཚོ་རྣམས་ ཐམས་ཅད་དབྱིབས་ཟླུམ་པོ་ཡིན་པས་རང་རང་གི་ཐད་ཀའི་ཚད་གསུམ་འགྱུར་དུ་འགྱུར་ཏེ། འཇིག་རྟེན་ཁམས་ཀྱི་ཀུན་ནས་ཁོར་ཡུག་ཏུ་ནི་ཐད་ཀའི་ཚད་ཀྱི་གསུམ་འགྱུར་དུ་ཡང་འགྱུར་བ་སྟེ། །ས་ཡི་ཁོར་ཡུག་འབུམ་ཕྲག་ གསུམ་དང་ཆུ་མེ་རླུང་རྣམས་ཀྱི་ནི་དྲུག་དགུ་ཉི་མ་རིམ་པས་སོ། །མི་ཡི་དབང་པོ་ཕྱི་རོལ་སྲིད་པ་གསུམ་གྱི་གནས་ལ་དཔག་ཚད་འབུམ་ཕྲག་གཅིག་ཉིད་གང་ཡིན་པ། །དེ་ནི་ས་ཡི་སྟེང་གི་གནས་སུ་ལུས་ལ་རང་རང་དག་ གི་ཚད་ཀྱིས་ཡང་དག་ཁྲུ་གང་ངོ། ཞེས་གསུངས་པའི་ཕྱིར། བཞི་པ་ནི། འཇལ་བྱེད་དཔག་ཚད་ཀྱི་ཚད་བཞག་ཏུ་ཡོད་དེ། ཕྲ་རབ་བརྒྱད་རྣམས་དག་གིས་ཕྲ་མོ་འདི་གཅིག་ཕྲ་མོ་བརྒྱད་ཀྱིས་སྐྲ་ཡི་རྩེ་མོ་ཕྲ་མོ་སྟེ། །འདི་ རྣམས་ཀྱིས་ནི་སྐེ་ཚེ་ཤིག་དང་ནས་ཏེ་ལྟོས་འགྲོ་ནས་ཀྱིས་སོར་ཏེ་སོར་མོ་ཉི་མ་ནི། །ཟུང་གིས་ཁྲུའོ་ཁྲུ་བཞིས་གཞུ་སྟེ་འདིར་ནི་སྟོང་ཕྲག་གཉིས་ཀྱི་གཞུ་ཡིས་རྒྱང་གྲགས་དག་ཏུ་འགྱུར། །རྒྱང་གྲགས་བཞི་རྣམས་དག་གིས་ དཔག་ཚད་དེ་ཡིས་ལྷ་ཡུལ་ས་དང་ནམ་མཁའ་དག་ལ་ཚད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ནི་སླ་ལ། ལྟོས་འགྲོ་བརྒྱད་ཀྱི་བརྡའ་ཡིན་པས་ནས་བརྒྱད་ཅེས་པའོ། །གཉིས་པ། བརྟེན་པ་བཅུད་ཀྱི་སེམས་ཅན་སྲིད་པ་ [168B] དང་པོར་ཆོས་བཟང་བསྐལ་བཟུང་ནི་ཟུང་དང་ལྡན་པ་དག་སྟེ་ཚངས་དང་འཇིག་རྟེན་འདས་པ་དང། །དཔལ་གྱི་བསྐལ་པ་དཀར་པོའི་བསྐལ་པ་ཡང་སྟེ་ཤིན་ཏུ་དབང་གྱུར་ གནས་ནས་འདོད་པ་བཅུ་གཅིག་གོ་གཟུགས་མེད་དག་ནི་ཨ་སོགས་བཞི་པོ་ཧ་འཁྲིག་བྲལ་བ་རྣམས་ཏེ་ཨ་ལ་སོགས་པ་བཅུ་དྲུག་གཟུགས། །ཧ་སོགས་ལ་མཐའ་ཡང་ནི་འདོད་པ་རྣམ་བཅུར་རབ་ཏུ་གསལ་ཏེ་གསལ་བྱེད་ གཅིག་པ་ཀ་སའོ། ཞེས་གསུངས། གཞན་རྣམས་ནི་སྔར་བཤད་ཅིང། ཆོས་བཟང་ཞེས་པ་གཟུགས་མེད་ཀྱི་སྲིད་པ་དང། ཚིག་དེ་དང་འབྲེལ་བའི་བསྐལ་པ་ཞེས་པ་གཟུགས་མེད་ཀྱི་སྲིད་པའི་ལྷ་གནས་ཞེས་པར་འགྱུར་ཞིང་ གཞན་རྣམས་ལའང་དེས་རིགས་འགྲེ་དགོས་སོ། །ཟུང་ནི་ཟུང་དང་ལྡན་པ་བཞི་དང། གཟུགས་མེད་རྣམས་ཀྱི་ཚེ་ཚད་ནི་མས་རིམ་བཞིན་བསྐལ་པ་ཆེན་པོ་གཅིག་དང་གཉིས་དང་གསུམ་དང་བཞིར་གསུངས་པ་ནི་ཚེ་ཚད་དངོས་ ཡིན་ལ། འོག་ཏུ་རང་རང་གི་དབུགས་ལ་བསྒྲེས་པའི་ཚེ་ལོ་བརྒྱ་པར་གསུངས་པ་ནི་གདུལ་བྱ་གཞུག་པའི་དོན་དུ་ཕྱི་ནང་གཞན་གསུམ་སྦྱར་དགོས་པའི་དབང་གིས་ལྡེམ་པོར་དགོངས་པའོ། །གཟུགས་མེད་བཞི་པོ་ཟད་པར་ནམ་ མཁའ་བསྒོམས་པའི་འབྲས་བུ་དང། དེའི་གནས་བཞི་པོ་རེ་རེའི་ཡས་མཐའ་ནས་མས་མཐའི་བར་ལ་དཔག་ཚད་དྲུག་སྟོང་ཉིས་བརྒྱ་ལྔ་བཅུ་རེ་འགྱུར་བར་གསུངས་སོ། །དེ་བཞིན་དུ་གཟུགས་ཁམས་བཅུ་དྲུག་པོ་བཞི་ཚན་བཞིར་ [169A]༄༅། །བསྡུས་པ་ལས་རིམ་གྱིས་ཟད་པར་རླུང་མེ་ཆུ་སའི་ཏིང་ངེ་འཛིན་བསྒོམས་པའི་འབྲས་བུ་དང། ཚེ་ཚད་དུས་ཀྱི་བསྐལ་པའི་དབང་དུ་བྱས་པའི་བར་མའི་བསྐལ་པའམ་བསྐལ་པ་འབྲིང་པོ་བཅུ་དྲུག་ཐུབ་པ་ ནས་ཡས་རིམ་གྱིས་རེ་རེས་དམན་པའི་བར་གྱི་ཚེ་ཚད་ཡིན་ནོ། །ཁ་ཅིག་ཁམས་གོང་དུ་སྐྱེ་བ་ལ་ངེས་པར་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་དགོས་པར་ཐལ། ཟད་པར་གྱི་ཏིང་ངེ་འཛིན་དེར་སྐྱེ་བའི་རྒྱུའི་གཙོ་བོ་ཡིན་པ་གང་ ཞིག་ རྒྱལ་བའི་བསྟན་པ་ལ་མ་ཞུགས་པར་དེ་འདྲའི་ཏིང་ངེ་འཛིན་མི་སྐྱེ་བའི་ཕྱིར། འདོད་ན། མུ་སྟེགས་ཅན་སྐྱེ་བ་ཕྱི་མ་ཁམས་གོང་དུ་འགྲོ་བ་མེད་པར་ཐལ་ལོ། །ཞེ་ན་སྐྱོན་མེད་དེ། འདིར་བསྟན་གྱི་ཟད་པར་གྱི་ཏིང་ངེ་འཛིན་ དེ་གསུང་རབ་སྤྱི་ལ་གྲགས་པའི་ཟད་པར་བཅུའི་ཏིང་ངེ་འཛིན་གང་རུང་མ་ཡིན་པའི་ཕྱིར་ཏེ། རྒྱུ་སྙོམས་འཇུག་གི་ཏིང་ངེ་འཛིན་ལ་དེ་ལྟར་བཏགས་པ་ཡིན་པའི་ཕྱིར། དེ་ལྟར་བཏགས་པ་ལ་དགོས་པ་ཡོད་དེ། རྒྱུ་སྙོམས་འཇུག་ གི་ཏིང་ངེ་འཛིན་ལྔ་པོ་དེ་ནམ་མཁའ་སོགས་ཁམས་ལྔ་པོ་དེ་དང་དེའི་རིགས་སུ་བསྟན་ནས། འབྲས་བུ་ལྷའི་སྲིད་པ་ལྔ་པོ་དེའི་སྡེ་ཚན་ཁམས་ལྔ་པོ་དེ་དང་དེ་དག་གང་རུང་དུ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། འོ་ན། ལྷུན་པོའི་ གཙུག་ཏོར་གྱི་སྒྲས་བཏགས་པའི་གཟུགས་མེད་ཀྱི་གནས་འདི་རྣམས་བླ་འོག་ཏུ་ཡོད་དམ་ཞེ་ན། དུས་ཕྱིས་ཀྱི་རང་རེའི་མཁས་གྲུབ་དག་དངོས་གནས་ལ་དེ་ལྟར་བཞེད་ཀྱང་གཞུང་ཆེན་མོ་དག་དང་འགལ་བའི་ཉེས་པ་དུ་མ་ [169B] རང་ལུགས། ཕྱི་ནང་གཞན་གསུམ་སྦྱོར་བའི་ཕྱིར་དགོངས་པས་གསུངས་པར་འདོད་དོ། །ཤིན་ཏུ་དབང་གྱུར་ཞེས་པ་ནི་བདུད་ཀྱི་གནས་གཞན་འཕྲུལ་དབང་བྱེད་ནས་མར་འདོད་པའི་གནས་བཅུ་གཅིག་ཡོད་ཅེས་པའོ། ། དེ་ནས་སྲིད་པ་སུམ་ཅུ་རྩ་གཅིག་གི་མིང་ཡིག་གམ་ས་བོན་ཙམ་བསྟན་ཏེ་གཟུགས་མེད་བཞི་པའི་མིང་སྔགས་ཨ་ཨཱ་ཨཾ་ཨཾ་སྟེ། ཧ་རིང་ཐུང་གཉིས་གཞན་འཕྲུལ་དབང་བྱེད་པ་དང། འཕྲུལ་དགའ་བ་འཁྲིག་པའི་འདོད་ཆགས་ དང་བཅས་པའི་ས་བོན་ཡིན་པས་དེ་གཉིས་དང་བྲལ་བའི་དབྱངས་བཞིའོ། །གཟུགས་ཁམས་པ་རྣམས་ཀྱི་ནི་ཨི་ཨཱི་ཨེ་ཨཻ་ལ་སོགས་པ་བཅུ་དྲུག་གོ་ཧ་ཧཱ་ཡ་ཡཱ་ར་རཱ་ཞེས་པ་འདོད་ལྷ་དྲུག་དང། ཝ་ཝཱ་ལྷ་མིན་དང་མེ། ལ་ ལཱ་དུད་འགྲོ་དང་ཡི་དྭགས། ཀྵ་དམྱལ་བའི་འོ། །སྲིད་པ་སུམ་ཅུ་རྩ་གཅིག་ཀྱང་བསྡུ་ན་ཁམས་ཀྱི་དབྱེ་བས་གསུམ་དང། ཁམས་གསུམ་པོའི་འགྲོ་བ་རྣམས་ཀྱང་གཞི་དུས་ཀྱི་རྡོ་རྗེ་གསུམ་ལྡན་དང། དེ་ཡང་མིང་ཡིག་ཨ་སོགས་ ཐབས་དང། ཀ་སོགས་ཤེས་རབ་དང། དེ་གཉིས་ཀའི་སྒོ་གསུམ་སྟེ་གཞི་དུས་ལ་སྲིད་པ་ཐམས་ཅད་ཐབས་ཤེས་ཀྱི་རིགས་དྲུག་ཏུ་སྡུད་ཚུལ་བསྟན་པ་ཡིན་ནོ། །འོ་ན་ལུགས་འདིའི་བསྐལ་པ་སོགས་ཀྱི་ཚད་གང་ཞེ་ན། དཔག་ ཚད་གཅིག་པའི་ཆུ་ཞེང་གི་དོང་སྐྲ་རྩེས་བཀང་བ་ལོ་བརྒྱ་བརྒྱ་ན་རེ་རེ་ཕྱུང་བས་ཟད་པའི་ཚད་ལ་ཞག་གཅིག་ཏུ་བྱས་པའི་རིམ་གྱིས་དེ་ལྟ་བུའི་ལོ་བརྒྱ་ལ་བསྐལ་པ་ཆུང་ངུ་དང། དེ་བཞིན་དུ་བསྐལ་ཆུང་གི་ལོ་བརྒྱ་བརྒྱ་ན་སྔར་ [170A]༄༅། །གྱི་དོང་གི་སྐྲ་རྩེ་རེ་རེ་ཕྱུང་བས་ཟད་པའི་ཚད་ལ་བསྐལ་འབྲིང་གི་ཉིན་ཞག་དང། དེ་བཞིན་དུ་བསྐལ་འབྲིང་གི་ལོ་བརྒྱ་བརྒྱ་ན་སྔར་གྱི་དོང་གི་སྐྲ་རྩེ་རེ་རེ་ཕྱུང་བས་ཟད་པ་མཆོག་གི་བསྐལ་པའི་ཞག་དང། དེ་ བཞིན་དུ་མཆོག་གི་བསྐལ་པའི་ལོ་བརྒྱ་བརྒྱ་ན་སྔར་གྱི་དོང་གི་སྐྲ་རེ་རེ་ཕྱུང་བས་ཟད་པ་བསྐལ་པ་ཆེན་པོའི་ཞག་གི་ཚད་དུ་བྱས་ནས་བསྐལ་པ་བཞི་གའི་ཚེ་ཚད་རང་ལོ་བརྒྱ་བརྒྱར་འཇོག་གོ་འདོད་ཁམས་བྱེ་བྲག་ཏུ་ བཤད་པ་ལ། རིན་ཆེན་སྣང་ནས་གསེག་མའི་ཆུ་ནི་དམྱལ་བར་ངེས་པར་བརྗོད་དེ་བྱེ་མའི་ཆུ་ནི་གཉིས་པའོ། །འདམ་གྱི་ཆུ་དང་མི་བཟད་དུ་བ་དག་དང་མེ་དང་མུན་པ་དང་ནི་ངུ་འབོད་བདུན་པ་དང། ཞེས་སོགས་ནི་སྔར་ བཤད་ཟིན་ལ། རིན་ཆེན་སྣང་ཞེས་པ་ནི་རྟག་ཏུ་རིན་པོ་ཆེའི་འོད་ཀྱིས་སྣང་བར་བྱེད་པ་ཀླུའི་གནས་ཡིན་ལ། རྩ་བར་དམྱལ་བ་བདུན་དངོས་སུ་སྨོས་ནས་བརྒྱད་པ་རྡོ་རྗེ་མེ་ལྕེ་དང་བཅས་པའི་དམྱལ་བ་ནི་བདུན་པ་དང་ཞེས་ པའི་ཡི་གེའི་ནུས་པས་འཕངས་སོ། །ཀླུ་དང་དམྱལ་བའི་གནས་ཐམས་ཅད་རྒྱར་ས་དཀྱིལ་དང་མཉམ་ཞིང། ཤར་དུ་ཞེས་སོགས་ནི་གླིང་བཞི་པོ་སོ་སོའི་ཁམས་ཀྱི་རྟེན་ལས་གྲུབ་པ། ཤར་གྱི་གླིང་དབུས་སུ་དཔག་ཚད་ སྟོང་ཕྲག་བདུན་གྱི་རྒྱ་ཚད་ཙམ་དབྱིབས་ཟླུམ་པོ་ཕྱེད་པའི་རྣམ་པ་ཅན་ཡོད་ལ། གཞན་གསུམ་ལའང་རྒྱ་ཚད་དབྱིབས་སོ་སོར་ཡོད་པ་སྟོན་པའོ། །དེ་བཞིན་དུ་ནང་དུ་ཆོས་མཐུན་ཚུལ་ཡོད་དེ། ཤར་གྱི་གླིང་ཟླུམ་པོ་ [170B] ནུབ་གླིང་གྲུ་བཞིས་ཁམས་ཡིན་ནོ། །དེའི་ཕྱིར་རང་གི་ལུས་ཀྱི་མདུན་གཅི་པ་འབབ་པ་རླུང་ཁམས་དང། རྒྱབ་བཤད་པ་འབབ་པ་ས་ཁམས་དང། བྱང་ཆུ་ཁམས་ནི་ནང་གི་དཀར་ཆ་དང། ལྷོ་མེ་ཁམས་ ནི་དམར་ཆ་མའི་རང་བཞིན་དང་ཆོས་མཐུན་པ་ཡིན་པའི་ཕྱིར། རི་གླིང་མཚོའི་རྣམ་གཞག་གཞན་རྣམས་ནི་བཤད་ཟིན་ལ། རྒྱ་ཚད་ནང་ལ་སྦྱར་ན། བྲང་གི་དབུས་ཕྱེད་གཡས་གཡོན་ནི་ལྷུན་པོའི་གཡོན་གྱི་ས་དཀྱིལ་དང། དཔུང་ པ་གཉིས་ནི་གཡས་གཡོན་གྱི་སོར་མོའི་མཐའི་བར་གཉིས་རླུང་དང་ཆོས་མཐུན་པ་ཡིན་ནོ། །ཚངས་པའི་གཞན་དུ་ཞེས་སོགས་ཀྱི་གཞན་ལ་རི་རབ་ཀྱི་སྟོང་གི་གཞལ་ཡས་ཁང་གི་དབུས་སུ་དུས་ཀྱི་འཁོར་ལོ་བཞུགས་ པའང། ནང་སྒལ་ཚིགས་ཀྱི་སྟེང་གི་སྤྱི་བོར་བྱང་སེམས་བརྟེན་པ་ལས་ངེས་དོན་དུས་ཀྱི་འཁོར་ལོ་བཞུགས་པ་དང། དེ་བཞིན་དུ་རི་རབ་ཀྱི་སྟེང་དུ་ལྷ་དང། འོག་ཏུ་ཀླུ་རིགས་ལྔ་དང། རི་རབ་ཀྱི་ཕྱོགས་མཚམས་སུ་གནས་ སོགས་བཅུ་གཉིས་ཡོད་ཅིང། དེའང་ནང་ལ་ཚིགས་ཆེན་བཅུ་གཉིས་དང། གཞན་ལ་ས་བཅུ་གཉིས་དང་སྦྱོར་བ་སྟོན་ནོ། །དེ་བཞིན་དུ་གཞན་ལ་ཕྱོགས་སྐྱོང་རྣམས་དཀྱིལ་འཁོར་དང། ཕྱི་ལ་ཕྱོགས་གང་དུ་གནས་པ་སྟོན་ པ་ལ། ཤར་དུ་བརྒྱ་བྱིན་ཞེས་སོགས་གསུངས། གསུམ་པ་འཁོར་ལོ་བསྒྱུར་བ་འཁོར་བའི་ངོ་བོ་ཉིད་ཀྱི་གནས་པ་བཤད་པ་ནི། ལྷུན་པོའི་རྒྱབ་ཀྱི་ཕྱོགས་རྣམས་སུ་ནི་ས་གཞི་དག་ལ་ལྷ་མིན་རྣམས་ཀྱིས་རྒྱལ་བར་དཀའ་བ་ [171A]༄༅། །འཁོར། །གང་དུ་ཆོས་ནི་རྣམ་པར་ཉམས་ཤིང་རྩོད་དུས་འཇུག་པ་དེ་དང་དེར་ནི་རབ་ཏུ་བགྲོད་པར་བྱེད། །ཀླ་ཀློ་རྣམས་ཀྱང་གཡུལ་དུ་བཅོམ་སྟེ་རང་གི་ཆོས་ལ་འགོད་པ་བྱས་ནས་མདུན་དུ་རྣམ་པར་ རྒྱུ༑ ༑རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དག་དང་རྩོད་དུས་གཞན་ནི་དུས་ཀྱི་སྦྱོར་བ་དག་གིས་འབྱུང་བར་འགྱུར། །དུམ་བུ་གང་དུ་སྟོབས་ལྡན་འཁོར་ལོ་ཅན་དེ་རབ་ཏུ་ཞུགས་པ་དེར་ནི་རྫོགས་ལྡན་དུས་བགྲོད་དེ། །རྒྱལ་ པོའི་ཁབ་ཏུ་གསུམ་ལྡན་རྩོད་པའི་དུས་ཀྱང་མདུན་དག་ཏུ་སྟེ་གཉིས་ཀྱི་བར་དུ་གཉིས་ལྡན་ནོ། །དུས་རྣམས་དག་གི་ལོ་ཡི་ཚད་ནི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རོ་བརྒྱ་དག་དང་བཅས་པ་སྟེ། །རེ་རེ་དག་གི་ཚད་ནི་དུས་དང་ མདའ་ཡིས་བསྒྱུར་བའི་མི་རྣམས་དག་གི་ལོ་བརྒྱ་གང་ཡིན་པའོ། ཞེས་གསུངས། དོན་ནི། ལྷུན་པོའི་རྒྱབ་ཅེས་པ་ལ་མཁས་པ་དག་པྲིཥྛ་ཞེས་པ་རྒྱབ་ཀྱི་སྐད་དོད་ཕྱི་ལ་འཇུག་གསུང་བ་ལྟར་ལེགས་པས་འདི་ལྟར་བྱ་ སྟེ༑ ལྷ་མིན་དཔུང་གྲོགས་དང་བཅས་པའི་ཀླ་ཀློ་རྣམས་ཀྱིས་གང་ལ་རྒྱལ་བར་དཀའ་བའི་དྲག་པོ་འཁོར་ལོ་ཅན་ཆོས་ཅན། ཁྱོད་ས་གཞི་གང་དུ་དུས་གང་གི་ཚེ་འཁོར་བའི་ཚུལ་ཡོད་དེ། ལྷུན་པོའི་ཕྱིའི་ཕྱོགས་མཚམས་ རྣམས་སུ་ནི་ས་གཞི་དག་ལ། སའི་དུམ་བུ་གང་དུ་སངས་རྒྱས་ཀྱི་བསྟན་པའི་དུས་བཞི་སྔ་མའི་རྫོགས་ལྡན་སོགས་ཉམས་ཤིང་རྩོད་དུས་འཇུག་པའམ་ཞུགས་པའི་མཐའ་དེ་དང་དེར་ནི་རབ་ཏུ་བགྲོད་པར་བྱེད་པ་ཡིན་ [171B] དེ་ཆོས་ཅན། དགྲོད་ནས་ཇི་ལྟར་བྱེད་པའི་ཚུལ་ཡོད་དེ། ཀླ་ཀློ་རྣམས་དང། ཀྱང་སྒྲས། དཔུང་གྲོགས་ཆོས་མིན་དང་བཅས་པ་རྣམས་ཀྱང་འཛམ་གླིང་ཆུང་ངུ་འདིར་གཡུལ་དུ་བཅོམ་སྟེ། རང་གི་ཆོས་རྡོ་རྗེ་ཐེག་པ་ལ་ ཀླ་ཀློ་དང་དེའི་ཆོས་ལ་ཞུགས་པ་རྣམས་དགོད་པར་བྱས་ནས་འཛམ་གླིང་ཆུང་ངུ་འདི་ནས་གཡས་བསྐོར་གྱིས་རང་གི་མདུན་མའི་གླིང་དུ་རྣམ་པར་རྒྱུ་བ་ཡིན་པའི་ཕྱིར། དུས་བཞི་ཆེན་པོ་བསྐལ་པའི་དབང་དུ་བྱས་པའི་རྫོགས་ ལྡན་གསུམ་ལྡན་གཉིས་ལྡན་དག་དང་རྩོད་དུས་ལས་གཞན་ནི་འཁོར་ལོ་ཅན་གྱི་སྔོན་དང་རྗེས་སུ་འབྱུང་བ་བསྟན་པའི་དུས་བཞི་འབྱུང་ཚུལ་ཡོད་དེ། ཉིན་ཞག་གཅིག་ལ་དུས་ཀྱི་སྦྱོར་བ་འཆར་བ་དག་གི་རིམ་པ་ བཞིན་དུ་འབྱུང་བར་འགྱུར་བ་ཡིན་པའི་ཕྱིར། དུམ་བུ་གང་དུ་སྟོབས་ལྡན་འཁོར་ལོ་ཅན་དེ་རབ་ཏུ་ཞུགས་པ་དེར་ནི་རྫོགས་ལྡན་དུ་གྱུར་པའི་དུས་སུ་བགྲོད་པ་ཡིན་ཏེ། དེ་ནས་རྒྱལ་པོའི་རྒྱབ་སྟེ་རྗེས་སུ་རྫོགས་ལྡན་དང་ དེ་ཉམས་ནས་གསུམ་ལྡན་དང། གསུམ་ལྡན་དང་རྩོད་ལྡན་གཉིས་ཀྱི་བར་དུ་གཉིས་ལྡན་དང། བསྟན་པའི་དུས་བཞི་སྔ་མའི་རྩོད་པའི་དུས་ཀྱང་རྒྱལ་པོའི་མདུན་དག་ཏུ་བགྲོད་པ་ཡིན་པའི་ཕྱིར། ལྷག་མ་ནི་དུས་ བཞི་ཕྱི་མ་སྡོམས་པ་དང་པོའི་ལོ་གྲངས་ཏེ་སྔར་བཤད་པ་ལྟར་རོ། །བཞི་པ་དུས་ངེས་བྱེད་ཤིན་ཏུ་ཕྲ་བའི་དབུགས་ལ་སོགས་པས་ཉིན་མོའི་ཚད་སོགས་ཀྱི་ངོ་བོ་ཉིད་ཀྱི་གནས་པ་བཅུ་གཉིས་པ་བཤད་པ་ནི། ཕྲ་དབུགས་ [172A]༄༅། །དཧྲུ་དང་ཆུ་ཚོད་ཉིན་ཞག་དཧྲུ་དང་དུས་བཞི་དག་ནི་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང། ཞེས་སོགས་གསུངས། དོན་ནི། མིའི་དབུགས་འཇུག་པ་དང་འབྱུང་བ་གཅིག་ལ་ཆ་ཤས་སྟོང་དྲུག་བརྒྱ་ཉི་ཤུ་རྩ་གཅིག་ཏུ་ བགོས་པའི་ཆ་གཅིག་ནི་ལུས་སྐྱེས་སོགས་སྲིན་བུ་ཕྲ་མོ་རྣམས་ཀྱི་དབུགས་གཅིག་དང། དབུགས་དྲུག་ནི་ཆུ་སྲང་དང། ཆུ་སྲང་དྲུག་ཅུ་ནི་ཆུ་ཚོད་དང། ཆུ་ཚོད་དྲུག་ཅུ་ནི་ཉིན་ཞག་གཅིག་སྟེ། རང་གི་དབུགས་ཉི་ཁྲི་ཆིག་ སྟོང་དྲུག་བརྒྱ་རྒྱུ་ཞིང་མི་རྣམས་ཀྱི་དབུགས་འབྱུང་འཇུག་གཅིག་གི་ཡུན་ཚད་དེ་སྲིན་བུ་ཕྲ་མོའི་ཉིན་ཞག་གཅིག་གོ་དེ་འདྲ་བའི་རང་ལ་བརྒྱ་ནི་སྲིན་བུ་ཕྲ་མོའི་ཚེ་ཚད་དང། དེ་བཞིན་དུ་དཧྲུ་རྣམས་ཏེ་མི་རྣམས་ཀྱི་དབུགས་ སུམ་ཅུ་ལ་འབྱུང་པོ་ཡི་དྭགས་རྣམས་ཀྱི་དབུགས་གཅིག་ཏུ་བྱས་པས་མི་རྣམས་ཀྱི་ཟླ་གཅིག་ལ་འབྱུང་པོ་རྣམས་ཀྱི་ཞག་གཅིག་དང། མི་རྣམས་ཀྱི་ཞག་གཅིག་ལ་ལྷ་མིན་རྣམས་ཀྱི་དབུགས་གཅིག་དང། མི་རྣམས་ཀྱི་ ལོ་གཅིག་ལ་ནུས་པ་འོག་མིན་པའི་དབུགས་གཅིག་རྣམས་རིམ་གྱིས་བསྒྲེས་པས་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འོག་མིན་པའི་ཉིན་ཞག་གཅིག་སྟེ་དེའི་ཚད་དུ་བསྟན་པའི་དུས་བཞི་ཕྱི་མ་གནས་ཞེས་པའོ། །འདི་འོག་ མིན་པ་དང་སྲིད་རྩེ་པའི་ཚེ་ཚད་བསྟན་པ་མ་ཡིན་ལ་དེ་མ་གཏོགས་པ་རྣམས་རང་རང་གི་དབུགས་ཀྱིས་བསྒྲེས་པའི་ཚེ་ལོ་བརྒྱ་པར་དགོངས་ཏེ་གསུངས་ཤིང། དུམ་བུ་བཅུ་གཉིས་སུ་རྒྱལ་པོའི་ཉི་མ་བཅུ་གཉིས་འཁོར་ [172B] ནུབ་གླིང་སོགས་གཡས་བསྐོར་གྱིས་བྱོན་ནས་རྡོ་རྗེ་ཐེག་པ་རྒྱས་པར་ བྱེད་པ་ཡིན་ནོ། །གཉིས་པ་མདོར་བསྡུས་ཀྱི་མཚན་ནི། དཔལ་མཆོག་གི་སོགས་སོ།། སྨྲས་པ། ཤིན་ཏུ་ལྐོག་གྱུར་ཤེས་བྱའི་གནས་རྣམས་ཀྱང། །དབྱར་དུས་མཁའ་ལ་ཤར་བའི་དབང་པོའི་གཞུ། །ཇི་བཞིན་མ་ འདྲེས་གསལ་བར་འཆར་བ་ཡི། །ལེགས་བཤད་འདི་ནི་ནོར་བུའི་མེ་ལོང་ངོ། །བཅོམ་ལྡན་འདས་དཔལ་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྩ་བའི་རྒྱུད་ལས་ཕྱུང་བ་བསྡུས་པའི་རྒྱུད་ཀྱི་རྒྱས་འགྲེལ་དྲི་མ་མེད་པའི་ འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བའི་སྙིང་པོ་བསྡུས་པ་ཡིད་བཞིན་གྱི་ནོར་བུ་ལས་མདོར་བསྡུས་བརྒྱད་པའི་རྣམ་པར་བཤད་པའོ།། ༈ །།མཚན་བཟང་རྒྱས་པའི་སྟོན་པ་དེས། །སྙིང་གི་ཟེའུ་འབྲུ་ བརྒྱན་བྱས་ཏེ། །དེ་ལས་འོངས་པའི་ལེགས་བཤད་རྒྱུན། །ཟླ་ཤེལ་བསིལ་བའི་འོད་བཞིན་སྤྲོ། །གསུམ་པ་དྲང་ངེས་ཀྱི་སྒོ་ནས་ཕྱི་ནང་གཞན་གསུམ་གྱི་དུས་ཀྱི་འཁོར་ལོ་གཏན་ལ་དབབ་པའི་ཡན་ལག་སྐར་རྩིས་ཀྱི་ མདོར་བསྡུས་དང། གཞི་པ་གདུག་པ་ཅན་གཞོམ་པ་དང་རང་གནས་བསྲུང་བའི་དོན་དུ་དབྱངས་འཆར་དང་འཁྲུལ་འཁོར་གྱི་མདོར་བསྡུས་ཀྱང་ཤེས་པར་བྱ་དགོས་མོད་ཀྱང་ཡི་གེས་ཧ་ཅང་འཇིགས་པའི་ཕྱིར་རེ་ཞིག་ [173A]༄༅། །བཞག་སྟེ། ལྔ་པ་འཁོར་ལོས་བསྒྱུར་བ་ཆེན་པོས་ཀླ་ཀློའི་ཆོས་འཇོམས་པ་དང། སངས་རྒྱས་ཀྱི་ཆོས་འཇོག་པ་གོ་སླར་བསྟན་པའི་དོན་བསྡུས་པ་ཙམ་ཞིག་བརྗོད་ན། གཞུང་ནི། ཆང་དང་ལན་ཚྭའི་ཆུ་ གཏེར་དབུས་སུ་ཐུབ་པ་ས་ཡི་དཀྱིལ་འཁོར་ལ་ནི་ལས་ས་ཡང་དག་གནས། །དཔག་ཚད་འབུམ་ཕྲག་གསུམ་ལ་ཉི་མའི་དུམ་བུ་རྣམས་སུ་མི་ཡི་བདག་པོ་རིམ་པས་འཁོར་བར་འགྱུར། །དུམ་བུ་གཅིག་ལ་དཔག་ཚད་ སྟོང་ཕྲག་ལྔ་སྟེ་གཡས་ཀྱི་ཕྱེད་ལ་ཤམྦྷ་ལར་གྲགས་པ། ཞེས་གསུངས། འདི་ལ་དགག་བསྒྲུབ་ཀྱི་སྤྲོས་པ་རྒྱ་ཆེར་ཡོད་ཀྱང་རང་ལུགས་སྙིང་པོར་དྲིལ་ནས་བཤད་ན། དེ་འང་འཛམ་གླིང་ཆུང་ངུ་འདི་ལ་ལྷོ་བྱང་དུ་དཔག་ ཚད་སྟོང་ཕྲག་ཉེར་ལྔ་ཡོད་པ་ཆ་མཉམ་དྲུག་ཏུ་བགོས་པའི་ཆ་རེ་རེ་ནི་ཕྱི་མ་ནས་རིམ་པ་བཞིན་འཕགས་ཡུལ་དང། བོད་དང། ལི་དང། རྒྱ་ནག་དང། རྒྱ་ནག་ཆེན་པོ་དང། ཀཻ་ལ་ཤ་ཡི་དུམ་བུ་སྟེ་དྲུག་པོ་ཐམས་ཅད་ ཀྱི་དཀྱུས་ཚད་གླིང་འདིའི་ཤར་ནུབ་ཀྱི་མཐའ་ཇི་སྲིད་པར་མཉམ་ཞིང། ཞེང་ཚད་ནི་རེ་རེ་ལ་དཔག་ཚད་སྟོང་ཕྲག་བཞི་བརྒྱ་དང་དྲུག་ཅུ་ཕྱེད་དང་རེ་བདུན། རྒྱང་གྲགས་ཕྱེད། གཞུ་འདོམ་སུམ་བརྒྱ་དང་སོ་གསུམ་ ཁྲུ་གང་སོར་བརྒྱད་འབྱུང་བར་མཉམ་མོ། །ཀཻ་ལ་ཤའི་དུམ་བུ་དེའི་བྱང་ངམ་རྒྱབ་ཏུ་ལྷུན་པོ་དང། ལྷོ་ན་ཆུ་བོ་ཤཱི་ཏ་འབབ་པ་ལ་མདུན་དུ་བྱས་པའི་རྒྱབ་མདུན་ལ་ལྟོས་པའི་ཕྱེད་གཡས་པ་ནི་ཤམྦྷ་ལ་མཐའ་གངས་རིས་བསྐོར་ [173B] དེའི་ལྷོ་བྱང་ཤར་ནུབ་སོགས་ཆ་རེ་རེ་ནི་པདྨའི་འདབ་མ་ལྟ་བུ་རེ་རེའི་ཞེང་ཚད་སྟེ། ས་བཞི་པདྨ་འདབ་བརྒྱད་ཀྱི་རྣམ་པ་ཅན། ལྟེ་བ་ཟླུམ་པོ་ཡངས་པའི་ དབུས་སུ་ཕོ་བྲང་ཀ་ལཱ་པ། དེའི་མདུན་ལྷོ་ཕྱོགས་དབུས་ན་མ་ལ་ཡའི་སྐྱེད་མོས་ཚལ་གྱི་དབུས་སུ་བཅོམ་ལྡན་འདས་ཀྱི་ཕོ་བྲང་བཞུགས་པ། ཚལ་དེའི་ཤར་ན་ཉ་པའི་ཡིད་ཀྱི་མཚོ། དེའི་ནུབ་ན་པདྨ་དཀར་པོའི་མཚོ་སྟེ་ ལྟེ་བའི་ཕོ་བྲང། སྐྱེད་མོས་ཚལ། མཚོ་གཉིས་དང་བཅས་པ་ཞེང་དུ་དཔག་ཚད་བཅུ་གཉིས་བར་མཚུངས་སོ། །ཕོ་བྲང་གི་འཁོར་དུ་གྲོང་བྱེ་བ་ཕྲག་གཅིག་དང། མཐའ་སྐོར་རི་དང་ནགས་ཚལ་གྱིས་མཛེས་པར་བསྐོར་བའི་ རིའི་རྩེ་མོ་གངས་དང་བཅས་པ། ལྟེ་བའི་ཁྱོན་ནི་ཕོ་བྲང་དབུས་སུ་བྱས་པའི་རིའི་རྩ་བར་ཐུག་གི་བར་དཔག་ཚད་ལྔ་བརྒྱ་ལྔ་བརྒྱས་ཁོར་ཡུག་ཏུ་བསྐོར་བ། པདྨའི་ལྟེ་བའི་ཚད་དེ་ཕྲི་བའི་ལྷག་ནི་ཕྱོགས་གཉིས་གཉིས་བསྡོམས་ པའི་མཐའ་བསྐོར་གྱི་རི་གངས་རི་དང་བཅས་པའི་རྩ་བའི་ཞེང་ཚད་དོ། །ལྟེ་བའི་ཕྱི་རོལ་གྱི་འདབ་མ་བརྒྱད་པོ་རེ་རེ་ལ་གྲོང་བྱེ་བ་ཕྲག་བཅུ་གཉིས་དང། དེ་འདྲའི་བྱེ་བ་ཕྲག་རེ་རེ་ལའང་གྲོང་འབུམ་ཕྲག་བརྒྱ་བརྒྱ་ཡོད་པའི་འབུམ་ ཕྲག་རེ་ལ་རྒྱལ་ཁམས་ཞེས་པ་དང། གླིང་གི་ཡུལ་དང། ཡུལ་འཁོར་ཞེས་བྱ་བ་ཡིན་ཏེ། ཕྱི་རོལ་ཏུ་ནི་འདབ་མ་རེ་རེ་དག་ཀྱང་ཉིན་བྱེད་ཡུལ་དང་གླིང་གི་ཡུལ་རྣམས་དག་གིས་བརྒྱན། །བྱེ་བའི་གྲོང་གིས་ངེས་པར་བཅིངས་པར་ [174A]༄༅། །ཡུལ་དུ་འགྱུར་ཏེ་འབུམ་ཕྲག་གྲོང་རྣམས་ཀྱིས་ནི་ཡུལ་འཁོར་རོ། ཞེས་གསུངས་པའི་ཕྱིར། བྱེ་བ་བཅུ་གཉིས་ལ་ཡུལ་ཆེན་པོ་བཅུ་གཉིས་ཞེས་བྱ་ཞིང། གྲོང་བྱེ་བ་རེ་རེ་ལ་རྒྱལ་པོ་རེ་རེ་སྟེ་དེ་རྣམས་ ཀྱིས་ཀྱང་དུས་ཀྱི་འཁོར་ལོ་སྟོན་ནོ། །འོ་ན་ཤམྦྷ་ལའི་ཡུལ་དེར་གྲོང་དེ་སྙེད་མི་ཤོང་ངམ་ཞེ་ན། སྐྱོན་མེད་དེ། བཤད་མ་ཐག་པ་ལས་ཆེས་ཆུང་བ་ཤམྦྷ་ལའི་ཡུལ་སྤྱིའི་ཚད་དཔག་ཚད་ལྔ་བརྒྱའི་དབང་དུ་བྱས་ནས་བརྩིས་ པ་ལའང་གྲོང་དེའི་ཐོབ་སྐལ་གྱི་སའི་ཁྱོན་འདོམ་གྲུ་བཞི་པ་ཁྲི་ཕྲག་གཅིག་དང། སྟོང་ཕྲག་གཅིག་དང་བརྒྱ་དང་བཅུ་གཅིག་གི་སའི་ཁྱོན་འབྱུང་བ་ཡིན་པའི་ཕྱིར། གཅིག་གཉིས་གསུམ་དང་ཞེས་སོགས་རྐང་པ་གཉིས་ ཀྱིས་འཁོར་ལོ་ཅན་ས་དུམ་བུ་བཅུ་གཉིས་ལ་འཁོར་ཚུལ་བསྟན། དེ་ནས་ཕྱེད་ཅན་ཞེས་པས་གླིང་འདིའི་ཕྱེད་ཕྱེད་ལ་དབང་བྱེད་པ་དྲག་པོའི་སྲས་ཚངས་པ་དང། ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་འཕགས་ཡུལ་སོགས་ལ་དབང་ བྱེད་པ་ལྷ་དབང་གཉིས་ཕྱེད་ཅན་དུ་བསྟན། ཚངས་པའི་སྲས་འོད་སྲུངས་མན་ཆད་དུམ་བུ་གཅིག་ཤམྦྷ་ལ་ཙམ་ལ་དབང་བྱེད་པ་འོད་སྲུངས་དང། ཕྱག་རྒྱ་སྟེ་དྲུག་དང། ལག་པ་གཉིས་དང་བཅས་པའི་རྒྱལ་པོ་བརྒྱད་ བསྟན་པ་ཡིན་ནོ། །བདུད་དང་འོད་ཟེར་ཞེས་སོགས་རྐང་པ་གསུམ་གྱིས་ཆོས་རྒྱལ་རྣམས་ཀྱི་སྐྱེ་གནས་ཀྱི་ཁྱད་པར་བསྟན་ཏེ། དམ་ཆོས་ཀྱི་འོད་ཟེར་སྒྲོག་པོ་ཟླ་བཟང་སོགས་བདུན་དང། དེ་ནས་རི་སྟེ་བདུན་དང། གཟའ་ [174B] ཐུབ་པ་སྟེ་བདུན་དང། དེ་བཞིན་དུ་འང་བདུན་སྟེ་ཟླ་བཟང་ནས་འཁོར་ལོ་ཅན་གྱི་བར་སོ་གཉིས། ཚངས་པ་དང་ལྷ་དབང་དང་འོད་སྲུངས་ཏེ་སོ་ལྔ་པོ་འཇིག་རྟེན་ལས་འདས་པ་ལྷའི་སྐྱེ་གནས་དང། དེར་རྗེས་ཕྱག་རྒྱའི་ ལག་ཅེས་བསྟན་པ། ཉ་དང། རུས་སྦལ་དང། ཕག་དང། མིའི་སེང་གེ་དང། མིའུ་ཐུང་དང། ཡ་མད་ཨགྣིའི་བུ་རམ་དགྲ་སྟ་འཛིན་དང། རཱ་མ་ཎ་དང། ནག་པོའི་མིང་ཅན་གྱི་རྒྱལ་པོ་བརྒྱད་ནི་འབྱུང་པོ་མིའི་སྐྱེ་གནས་ཅན་ནོ། །འོ་ན་ གཞོམ་བྱ་ཀླ་ཀློའི་སྟོན་པ་དང། དེའི་ཀུན་སྤྱོད་གང་ཡིན་ཞེ་ན། དེ་སྟོན་པ་ལ། ཨར་དོ་ཨ་ནོ། ཞེས་སོགས་གསུངས། ཀླ་ཀློའི་སྟོན་པའང་བརྒྱད་ཡོད་དེ། ཨཱ་ཧོ་ཞེས་པ་གཤེད་པོ་དང། ཨ་ནོ་གྷ་སྟེ་རླབས་མ་ནི་ནམ་ནད་མེད་དང་ ཕག་ལྡན་དང། བྱི་བ་དང། དབང་པོ་དང། གོས་དཀར་ཅན་དང། སྦྲང་རྩིའི་བློ་གྲོས་དང། འཇོམ་བྱེད་རྣམས་སུ་ཡོད་པའི་ཕྱིར། དེ་བརྒྱད་ནི་ལྷ་མིན་ལག་འགྲོའི་རིགས་མུན་པའི་སྐྱེ་གནས་ཅན་ནོ། །དེ་ནས་ཐིག་ལེ་ནུས་མ། ཞེས་ སོགས་ནི། སྟོན་པས་ཟླ་བཟང་ལ་ངེས་པ་བྱིན་པ་དང་རིགས་ལྡན་ལུང་བསྟན་པའི་ཚུལ་ཡིན་ནོ། །ཀླ་ཀློའི་ཆོས་བཅོམས་ནས་སངས་རྒྱས་ཀྱི་ཆོས་ལ་འཇོག་པའི་ངོ་བོ་ཉིད་ཀྱི་གནས་པ་ལ། ཐོག་མར་ཀླ་ཀློའི་ཆོས་འཇུག་དུས་ སྟོན་པ། རིགས་ལྡན་རིགས་ཀྱི་ནང་ནས་ཞེས་སོགས་གསུངས། ཀླ་ཀློ་བཅོམས་པའི་དཔུང་ཚོགས་ཇི་ལྟར་འབྱུང་ཚུལ་སྟོན་པ་ལ། གཡུལ་དུ་ཀླ་ཀློ་དག་ལ་མཐའ་དག་ས་ཡི་སྟེང་དུ་བསྣུན་བྱེད་འཁོར་ལོ་བསྒྱུར་བ་རང་གི་ [175A]༄༅། །དཔུང། ཞེས་སོགས་གསུངས། དེའང་འཛམ་གླིང་ཆུང་ངུ་འདིར་དེ་ལྟ་བུའི་འཁྲུག་པ་དྲག་པོ་བྱུང་ཚེ་རིགས་ལྡན་གྱི་དཔུང་འབྱུང་ཚུལ་ཡོད་དེ། དཀར་ཕྱོགས་སྐྱོང་བའི་ལྷ་ཆེན་བཅུ་གཉིས་ཀྱིས་གྲོགས་ བྱས་ཏེ་དེའི་དབྱེ་བ་ནི། ཁ་དོག་སྣ་ཚོགས་པ་བྱེ་བ་དགུའོ། །གླང་ཆེན་མྱོས་པ་འབུམ་ཕྲག་བཞི་དང། ཨཀྵོ་ཧི་ཎ་དྲུག་ཅེས་པ་ནི་གླང་ཆེན་མྱོས་པ་གཅིག་ཤིང་རྟ་པ་གཅིག་རྟ་པ་གསུམ། རྐང་ཐང་ལྔ་ལ་ཝ་རྟི་ཞེས་བྱ་ལ། དེ་ གསུམ་ལ་སོ་ནཱ་མུ་ཁ། དེ་གསུམ་ལ་གུལ་མ། དེ་གསུམ་ལ་ག་ཎ། དེ་གསུམ་ལ་བཱ་ཧི་ཎི། དེ་གསུམ་ལ་བྲྀ་ཏ་ན། དེ་གསུམ་ལ་ཙ་མའུ། དེ་གསུམ་ལ་ཨ་ནཱི་ཀཱི་ནི་དེ་བཅུ་ཐམས་ཅད་པ་ནི། ཨཀྵོ་ཧི་ཎིའི་ཚད་ཅེས་འཆི་མེད་ མཛོད་ནས་བཤད་པ་བཞིན་བུ་སྟོན་རིན་པོ་ཆེ་བཞེད་དོ། །ཚུལ་འདི་ལྟར་བྱས་པའི་ཨཀྵོ་ཧི་ཎི་གཅིག་ལ་གླང་ཆེན་ཉི་ཁྲི་ཆིག་སྟོང་བརྒྱད་བརྒྱ་བདུན་ཅུ་འབྱུང་ལ། སྔར་གླང་ཆེན་བཞི་འབུམ་གསུངས་པ་དང་འགལ་ ལོ་སྙམ་དུ་མི་སེམས་ཏེ། འདི་གཉིས་ཐ་དད་པར་བྱས་པ་ལ་སྐྱོན་མེད་པའི་ཕྱིར། དེ་བཞིན་དུ་མི་དབང་དགུ་བཅུ་རྩ་དྲུག་དང་བཅས་པའི་དཔུང་གིས་གཡུལ་འགྱེད་པ་ན། དཔའ་བོའི་ཚོགས་རྣམས་ཀྱིས་ཀླ་ཀློའི་ཚོགས་ སྤྱི་ལ་བསྣུན་ཅིང། དེ་བཞིན་དུ་གླང་པོས་གླང་པོ་དང། རྟ་ཡིས་ཀླ་ཀློའི་རྟ་དང། ས་སྐྱོང་རྣམས་ཀྱིས་དེའི་ས་སྐྱོང་དང། དེའི་དམག་དཔོན་ཟླ་བ་ཆེན་པོའི་བུ་ལ་རིགས་ལྡན་གྱི་འཁོར་ཧ་ནུ་མཎྡའི་མཚོན་གྱིས་དང། དྲག་ [175B] ཀླ་ཀློའི་དབང་པོ་བྱེད་པའི་བློ་གྲོས་ལ་རིགས་ལྡན་རང་ཉིད་ཀྱིས་བསྣུན་ཏེ་བཅོམ་ནས་འཁོར་བཅས་རང་གནས་ཀ་ལཱ་པར་འགྲོ་བ་ཡིན་པའི་ཕྱིར། དེ་ལྟར་ཀླ་ཀློའི་རྒྱུན་བཅད་ནས་ཆོས་དང། འདོད་པ་དང། ནོར་དང། ཐར་པ་སྟེ་སྡེ་བཞིའི་འབྲས་བུ་རྫོགས་ལྡན་ཆེན་པོ་བཞིན་དུ་བྱེད་པ་ཡིན་ཏེ། དེ་ཡི་དུས་སུ་འཛིན་མ་དག་ལ་མཐའ་དག་སྐྱེ་བོའི་རིགས་ནི་ཆོས་ དང་འདོད་པ་ནོར་རྣམས་རྫོགས། ཞེས་སོགས་གསུངས་པའི་ཕྱིར། ལྷག་མ་ནི་ཊཱི་ཀ་ཆེན་ལས་ཤེས་པར་བྱའོ།། སྨྲས་པ། སྡང་དང་བྲལ་ཡང་སྲ་བའི་གོ་ཆ་བགོས། །ཞི་ཞིང་དུལ་ཡང་རྣོན་པོའི་མཚོན་ཐོགས་ཤིང་ བརྩེ་ཞིང་བྱམས་ཀྱང་ཀླ་ཀློའི་དཔུང་འཇོམས་པའི། །ཁམས་གསུམ་ཀུན་ལས་རྒྱལ་ཐབས་རྨད་དུ་བྱུང། །བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ལས་ཕྱུང་བ་བསྡུས་པའི་རྒྱུད་ཀྱི་རྒྱས་འགྲེལ་དྲི་མ་ མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བའི་སྙིང་པོ་བསྡུས་པ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་འཇིག་རྟེན་ཁམས་ཀྱི་ལེའུ་རྣམ་པར་བཤད་པའོ།། ༈ །།རྣམ་པ་མེད་ཀྱང་མཛེས་སྡུག་ མ་ལུས་པའི། །རྣམ་པ་ཡོངས་སྨིན་ཨུཏྤལ་རི་མོ་ཡིས། །ཕྱོགས་ཀུན་ཡ་མཚན་ཅི་ཡང་འབྲི་བ་ལྟའི། །དམ་པ་དང་པོའི་སངས་རྒྱས་བླ་མ་དང། །དབྱེར་མེད་ཞབས་སེན་མཛེས་པའི་རིན་ཆེན་འདི། །བྱང་ཆུབ་སྙིང་པོར་ [176A]༄༅། །གཙུག་གི་རྒྱན་བཟུང་ནས། །ནང་དབང་སྒྲུབ་ཐབས་ཡེ་ཤེས་ཆུ་གཏེར་ཆེ། །བསྲུངས་པའི་བདུད་རྩིའི་སྙིང་པོ་སྦྱིན་པར་བྱ། །དེ་ལྟར་འཇིག་རྟེན་ཁམས་ལ་ལེགས་པར་བཤད་ནས། སྔོན་དུ་བསྡུས་དོན་ ཉེ་བར་བཀོད་པ་ས་ཁོངས་མི་བཅད་པའི་ཕྱིར། །གཉིས་པ་ནང་ལེའི་སྙིང་པོ་ཙམ་ཞིག་བརྗོད་པར་བྱའོ། །དེའང་ལམ་འདིའི་ཆེད་དུ་བྱ་བའི་གདུལ་བྱའི་གཙོ་བོ་འཛམ་བུ་གླིང་པའི་མི་མངལ་སྐྱེས་ཁམས་དྲུག་ལྡན་ པ་ཡིན་པས། སྔར་གྱི་སྣོད་ཀྱི་འཇིག་རྟེན་སྲིད་པ་བཅུའི་རྣམ་གཞག་ཇི་ལྟར་གསུངས་པ་དེ་དག་ཀྱང། ནང་སྒྲུབ་པ་པོ་མངལ་སྐྱེས་ཁམས་དྲུག་ལྡན་པ་མངལ་དུ་ཉིང་མཚམས་སྦྱོར་ཚུལ་དང། དེ་ལ་བརྟེན་ནས་ཕུང་ཁམས་སྐྱེ་ མཆེད་ལས་དབང་བྱ་བ་དང་བཅས་པ་གྲུབ་པ་དང་ཆོས་མཐུན་སྦྱར་ནས་ལེའུ་འདིར་རྒྱས་པར་གསུངས་པ་རགས་པ་རྣམས་བླ་མེད་སྤྱི་དང་འདྲ་ལ། ཁྱད་པར་མངལ་སྐྱེས་གཟུང་བ་སོགས་ཁྱབ་འཇུག་གི་འཇུག་པ་བཅུ་ དང་སྦྱར་ནས་གསུངས་པའི་འཇུག་པ་བཅུ་ནི། ཉ་དང་རུས་སྦལ་ཕག་པ་དང། །མི་ཡི་སེང་གེ་མིའུ་ཐུང་དང། །རཱ་མ་གཉིས་དང་ནག་པོ་དང། །སངས་རྒྱས་ཀལྐི་ཏ་སྟེ་བཅུ། ཞེས་འབྱུང་བ་ལྟར། འདིར་ཀུན་གཞི་དང་ཁྱབ་ འཇུག་གི་སྒྲས་བཏགས་པ་ཐུགས་རྡོ་རྗེ་རྣམ་ཤེས་མངལ་དུ་ཞུགས་ནས་ཟླ་བ་གཉིས་ཀྱི་བར་དུ་དམར་བ་ཉའི་རྣམ་པ་དང། དེ་ནས་ཟླ་བ་གསུམ་པ་དང་བཞི་པའི་སྐབས་སུ་རུས་སྦལ་དང། ཟླ་བ་ལྔ་པ་ནས་ཇི་སྲིད་མ་བཙས་ [176B] མངལ་ནས་འབྱུང་བའི་ཚེ་མིའི་སེང་གེ་དང། བཙས་ནས་སོ་མ་སྐྱེས་ཀྱི་བར་མིའུ་ཐུང་དང། སོ་སྐྱེས་ནས་ལོ་བརྒྱད་ཀྱི་མཐར་སོ་ལྷུང་བའི་བར་དགྲ་སྟ་རཱ་མའི་དང། དེ་ནས་ལོ་བཅུ་དྲུག་པའི་བར་རྒྱས་ པ་རཱ་མའི་དང། དེ་ནས་སྐྲ་དཀར་སྐྱེས་ཀྱི་བར་ནག་པོའི་དང། དེ་ནས་འཆི་བའི་ཉིན་ཞག་གི་བར་སངས་རྒྱས་དང། འཆི་བའི་གནས་སྐབས་རིགས་ལྡན་དང་སྦྱོར། དེའང་འཇུག་པ་ཐ་མ་གཉིས་སྔོན་གྱི་རིག་བྱེད་པ་ལ་མེད་ ཀྱང་སངས་རྒྱས་བྱོན་ནས་བྲམ་ཟེ་གདུག་པ་རྣམས་ཀྱིས་བཅུག་པར་འགྲེལ་ཆེན་ལས་གསུངས། དེ་ལྟ་བུའི་སྐྱེས་བུའི་རྩ་རླུང་ཐིག་ལེ་གཏན་ལ་དབབ་བྱའི་གཙོ་བོ་ཡིན་ཅིང་རྩའི་གཙོ་བོ་རོ་རྐྱང་དབུ་མ་གསུམ་གྱི་རྒྱུན་ མར་སྣ་རྟགས་དང་བཤང་ལམ་གྱི་སྒོ་དང། ཡར་སྣ་སྨིན་མཚམས་སུ་ཟུག་ལ། ལྟེ་བ་ཡན་ཆད་དུ་སྒྲ་གཅན་དང་མཆོག་གི་རྩ་དང་གཉིས་སྤངས་སོགས་རྩ་དབུ་མའི་མིང་གི་རྣམ་གྲངས་དང། ཉི་མའི་རྩ། དམར་སེར་ ཅན༑ ར་ས་ནཱ། ཉི་མའི་ལམ་ཞེས་སོགས་གཡས་ཀྱི་རོ་མའི་མིང་དང། ཟླ་བའི་རྩ། ཨ་ནི། ལ་ལ་ནཱ། ཟླ་བའི་ལམ་ཞེས་པ་གཡོན་གྱི་རྐྱང་མའི་མིང་དང། ལྟེ་བ་མན་ཆད་དུ་རྐྱང་མའི་རྒྱུན་ལ་བཤད་པའི་རྩ་དང། རོ་མའི་ རྒྱུན་ལ་གཅི་བའི་རྩ་དང། དབུ་མའི་རྒྱུན་ལ་དུང་ཅན་མ་དང། དུས་མེའི་རྩ་དང། ཁུ་བ་འབབ་པའི་རྩེ་དང། མཆོག་གི་རྩ་ཞེས་བྱ་ཞིང། དབུ་མ་དང་དུང་ཅན་མ་གཉིས་ཀ་ལ་དྷཱུ་ཏཱི་ཞེས་བྱའོ། །རྩ་འཁོར་གཙོ་བོ་དྲུག་ཡོད་ [177A]༄༅། །དེ༑ གསང་བར་སོ་གཉིས། ལྟེ་བར་རེ་བཞི། སྙིང་ཁར་བརྒྱད། མགྲིན་པར་སོ་གཉིས། དཔྲལ་བར་བཅུ་དྲུག་གཙུག་ཏོར་ན་བཞི་པ་རྣམས་སོ། །ལུགས་འདི་ལ་གསང་གནས་ཀྱི་རྩ་འདབ་རྩ་བ་དྲུག་དང་ དྲུག་པོ་དེའི་བཞི་ལ་གཉིས་གཉིས་སུ་གྱེས་པས་བརྒྱད་དང། མ་གྱེས་པ་གཉིས་ཏེ་བཅུ་པོའི་དྲུག་ལ་གཉིས་གཉིས་གྱེས་པ་བཅུ་གཉིས་མ་གྱེས་པའི་བཞི་སྟེ་ཕྱི་རོལ་བཅུ་དྲུག་སྟེ། རིམ་པ་གསུམ་པོ་ཐམས་ཅད་བསྡོམས་ པས་སོ་གཉིས་སོ། །ལྟེ་བར་ཡང་དང་པོར་རྩ་འདབ་བཞི། དེ་ནས་བརྒྱད། དེ་ནས་བཅུ་དྲུག་པ་སྤྱི་དང་མཚུངས་ཤིང་བཅུ་དྲུག་པའི་མཚམས་བཞིའི་རྩ་མ་གཏོགས་བཅུ་གཉིས་པོ་རེ་རེ་ལ་ལྔ་ལྔ་གྱེས་པས་དྲུག་ཅུ་དང། མཚམས་བཞིའི་རྩ་ བཞི་དང་བཅས་པས་རེ་བཞི་ཡིན་ཅིང་བཞི་པོ་དེ་ལ་སྟོང་པའི་རྩ་དང། བཅུ་གཉིས་པོ་ལ་འཕོ་བ་བཅུ་གཉིས་ཀྱི་རྩ་ཞེས་བྱའོ། །རྩ་འཁོར་ལྷག་མ་རྣམས་ཀྱི་རྩ་འདབ་གྱེས་ཚུལ་སྤྱི་དང་འདྲ་ཞིང། འོན་ཀྱང། དཔྲལ་བའི་བཅུ་ དྲུག་ལས་འདབ་མ་གཉིས་དང། མགྲིན་པའི་སོ་གཉིས་ལས་འདབ་མ་བཞི་ལ་རླུང་རགས་པ་མི་རྒྱུ་བས་སྟོང་པའི་རྩ་ཞེས་བྱའོ། །འདིར་རླུང་ལ་རྩ་བ་དང་ཡན་ལག་གི་ཐ་སྙད་མི་བྱེད་པར་རླུང་བཅུ་སྟེ་སྲོག་འཛིན་མི་བསྐྱོད་ པའི་རླུང་ནམ་མཁའི་ཁམས། མཉམ་གནས་དོན་གྲུབ་ཀྱི་རླུང་རླུང་ཁམས། གྱེན་རྒྱུ་རིན་འབྱུང་དང་མེ་ཁམས། ཁྱབ་བྱེད་སྣང་མཐའ་དང་ཆུ་ཁམས། ཀླུ་རྣམ་སྣང་དང་ས་ཁམས། རུས་སྦལ་དོན་གྲུབ་དང་རླུང། རྩངས་པ་ [177B] ལྷས་བྱིན་སྣང་མཐའ་དང་ཆུ། ནོར་རྒྱལ་རྣམ་སྣང་དང་ས་ཁམས། ཐུར་སེལ་རྡོར་སེམས་ཀྱི་རླུང་ཡེ་ཤེས་ཀྱི་ཁམས་ས་དང་བཅུའོ། །སྲོག་རླུང་ལ་རྒྱུ་ལམ་གྱི་སྒོ་ནས་རོ་རྐྱང་དབུ་མའི་དབྱེ་བས་གསུམ་དང། ཐུར་ སེལ་ཡང་བཤང་གཅི་ཁུ་བ་འདྲེན་པའི་བྱེད་ལས་ཀྱི་སྒོ་ནས་གསུམ་མོ། །མཉམ་གནས་སྙིང་གའི་ཤར་གྱི་རྩ་འདབ་སྣར་མ་དང། གྱེན་རྒྱུ་ཤར་ལྷོའི་ལག་ལྡན་ལྕེ་དང། ཁྱབ་བྱེད་ལྷོའི་དམར་སེར་དང། ཀླུ་ལྷོ་ནུབ་ཀྱི་རྒྱལ་ དང༑ རུས་སྦལ་ནུབ་ཀྱི་རྒྱལ་བ་དང། རྩངས་པ་ནུབ་བྱང་གི་འཕྱང་བ་དང། ལྷས་བྱིན་བྱང་གི་ལུག་དང། ནོར་རྒྱལ་བྱང་ཤར་གྱི་རྩ་འདབ་འཆོས་པ་ལ་གནས་ཤིང་རང་རང་གི་སྐྱེ་བའི་གནས་ཀྱང་ཡིན་ནོ། །ཐིག་ལེ་ནི་གཙོ་བོར་ སྤྱི་བོར་དཀར་ཆ་དང། ལྟེ་གསང་དུ་དམར་ཆ་གནས་ཤིང་དེ་བཞིན་དུ་རྐྱང་མ་ལས་དཀར་ཆ་དང། རོ་མ་ལས་དམར་ཆ་དང། ལྟེ་བ་མན་ཆད་ཀྱི་དབུ་མ་ལས་དཀར་དམར་འདྲེས་པ་འབྱུང་ངོ། །དེའང་དཔྲལ་བ་དང་ལྟེ་བ་ན་ སད་པའི་གནས་སྐབས་བསྐྱོད་པའི་ཐིག་ལེ་དང། མགྲིན་པ་དང་གསང་གནས་ན་རྨི་ལམ་གྱི་གནས་སྐབས་བསྐྱེད་པའི་ཐིག་ལེ་དང། སྙིང་ཁ་དང་ནོར་བུའི་དབུས་ན་གཉིད་འཐུག་གི་གནས་སྐབས་བསྐྱེད་པའི་ཐིག་ལེ་དང་ ལྟེ་བ་དང་ནོར་བུའི་དབུས་ན་བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་སྟེ། དེའང་ཐིག་ལེ་རེ་རེའི་སྟེང་ན་དེ་ལྟ་བུའི་ནུས་པ་རེ་རེ་ཡོད་པ་ཡིན་གྱི་ཐིག་ལེ་ཐ་དད་པ་ཡོད་པ་མིན་ནོ། །འོ་ན་རླུང་རྣམས་འཕོ་ཚུལ་སོགས་ཇི་ལྟར་ [178A]༄༅། །ཡིན་ཅེ་ན། དེའང་ལྟེ་བའི་བར་གྱི་རྩ་འདབ་བཅུ་གཉིས་ལ་ཁྱིམ་བཅུ་གཉིས་སམ་དུས་སྦྱོར་གྱི་རྩ་ཞེས་བྱ་ལ། དེའང་ལུས་ཀྱི་མདུན་ཤར་དང། གཡོན་བྱང་དང། གཡས་ལྷོ་དང། རྒྱབ་ནུབ་ཏུ་བྱས་པའི་ ལུས་ཀྱི་གཡོན་ཕྱོགས་མདུན་ངོས་ཀྱི་རྩ་འདབ་དང་པོ་ལུག་གི་ཁྱིམ། དེ་བཞིན་དུ་གཡས་ཀྱི་མདུན་ངོས་རྩ་འདབ་དང་པོ་གླང་གི་ཁྱིམ། དེ་ལྟར་གཡས་གཡོན་སྤེལ་ཏེ། གཡས་ཀྱི་གཉིས་པ་འཁྲིག་པ་དང། གཡོན་གཉིས་ པ་ཀརྐ་ཊ་དང། གཡོན་གཡས་རིམ་བཞིན་གསུམ་པ་གཉིས་སེང་གེ་དང་བུ་མོ། བཞི་པ་གཉིས་སྲང་དང་སྡིག་པ། ལྔ་པ་གཉིས་གཞུ་དང་ཆུ་སྲིན། རྒྱབ་ངོས་ཐ་མ་དྲུག་པ་གཉིས་བུམ་པ་དང་ཉའི་ཁྱིམ། དུས་སྦྱོར་དུ་བསྟན་ པ་ཤེས་པར་བྱས་ནས་རླུང་རྒྱུ་ཚུལ་ནི་བཙས་མ་ཐག་དབུ་མ་ནས་རླུང་ང་དྲུག་རྐང་བཅས་རྒྱུས་པའི་རྗེས་སུ་གཡོན་དང་པོ་ལུག་ཁྱིམ་ལ་ནམ་མཁའི་རླུང་ཁུག་པ་རེ་ལ་གྲངས་རེ་རེ་བྱས་པའི་ང་དྲུག་རྐང་བཅས་ཀྱིས་དམན་ པའི་སྟོང་བརྒྱད་བརྒྱ་རྒྱུ་ཞིང། དེ་ནས་ཡང་ཡེ་ཤེས་ཀྱི་རླུང་ང་དྲུག་རྐང་བཅས་རྒྱུས་པའི་རྗེས་སུ་གཡས་ཀྱི་དང་པོ་གླང་གི་རྩ་འདབ་ནས་ང་དྲུག་རྐང་བཅས་ཀྱིས་དམན་པའི་ས་རླུང་སྟོང་བརྒྱད་བརྒྱ་རྒྱུའོ། །དེ་བཞིན་དུ་ གཡོན་ལྷག་མ་ལྔ་ལ་རིམ་བཞིན་རླུང། མེ། ཆུ། ས། ནམ་མཁའི་རླུང། གཡས་ལྷག་མ་རྣམས་ལ་རིམ་བཞིན། ཆུ། མེ། རླུང། ནམ་མཁའ། ས་རླུང་གི་བར་སྤེལ་ནས་རྒྱུའོ། །དེ་ལྟར་འཕོ་ཆེན་བཅུ་གཉིས་ཀྱི་མཚམས་སུ་ [178B] དེའི་ཚེ་སྣ་བུག་ནས་མཉམ་རྒྱུ་བྱེད་ཅིང་གཞན་སྣ་བུག་གཡོན་གཡས་སོ་སོར་རྒྱུའོ། །དུས་སྦྱོར་གྱི་རྩ་རེ་རེ་ལ་ འབྱུང་ཆེན་གྱི་རླུང་རྒྱུ་བའི་ཚེ་འབྱུང་ཆུང་གི་རླུང་ཡང་རིམ་བཞིན་རྒྱུ་སྟེ། དེའང་དབུས་སུ་འབྱུང་ཆུང་གི་ནམ་མཁའ། ཤར་དུ་རླུང། ལྷོར་མེ། བྱང་དུ་ཆུ། ནུབ་ཏུ་སའི་དཀྱིལ་འཁོར་འབབ་སྟེ་རེ་རེ་ལ་དབུགས་སུམ་བརྒྱ་དྲུག་ཅུའི་ སྟེང་ནས་བཅུ་གཅིག་རྐང་བཅས་རེས་དམན་པའོ། །འབྱུང་ཆུང་གི་དཀྱིལ་འཁོར་ཉེར་ལྔ་ཡོད་དེ། ནམ་མཁའི་ཁམས་ནས་སའི་བར་དང། དེས་གཞན་ལ་མཚོན་ནོ། །དེ་བཞིན་དུ་སྙིང་ཁའི་རྩ་བརྒྱད་དང། མགྲིན་པའི་སོ་ གཉིས་ལས་ཉེར་བརྒྱད་དང། སྤྱི་བོའི་བཅུ་དྲུག་ལས་བཅུ་བཞི་ལ་རླུང་རྒྱུ་ཚུལ་ཡང་ལྟེ་བའི་འཕོ་བ་དང་བསྟུན་ནས་ཤེས་དགོས་པ་ཡོད་དོ། །སྨྲས་པ། རྡོ་རྗེའི་ལུས་ཀྱི་རང་བཞིན་མངོན་གྱུར་ནས། །རྩེ་གཅིག་གནད་ དུ་བསྣུན་པའི་རྣལ་འབྱོར་གྱིས། །ཟླ་ཉིའི་རྡུལ་ཕྲན་བརྩེགས་པའི་དགའ་སྟོན་ལ། །རོལ་པའི་སྤྱོད་ཚུལ་དེ་ལ་སྙིང་ནས་སྤྲོ།། ༈ །།གསུམ་པ་དབང་གི་ལེའུ་སྙིང་པོ་ཙམ་ཞིག་བརྗོད་པ་ནི། དེའང་ལུགས་འདིའི་དབང་ གི་གྲངས་བཅུ་གཅིག་ཏུ་ངེས་པ་ཡིན་ཏེ། བྱིས་པ་ལྟར་འཇུག་པའི་དབང་བདུན་དང། བུམ་པ་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་གསུམ་དང། འཇིག་རྟེན་ལས་འདས་པ་གོང་མའི་ཡང་གོང་མ་དོན་དམ་པར་དབང་བཞི་ [179A]༄༅། །པ་དང་བཅུ་གཅིག་ཏུ་གྲངས་ངེས་པའི་ཕྱིར། དེར་ཐལ། དེ་ལ་དེར་དབྱེར་ཡོད། དེ་ལས་གྲངས་མང་མི་དགོས་ཤིང་ཉུང་ན་མི་འདུ་བ་ཡིན་པའི་ཕྱིར། དེར་ཐལ། འདིའི་ཆེད་དུ་བྱ་བའི་གདུལ་བྱ་དེ་ལ། རེ་ ཤིག་འཇིག་རྟེན་པའི་དངོས་གྲུབ་ཙམ་གྱིས་ཡིད་དྲངས་ནས་བསྐྱེད་རིམ་ཙམ་བསྒོམ་པར་འདོད་པའི་གང་ཟག་གི་རིགས་གཅིག་དང། མཆོག་གི་དངོས་གྲུབ་དོན་དུ་གཉེར་བའི་སྒོ་ནས་རྫོགས་རིམ་བསྒོམ་པར་འདོད་པའི་ གང་ཟག་གཉིས་སུ་ངེས་པ་གང་ཞིག་དང་པོའི་དབང་དུ་བྱས་ནས་དབང་བདུན་ཙམ་བཞག་གཉིས་པའི་དབང་དུ་བྱས་ནས་དབང་ཡོངས་རྫོགས་བཞག་པ་ཡིན་པའི་ཕྱིར་ཏེ། ཕྱག་རྡོར་བསྟོད་འགྲེལ་ལས། དང་པོ་དབང་ བསྐུར་བདུན་པོ་གང། །བྱིས་པ་རྣམས་ནི་གཞུག་པའི་ཕྱིར། །རྣམ་གསུམ་འཇིག་རྟེན་ཀུན་རྫོབ་ཀྱིས། །དམ་པའི་དོན་གྱིས་བཞི་པའོ། ཞེས་གསུངས་པའི་ཕྱིར། དེ་ལྟར་བྱས་པ་ལ་ཁོ་ན་རེ། དེ་མི་འཐད་པར་ཐལ། བྱིས་པའི་ དབང་བདུན། གོང་མ་བཞི། གོང་མའི་གོང་མ་བཞི་སྟེ་བཅོ་ལྔ་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། གོང་མ་དང་གོང་མའི་ཡང་གོང་མ་གཉིས་ཀྱི་བུམ་དབང་གཉིས་བུམ་དབང་དུ་མཚུངས་པ་དང། དེ་བཞིན་དུ་གསང་དབང་ གཉིས་གསང་དབང་དུ་མཚུངས་ཤིང་ཤེར་དབང་གཉིས་ཤེར་དབང་དུ་མཚུངས་པ་དང། འཇིག་རྟེན་པའི་དབང་བཞི་པར་བཤད་པ་དེ་དབང་གསུམ་པ་ཤེར་དབང་ལ་བཞི་པའི་མིང་གིས་བཏགས་པ་ཡིན་པའི་ཕྱིར། དབང་བཅུ་ [179B] རྡོ་རྗེ་སྙིང་འགྲེལ་ལས། བྱིས་པ་སྐྱེས་ལ་མ་རྣམས་ཀྱིས། །ཆུ་ཡིས་འཁྲུ་བའི་དབང་བསྐུར་བྱེད། །དེ་ཡི་གཙུག་ཕུད་འཇོག་པར་བྱེད། །ཅོད་པན་དུ་ནི་ཡོངས་སུ་བརྟགས། །དེ་ཡི་རྣ་བ་ འབིགས་པ་སོགས། །དར་དཔྱངས་དབང་བསྐུར་ཞེས་པར་བཤད། །བྱིས་པའི་སྨྲ་དང་རྒོད་པ་ནི། །དྲིལ་བུ་རྡོ་རྗེའི་དབང་བསྐུར་རོ། །ལྔ་པ་ལོངས་སྤྱོད་བརྟུལ་ཞུགས་ཡིན། །མིང་ནི་མིང་གི་དབང་བསྐུར་ཡིན། །ཀློག་པ་ལ་ སོགས་རྗེས་གནང་ལ། །ཕ་དག་གིས་ནི་རྟག་ཏུ་སྟེ། །དེ་ལྟར་རྣམ་པ་བདུན་གྱིས་ནི། །དབང་བསྐུར་བདུན་དུ་རབ་ཏུ་གྲགས། ཞེས་བྱིས་པ་ལྟར་འཇུག་པའི་གོ་རིམ་ངེས་ཤིང་གོང་མ་བཞི་ཡང་དབང་རྣམས་སྔ་མ་སྔ་མ་ ལས་ཕྱི་མ་ཕྱི་མ་སྐྱེ་བའི་རྒྱུ་མཚན་གྱིས་གོ་རིམས་ངེས་པ་ཡིན་པའི་ཕྱིར། དེས་ན་རྩ་རྒྱུད་དབང་མདོར་བསྟན་ལས། ཆུ་དང་ཅོད་པན་དར་དཔྱངས་དང། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་ཆེ། །མིང་དང་རྗེས་གནང་ཡང་དག་ལྡན། ། དབང་བསྐུར་རྣམ་བདུན་མི་ཡི་བདག་ཅེས་གསུངས་པའི་དབང་བདུན་ལ་བུམ་དབང་གི་ཐ་སྙད་མི་བྱེད་ཀྱང། ཆུ་དབང་གི་ཐ་སྙད་བྱེད་པ་ཡིན་ཏེ། བདུན་ཀ་ལ་ཆུའི་བྱ་བ་རྗེས་སུ་འགྲོ་བ་ཡིན་པའི་ཕྱིར། །དབང་འདི་དག་བསྐུར་ ཚུལ་ཡང་རྒྱུད་གཞན་ལས་ཐུན་མོང་མ་ཡིན་པ་ཡིན་ཏེ། བུམ་ཆུ་རྣམས་དང་སློབ་མའི་ཁམས་ལྔ་ཡུམ་སྔར་བསྐྱེད་པ་ཞུ་བའི་བྱང་ཆུབ་ཀྱི་སེམས་ཀྱི་བུམ་ཆུ་ས་སློབ་མ་སྐུའི་ཞལ་གྱི་ས་གཞི་ལ་སྐུ་རྡོ་རྗེར་བྱས་པ་ལ། དཀྱིལ་ [180A]༄༅། །འཁོར་ནང་གི་ཡུམ་ལྔས་དབང་བསྐུར་བས་ཁམས་ལྔའི་དྲི་མ་སྦྱངས། ཡུམ་ལྔའི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱེད་པ་ཡིན་པའི་ཕྱིར། དེ་བཞིན་དུ་ཅོད་པན་དང་སློབ་མའི་ཕུང་པོ་ལྔ་གཤེགས་པ་ ལྔར་བསྐྱེད་པ་སོགས་འདྲ་ཞིང་དེ་གཉིས་ལུས་ཀྱི་དྲི་མ་དག་བྱེད་དོ། །དེ་བཞིན་དུ་དར་དཔྱངས་བཅུ་དང་སློབ་མའི་རླུང་བཅུ་ནུས་མ་བཅུར་བསྐྱེད་པ་དང། དེ་བཞིན་དུ་རྡོར་དྲིལ་དང་སློབ་མའི་རྩ་རོ་རྐྱང་གཉིས་གཙོ་བོ་ཡབ་ ཡུམ་དུ་བསྐྱེད་པ་སོགས་བྱས། སློབ་མ་ལྷོ་ཕྱོགས་གསུང་གི་ཞལ་གྱི་ས་གཞི་ལ་གསུང་རྡོ་རྗེར་བྱས་པ་ལ་དབང་བསྐུར་བ་ཡིན་ཏེ། དེ་གཉིས་གཙོ་བོར་དག་གི་དྲི་མ་དག་བྱེད་ཡིན་པའི་ཕྱིར། །དེ་གཉིས་ཀྱི་ལག་རྗེས་ཡོད་ དེ༑ རླུང་བཅུ་དང་རོ་རྐྱང་གཉིས་དབུ་མར་བསྡོམས་པ་དང། ལྷ་དེ་དག་གི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱེད་པའི་ཕྱིར། དེ་བཞིན་དུ་མཐེ་བོའི་རྡོ་རྗེ་དང། སློབ་མའི་རྒྱུད་ཀྱི་ཡུལ་དབང་སེམས་པ་སེམས་མ་དང། གདུ་བུ་དང་ ལས་དབང་བྱ་བ་དང་བཅས་པ་ཁྲོ་བོ་ཁྲོ་མོར་བསྐྱེད་པ་སོགས་བྱས་ཏེ། སློབ་མ་རྣམས་ཤར་ཕྱོགས་ཐུགས་ཀྱི་ཞལ་གྱི་ས་གཞིར་ཐུགས་རྡོ་རྗེར་བྱས་པ་ལ་དབང་བསྐུར་བ་ཡིན་ཏེ། དེ་གཉིས་ཀྱི་སྦྱང་བྱ་སེམས་ཀྱི་ཆོས་ཡིན་ པས་དེ་ལྟར་བཞག་པའི་ཕྱིར། དེ་གཉིས་ཀྱི་ལག་རྗེས་ཀྱང་ཡོད་དེ། ཡུལ་དབང་ལས་དབང་བྱ་བ་དང་བཅས་པའི་དྲི་མ་སྦྱོང་ཞིང། ལྷ་དེ་དག་གི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱེད་པ་ཡིན་པའི་ཕྱིར། སློབ་མ་ནུབ་ཕྱོགས་ [180B] དེ་ཉིད་ཡེ་ཤེས་ཀྱི་ཕུང་ཁམས་དག་བྱེད་ཡིན་པས་དེ་ལྟར་བཞག་པའི་ཕྱིར། དབང་གོང་མ་ཙམ་ལའང་བུམ་པ་ གསང་བ་འཇིག་རྟེན་པའི་དབང་བཞི་པ་ཤེས་རབ་ཡེ་ཤེས་ཀྱི་ནང་དུ་བསྡུས་པའི་ཤེར་དབང་དང། འཇིག་རྟེན་ལས་འདས་པའི་དབང་བཞི་པ་དང་བཞིར་ངེས་པ་ཡིན་ཏེ། རྒྱུད་འཆད་པ་དང་རྫོགས་རིམ་རྫོགས་པར་བསྒོམས་ པའི་སྣོད་རུང་གི་གང་ཟག་དེས། བསྒོམ་བྱའི་རྫོགས་རིམ་ལ་སྦྱོར་བ་ཡན་ལག་དྲུག་ཏུ་ངེས་པ་གང་ཞིག་དབང་དང་པོ་གསུམ་གྱིས་སོར་སྡུད་ནས་རྗེས་དྲན་གྱི་བར་ཡན་ལག་ལྔ་བསྒོམ་པ་ལ་དབང་བར་བྱེད་འཇིག་རྟེན་ལས་ འདས་པའི་དབང་བཞི་པ་ཚིག་གིས་དབང་བསྐུར་བས་ཡན་ལག་དྲུག་པ་བསྒོམ་པ་ལ་དབང་བར་བྱེད་པ་ཡིན་པའི་ཕྱིར་ཏེ། དབང་མདོར་བསྟན་ལས། བུམ་པ་གསང་བའི་དབང་བསྐུར་དང། །ཤེས་རབ་ཡེ་ཤེས་མངོན་བརྗོད་ པ༑ ༑སླར་ཡང་ཤེས་རབ་ཆེན་པོ་ཉིད། །དེ་ཡིས་ཡེ་ཤེས་མངོན་བརྗོད་བྱེད། ཅེས་གསུངས་པའི་ཕྱིར། འདི་ཡི་དབང་བཞི་པོ་སོ་སོ་བླ་མེད་སྤྱི་དང་མི་འདྲ་སྟེ། འདིར་འཇིག་རྟེན་པའི་དབང་བཞི་ག་དང། འཇིག་རྟེན་ལས་ འདས་པའི་དང་པོ་གསུམ་ག་ཞུ་བདེ་ལ་ངོ་སྤྲད་ནས་བསྐུར་བ་ཡིན་པའི་ཕྱིར་ཏེ། བསྡུས་རྒྱུད་ལས། དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་དང་པོར་རེག་པ་གང་ཡིན་དེ་ཉིད་བུམ་པའི་དབང་ཡིན་ནོ། །གསང་བ་དག་ལས་རི་བོང་ [181A]༄༅། །འཛིན་པ་མྱངས་པ་དང་ནི་ལྟ་བ་དག་གིས་གསང་བའི་དབང་དུ་འགྱུར། ཞེས་སོགས་གསུངས་པའི་ཕྱིར། འཇིག་རྟེན་ལས་འདས་པའི་དབང་བཞི་པ་ནི་འབྲས་བུའི་ངོ་བོ་ལ་ཚིག་གིས་ངོ་སྤྲད་པ་ཡིན་ ནོ། །བུམ་དབང་སོགས་དེ་དག་གི་ལག་རྗེས་ཀྱང་བཞག་ཏུ་ཡོད་དེ། རིམ་བཞིན་རྒོད་པ་དང། བལྟས་པ་དང། ལག་བཅངས་དང། འཁྱུད་པའི་དྲི་མ་འཁྲུད་ཅིང། ལམ་བསྙེན་པ་དང། ཉེར་སྒྲུབ་དང། སྒྲུབ་པ་དང། སྒྲུབ་ ཆེན་བསྒོམ་པ་ལ་དབང། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ། གསུང་རྡོ་རྗེ་ལོངས་སྐུ། ཐུགས་རྡོ་རྗེ་ཆོས་སྐུ། ཡེ་ཤེས་རྡོ་རྗེ་འགྲུབ་པའི་ནུས་པ་འཇོག་པའི་ཕྱིར། དབང་བདུན་ཐོབ་པས་གསང་སྔགས་ཀྱི་དགེ་བསྙེན་དང་ བུམ་པས་དགེ་ཚུལ། གསང་བས་དགེ་སློང། ཤེར་དབང་གིས་གནས་བརྟན་རྒན་པོ། བཞི་པ་ཐོབ་པས་སྐྱེ་དགུའི་བདག་པོར་འཇོག་པ་ཡིན་ཏེ། དབང་མདོར་བསྟན་ལས། བྱིས་པ་དར་མ་དེ་ནས་རྒན། །བཞི་པ་སྐྱེ་དགུའི་ བདག་པོའོ། ཞེས་དང། མཚན་བརྗོད་ལས་ཀྱང། གནས་བརྟན་རྒན་པོ་སྐྱེ་དགུའི་བདག་ཅེས་གསུངས་པའི་ཕྱིར། སྨྲས་པ། བཅོ་ལྔའི་དབང་གི་ཟླ་ཤེལ་སྤུ་ལོང་གིས། །སྒོ་གསུམ་དྲི་མའི་མུན་པ་ཀུན་བསལ་ ཏེ། །རྣམ་མང་དངོས་གྲུབ་གཉིས་ཀྱི་ཀུན་དའི་ཚལ། །བཞད་པའི་ཐབས་མཁས་དེ་ལ་གློ་བ་དགའ།། ༈ །།བཞི་པ་སྒྲུབ་ཐབས་ལེའུ་སྙིང་པོ་ཞིག་ཀྱང་བརྗོད་པར་རིགས་ཀྱང་ཧ་ཅང་ཉུང་དུས་གོ་བར་མི་ནུས་ [181B] རང་གི་དམ་པ་མང་པོས་མཛད་པའི་རིམ་པ་དང་པོའི་བཤད་པ་མང་དུ་འདུག་པས་མ་བཀོད་དོ།། ༈ །། ལྔ་པ་ཡེ་ཤེས་ལེའུ་སྙིང་པོ་བསྡུ་བ་ནི། དེའང་རྫོགས་རིམ་ཡན་ལག་དྲུག་པོ་འདི་སྤྱིའི་ཆིངས་སུ་བྱས་པའམ། བསྡུ་ན། དང་པོར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་སྟེ་དགེ་བ་གསུམ་དང། རྡོ་རྗེ་བཞི་དང། རྣལ་འབྱོར་བཞི་ དང། བསྙེན་བསྒྲུབ་ཡན་ལག་བཞི་དང། གཟུགས་སྒྲུབ་ཀྱི་ཡན་ལག་སྲོག་བསྒྲུབ་ཀྱི་ཡན་ལག་བདེ་བ་བསྒྲུབ་པའི་ཡན་ལག་བདེ་བ་གྲུབ་པའི་ཡན་ལག་སྟེ་ཡན་ལག་བཞི་རྣམས་སུ་འདུ་བ་ཡིན་ཏེ། སོར་བསམ་གཉིས་ དང་པོར་དགེ་བ། སྐུ་རྡོ་རྗེ། དབྱིབས་ཀྱི་རྣལ་འབྱོར། བསྙེན་པ་དང་གཟུགས་བསྒྲུབ་ཀྱི་ཡན་ལག་ཏུ་འདུ། སྲོག་འཛིན་གཉིས་བར་དུ་དགེ་བ། གསུང་རྡོ་རྗེ་སྔགས་ཀྱི་རྣལ་འབྱོར། ཉེར་བསྒྲུབ་སྲོག་བསྒྲུབ་ཀྱི་ཡན་ལག་ ཏུ་འདུ། རྗེས་དྲན་དང་ཏིང་ངེ་འཛིན་གཉིས་ཐ་མར་དགེ་བའི་རྣལ་འབྱོར་དང། རྗེས་དྲན་ནི་ཐུགས་རྡོ་རྗེ། ཆོས་ཀྱི་རྣལ་འབྱོར། སྒྲུབ་པ་དང། བདེ་བ་བསྒྲུབ་པའི་ཡན་ལག་ཏུ་འདུ། ཏིང་ངེ་འཛིན་ནི་ཡེ་ཤེས་རྡོ་རྗེ། དག་པའི་ རྣལ་འབྱོར། སྒྲུབ་ཆེན་དང། བདེ་བ་གྲུབ་པའི་ཡན་ལག་ཏུ་འདུ་བ་ཡིན་པའི་ཕྱིར། དེས་ན་ལམ་འདིར་རིགས་ངེས་པའི་གདུལ་བྱས་མཆོག་བསྒྲུབ་པའི་རྫོགས་རིམ་གྱི་ལམ་ལ་ཡན་ལག་དྲུག་པོ་འདིར་གྲངས་ངེས་ཏེ། དེ་ལ་ [182A]༄༅། །འདི་དྲུག་ཏུ་དབྱེར་ཡོད། འདི་ལས་གྲངས་མང་མི་དགོས་ཤིང་ཉུང་ན་མི་འདུ་བའི་གྲངས་དང་གོ་རིམས་ངེས་པ་ཡིན་པའི་ཕྱིར་ཏེ། འདིའི་ཐོབ་བྱ་མཐར་ཐུག་ནི་རྒྱལ་བའི་ཐུགས་མཆོག་ཏུ་མི་འགྱུར་བའི་བདེ་བ་ ཆེན་པོའི་ཡེ་ཤེས་དང། སྐུ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དབྱེར་མི་ཕྱེད་པའི་ཐབས་ཤེས་ཟུང་འཇུག་དེ་ཡིན་ལ། དེ་ཐོབ་པར་བྱེད་པ་ལ། ཏིང་ངེ་འཛིན་གྱི་ཡན་ལག་མི་འགྱུར་པའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་ དྲངས་པ་འགྲོ་དགོས་ཤིང། དེ་འདྲེན་པ་ལ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དངོས་གནས་ལ་གྲུབ་པའི་རྗེས་དྲན་འགྲོ་དགོས་ཏེ། དེ་མེད་ན་མི་འགྱུར་བའི་བདེ་བ་བསྒྲུབ་པའི་གཞི་སྟོར་བའི་ཕྱིར། དེ་ལྟ་བུའི་རྗེས་དྲན་ཐོབ་ པ་ལ། རྩ་འཁོར་རྣམས་ཀྱི་ལྟེ་བའི་དབུས་སུ་རླུང་དང་ཐིག་ལེ་གཡོ་མེད་དུ་འཛིན་པའི་འཛིན་པ་སྔོན་དུ་འགྲོ་དགོས་ཤིང། དེ་ལ་རོ་རྐྱང་གི་རྒྱུ་བ་དབུ་མ་འབའ་ཞིག་ནས་རྒྱུ་བའི་སྲོག་རྩོལ་སྔོན་དུ་འགྲོ་དགོས། དེ་ལ་ཐོག་ མར་རླུང་དབུ་མར་བཅུག་ནས་དབུ་མ་སྦྱོང་བར་བྱེད་ཅིང། སྟོང་གཟུགས་སྔར་མེད་གསར་དུ་བསྒྲུབ་པ་སོར་སྡུད་དང། སྟོང་གཟུགས་གྲུབ་པ་བརྟན་བྱེད་བསམ་གཏན་གཉིས་སྔོན་དུ་འགྲོ་དགོས་པའི་ཕྱིར། དེ་ལྟར་ ཉམས་སུ་བླངས་པའི་འབྲས་བུ་ལ་ཆུང་འབྲིང་ཆེན་པོ་གསུམ་ལས་དང་པོ་ནི། ཞི་རྒྱས་སོགས་ལས་རབ་འབྱམས་དང། གཉིས་པ་ནི། གྲུབ་པ་ཆེན་པོ་བརྒྱད་སོགས་ཡིན་ལ། གསུམ་པ་ནི། སྐུ་མཚན་དཔེས་བརྒྱན་པ་ [182B] ཐུགས་དག་པ་གཉིས་ལྡན་གྱི་ཆོས་ཉིད་ལ་རྟག་ཏུ་མཉམ་པར་བཞག་པའི་མཆོག་ཏུ་མི་འགྱུར་བའི་བདེ་བ་མཐར་ཐུག་པ་དེ་གཉིས་ངོ་བོ་གཅིག་པའི་རྟེན་དང་བརྟེན་ པར་གྱུར་པ་སྐད་ཅིག་ཀྱང་རྒྱུན་མི་འཆད་པའི་གོ་འཕང་དེ་ཉིད་ཡིན་ཏེ། རྒྱུད་ལས། ལུས་ནི་དྭངས་ཤིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་གྱུར། །སྣ་ཚོགས་འཇིག་རྟེན་ གསུམ་པོ་ཉིད་ནི་དྭངས་ཤིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང། །སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེབས་གང་ཞིང་མི་གཡོ་ ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། ཞེས་གསུངས་པའི་ཕྱིར། སྨྲས་པ། ཀ་ལཱ་པ་ཡི་མཛེས་མ་དྲི་མེད་འོད། །ཞིང་འདི་བཏང་ནས་རང་ཡུལ་ཕྱོགས་པའི་ཚེ། །རྣམ་དཔྱོད་ཟུར་མིག་གཡོ་བའི་གཞོན་ ནུ་འདིའི། །མཛེས་སྡུག་ལ་ཆགས་རེ་ཤིག་བགྲོད་པ་བཤོལ། །གང་གི་ཡོན་ཏན་བཻཌཱུ་རྱའི། །རྣ་རྒྱན་ཟུང་གིས་རྒྱལ་རྣམས་ཀྱང། །མཐོ་རིས་དཔའ་མོ་བཞིན་བརྒྱན་པའི། །བྱེད་པོ་དང་པོའི་སངས་རྒྱས་རྒྱུད། །གང་དེའི་ཕྱི་ནང་ གཞན་གསུམ་གྱི། །ཟབ་དོན་འོ་མའི་པད་མཚོ་ཆེར། །མངོན་པར་མཛེས་པའི་འདབ་ལྡན་ཞིག་ལེགས་བཤད་རྫ་རྔ་ཅི་ཡང་རྡུང། །གྲོགས་དག་མྱུར་དུ་སུམ་རྩེན་དགའ་བའི་ཚལ། །ས་ལ་བབས་འདྲ་དཔལ་ལྡན་ཤམྦྷ་ལ། ། [183A]༄༅། །ཀུན་དགའི་འབྱོར་པས་གང་བའི་ཞིང་ཁམས་དེར། །འཇུག་པར་འདོད་ན་དམ་པའི་ལམ་འདིར་ཞུགས། །དེ་བཞིན་ནོར་བུའི་ཁྲི་ལ་ས་བཅུ་པ། །མི་དབང་གཟུགས་ཀྱིས་རོལ་པའི་ཞབས་བསྟེན་ཅིང། །ཕུན་ ཚོགས་གསུང་གི་བདུད་རྩི་འཐུང་འདོད་ན། །ལེགས་བཤད་རྒྱ་མཚོ་ཆེ་འདིར་འཇུག་པའི་རིགས། །ཁྱད་པར་དཔལ་ལྡན་དྲག་པོ་འཁོར་ལོ་ཅན། །ནག་ཕྱོགས་འཇོམས་ཤིང་ཐུབ་བསྟན་རྫོགས་ལྡན་དུ། །འཇོག་པའི་ ངོ་མཚར་དགའ་སྟོན་མྱོང་འདོད་ན། །ལེགས་བཤད་རྒྱ་མཚོ་ཆེ་འདིར་འཇུག་པའི་རིགས། །བདག་ཀྱང་དེང་ནས་སྐྱེ་བ་ཐམས་ཅད་དུ། །ཡིད་ཀྱང་འགྱུར་མེད་བདེ་དང་མི་འབྲལ་ཞིང། །རོ་འཛིན་ལེགས་བཤད་གཏམ་འདིའི་ འབྱོར་པ་དང། །སྐད་ཅིག་ཙམ་ཡང་འབྲལ་བར་མ་གྱུར་ཅིག་ཟབ་མོའི་གནས་ལ་བྱིས་པའི་བློས་དཔྱད་པས། །ནོངས་པར་གྱུར་ཚེ་ལྷ་དང་བླ་མ་ལ། །སྙིང་ནས་འཆགས་སོ་བརྩེ་བས་རྗེས་བཟུང་སྟེ། །ནོངས་པ་རྒྱུ་བཅས་ གཞོམ་པར་མཛད་དུ་གསོལ། །ཚུལ་འདིར་འབད་ལས་བྱུང་བའི་དགེ་བ་དེས། །སྐྱེ་དགུའི་ཕན་བདེ་རྒྱལ་བའི་བསྟན་པ་དང། །བདག་གི་བཤད་སྒྲུབ་ལུང་རྟོགས་ཡོན་ཏན་རྣམས། །ལྷན་ཅིག་འགྲན་པ་བཞིན་དུ་རྒྱས་ པར་ཤོག་ཅེས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྩ་བའི་རྒྱུད་ལས་ཕྱུང་བ་བསྡུས་པའི་རྒྱུད་ཀྱི་རྒྱས་འགྲེལ་དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བའི་སྙིང་པོ་ [183B] སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་རྔ་བོ་ཆེ་རྒྱུན་མར་སྒྲོག་ཅིང། བསླབ་པ་གསུམ་དང་རིམ་པ་གཉིས་ཀྱི་མངོན་པར་རྟོགས་པས་རྒྱུད་ཕྱུག་པའི་མདོ་སྔགས་རབ་འབྱམས་ པ་མང་པོ་ལ་ཟིན་ཐུན་དུ་བྱས་པ་ཟིན་བྲིས་སུ་མཛད་པ་རྣམས་ཧ་ཅང་དག་པར་མི་འདུག་པས། དངོས་ཀྱིས་དག་པོར་བགྱིས་པ་ཞིག་དགོས་ཞེས་ཡང་ཡང་བསྐུལ་བ་དང། བསྟན་པའི་རྩ་ལག་ཆོས་ཀྱི་གདན་ཁྲི་འཛིན་པའི་ དམ་པ་དུ་མས་ཀྱང་བསྐུལ་བ་ལ་བརྟེན་ནས། ཆོས་སྨྲ་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་གཟིམས་ཁང་དུ་སྦྱར་བའི་ཡི་གེ་པ་ནི་རབ་འབྱམས་པ་དར་མ་བཟང་པོའོ། །འདིས་ཀྱང་ རྒྱལ་བའི་བསྟན་པ་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག་ཨེ་ཀ་པྲྀཙྪ།། །།སརྦ་མངྒ་ལཾ།། ༈ །།ཨོཾ་སྭ་སྟི་ཛཱ་ཡ། དཔལ་ལྡན་དང་པོའི་སངས་རྒྱས་འཁོར་ལོའི་མགོན། །རྒྱུད་རྒྱལ་སྡུད་ མཛད་ཟླ་བ་བཟང་པོའི་ཞབས། །དབྱེར་མེད་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ། །བཀའ་དྲིན་མཉམ་མེད་ཡབ་སྲས་རྣམས་ཀྱིས་སྐྱོངས། །བློ་བཟང་རྒྱལ་བའི་ཆོས་ཀྱི་རྒྱལ་སྲིད་ཆེར། །དབང་བསྒྱུར་བཤད་སྒྲུབ་བསྟན་པའི་རྒྱལ་ མཚན་འཛིན། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་མངའ་བ། །རྗེ་བཙུན་བླ་མ་ལུས་ཅན་གཙུག་ན་རྒྱལ། །ཐབས་ཤེས་གཉིས་མེད་དུས་ཀྱི་འཁོར་ལོ་ཡི། །རྒྱུད་འགྲེལ་དེ་ཉིད་སྣང་བའི་སྙིང་པོ་འདིས། །མཐའ་དག་སྐྱེ་ [184A]༄༅། །དགུའི་རེ་བ་སྐོང་བས་ན། །ལེགས་བཤད་འདི་ནི་ཡིད་བཞིན་ནོར་བུའོ། །ས་གསུམ་རིན་ཆེན་གཅིག་གྱུར་ཉིན་བྱེད་འདིས། །ཐུབ་བསྟན་གླིང་བཞི་མཛེས་པར་བྱ་བའི་ཕྱིར། །བློ་བཟང་རྒྱལ་བའི་བསྟན་ལ་ རབ་གུས་ཤིང། །ཁྱད་པར་རྗེ་བཙུན་བླ་མར་མི་ཕྱེད་པའི། །དད་བརྩོན་འཕྲིན་ལས་ཤིང་རྟའི་ཁ་ལོ་པ། །ཇ་སག་བླ་མ་འཔྲིན་ལས་ཆོས་འཕེལ་གྱིས། །བཀའ་གདམས་སྒྲུབ་བརྒྱུད་བསྟན་པའི་འབྱུང་གནས་མཆོག་གྲུ་འཛིན་ གཉིས་པ་གཡས་རུ་གཙང་གི་སྟོད། །བཀྲ་ཤིས་ལྷུན་གྱིས་གྲུབ་པའི་ཆོས་གྲྭ་ཆེར། །རབ་གསལ་བར་གྱི་རྟ་ལྗང་བཞོན་པ་ལ། །ལེགས་པར་འགོད་པའི་བརྩོན་པ་དོན་ཡོད་བྱས། །འདིར་འབད་དགེ་བ་ཀུན་ཏ་ལྟར་དཀར་དེས། ། བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་པ་དང། །རྗེ་བཙུན་བླ་མའི་ཞབས་པད་རབ་བརྟན་ཅིང། །འཕྲིན་ལས་མངའ་ཐང་ཐུགས་ཀྱི་བཞེད་པ་རྣམས། །ཕན་ཚུན་འགྲན་པ་བཞིན་དུ་འཕེལ་བ་དང། །ཁྱད་པར་རྗེ་བཙུན་ཆོས་ཀྱི་རྒྱལ་ མཚན་གྱིས། །སྐྱེ་བ་ཀུན་ཏུ་འབྲལ་མེད་རྗེས་བཟུང་ནས། །བསླབ་གསུམ་ལུང་རྟོགས་ནོར་བུས་རྒྱུད་གཏམས་ཏེ། །བླ་མེད་བྱང་ཆུབ་དམ་པ་མྱུར་ཐོབ་ཤོག་བཀོད་ལེགས་ཡི་གེའི་བྱེད་པོ་ཚེ་བརྟན་དང། །བརྐོས་ཀྱི་རིག་བྱེད་ དགེ་བསྙེན་གྲོགས་མཆེད་ཀྱིས། །ལེགས་པར་གཟབས་ཤིང་འདི་ཡི་དག་བྱེད་པ། །རྗེ་ཉིད་བཀའ་འབངས་བྷིཀྵུ་མཆེད་ཟུང་གིས། །རང་བཟོ་སྤངས་མོད་ནོངས་པ་བཟོད་པར་གསོལ། །མདོར་ན་འདིར་འབད་དགེ་དེས་འགྲོ་བ་ [184B] །ཡོངས་འཛིན་དེད་དཔོན་མཆོག་གིས་རྗེས་བཟུང་སྟེ། །རྒྱལ་བ་དགྱེས་པའི་གྲུ་གཟིངས་ལ་ཞུགས་ནས། །སྐུ་གསུམ་ནོར་བུའི་གླིང་དུ་ཕྱིན་གྱུར་ཅིག་མཆོག་གསུམ་བླ་མ་ཡི་དམ་བསྲུང་མར་བཅས། །རབ་ འབྱམས་ཞིང་གི་བཀྲ་ཤིས་དམ་པ་དེས། །མཁའ་མཉམ་འགྲོ་ལ་ཕྱོགས་དུས་ཐམས་ཅད་དུ། །ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག་མངྒལཾ།། །།